Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་སྲོད་ཀྱི་གྲིབ་གཟུགས།

Posted on 2014-07-132014-07-13 By ཁ་བརྡ་ No Comments on ས་སྲོད་ཀྱི་གྲིབ་གཟུགས།

རྡེའུ།
 

གསུམ་པ།

ཕ་ཡུལ་དུ་བསྡད་པའི་ཉིན་འགའི་རྗེས་སུ་ཕྱིར་སྤྱིར་རྒྱུགས་ཀྱི་མཇུག་འབྲས་ལྟ་རུ་ཡོང་། ཁོ་ཕྱིར་ཡོང་ཁར་ཨ་ཕ་རྡོ་གྲགས་ཀྱིས་ཁྱིམ་མཚེས་ཚང་ལ་ཡར་རྒྱུག་མར་རྒྱུག་བྱས་ནས་སྒོར་རྡོག་སུམ་བརྒྱ་གཡར་ཏེ་བཀྲ་ཤིས་སྐྱབས་ཀྱི་ལག་ཏུ་བཞག་ཅིང་དོན་མེད་ལ་མ་བརླག་ཅེས་ནན་བཤད་བྱས། ཁོས་དེ་ནི་རྐང་རྣམ་རྒྱབ་ཀྱི་གློ་ཁུག་ནང་བཅུག་དུས་ཁོའི་ཨ་མ་མཚོ་མོས་དེ་ནས་བརླག་འགྲོ་ཞེས་བརྗོད་པས་ན་འདུན་གྱི་སྒྲོག་གུ་ཅན་གྱི་གློ་ཁུག་ནང་དུ་བཞག་ཏུ་བཅུག
ཁོའི་ཨ་མས་ལྐོག་ནས་མོའི་སྐེ་རྒྱན་ཁོའི་ལག་ཏུ་བཞག་སྟེ་ད་ལོ་འུ་ཚང་ལ་བསྟུད་མར་ན་ཚ་འདྲ་ཡོང་བས་ན་ད་སྐབས་སྒོར་ཆད་བྱུང་བའི་དུས་ཤིག་རེད། འདི་ཁྱེར་སོང་ནས་བཙོང་ན་སྒོར་མོ་ཉིས་སྟོང་ལྷག་ཅིག་ལ་རྗེ་ཐུབ་ངེས་ཡིན། ཨ་ཕར་ངས་འགྲེལ་བཤད་བྱས་ཆོག་ གཅེས་ཕྲུག་ཁྱེད་ཀྱིས་སློབ་གྲྭར་སྡུག་མྱངས་ན་ཡང་ངེད་གཉིས་ཀས་སྐོར་ཞིག་ཀྱང་རྒྱག་མ་ཐུབ། འདིས་རང་ཉིད་ཀྱི་ཉོ་ན་འདོད་པ་ཞིག་ཉོས་ཨཱ། མ་གཏོགས་ངེད་གཉིས་ལག་སྟོང་ཡིན་ཟེར་བཞིན་མིག་མདངས་ལ་སྙིང་ཉེ་བའི་འོད་ཀྱི་ཆུ་ཐིགས་ཤིག་ག་ལེར་འཚེར་བཞིན་དེ་ལྟར་བརྗོད་ཅིང་ཁོ་ལ་ཨུ་ཚུགས་བྱས།

ཁོས་ཨ་མ་མཚོ་མོའི་ལག་པའི་སེར་ག་དང་དཔྲལ་བའི་རི་མོ་དག་མཐོང་བས་མོད་ལ་ཡིད་ལ་བརྗོད་ཐབས་བྲལ་བའི་ན་ཟུག་ཅིག་བསླངས། མི་ལོའི་བཞི་བཅུ་ནི་རྒས་ཤིང་འཁོགས་པ་ཞིག་ཡིན་མི་སྲིད་ཀྱང་རང་ཉིད་ཀྱིས་ཕ་མས་དཀའ་སྡུག་མྱངས་བ་མང་དྲགས་པས་རྒས་འདུག་པ་མིག་སྔར་གསལ་པོར་མཐོང་ཡོང་དུས་ཁོས་སུ་ལ་ཞིག་ལེ་འདེད་བྱེད་དགོས་པ་ཤེས་མ་བྱུང་། གང་ལྟར། ཨ་མའི་ལག་གི་སྐེ་རྒྱན་བླངས་ཏེ་ཕྱིར་འཆམ་འཆམ་དང་བཅས་རྒྱུགས་འབྲས་ལ་ལྟ་རུ་ཡོང་།
ཡིད་སྐྱོ་བ་ཞིག་ལ་ཁོའི་སྤྱི་རྒྱུགས་ཀྱི་སྐར་གྲངས་ནི་བློ་ཡིད་ལས་འདས་པ་ཞིག་རེད་པས་ཁོ་ཧ་ལས་ཤིང་འདང་རྒྱག་འདོམ་གང་གི་ནང་དུ་ལྷུང་། ཡིག་རྒྱུགས་ཀྱི་རིམ་པ་གསུམ་ལས་མཐའ་མ་དེ་མ་གཏོགས་འཕྲོད་མི་འདུག་པས་ན་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་དཀའ་བའི་གནས་སུ་གྱུར། དེ་བས་ཕ་མ་གཉིས་ཀྱིས་རྔུལ་ཆུས་བསགས་བའི་དངུལ་ལོར་ཁོང་གི་སློབ་སྦྱོང་ཕྱིར་དུ་བཏང་ཡང་ཁོས་ཐ་ན་ཡིག་རྒྱུགས་ལེགས་པོ་ཤིག་ཀྱང་མ་ལོན་པ་ནི་རང་ཉིད་ལའང་ངོ་གནོང་དགོས་པ་ཞིག་ཏུ་གྱུར།
ཁོའི་སེམས་ཁམས་དཔྱིད་ཀའི་གནམ་གཤིས་ཇི་བཞིན་འགྱུར་ལྡོག་ཅན་ཞིག་ཏུ་གྱུར་ཏེ་བདེ་ལ་ཁྱོན་ནས་འབབ་མ་ཐུབ། དེ་ལས་ཀྱང་ཁོང་གི་ཨ་མས་རང་ཉིད་ཀྱིས་དཀའ་སྡུག་ཅི་ཙམ་མྱངས་བ་ལ་མ་ལྟོས་བར་ད་དུང་མོ་ལ་དབང་བའི་སྐེ་རྒྱན་གཅིག་པོ་ཡང་ཁོང་ལ་ལྐོག་ནས་སྤྲད་པ་དག་ཚོར་ཡོང་དུས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ཡིན་ཡང་ཁ་སྐྱེངས་དགོས་པ་ཤིག་རེད་སྙམ།

དེ་ལྟར་སྲིང་ལམ་ནས་བསམ་གཞིག་བྱེད་ཀྱིན་ཡོང་དུས་རྒྱབ་ཕྱོགས་སུ་ཁོང་ལ་འབོད་ཀྱི་ཨེ་ཡོད་སྙམ་པའི་སྐད་སྒྲ་ཞིག་ཐོས། རྒྱབ་ཏུ་བསྒྱུར་ནས་བལྟས་དུས་སྦག་སྦག་འཁོར་ལོ་སྟེང་དུ་མིག་ཤེལ་ནག་པོ་གྱོན་མཁན་དེ་ནི་འབྲུག་རྒྱལ་རེད་འདུག་ལ་ཁོའི་རྒྱག་ཏུ་ཁོང་ཚོའི་འཛིན་གྲོགས་མགོ་སེར་ཡང་འདུག
“སྤྱི་རྒྱུགས་མཇུག་འབྲས་ཀྱིས་འདོད་པ་ཚིམ་སོང་ངམ།” ཞེས་ཁོང་དགོད་ཅིག་དང་ལྷན་དུ་འབྲུག་རྒྱལ་གྱིས་དེ་ལྟར་བཤད། ཁོས་དེ་ལྟར་བརྗོད་པའི་གོ་དོན་ལ་རྒྱུ་མཚན་གཞན་ཡོད་མེད་མི་ཤེས་མོད་ “འཇིག་རྟེན་ན་འདོད་ཐོག་ཏུ་ཡོང་བའི་བྱ་བ་ལས་མི་ཡོང་བའི་བྱ་བ་མང་།” ཞེས་བཀྲ་ཤིས་སྐྱབས་ཀྱིས་ཚིག་ཟུར་གྱིས་དེ་ལྟར་དེ་མ་ཐག་ཏུ་ལབ་ནས་ཡ་ལན་ཞིག་སློག་ཁུལ་བྱས།
“ཕར་ཆེར་འདོད་པ་ཚིམ་མེད་པ་འདྲ། ཧུ་ཧུ་་་་ འོན་ཀྱང་། ང་ངོ་མ་འདོད་པ་ཚིམ་སོང་། ཁྱེད་སློབ་སྦྱོང་ཡག་པོ་ཡོད་པ་མིན་ནམ། ངའི་སྐར་གྲངས་ཀྱི་ཟུར་ཙམ་ལའང་སླེབས་མེད་པ་ཅི་བྱུང་ངམ།” ཞེས་མ་རངས་བའི་གད་མོ་ཞིག་བགད་ཅིང་སྦག་སྦག་མེ་སྤར་ནས་“རྗེས་མ་དཀའ་ལས་རྒྱབ་ན་གོ་སྐབས་ཡོད་སྲིད། ཧེ་ཧེ་་་་”ཞེས་ཁོང་གི་ཟུར་དུ་ལྡིར་རེར་ཆས་སོང་། བཀྲ་ཤིས་སྐྱབས་ཡུལ་དུ་ལོག་ན་ཁོང་གི་ཕ་མར་ཡ་ང་བའི་སྤྱི་རྒྱུགས་ཀྱི་གྲུབ་འབྲས་འདི་ཇི་ལྟར་བཤད་སྙམ་ཞིང་ཡིད་སེམས་དེ་ལྟར་ཚིག

མ་གཞི་སྲང་ལམ་ནས་གར་འགྲོ་འདིར་འགྲོ་མ་མཆིས་ཤིང་ཅི་བྱེད་འདི་བྱེད་མེད་པར་རེ་་ཞིག་བསམ་གཞིགས་ནང་དུ་ལྷུང་། ཁོ་ཆེས་དགའ་སའི་དགེ་རྒན་གྱིས་རྟག་ཏུ་“རླབས་ཆེན་གྱི་མི་བུས་ཐེངས་དགུ་ཕམ་ན་ཐེངས་བཅུ་ལ་ཡར་ལ་ལངས་ངེས་ཡིན། ”ཞེས་པ་ཡིད་ལ་དྲན་ཞིང་སེམས་ལ་ངལ་གསོ་ཅུང་ཙམ་ཐོབ། ཁོས་ཇི་ལྟར་བསམ་བློ་བཏང་ཡང་སྐར་གྲངས་དེ་ལྟ་བུ་ཞིག་ཏུ་འགྱུར་མི་སྲིད་པར་འདོད་ཅིང་དེའི་ཕྱོགས་སུ་མནོ་བསམ་མི་གཏོང་ག་མེད་དུ་གྱུར།
དགོང་དྲོ་སླེབས་ཟིན་པ་མ་ཟད་གློག་འོད་ཀྱང་ཁྲ་ལེམ་མེར་སྤར་འདུག་པའི་དུས་སུ་བཀྲ་ཤིས་སྐྱབས་ཀྱི་གོམ་ཁའི་འདེགས་འཇོག་གློག་འོད་དམར་པོས་རྒྱན་པའི་སྒོ་བྱང་སྟེ་“གཞོན་པའི་ཆང་ཁང་”ཞེས་པ་དེའི་ཕྱོགས་སུ་བསྐྱོད། ཁོ་ས་ཆ་དེར་མི་ལོ་དེ་དག་གི་རིང་དུ་བསྡད་པ་ཡིན་ཡང་། ཐེངས་གཅིག་ཀྱང་ཆང་ཁང་དེར་གོམ་གང་སྤོ་མྱོང་མེད། སྒོ་ནས་འཛུལ་མ་ཐག་ཁོའི་མིག་སྔར་མཐོང་བ་ནི་གློག་འོད་དཀར་དམར་སྣ་ཚོགས་ཀྱི་ངོགས་སུ་ཐ་ནག་དང་ཨ་རག་གིས་མྱོས་བའི་ན་གཞོན་ཕོ་མོ་དེ་དག་རེད། ཁོ་མི་མེད་སའི་གྲུ་ཟུར་གྱི་འབོལ་སྟེགས་མཐུག་པོའི་སྟེང་དུ་བསྡད་ཅིང་སྦི་རག་ཅིག་བསྔགས་ཏེ་འཐུང་ཞོར་དུ་ཁོའི་སེམས་ཀྱི་སྟངས་སྟབས་ཆང་ཁང་དེ་དང་གཉིས་སུ་མེད། ལག་པ་གཡོན་པའི་སོར་མོའི་བར་དུ་ཐ་མག་རྐང་ཅིག་བཟུང་ཞིང་སྣ་ཁུང་ལས་དུ་བ་སྔོ་ཤུར་ཤུར་བཏོན་བའི་ཚེ། ཁོས་རང་ཉིད་ལ་སེམས་གསོ་བྱེད་མཁན་ཞིག་ཡོད་ན་འདོད་ཅིང་ཡང་ན་སྙིང་གཏམ་བཤད་ས་ཞིག་ཡོད་ནའང་ཅི་མ་རུང་སྙམ། ཁོས་རྒྱུན་དུ་གནད་འགག་སྐབས་སུ་རང་ཉིད་ཀྱིས་རང་ཉིད་སྐུལ་འདེད་བྱེད་ཐུབ་པར་འདོད་མྱོང་མོད། ད་སྐབས་ཁོ་ལ་མཚོན་ན་སྐྱག་རྗུན་ཁོ་ན་ལས་མ་འདས།

དེ་ལྟར་འཆར་སྣང་རབ་རབ་ཀྱི་ཁྲོད་དུ་ཡན་པའི་སྐབས་དེར་ཁོའི་ཟུར་དུ་མི་དག་བསྡད་བྱུང་། ཁོང་ཚོ་ནི་མགོ་སེར་དང་འབྲུག་རྒྱལ་རེད། ཁོས་ཁོང་གཉིས་ལ་དེ་ཙམ་དོ་སྣང་བྱེད་པར་མ་སྤྲོ། ཡིན་ཡང་འབྲུག་རྒྱལ་གྱིས་“དེ་རིང་ང་ཚོ་ཐེངས་གཅིག་བཟི་དགོས། ད་ཐེངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེས་ང་ཧ་ཅང་སྐྱིད་པོ་བྱུང་། རེད་མ་རེད།”ཞེས་བཀྲ་ཤིས་སྐྱབས་ཀྱི་གདོང་ལ་བལྟས། བཀྲ་ཤིས་སྐྱབས་ཀྱིས་ལག་གི་ཤེལ་ཕོར་ལ་མིག་གིས་ཅེར་བཞིན།“བདེན་པ་རེད། ད་རེས་རྒྱུགས་འབྲས་འདི་ཡིས་ང་ཧ་ཅང་སྡུག་ལ་སྦྱར་སོང་། ང་ཡང་བཟི་ན་འདོད།”ཞེས་དེ་ཐག་ཏུ་ལྡོག་ཕྱོགས་ནས་སྨྲས་ཤིང་ཁོས་ཕོར་བའི་ནང་གི་སྦི་རག་་ཉུང་ངུ་དེ་ཞབས་བཏུང་བརྒྱབས།
ཁོང་ཚོ་གློག་འོད་རབ་རིབ་ཁྲོད་དུ་སིང་སྒྲ་དང་ཆབས་ཅིག་སྦི་རག་གཅིག་རྗེས་གཉིས་མཐུད་ཀྱིས་འཐུང་། དེ་བས་འབྲུག་རྒྱལ་གྱིས་ཞབས་བཏུང་མང་པོ་བརྒྱབས་པས་བར་སྐབས་ཤིག་ཏུ་ཁོའི་སྐད་མགོ་ཇེ་མཐོ་ནས་ཇེ་མཐོ་རུ་ཕྱིན་འདུག་ལ་བཀྲ་ཤིས་སྐྱབས་ཀྱིས་གདོང་མདོག་ཀྱང་དམར་པོར་གྱུར་འདུག

”ང་འབྲུག་རྒྱལ་གྱིས་ཅི་ཞིག་བསམ་ན་ཅི་ཡང་བསྒྲུབ་ཐུབ། ཁྱེད་ཚོ་ཡིད་ཆེས་སམ།”ཞེས་ཤེལ་དམ་ཅོག་ཙེའི་སྟེང་དུ་བརྡབས་ཤིང་དེ་ལྟར་སྨྲས།
“ཁྱེད་ཀྱི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་ལ་ང་བློ་ཡིད་ལས་འདས་སོང་། འོན་ཀྱང་་་་་་”ཞེས་བཀྲ་ཤིས་སྐྱབས་ཀྱིས་དེ་ལ་ཅུང་ཙམ་ཧ་ལས་པས་ངང་ལབ་ཞོར་ཚིག་སྔ་མ་ཕུད་སྔོན། “ཧུ་ཧུ་་་་་ དེ་ཟེར་བ་ཡིན་ནམ། ཁྱེད་ཀྱིས་མ་ཤེས་པའི་དོན་དག་མང་ནི་རེད། མ་གཞི་ང་ཚོའི་འཛིན་གྲྭའི་སློབ་སྦྱོང་ཡག་ཤོས་ཤིག་ང་ཡིན་མི་སྲིད་ཀྱང་སྐར་གྲངས་མཐོ་ཤོས་ང་ཡིན། རྒྱུ་མཚན་ང་ལ་རྒྱབ་དཔུང་ཡོད། ང་ལ་སྒོར་མོ་ཡོད། དེང་སེང་འདི་དག་ཡོད་པས་ན་ད་གཟོད་ཅི་ཡང་སྒྲུབ་ནུས་པ་མི་ཤེས་སམ།”ཞེས་ཐེ་ཚོམ་མེད་པར་དེ་ལྟར་བཤད་སྐབས། མགོ་སེར་གྱིས་“ཁྱོད་བཟི་འདུག་ད་འགྲོ”ཞེས་ཁོས་ལག་པས་འཐེན་ཙམ་བྱས། སྐད་ཆ་དེ་བཀྲ་ཤིས་སྐྱབས་ཀྱི་གདོང་ལ་ཆུ་བླུགས་པ་བཞིན་ཧོད་ཀྱིས་བཟི་ཡང་ཅུང་ཙམ་དྭངས་པར་གྱུར།

འོན་ཀྱང་ཁོས་རང་ཚོད་འཛིན་བཞིན་“སྒོར་མོ་དང་དབང་ཐང་གིས་ཉོ་མི་ཐུབ་མང་པོ་ཡོད་རེད་ལ་དེ་དག་ལས་ཀྱང་གལ་ཆེ་བའང་མང་ནི་རེད།”ཁོ་ཅུང་ཙམ་ཕོག་ཨེ་ཡོད་སྙམ་པའི་སྐད་ཆ་ཞིག་བརྗོད།
ཁོ་སེམས་སུ་དོགས་སྣང་འདྲ་མིན་གྱིས་ཁེངས་ཤིང་རང་ཉིད་ཀྱི་རྒྱུགས་འབྲས་ཡང་དེ་ལྟར་སྒོར་ཤུགས་ཅན་དག་གིས་ཚོང་ཟོག་ཏུ་གྱུར་སོང་བ་ཚོད་བགམ་བྱེད་ཐུབ། མ་ཤེས་ཁུལ་གྱིས་ད་དུང་གསང་བ་ཏོག་ཙམ་ཤེས་སྲིད་སྙམ་བཞིན་ཁོང་ལ་ཆང་ཞིག་དྲངས་ཏེ། “ཁྱེད་ཀྱིས་ཡིག་རྒྱུགས་ཚང་མ་སྒོར་མོ་ཁོ་ནས་ཉོས་པ་ཨེ་ཡིན་ནམ།”ཞེས་ཀུ་རེ་དང་ལྷན་དུ་བརྗོད། “ངས་སློབ་འབྲིང་ལའང་ཡིག་རྒྱུགས་མ་བཏང་བར་སླེབས་ཡིན་ཞེ་ན་ཁྱེད་ཡིད་ཆེས་མི་སྲིད། འོན་ཏེ་འདི་ཡང་དོན་དངོས་ཡིན།”ཞེས་སྤོབས་པ་ཆེན་པོས་དེ་ལྟར་བརྗོད་མགོ་སེར་གྱིས་“ཁྱེད་དངོས་གནས་བཟི་འདུག་ འགྲོ་འགྲོ་་་་”ཞེས་ཁོ་བསྐྱོར་བཞིན་བུད་སོང་།

དེ་རྗེས་སུ་བཀྲ་ཤིས་སྐྱབས་ཀྱི་སེམས་སུ་ཁོང་ཚོ་ནི་ཁོ་སྡུག་ལ་སྦྱོར་མཁན་གྱི་གཏེ་བོ་ཙམ་དུ་མ་ཟད་ཕལ་བའི་མི་རྣམས་ཀྱི་ཟུངས་ཁྲག་འཇིབ་མཁན་གྱི་མི་གཟུགས་གྱོན་པའི་སྲིན་པོ་རྐྱང་རྐྱང་རེད་སྙམ་བཞིན། སེམས་སུ་སྔར་མེད་ཀྱི་སེམས་འདུན་ཞིག་གིས་ཡི་ཆད་ཀྱི་ཚེ་སྲོག་ཅིག་ལ་གསོན་ཤུགས་བསྩལ། དེ་ནས་ཁོང་ཡང་རླངས་འཁོར་དང་འགྲོ་མཁན་རེ་ཟུང་ལས་མེད་པའི་སྲང་ལམ་གྱི་གློག་འོད་ངོགས་སུ་གོམ་པ་འཁྱ་རེ་འཁྱོར་རེར་ངང་ཡོང་བཞིན་མཆིས། བཟི་བོ་དག་གི་སྐད་སྒྲ་ལས་ཡོད་ཚད་གཉིད་དུ་ཡུར་འདུག་ལ་ཁོ་རང་ཉིད་ཀྱི་གོམ་སྒྲ་རང་ཉིད་ཀྱིས་གསལ་པོར་ཐོས། འོན་ཏང་ཁོང་དེ་ཙམ་ར་བཟི་མེད་པ་ནི་ཁོས་སྔ་ས་ནས་རང་ཚོད་བཟུང་བས་ཡིན་པར་འདོད་ཅིང་སྙིང་ལ་གཟིར་བའི་འབྲུག་རྒྱལ་གྱི་སྐད་ཆ་དག་ལ་བསམ་གཞིགས་བྱེད་ཀྱིན་ནག་རིལ་རིལ་འགྲོ་བཞིན་འདའ། རྒྱང་རིང་ནས་བལྟས་ན་ནག་ཡོར་རེར་འགུལ་བའི་གཟུགས་རིས་དེས་ཅི་ཞིག་ལ་རྗེས་བསྙེག་བྱེད་ཀྱིན་ཡོད་པ་དང་མཚུངས་ལ་མཚན་མོའི་གྲང་ངར་དང་ལྷག་རླུང་གི་མཆེ་སྡེར་གཙིགས་པའི་རྣམ་འདི་ཡང་སུ་ཞིག་ལ་བརྙས་བཅོས་བྱེད་ཀྱི་་ཨེ་ཡོད་སྙམ་པའི་ཉམས་སྣང་ཞིག་ཀྱང་མངོན་འདུག

ཁོང་གི་ལག་པའི་མཛུབ་མོའི་བར་དུ་དམར་འོད་རྒྱུ་བའི་ཐ་མག་དེ་ཡང་ཁོའི་ཡིད་ཀྱིི་ཟབ་སར་སྒྲོན་མེ་བཞིན་སྤར་བའི་ཕུགས་འདུན་དེ་དང་འདྲ་བྱུང་། “ངས་རྒྱུ་འབྲས་མེད་པ་དེ་ཚོ་གཏན་ནས་གུ་ཡངས་སུ་མི་གཏོང་།” ཞེས་ལྐོབ་ཤུབ་ཤུབ་ངང་ཁེར་བཤད་རྒྱག་བཞིན་དེ་ལྟར་གྲིབ་གཟུགས་ཤིག་མཚན་མོའི་མྱུལ་མ་ཇི་བཞིན་སྲང་ལམ་བརྒྱུད་དེ་ཆས་བཞིན་འདའ་་་་་་་་་

བརྩམས་སྒྲུང་།

Post navigation

Previous Post: འཛམ་གླིང་སྤྱི་བསངས་མཆོད་པའི་སྤྲིན་ཕུང་དྲན་པ།
Next Post: ལ་དྭགས་སུ་སྲིད་སྐྱོང་གིས་གསུང་བཤད་གནང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme