Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

Posted on 2014-07-162014-07-16 By ཁ་བརྡ་ 2 Comments on ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

ཁང་ཟླ་སྲས།

གཉིས་པ། གནམ་ཐང་གི་སྣེ་ལེན་འཕར་མ།

ཆུ་ཚོད་གསུམ་ཙམ་གྱི་འགྲུལ་བཞུད་རྫོགས་ཏེ་གནམ་ཐང་དུ་བདེ་འབྱོར་བྱུང་། འོན་ཀྱང་སྐབས་དེར་ངའི་སེམས་པ་འདི་སྔར་བས་ཀྱང་མི་སྐྱིད་པ་ཞིག་ཏུ་གྱུར་སོང་། ཅི་ཞིག་གིས་ཡིན་ནམ། ངས་རང་སེམས་ལ་དྲི་བ་ཡང་ཡང་དྲིས་པ་ཡིན། ང་ལ་འགྲུལ་བཞུད་ཀྱི་ལམ་ཡིག་ཚད་ལྡན་ཡོད། ངས་འགྲོ་བ་མིའི་བཟང་སྤྱོད་དང་འགལ་བའི་བྱ་བ་ནི་གཞལ་ཡང་བྱེད་མ་མྱོང་། དེས་ན་ང་ཅིའི་ཕྱིར་འདི་ལྟར་དོག་མི་བདེ་ཞིང་། རྫོགས་མཐའ་མེད་པའི་ཐེ་ཚོམ་གྱིས་གཅུན་དགོས་པ་རེད་ཨང་། ཁྲི་འདུའི་རྒྱལ་སྤྱིའི་གནམ་ཐང་གི་བསྔོགས་བཤེར་ས་ཚིགས་སུ་འབྱོར་བ་དང་། ང་ཡང་བང་རིམ་བསྒྲིགས་ཏེ་རྒྱ་མི་འགའི་རྒྱབ་ཏུ་གཤར་བ་ཡིན། ཉེན་རྟོགས་པས་ངའི་ལག་འཁྱེར་སྔོན་པོ་དེ་མཐོང་བ་དང་སྣ་གཉེར་མཆུ་གཉེར་འགའ་བྱེད་བཞིན་གཡས་བསྔོགས་གཡོན་བསྔོགས་འགའ་བྱས་སོང་། ཕ་ཡུལ་གང་ནས་ཡིན་དྲིས་པས། ངས་རྔ་བ་ནས་ཡིན་ཞེས་ལན་བཏབ་པ་ཡིན།དེ་མ་ཐག་ང་ལ་ཅུང་སྒུག་ཅེས་ཟུར་ཞིག་ཏུ་བཀག་སོང་།

བསྔོགས་བཤེར་ས་ཚིགས་བརྒྱུད་སྐབས་རྒྱ་རིགས་རྣམས་གདོང་འཛུམ་གྱིས་ཁེངས་ཏེ་རེ་རེ་བཞིན་བང་བསྒྲིགས་ནས་བདེ་བླག་ངང་ཕྱི་ལ་ཐོན་སོང་། ངས་དོ་སྣང་བྱུང་བ་ལྟར་ན། དེའི་ཁྲོད་དུ་རྒྱ་ནག་གི་ལག་འཁྱེར་ཅན་གྱི་བོད་མི་འགའ་རེ་འདུག་པ་དག་ལ་དམིགས་བསལ་འདྲི་བརྩད་དང་བསྔོགས་བཤེར་མང་བ་བྱེད་ཀྱི་འདུག  མ་གཞི་ནས་འདི་ནི་རྒྱ་ནག་གིས་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཚོར་མི་རིགས་འདྲ་མཉམ་གྱི་སྲིད་ཅུས་རྩ་ཁྲིམས་གཞིར་བཟུང་གིས་ལག་ལེན་བསྟར་སྟངས་དེ་ཡིན་རྒྱུ་རེད།  ད་ནི་ས་ཚིགས་འདིར་ང་དང་ཉེན་རྟོགས་པ་འགའ་ཤས་མ་གཏོགས་ལྷག་མ་སོང་ལ་ཞིབ་བཤེར་ས་ཚིིགས་འདི་སྔར་བས་ཀྱང་ཁ་ཁུ་སིམ་པོར་གྱུར་སོང་། ས་ཚིགས་ཕར་ངོས་ན་བདག་མེད་དུ་ལྷག་པའི་ངའི་འདྲུད་སྒམ་གཉིས་པོ་དོ་སྐྱེལ་རང་འགུལ་འཕྲུལ་འཁོར་སྟེང་ཡང་ཡང་འཁོར་བཞིན་པ་མཐོང་དུས། ངའི་སེམས་པར་ཆབ་སྲིད་པ་དག་གིས་གཡོ་ཅུས་དང་། སྐབས་འཚོལ་བ་དག་གི་དྲན་འཕྲུལ། ད་དུང་སྒེར་གཅོད་པ་དག་གི་གནག་སེམས་དང་། མི་ཉམ་ཆུང་ཚོར་ཞྭ་མོ་འགེབ་མཁན་དག་གི་རྔམ་གནག་པའི་བཞིན་རས་སྔར་བས་ཀྱང་གསལ་པོར་ཤར་ཡོང་གི་འདུག  

ང་ད་ཕན་རྒྱལ་ཁབ་མང་པོར་འགྲོ་མྱོང་ནའང་། གནམ་ཐང་ནས་སྣེ་ལེན་འཕར་མ་འདི་འདྲ་ཞིག་གཏན་ནས་བྱེད་མ་མྱོང་བས་ཡི་ཆད་དང་ཁོང་ཁྲོ་སྐྱེ་གྲབས་བྱས་བྱུང་། ཁོང་ཚོས་ལས་ཁུངས་ནས་ཁ་པར་ཡར་གཏོང་མ་གཏོང་དང་། དྲི་བ་ཡར་འདྲི་མར་འདྲི་མང་པོ་བྱེད་ཀྱི་འདུག ཆུ་ཚོད་ཕྱེད་ཀའི་རྗེས་སུ་བུད་མེད་ཉེན་དཔོན་ཞིག་སླེབས་ཏེ་དེ་སྔོན་ཡར་འགྲོ་དུས་ལག་འཁྱེར་ཡོད་མེད་དང་། དུས་མ་ཞིག་ས་མཚམས་གང་ནས་སོང་ཚུལ་སོགས་དྲིས་པར་ངས་ལན་དྲང་པོར་བཏབ་པ་ཡིན། ཁོ་མོ་ནི་ཅུང་ཞི་བའི་ཉམས་ཅན་ཞིག་རེད། ཁོ་མོས་བཤད་རྒྱུར། ད་ཁྱོད་རང་ཕ་ཡུལ་ཏུ་སོང་ན་ཆོག་གི་རེད། ཡིན་ནའང་། ཕྱིར་རྒྱ་གར་དུ་འགྲོ་ཐུབ་མིན་བཤད་ཁག་པོ་རེད་ཅེས་བཤད་བྱུང་། སྐད་ཆ་དེས་ངའི་སེམས་ངོར་རྨ་ཁ་ཆེན་པོ་ཞིག་བཟོས་སོང་།
རྒྱུ་མཚན་ནི། མི་ལོ་བཅུ་དྲུག་ནས་བཟུང་སྟེ་ད་བར་འཚར་ལོངས་བྱུང་སའི་ཞི་འཇམ་གྱི་ཡུལ་གྲུ་དེའི་འཛད་མཐའ་མེད་པའི་འགྲོ་འདུག་རང་དབང་གི་ཁོར་ཡུག་དང་། གཏམ་བརྗོད་རང་དབང་གི་སྡིང་ཆ། གསར་འགྱུར་རང་དབང་གི་འཚོལ་ཞིབ། ཆོས་དད་རང་དབང་གི་བསམ་པའི་ལོངས་སྤྱོད་སོགས་རང་གི་ཕ་ཡུལ་ནས་རླབས་ཆེན་གྱི་སྐྱེས་བུ་ཚོས་ཟུང་ཁྲག་དང་ཚེ་སྲོག་གིས་ཀྱང་བླུ་མི་ཐུབ་པའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཁྱད་ནོར་དེ་དག་ལ། ད་ནི་ལས་དབང་གིས་ཁ་ཐག་རིང་སོང་ཨང་སྙམ་པའི་སྐྱོ་གདུང་རྣལ་མ་ཞིག་ཤུགས་ཀྱིས་བྱུང་བས་རེད།

མ་གཞི་ནས་ཕ་ཡུལ་ཨ་མདོ་རྔ་བ་ནི་ངའི་གཟུགས་པོ་དང་། བྱིས་དུས་ཀྱི་བརྩེ་སེམས་འཚར་ལོངས་བྱུང་ས་ཙམ་ཡིན་ལ། རྒྱ་གར་ནི་ངའི་ཆོས་ཕྱོགས་ཀྱི་བསམ་བློ་དང་རང་དབང་གི་ཕུགས་འདུན་རྩོད་སྒྲུབ་བྱེད་ས་དེ་ཡིན་པས། ངའི་ངོས་ནས་འདི་གཉིས་ཀ་གང་ཞིག་གཙོ་བོར་འདེམས་དགོས་པ་ཅི་འདྲའི་བཤད་དཀའ་ཨང་། དེ་ལྟར་བསམ་གཞིག་གི་རྒྱུ་བ་སྣ་ཚོགས་ཁྲོད་ནས་ཆུ་ཚོད་གཅིག་མ་ཟིན་ཙམ་བཀག་ཉལ་དང་འདྲི་བརྩད་བྱས་རྗེས། ད་གཟོད་བོད་མི་དག་གིས་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་འབོད་ཅིང་མིག་སྔར་དུད་སྨིག་གིས་རྦད་དེ་བཏུམས་པའི་གྲོང་ཁྱེར་དེེར་གོམ་སྟབས་བསྒྱུར་བ་ཡིན།

 

གསུམ་པ། ཕྱིའི་འཛུགས་སྐྲུན་དང་། མིའི་ཐོབ་ཐང་།

དངོས་གནས་བྱས་ན་ང་ཁྲི་འདུར་སླེབས་པ་དང་ངའི་ཨ་ཁུ་ལྷ་ས་ནས་ཁྲི་འདིར་འབྱོར་བ་དུས་མཉམ་བྱེད་འཆར་ཡོད་མོད་ཀྱང་། གནམ་གྲུའི་འཛིན་བྱང་མ་རག་པའི་འཆར་གཞི་དེ་འགྲུབ་ཡོད་མ་རེད། ངས་ཉིན་འགའི་རིང་ཁྲི་འདུ་ནས་ཁོང་འབྱོར་རྒྱུར་སྒུག་ནས་བསྡད་པ་ཡིན། ཉིན་དེ་དག་གི་རིང་སྤུན་འཇམ་དཔལ་སོགས་དང་ལྷན་དུ་ཁྲི་འདུ་གྲོང་ཁྱེར་གྱི་ཡུལ་སྐོར་ས་གནས་གྲགས་ཅན་འགར་ལྟ་སྐོར་ལ་སོང་བ་ཡིན། ནམ་མཁར་བསྙེགས་པའི་ཁང་བརྩེགས་ཀྱི་འཛུགས་སྐྲུན་དང་། མཁའ་དབུགས་བརྫད་པའི་བཟོ་ལས་ཀྱི་དུད་རླངས། ཁེ་སྤོག་གཉེར་པའི་ཚོང་རྫས་ཀྱི་འགྲན་བསྡུར། མིང་གྲགས་ཆེ་བའི་རླངས་འཁོར་གྱི་འདུ་འཛི། སྒྲིག་ཁྲིམས་བཙན་པའི་འགྲིམ་འགྲུལ་གྱི་ཡོ་ལང་། ལྟོ་གོས་དང་ཁེ་སྤོག་གི་ཆེད་དུ་འཚང་ཀ་ཤིག་ཤིག་བྱེད་ཀྱིན་པའི་མི་ཚོགས། མདོར་ན་ཡོད་ཚད་རང་རྒྱལ་གཞན་ཕམ་གྱི་འགྲན་བསྡུར་ལ་ཕྱོགས་པའི་དེ་རིང་གི་ཁྲི་འདུ་གྲོང་ཁྱེར་མཐོང་དུས་ངོ་མ་རྒྱ་ནག་ནི་འཛམ་གླིང་ཁྲོད་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་མ་གྱུར་ཚད་མེད་རེད་ཨང་སྙམ་པ་བྱུང་།

འོན་ཀྱང་། སྟོབས་ཆེན་རྒྱལ་ཁབ་ཅེས་པའི་ཚད་གཞི་དེ་ཁོང་ཚོས་བཤད་པ་ལྟར་རང་ཉིད་ཉིང་རྡུལ་འཆང་བའི་རྒྱལ་ཁབ་ཡིན་མིན་ཙམ་གྱིས་ཐག་གཅོད་པ་ནི། མིག་རྒྱང་རིང་པོ་མ་མཐོང་བའི་མི་རིགས་རིང་ལུགས་པ་ཚོའི་ངག་ཀྱལ་ཙམ་ཡིན་ཏེ། སྟོབས་ཆེན་རྒྱལ་ཁབ་ཚད་ལྡན་དག་གིས་ནི། མི་རིགས་གཞན་དང་། རྒྱལ་ཁབ་གཞན་གྱི་དཀའ་ཁག་ཅི་ཡོད་ལ་རོགས་རམ་དང་། དཔུང་གཉེན་མཛད་དེ་འཛམ་གླིང་འདིའི་སྒང་ནས་འབོར་ལ་ཉེ་བའི་མི་རིགས་ཉམ་ཆུང་དེ་དག་གི་རིག་གཞུང་སྲུང་སྐྱོབས་དང་། དར་སྤེལ་གྱི་བྱ་བར་དཀྱེལ་ཡངས་པོའི་སྒོ་ནས་ནུས་ཤུགས་ཆེན་པོ་འདོན་གྱི་ཡོད་མོད་ཀྱང་། མིག་སྔར་དམངས་གཙོ་དང་ལེན་མི་བྱེད་པའི་ཀྲུང་གོའི་སྲིད་གཞུང་གིས་བོད་རིགས་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཚོའི་སྟེང་ཁ་བཤད་དང་ལག་ལེན་ཐད་བར་སྟོང་ཅི་ཙམ་ཤོར་མིན་ཐད་དྲང་བདེན་ལ་དགའ་བའི་འཛམ་གླིང་གི་གསར་འགྱུར་ལས་རིགས་དང་། ཆབ་སྲིད་མི་སྣ། རྩོམ་པ་པོ་ཕལ་མོ་ཆེ་བརྒྱ་ཁ་གཅིག་གྲགས་ལྟ་བུར་གྱུར་ཡོད་པ་དེས། ད་ཕན་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དཔལ་འབྱོར་དང་འབྲེལ་བའི་ཕྱིའི་འཛུགས་སྐྲུན་ཁོ་ནར་ཕྱོགས་པ་ལས་མི་རྣམས་ཀྱི་མི་ཚེའི་ཁྲོད་ཆེས་མེད་དུ་མི་རུང་བའི་ཆོས་ལུགས་དང་། ཆབ་སྲིད། སྒྱུ་རྩལ་དང་། དམངས་གཙོ་སོགས་མདོར་ན། དད་མོས་མ་འདྲ་བའི་སྐྱེ་བོ་སྒེར་གྱི་རང་དབང་ཐད་མི་སྤྱོད་ལས་འདས་པའི་བཀག་སྡོམ་ཤུགས་ཆེར་བྱས་ཡོད་པ་གསལ་པོར་མཚོན་ཡོད་པ་རེད།

ཁང་ཟླ་སྲས་ཀྱིས། མུ་འགོད།

དྲན་ཐོ།

Post navigation

Previous Post: སྣང་བ་དེའི་རྗེས་སུ།
Next Post: དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལྔར་འབོད་སྐུལ།

Comments (2) on “ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།”

  1. བསྟན་འཛིན་ says:
    2014-07-16 at 6:30 am

    ཀློག་པ་ཡིན་

  2. རྒྱ་མཚོ་ཆེན་པོ་ says:
    2014-07-16 at 10:17 am

    ཡག་པོ་འདུག་མུ་མཐུད་ཨ་ལམ་ལྷོངས་ལྡན་པས་རང་དགར་སྙེགས་ཐུབ་པའི་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme