Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་སྤྱི་བསངས་མཆོད་པའི་སྤྲིན་ཕུང་དྲན་པ།

Posted on 2014-07-132014-07-13 By ཁ་བརྡ་ 1 Comment on འཛམ་གླིང་སྤྱི་བསངས་མཆོད་པའི་སྤྲིན་ཕུང་དྲན་པ།

ཨེ་མ་ཧོ།

ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཀ་དག་སྤྲོས་བྲལ་ཀློང་ཆེན་ཀུན་བཟང་གི་ནམ་མཁར།།
ལྷུན་གྲུབ་འོད་གསལ་མཁྱེན་བརྩེ་ཉི་ཟླ་ཡི་རང་མདངས།།
ཟུང་འཇུག་རྒྱལ་བའི་མྱུ་གུའི་བྱང་ཆུབ་ཀྱི་ཕྲིན་ལས།།
རིག་འཛིན་བརྒྱུད་གསུམ་བླ་མའི་བཀའ་དྲིན་ལ་འདུད་དོ།།
སྣྲོན་ཟླའི་ཉ་གང་ཟླ་བའི་བཞིན་རས་ཉིད་ངོམས་ཚེ།།
མ་ཧཱ་གུ་རུས་ལྷ་འདྲེ་དམ་བཏགས་ཀྱི་དུས་ཆེན།།
བསམ་ཡས་ཧས་པོ་རི་རྩེར་རྒྱགས་བརྔན་གྱི་ལྷ་མཆོད།།
འཛམ་གླིང་སྤྱི་བསང་ཚེས་པའི་དགའ་སྟོན་དེ་དྲན་བྱུང་།།
མཚོ་སྐྱེས་རྡོ་རྗེས་རྗེ་འབངས་གྲོགས་མཆོག་ཀུན་འཛོམས་ཞིང་།།
བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨིན་གྲོལ་ལ་བཀོད་ནས།།
མདོ་སྔགས་བསྟན་པའི་རྩ་བའི་སྡེ་གཉིས་ཀྱི་མཛད་བཟང་།།
གངས་ལྗོངས་མུན་པ་བསལ་བའི་ཆོས་རྒྱལ་གྱི་དུས་ཆེན།།
མུ་ནེ་བཙན་པོས་ཆོས་འཁོར་རྣམ་གསུམ་ལ་མཆོད་ཅིང་།།
(ལྷ་ས། ཁྲ་འབྲུག བསམ་ཡས)
དགེ་འདུན་སྡེ་གཉིས་དབྱར་སྟོན་དུས་བཟང་གི་མཆོད་རྒྱུན།།
སྡེ་སྣོད་གསུམ་གྱི་སྲོལ་རྒྱུན་བཙུགས་པ་ཡི་ཉིན་མོ།།
གནས་ཆུང་ཆོས་རྒྱལ་ཆེན་པོའི་མངའ་གསོལ་དེ་དྲན་བྱུང་།།
རྩ་གསུམ་རྒྱལ་བ་མཆོད་པའི་དུས་ཆེན་དེ་དྲན་བྱུང་།།
བསྟན་སྲུང་ཆོས་སྐྱོང་སྙན་དར་སྒྲོན་པ་དག་དྲན་བྱུང་།།
ཇ་ཆང་ཚོགས་འཁོར་རོལ་བའི་སྤྲོ་ཚོགས་དེ་དྲན་བྱུང་།།
ཕ་མེས་བརྒྱུད་པའི་སྲོལ་བཟང་ལོངས་སྤྱོད་རྣམས་དྲན་སོང་།།
དབྱར་སྟོན་བསིལ་དྲོད་མཉམ་པའི་དགའ་ཚལ་དེ་སྐྱིད་པ།།
རྩི་ཤིང་མེ་ཏོག་རྒྱས་པའི་ཆར་རྒྱུན་དེ་བཟང་བ།།
ལྷ་བྱ་ཁུ་བྱུག་སྔོན་མོའི་གྲེ་འགྱུར་དེ་སྙན་པ།།
རིགས་མཐུན་སྤྲོ་གསེང་གནང་བའི་གླིང་ཁ་དེ་དྲན་སོང་།།
སྦྲ་གུར་དཀྱིལ་འཁོར་མཛེས་པའི་ཚོམ་བུ་ཡི་དབུས་ནས།།
ཞིམ་མངར་བཟའ་བཏུང་རོལ་བཞིན་གཉེན་ཉེ་ཡི་ཚོགས་བཅས།།
སྙན་འཇེབས་ལྡན་པའི་གླིང་བྲོ་བདེ་ཆེན་ལ་རོལ་བའི།།
གླིང་དཀར་དཔའ་བོ་དགྱེས་པའི་འདུ་ར་དེ་དྲན་བྱུང་།།
སྟག་ཤར་དཔའ་བོས་རྟ་རྒྱུག་མདའ་འཕེན་གྱི་ཀི་བསྭོ།།
གྲྭ་བཙུན་སྡེ་དགོན་འཛོམས་པའི་རི་བསྟོད་ཀྱི་སྤྱི་བསངས།།
སྒྱུ་རྩལ་དྲུག་བཅུ་འགྲན་པའི་འཛམ་གླིང་གི་རྩེད་མོ།།
རྨ་རྫ་འབྲི་གསུམ་མཆོད་པའི་སྐྱེན་པོའི་ཚོགས་དྲན་བྱུང་།།
གོ་ལ་འཇིག་རྟེན་མཛེས་པའི་ཡང་རྩེ་ཡི་ལྟེ་བར།།
སྟོབས་ཆེན་རྒྱལ་ཁབ་ཆེན་པོ་དབྱིན་ཡུལ་གྱི་རི་རྩེར།།
གསེར་མདོགས་ལྕང་མོ་མཛེས་པའི་རྣལ་འབྱོར་གྱི་ཚོགས་དང་།།
དགའ་སྟོན་མཉམ་འཛོམས་བྱུང་བ་དགའ་སྐྱོ་འདི་ཟབ་པ།།
རྒྱལ་ཀུན་མཉེས་ཕྱིར་བསངས་མཆོད་དམ་པ་འདི་འབུལ་ཞིང་།།
མགྲོན་ཀུན་ཚིམས་པའི་དགའ་སྟོན་དུས་ཆེན་ཞིག་ཚེས་པས།།
འགྲོ་ཁམས་བདེ་ཞིང་རྒྱལ་བསྟན་དར་རྒྱས་སུ་བསྔོས་ཕྱིར།།
དགེ་ལེགས་ས་གསུམ་ཁྱབ་པའི་རྟེན་འབྲེལ་ཞིག་འགྲིགས་སོང་།།

ཞེས་པ་རབ་རྒྱན་སྣྲོན་ཟླའི་ཉ་གང་ངམ་འཛམ་གླིང་སྤྱི་བསང་གི་ཉིན་མོ་དབྱིན་ཡུལ་ཆེ་མཐོའི་རི་བོ་གངས་ལྡན་Snowdoiaནས་བདག་ལ་སྙིང་ནས་དད་གུས་ཅན་དབྱིན་ཇི་བ་སྔགས་པ་ཕོ་མོ་རྒན་གཞོན་བྱིས་པ་དུ་མ་བཅས་བསང་མཆོད་བདུད་རྩིའི་སྤྲིན་ཕུང་བཞིན་འབུལ་སྐབས་སུ་གང་དྲན་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་སྨྱུག་མིང་ལ་ཨེ་མ་ཧོ་འབོད་པས་དེ་ཉིད་དུ་སྦྱར་དགེའོ།། །།

སྙན་ངག

Post navigation

Previous Post: ཕ་ཡུལ་ཏུ་བསྐྱོད་པའི་དངོས་བྱུང་ཟིན་ཐོ།
Next Post: ས་སྲོད་ཀྱི་གྲིབ་གཟུགས།

Comment (1) on “འཛམ་གླིང་སྤྱི་བསངས་མཆོད་པའི་སྤྲིན་ཕུང་དྲན་པ།”

  1. ཕུར་པ་སྐྱབས། says:
    2014-07-13 at 5:30 am

    ཡང་གྲུབ་རྫུ་ཆོས་ཚོང་རྒྱག་མཁན་ཞིག་ཡིན་པ་ཐེ་ཚོམ་མི་འདུག འདི་ཚོ་ངན་ལང་ལ་ཤོར་ནས་བྱེད་རྒྱུ་དྲན་རྒྱུ་མང་པོ་འདུག བསྟན་པར་རྨ་འབྱིན་མཁན་ངོ་མ་འདི་འདྲའི་བླ་རྫུན་གྲུབ་རྫུན་སྤྲུལ་རྫུན་དེ་དག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme