Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མ་དང་ངེད་གཉིས་ཀྱི་འདས་དོན་ཞིག

Posted on 2014-07-112014-07-11 By ཁ་བརྡ་ No Comments on ཨ་མ་དང་ངེད་གཉིས་ཀྱི་འདས་དོན་ཞིག

གསེར་ཞུན།

ནམ་མཁའ་ལ་སྤྲིན་པ་དུམ་བུ་ཙམ་ཡང་མི་མཐོང་བའི་ཕ་ཡུལ་གྱི་དབྱར་གཞུང་དེ་དྲན་ཐེངས་རེ་ལ། ང་རང་དྲོད་འཇམ་གྱི་ཉི་འོད་ངོགས་སུ་ཀྲོང་ངེར་ལངས་ནས་གནམ་ས་གཉིས་འདྲེས་མཚམས་ཀྱི་རི་ཚོགས་དེར་ཡང་ཡང་བལྟ་དགོས་བྱུང༌། བསམ་བློའི་དྲན་ཚུལ་ཞིག་ལའང་རི་ཚོགས་དེ་ཡི་ཕར་ཕྱོགས་ན། སྦྲ་གུར་དང་ནོར་ལུག་གིས་ཁྱབ་པའི་རྩྭ་ཐང་ཆེན་པོ་ཞིག་ཡོད་པར་འདོད། ས་མཐའ་ནས་ཅི་ཙམ་བསྡད་ན་དེ་ཙམ་གྱིས་ཕ་ཡུལ་དང་ཨ་མ་དྲན་ཡོང་ལ། ལྷག་པར་དུ་ཨ་མའི་ལྷད་མེད་ཀྱི་བྱམས་བརྩེ་དང༌། ངེད་མ་བུ་གཉིས་ཀྱི་སྐྱིད་སྡུག་གི་འཚོ་བ་དག་ཧ་ཅང་དྲན་གྱིན་འདུག གང་ལྟར་འདིའི་ཕྱོགས་ལ་བསམ་བློ་ཅི་ཙམ་བཏང་ན། དེ་ཙམ་གྱིས་རང་ཉིད་ལ་སྡུག་བསྔལ་འཕར་མ་རེ་སྦྱིན་པ་ལས་ཅི་ཡང་མི་འདུག ཡང་གཅིག་བཤད་ན། ཨ་མ་དང་ངེད་གཉིས་ཀྱི་བར་ཐག་ནི་ཤི་གསོན་གཉིས་ཀྱི་མཚམས་ན་ཡོད་པས། དྲན་གདུང་གི་ངུ་འབོད་གང་འདྲ་བྱས་ཀྱང་མཇལ་འཛོམས་ནི་ཉིན་མོའི་སྐར་མ་ལྟར་དབེན། དེ་བས་ངས་སྡུག་བསྔལ་གྱི་བརྒྱུད་རིམ་སྐྱུར་མོ་འདི་ཕྱིར་དྲན་ལ་བསྒྱུར་ནས་ཨ་མ་ངེད་གཉིས་ཀྱི་འདས་དོན་ཞིག་གླེང་བར་འདོད།
སྐབས་དེར། ཕྱི་རོལ་ན་ད་དུང་ཁ་བ་འབབ་བཞིན་འདུག་ལ་ས་ཡང་ཡོངས་སུ་རུབ་ཟིན། ང་སྔར་བཞིན་ཨ་མའི་ནད་ཁྲིའི་འགྲམ་དུ་ཙོག་པུར་བསྡད་ནས། ནད་ཀྱིས་མནར་བའི་ཨ་མའི་ངོ་གདོང་ལ་ཅེར་ཏེ་མིག་ཟུང་ནས་མཆི་མ་ཤམ་ཤམ་དུ་བཞུར། སང་ཉིན་ནི་ངའི་གུང་གསེང་གི་ཉིན་མཐའ་མ་དེ་ཡིན་པས། ནད་ཀྱིས་མནར་བའི་ཨ་མར་ལོ་མགོ་ཡི་སློབ་ཡོན་ཇི་ལྟར་གླེང་དགོས་སམ། ང་རང་ལོ་ན་བཞི་ལ་བུད་པའི་ཉིན་དེ་ནས་བཟུང༌། ཨ་ཕས་ཨ་མ་དང་ངེད་གཉིས་བསྐྱུར་ནས་བཟའ་འཐོར་བྱས་ཟིན། དེ་དུས། ཨ་མས་ང་རང་ཁྲིད་ནས་ཨ་ཕ་དང་ཁ་ཐག་རིང་བའི་གནས་འདིར་བསླེབས། དེའི་རྐྱེན་གྱིས་ངས་རང་གི་མི་ཚེའི་ནང་ཆེས་རྩ་ཆེ་བའི་ཡིག་འབྲུ་གཉིས་བོ”ཨ་ཕ”ཞེས་བ་གཏན་དུ་ངག་ནས་བོར། བུ་ཕྲུག་ཞིག་ལ་མཚོན་ན་མི་ཚེ་ནང་ཕ་མ་གཉིས་འཛོམས་ཀྱི་བདེ་སྐྱིད་དེ་ཅི་འདྲའི་ཁོ་བ་དང༌། ཅི་འདྲའི་དྲོལ་ཁོལ་ལྡན་པ་ཞིག་ཡིན་ཡང༌། བསོད་དམན་གྱི་བདག་ལ་མཚོན་ན་ལས་སྐལ་དེའི་རྒྱུན་ཐག་རྨང་ནས་ཆད་སོང༌།

འདས་ཟིན་པའི་ལོ་ཟླའི་ཁུགས་སོ་རེ་རེ་བརྒྱུད་ནས་དེ་རིེང་བར། དོན་ངོ་མར། ཨ་མའི་གཡོག་གླ་གཅིག་པོར་བརྟེན་ནས་ང་རང་སློབ་ཆུང་ནས་སློབ་འབྲིང་བར་ཕྱིན། སྤྱིར་ཨ་མའི་ལས་ཀ་ནི་ལམ་འགྲམ་གཡས་གཡོན་གྱི་གད་སྙིགས་དག་གཙང་མ་བཟོ་རྒྱུ་དེ་ཡིན་ཡང༌། ཆེས་དཀའ་ཁག་དང་སྡུག་ཡུས་ཀྱི་གནས་སྟངས་དེ་འདྲའི་འོག་ཏུ། ངེད་གཉིས་ལ་མཚོན་ན། ལས་ཀ་དེ་ནི་འཚོ་བའི་ཉིན་སྲིབ་རེ་ནས་ཚེ་སྲོག་ལ་གསོན་ཤུགས་སྟེར་བའི་བདུད་རྩི་ཇི་བཞིན་ཧ་ཅང་གལ་ཆེན་ཞིག་ཡིན། ཉི་མ་རེ་རེའི་འཚོ་བའི་འགྲོ་གྲོན་དང་བདག་གི་སློབ་ཡོན་ཆ་ཚང་ཡང་ལས་ཀ་དེ་ལས་གཞན་གང་ལའང་བརྟེན་ས་མེད། འོན་ཀྱང༌། ཉིན་འགའི་སྔོན་ཨ་མའི་ལུས་པོར་ངལ་དུབ་དང་ཟས་བཅུད་ཀྱིས་མ་འདང་བར་ཕོ་བའི་ན་ཚ་བྱུང༌།སྐབས་དེར། ཁྱིམ་མཚེས་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བཤགས་བཅོས་བྱེད་ཐུབ་བྱུང་ཡང༌། དངུལ་སྒོར་སྟོང་ཕྲག་ཁ་ཤས་སྨན་ཡོན་དུ་ཤོར་བས་གཞན་ནས་མི་གཡར་ཐབས་མེད་གྱུར། སྐབས་དེར་ངེད་མ་བུ་གཉིས་ལ་མཚོན་ན་རྒྱབ་རྟེན་གྱི་གཞི་བཅོལ་ས་གང་ཡང་མེད་པས། ཨ་མས་སྔོན་ལྟར་ལམ་འགྲམ་གྱི་གཡོག་ལས་དེ་བྱེད་དགོས་བྱུང༌།

དེ་རིང་ཨ་མ་སྔར་གྱི་ནད་གཞི་དེའི་རྐྱེན་གྱིས་བསྐྱར་དུ་མལ་ཁྲིའི་སྒང་ལ་ལྷུང་སོང་བས་ངས་ཅི་ཞིག་བྱེད་དགོས་སམ། ཁྱིམ་ཚང་གི་གནས་སྟངས་སྐྱོ་རུ་ཕྱིན་པའི་སྐབས་འདི་འདྲ་ཞིག་ལ་ང་ཅི་ལྟར་སློབ་གྲྭར་འགྲོ་ཐུབ་བམ། གཅིག་བྱས་ན། ངས་ཚེ་གང་བོར་སློབ་གྲྭའི་སྒོ་ཐེམ་ཡང་བསྐྱར་བརྒལ་མི་ཐུབ་པར་འདོད། རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྣམས་དང་གྲོགས་པོ་གྲོགས་མོ་སོགས་ལ་གྱེས་བྲལ་གྱི་ལག་བརྡ་གཡུག་དགོས་ཀྱང་སྲིད། ངས་འདི་དག་ལ་བསམ་བློ་གཏོང་བཞིན་མིག་ཟུང་མཆི་མས་བཀང་སྟེ་རང་བཞིན་གྱིས་ངུ་འདོད་བྱུང༌། སྐབསདེར། ཨ་མས་ངའི་ངུ་སྐད་ཐོས་བ་དང་བལྟ་ཙམ་བྱས་ཏེ། སྐད་གདངས་གཉོམ་པོས་”བུ་ཆུང་ཁྱོད་རང་ག་རེ་བྱས་སོང་་་་་་་་༌། ད་སེམས་ཁྲེལ་མ་བྱེད་དང་ཨ་མའི་ནད་གཞི་དྲག་བསྐྱེད་ཡོང་འདུག”ཟེར། “ང་་་་་་་ང་་་་་་ཨ་མ་་་་༌།” ངའི་མགྲིན་པ་ངུ་ངག་གིས་བརྣངས་ནས་ཚིག་རྔའང་བརྗོད་ཐུབ་མ་སོང༌། ངས་འདར་སིག་སིག་གི་མཆུ་ཏོ་ལ་སོ་དམ་པོར་བརྒྱབ་སྟེ་ངུ་ངག་གི་ལམ་ནས། “སང་ཉིན་སློབ་མགོ་ཚུགས་ཀྱི་རེད། སློབ་ཡོན་ལ་སྒོར་ལྔ་བརྒྱ་སྤྲོད་དགོས་ཀྱི་འདུག”་ཞེས་བརྗོད་ཚར་བ་དང་མཉམ་དུ་ཨ་མར་འཐམ་ནས་སྐད་ཤུགས་ཆེན་པོས་ངུས་པ་ཡིན། ཨ་མས་ཅི་ཡང་མི་སྨྲ་བར་བྱམས་བརྩེ་ཡི་ལག་ཟུང་འཇམ་པོས་ངའི་མགོ་སྐྲ་ལ་བྱིལ་བྱིལ་བྱེད་བཞིན་བསམ་བློ་ཡུན་ཙམ་བཏང་རྗེས་བཤད་རྒྱུར། “གླེན་པ་་་་་་དོན་དེ་ལ་ག་རེ་བྱས་ནས་ངུས་ཡིན། མ་ངུ་དང་ཨ་མས་སང་ཉིན་སྒོར་མོ་དེ་གཡར་ཐུབ་བྱེད་ཆོག”ཟེར། སྐབས་དེར་ང་ཨ་མའི་པང་ལ་འཐམ་ནས་ཡིད་ཚིམས་པ་ཞིག་ངུ་འདོད་ཀྱང༌། ཨ་མའི་ན་ཚ་ལ་གནོད་པར་བསམ་ནས་མིག་ཆུ་ཕྱི་བཞིན་ཨ་མའི་འགྲམ་པར་འོ་ཞིག་བསྐྱལ་བ་ཡིན།

ཕྱི་ཉིན་ང་རང་མལ་ལས་ལངས་དུས་ཨ་མ་མཐོང་ས་ན་མི་འདུག་ལ། ལྕགས་ཐབ་ནང་ལྷེམ་མེར་འབར་བའི་མེ་དྲོད་དང་ལྷན་དུ་ཆུ་ཁོལ་བའི་སིར་སྒྲ་ཞིག་གྲགས་བཞིན་འདུག ངས་མགོ་བོ་སྒེའུ་ཁུང་ལས་ཕྱིར་བཏོན་ནས་ལྟ་སྐབས། ས་གཞི་ཡོངས་ཁ་བས་གཡོག་ནས་དཀར་ཐང་ཐང་དུ་གྱུར་འདུག་ལ། ཁ་བ་ལྷགས་རླུང་དང་བསྡེབས་ནས་ད་དུང་ཡང་ལྷབ་ལྷབ་དུ་འབབ་བཞིན་འདུག སྨུག་ལོང་གིས་ཁེངས་པའི་ཁ་བའི་ངོས་སུ་རྐང་རྗེས་སྲབ་སྲབ་ཞིག་སྡེ་འདབས་ཀྱི་སྲང་བར་ལ་འཐེན་འདུག་ཅིང༌། ཁྱི་ལྡོམ་ཁ་ཤས་ཀྱིས་གངས་འཁྱག་མ་བཟོད་པར་ཟུག་སྐད་འདོན་བཞིན་ཡར་མར་ལ་རྒྱུག་པ་ལས་གང་ཡང་མི་མཐོང༌། སྐབས་དེར་ངའི་ལུས་སེམས་གཉིས་ལ་ཡ་མཚན་གྱི་དྲི་བ་དང་དངངས་འཚུབ་ཅིག་གིས། སྒོ་འགྲམ་ནས་ཨ་མར་བསྒུགས་ཏེ་བསྡད་པ་ཡིན། བསྡད་ཀྱིན་བསྡད་ཀྱིན་དུ་ངའི་སེམས་ནང་ལ་དྲན་འཆར་འདྲ་མི་འདྲ་ཞིག་སྐྱེས་ནས་འདུག་མི་བཟོད་པའི་ཚོར་བ་བསླེབས། ཨ་མའི་ནད་གཞི་ཡང་བསྐྱར་འཕར་སྲིད་དམ། ཡང་ན་ཨ་མ་གངས་ཐོག་ནས་འགྱེལ་མི་འགྲོ་འམ། ངས་སེམས་འཚུབ་ངང་མིག་གིས་ཡར་བལྟ་མར་བལྟ་བྱས་ཀྱང་ཨ་མའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་ཁར། ཁ་བ་ནི་ཇེ་མཐུག་དང་ལྷགས་རླུང་གི་ངར་ཤུགས་ཀྱང་ཇེ་ཆེར་འགྲོ་བཞིན་འདུག

གང་མཚམས་སོང་རྗེས་གཞི་ནས་སྡེ་འདབས་སུ་འཐེན་པའི་ཀྱག་ཀྱོག་གི་ལམ་ཕྲན་དེ་ནས། ལག་གཡས་པས་ཕོ་བ་སྐྱོར་བའི་མི་ཞིག་དལ་གྱིས་མངོན་བྱུང༌། “ཨ་མ་་་་་་་་་ཨ་མ་་་་་་་”ངས་གང་ལའང་མ་འཛེམས་པར་འཁྱགས་རོམ་ཐོག་རྒྱུག་མ་འདར་གྱིས་ཨ་མའི་འཁྲིས་སུ་བསླེབས། ཨ་མའི་བཞིན་རས་སེར་བོ་གྱུར་འདུག་ལ། ལྷགས་རླུང་གིས་སྒུལ་བའི་དབུ་སྐྲའི་ནང་ཁ་བས་གཡོགས་འདུག “ཨ་མ་་་་གནམ་གཤིས་འདི་འདྲའི་ནང་ཁྱོད་གཅིག་པུ་ཕྱི་ལ་སོང་ནས་ཕོ་བ་མ་བདེ་བ་འདྲ་བྱུང་ན་”ཞེས་ངས་ངུ་སྐད་ཀྱིས་བཤད། ཁོ་མོའི་གདོང་ཡོངས་ལ་འཛུམ་མདངས་ཀྱིས་ཁེངས་བཞིན། སྐམ་རིད་དུ་གྱུར་བའི་ལག་པ་སློག་པའི་ཕུ་ཐུང་གི་ལྟེབ་ཁུག་བར་བཅུག་སྟེ། ཚིལ་དྲེག་གིས་ཟིན་པའི་སྒོར་མོ་ལྔ་བརྒྱ་མར་བཏོན་བྱུང༌། “ཨ་མའི་གཅེས་ཕྲུག རེམ་མ་སློབ་གྲྭའི་ནང་མིང་ཐོ་འགོད་པར་རྒྱུག་”ཟེར། “ཨ་་་་་་མ་་་་་༌།”
འདས་དོན་འདི་དྲན་ཐེངས་རེའམ་ཡང་ན་ཨ་མ་དང་ངེད་གཉིས་ཀྱི་ལས་དབང་ལ་བསམ་བློ་འཁོར་ཐེངས་རེར། ངའི་མིག་ལམ་དུ་ཨ་མ་འཆར་ཡོང་གིན་འདུག་ལ། ངས་ཨ་མ་ཧ་ཅང་དྲན་ཡོང༌། དེ་བས་མཚམས་རེར་ངས་མགོ་བོ་མལ་གོས་ཀྱིས་བཏུམ་ནས་ཨ་མ་ཞེས་ངག་ནས་གང་མང་བརྗོད་མྱོང༌།

བརྩམས་སྒྲུང་།

Post navigation

Previous Post: བྱུ་རུ་སྔོན་པོ། བདེ་མོ་ཨེ་ཡིན།
Next Post: སྦྲ་ནག་གི་དཀྱིལ་འཁོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme