Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གྲྭ་བ་བོད་མི་རིགས་ཀྱི་སྲོག་རྩ་དང་ཀ་བ་ཡིན།

Posted on 2014-08-082014-08-08 By ཁ་བརྡ་ 2 Comments on བོད་ཀྱི་གྲྭ་བ་བོད་མི་རིགས་ཀྱི་སྲོག་རྩ་དང་ཀ་བ་ཡིན།

རྔ་བ་བརྒྱད་གསུམ་གཅིག་དྲུག

ཁ་རྩང་དེ་རིང་སྐད་འཕྲིན་དང་ངོ་དེབ་སོགས་སུ་གྲྭ་བ་དག་གི་སྐྱོན་མཚང་ཞིག་འབྲུ་ཐུབ་ན་གནས་ལུགས་ཡོད་མེད་དང་རྒྱུ་མཚན་གང་ཡིན་ཤེས་མིན་ལ་མ་ལྟོས་པར་སྤྱི་ཚོགས་ཤིག་ཏུ་བཀྲམ་པ་ཡིན་ན་འཇོན་ཐང་ཞིག་ཏུ་རྩི་བཞིན་པའི་སྐབས་འདིར། ངས་རྩོམ་ཡིག་འདིའི་ཁ་བྱང་མཐོང་དུས་འུ་ཅག་མི་བུ་མང་པོ་ཞིག་གི་ནད་རྙིང་འཕར་ལྡིང་བྱེད་སྲིད་ཀྱང་དྲང་བདེན་དང་གནས་ལུགས་ལ་བརྩི་བཀུར་ཡོད་མཁན་ཞིག་ཡིན་ན་ཁ་བྱང་འདི་ཧ་ཅང་གི་འོས་ཤིང་འཚམ་པོ་ཞིག་ཏུ་དྲན་ངེས་ཡིན།
གང་ལགས་ཞེ་ན། འུ་ཅག་གི་ཕྱོགས་མང་པོ་ཞིག་ལ་བློ་མིག་གིས་གཟུ་བོར་བལྟས་ནས་བཤད་ན། བོད་ཀྱི་གྲྭ་བར་བོད་མི་རིགས་ཀྱི་སྲོག་རྩ་དང་ཀ་བ་ལྟ་བུ་ཡིན་པར་ཤེས་ནས་ཆེ་མཐོང་དང་བརྩི་བཀུར་བྱས་པ་ཡིན་ན་དེང་གི་ཆར་དགྲ་སྡུག་གཉེན་སྐྱོང་ཞིག་ཡིན་ཡང་། རྒྱ་གཞུང་གི་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཡིན་དང་ཡང་ན་བོད་མི་རིགས་ཀྱི་བསམ་བློ་རུལ་སུངས་བ་ཡིན་མིན་གང་ལྟར་ནའང་། འུ་ཚང་གི་བསམ་བློ་དང་སྒེར་ཚུགས་མེད་པའི་མི་བུ་ཉུང་ཤས་ཤིག་གིས་ད་བ་ས་ཀྱི་ག་ང་གི་ཞེས་སྔོན་རྗེས་ཀྱི་ཡིག་རྨོངས་སེལ་ཙམ་གྱིས་ངའོ་སྙམ་པའི་རང་རློམ་རུམ་གང་བཅུག་ནས་ཡོད་ཚད་ལེབ་བརྡུངས་བྱས་ཏེ་ནམ་ནམ་ཞར་ཞར་དུ་གྲྭ་བ་ཟེར་ན་མིག་ནང་གི་ཚེར་མ་དང་འབངས་མི་སེར་གྱི་ཁྲག་རྩ་འཇིབ་མཁན་ཞིག་ཏུ་བརྩི་བཞིན་ཡོད།

དེར་ཡང་གྲྭ་བ་རེ་ཟུང་གི་འཇིགས་སུ་རུང་བའི་བྱེད་ལས་ལ་བལྟས་ནས་བཤད་ཀྱི་ཡོད་ན། བསམ་བློ་ཞར་སོང་བ་རེད་མ་གཏོགས་གྲྭ་བ་ཡིན་ཙམ་གྱིས་སྒྲིབ་གཉིས་ཀུན་སྤངས་ཤིག་མིན་པ། ཉོན་མོངས་རྒྱུད་ལྡན་གྱི་འགྲོ་བ་མི་ཞིག་ཡིན་པ་ཤེས་དགོས་ངེས་རེད་ལ་འགྲོ་བ་མིའི་རིགས་ལ་ཚུལ་མཐུན་ཡིན་མིན་ཅི་རིགས་ཤིག་ཡོད་པ་ཤེས་ན་ད་གཟོད་དཔྱོད་ཤེས་དང་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ཏུ་ཁྱེད་རང་སླེབས་ཐུབ་པ་རེད། དེ་མིན་ནམ་རྒྱུན་གང་དྲན་དུ་གྲྭ་བ་རྣམས་ཀྱི་འགྲོ་འདུག་ཉལ་གསུམ་ལ་ཡིབ་བལྟ་བྱས་བསྡད་པ་ཡིན་ན་ཏན་ཏན་གླེང་མི་ཤེས་པའི་གནད་དོན་རེ་ཟུང་ཡོང་སྲིད་པ་འདི་མི་ཞིག་ཡིན་པའི་རྒྱུ་མཚན་གྱིས་རེད་ལ། མི་བུ་ཚང་མ་དམིགས་ཡུལ་གཅིག་དང་གནས་ལུགས་གཅིག་གི་སྒང་ལ་གོམ་པ་སྤོ་མི་ཐུབ་པ་འདིའང་ཆོས་ཉིད་ཅིག་གིས་གསལ་བཤད་གནང་ཡོད།
རྒྱུ་མཚན་དེའི་ཕྱིར། གལ་ཏེ་གྲྭ་བ་ཞིག་དགེ་འདུན་པའི་རྩ་བའི་སྲུང་ཁྲིམས་དང་འགལ་བའི་ལས་ལ་ཞུགས་པ་དང་ཞུགས་བཞིན་པ་མཐོང་ཚེ་དེ་ག་རང་ནས་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་ལ་མཛུབ་མོ་འཛུགས་དགོས་པ་ལས་དེ་དག་རྒྱ་ཡན་དུ་བཞག་ནས་གྲྭ་བ་དག་གི་བྱ་སྤྱོད་འདི་དང་འདི་འདྲ་རེད་ཟེར་ནས་བསྒྲགས་ཅི་ཐུབ་དང་སྐྱོན་གང་མང་གླེང་བསྡད་པ་ཡིན་ན། དེ་ནི་བོད་སྤྱིའི་འགན་ཕྲག་ཏུ་མ་བླངས་པ་ཞིག་ཡིན་པ་ལས་གྲྭ་བ་ཁ་ཅིག་གི་དོན་དག་མ་རེད།

གྲྭ་བ་ནི་བོད་ཀྱི་རིག་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པས་འུ་ཅག་ཚང་མས་དོ་ཁུར་བྱ་དགོས་པ་མ་གཏོགས་དགོན་པའི་ལས་ཀྱི་སྣེ་མོ་པ་གཅིག་པུའི་གནད་དོན་ཞིག་དང་། ཆོས་པ་དང་ཆོས་ལུགས་པ་ཁ་ཤས་ཤིག་གི་གནད་རྩ་དེ་བས་ཀྱང་མ་རེད། རྒྱུ་མཚན་དེའི་ཕྱིར། ངས་བོད་ཀྱི་གྲྭ་བ་བོད་མི་རིགས་ཀྱི་སྤྱི་ཚོགས་དང་ཁ་བྲལ་ཐུབ་མེད་པའི་སྲོག་རྩ་དང་ཀ་བ་ལྟ་བུ་ཡིན་ཟེར་གྱི་ཡོད། ངས་ཕྱོགས་སུ་ལྷུང་བའི་ལྟ་སྟངས་ཞིག་གཏན་ནས་བཟུང་མེད་ལ་འཛིན་དགོས་དོན་ཡང་མེད། ངས་རྒྱལ་ཁབ་བཞི་བཅུ་ཞེ་གསུམ་གྱི་ནང་དུ་འཐོར་བསྡད་ཡོད་པའི་བོད་མི་རིགས་འདི་བཙན་པོའི་དུས་རབས་ལྟར་བོད་རྒྱལ་ཁབ་ཆེན་མོར་སླར་ཡང་ལྷན་འཛོམས་ཡོང་བའི་རེ་བ་ཞིག་ནས་བཤད་བསྡད་ཡོད།

གཞན་ཡང་ཡུལ་གྱར་པ་ཞིག་གི་ངོས་ནས་དྲང་བདེན་མིན་པའི་བཀའ་མོལ་འདི་འདྲ་ཞིག་གནང་བསྡད་འདུག་པ་ཡང་ཡང་གོ་ཐོས་བྱུང་། ང་ཚོ་རང་དབང་དང་མང་གཙོ་ཡོད་པའི་ལུང་པ་ཞིག་ཏུ་ཡོད་སྟབས་ཧ་ཅང་བདེ་སྐྱིད་ཡོད་ཅེས་བཤད་ཀྱི་འདུག དོན་ངོ་མ་དེ་འདྲ་ཞིག་གཏན་ནས་མིན། ང་ཚོར་མི་རིགས་གཞན་གྱིས་མཐོང་ཆུང་དང་། ཟུར་ཟ། དམའ་འབེབས་བྱས་པ་ཚོད་མེད་ཀྱང་ང་ཚོར་འདི་འགྲིག་མིན་བཤད་པའི་དབང་ཚད་མེད། འདི་འདྲའི་སྐྱོ་གནས་ཤིག་ཏུ་ལྷུང་དོན་ཡང་ཁྱོའི་ཁ་ངའི་སྣ་ཞེས་རྩོད་གཞི་མང་དྲགས་པས་ཡིན་སྟབས་འདི་ལྟ་བུ་བྱས་ཉེས་ལས་ཐར་ན་སྙམ་སྟེ་བཤད་པ་ལས། ནམ་ཡང་རང་དང་གཞན་གྱི་རྩོད་པ་ཆུང་ཙག་དང་། ང་དང་ངའི། ཁྱོད་དང་ཁྱོད་ཀྱི་ལྟ་བུའི་ཕྱོགས་རིས་ཀྱི་ཆེད་བཤད་དགོས་དོན་མེད།

དེས་ན་དེ་རིང་གི་འདི་ཡང་དངོས་ཡོད་གནས་ཚུལ་ཞིག་གཞིར་བཞག་ནས་འཆད་བཞིན་ཡོད། ང་ཚོས་ཐག་རིང་བོ་ཞིག་ལ་བལྟས་ནས་བཤད་མི་དགོས་པར་སྟོང་ལོ་གཉིས་བར་དུ་ཕྱི་མིག་ལྟོས་དང་། ང་ཚོའི་འཐབ་རྩོད་ཀྱི་འགོ་སུ་ཞིག་གིས་ཁྲིད་འདུག རིག་གཞུང་གི་སྲོག་རྩ་སུ་ཞིག་གིས་བཟུང་འདུག གནད་རྩ་འདི་བོད་མི་རིགས་ཀྱིས་ངེས་པར་དུ་ཤེས་དགོས་པ་ཡིན་ཡང་ཤེས་མི་འདུག ༼སྐབས་འདིར་གངས་ལྗོངས་ཀྱི་ཁྱད་ནོར་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་ཞིག་ཡིད་ལ་དྲན། ང་རང་ཤ་སུ་ལ་ཚ་ཟེར་ན་བོད་ལ་ཚ་དགོས་ཀྱི་རེད་དེ། ང་ཤ་ཚ་སའི་ཡུལ་དེས་ངའི་བསམ་བློ་ཤེས་མི་འདུག་ཅེས་པ་དེའོ།། (ཚིག་ཇི་བཞིན་དྲན་མ་སོང་།)༽ བོད་ཀྱི་གྲྭ་བ་ཅི་ཞིག་ཡིན་མིན་བོད་མིས་ཤེས་མེད་ཀྱང་རྒྱ་ནག་གིས་ཤེས་ནས་འཛམ་གླིང་ན་བོད་ཀྱི་གྲྭ་བ་འདི་ཚོ་ཁ་བྲལ་རིང་ལུགས་པ་ཡིན་པ་དང་། ཇག་ཚོགས་ཡིན་པ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་རྐྱང་རྐྱང་བྱས་བསྡད་ཡོད་ཚུལ་སོགས་བསྒྲགས་ཡོད་པ་ཁྱེད་ཅག་གིས་མཐོང་ཡོད་དམ། མཐོང་ཡོད་བཞིན་དུ་སྒྲིག་འཛུགས་ཤིག་དང་ཡོང་འབབ་ཅིག་གི་ཁེ་དབང་ཆེད་མཚང་འབྲུ་བྱེད་ཀྱིན་ཡོད་ན་ཅི་ཡང་བཤད་རྒྱུ་མེད། དེ་མིན་ཇག་པར་ཇག་རོགས་དང་རྐུན་མར་རྐུན་རོགས་བྱས་པ་མ་ཡིན་ནམ།

དེང་གི་དུས་འདིར་མནོ་བསམ་ཡག་པོ་ཞིག་གཏོང་མ་ཐུབ་ན་གཞན་གྱིས་བསླུ་བྲིད་ཀྱི་འོག་ནས་རང་མགོ་རང་གིས་གཅོད་མི་སྲིད་པ་མིན་པས་སེམས་ལ་ངེས་པར་དུ་འཛིན་དགོས་སྙམ། མ་གཞི་རྒྱལ་སྤྱིའི་གསར་འགོད་པ་དང་། ཞིབ་འཇུག་པ། སྲིད་དོན་པ་སོགས་གཙོ་བོར་གྱུར་བའི་ཤར་ནུབ་ཀྱི་མི་མང་གི་སེམས་ལ་ཡང་ངའི་མཐོང་སྣང་འདི་ཧ་ཅང་གི་གནད་ལ་བཟུང་ཡོད། དེ་ལྟ་བུའི་རྒྱུ་མཚན་མང་པོ་ཞིག་ལ་གཞིར་བཅོས་ནས་བཤད་ཀྱི་ཡོད་ལ་དངོས་ཡོད་ཅིག་ཀྱང་རེད་འདུག

༢༠༡༤/༠༨/༠༧ཉིན།

བསམ་ཚུལ།

Post navigation

Previous Post: དགོངས་རྫོགས་ལ་ཕུལ་བ་བདེན་པའི་ཕྱག་བརྡ་དཀར་པོ།
Next Post: ནམ་མཁའི་ནོར་བུ་རིན་པོ་ཆེར་བཅར་འདྲི།

Comments (2) on “བོད་ཀྱི་གྲྭ་བ་བོད་མི་རིགས་ཀྱི་སྲོག་རྩ་དང་ཀ་བ་ཡིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-08-08 at 7:15 am

    ་་་་་་ ངས་བོད་ཀྱི་གྲྭ་བ་བོད་མི་རིགས་ཀྱི་སྤྱི་ཚོགས་དང་ཁ་བྲལ་ཐུབ་མེད་པའི་སྲོག་རྩ་དང་ཀ་བ་ལྟ་བུ་ཡིན་ཟེར་གྱི་ཡོད། ་་་་་་་

  2. བཀྲ་ཤིས་རྒྱལ། says:
    2014-08-08 at 2:52 pm

    རང་ཤེད་ཚ་བའི་རྩོམ་ཡིག་རྫོབ་དྲི་ཁ་བ་ཞིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme