Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ལྗོངས་རིག་པའི་དཔའ་བོ་རྣམ་པར་རྒྱལ།

Posted on 2014-07-092014-07-09 By ཁ་བརྡ་ 5 Comments on གངས་ལྗོངས་རིག་པའི་དཔའ་བོ་རྣམ་པར་རྒྱལ།

གངས་སྨྱུག

unnamed-5གངས་ཅན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་ནས།།
བགྲང་ཡས་མཁས་རློམ་རྒྱུ་སྐར་བྱེ་བའི་ཁྲོད།།
ཀུན་གསལ་རི་བོང་འཛིན་པའི་ལང་ཚོ་ཅན།།
པཎ་ཆེན་དཀོན་མཆོག་རྒྱ་མཚོར་སྙིང་ནས་བསྟོད།།

རླབས་ཆེན་བཀའ་བརྒྱུད་བསྟན་པའི་རང་ཞལ་ལས།།
དཔྱད་གསུམ་དག་པའི་སྒོ་ནས་ལམ་སྟོན་པའི།།
ཡང་དག་ཚད་མ་བཞི་ཡི་གད་རྒྱངས་ཀྱིས།།
གངས་ལྗོངས་འཛིན་མའི་ལྟོ་བ་ཡོམ་ཡོམ་འགུལ།།

རྣམ་དཔྱོད་རྒྱ་མཚོ་ཆེན་པོའི་བར་གསེང་ཀུན།།
ལེགས་བཤད་བདུད་རྩིའི་རྦ་རླབས་ལང་ལོང་ཁྲོད།།
རིག་པའི་གསེར་ཤོག་རྩེད་འཇོའི་གར་སྟབས་ལས།།
རྨོངས་རྒན་སྦལ་བའི་རང་མདོག་རྦད་དེ་གསལ།།

བློ་སྟོབས་རྒྱ་ཁབ་མིག་ལས་དོག་པ་འགས།།
དངོས་ཤུགས་བརྒྱུད་ཀྱིས་འཚེ་བའི་བྲོ་འཁྲབ་ཀྱང་།།
ཕ་ལམ་སྡིངས་ཆའི་ཁྲི་ལས་མི་གཡོའི་གཟུགས།།
ནམ་ཡང་བཀྲོང་ངེར་འགྱིང་བའི་དཔའ་རྟུལ་རྗེ།།

མི་འདོད་ཁྱི་སྤྱང་སྡུག་གིས་དམག་དྲངས་ཀྱང་།།
འཇིགས་ཞུམ་གདོང་ལྔའི་རལ་བ་སླར་གཟེངས་ཏེ།།
སྲོག་གཅོད་མཆེ་སྡེར་འོད་མདངས་སྟོན་ཙམ་གྱིས།།
ལ་ལུང་འབུམ་ཁྲག་མང་པོའི་ཕ་མཐར་བསྐྲད།།

རང་མཐོང་ང་རྒྱལ་ཁོང་སྦས་བློ་ངན་རིགས།།
ཕྱི་ནང་ཐག་སྦྲུལ་ནག་པོས་དྲྭ་འཐེན་ཡང་།།
དྲང་སྲོང་གནམ་ལྕགས་རྡོ་རྗེ་རལ་གྲི་ཡིས།།
གཡོ་རྒྱུའི་ཁུགས་པ་བཅོ་བརྒྱད་དུམ་བུར་བཏང་།།

ཤེས་རིག་འཛམ་བྷ་ལྷ་ཡི་ཕྱག་ཟུང་སྟེང་།།
ལྔ་རིག་ནེའུ་ལེ་ཡི་མགྲིན་ལམ་ནས།།
ལེཊ་བཤད་རིན་ཆེན་དབྱིག་གི་གཏེར་རྒྱ་ལས།།
རབ་རྨོངས་ཤེས་རབ་ཕོངས་རྣམས་དབུཊ་དབྱུང་མཛད།།

སྙན་ངག

Post navigation

Previous Post: ནུབ་སྡོད་བོད་མིའི་འཁྲུངས་སྐར་ཐད་ཀྱི་འཆར་སྣང་།
Next Post: སྒྱུ་རྩལ་པའི་འགུལ་གཟུགས།— རྟ་མགྲིན་སྒྱུ་རྩལ།

Comments (5) on “གངས་ལྗོངས་རིག་པའི་དཔའ་བོ་རྣམ་པར་རྒྱལ།”

  1. པདྨ says:
    2014-07-09 at 7:17 pm

    ཧ ཧ པན་ཆེན་་་་་དྲང་པོ་ཞུས་ན་རྩོམ་སྒྲིག་པ་ཞིག་ལ་པན་ཆེན་བཏགས་ན་བོད་གངས་ཅན་པ་ཡོངས་ལ་སྤྱི་བོར་ཐུར་དུ་བསྟན་པ་མ་ཡིན་ནམ། གངས་སྨྱུག་ཁྱོད་ཚོས་དཔལ་འབྲི་གུང་ལ་ཁོང་ལས་ལྷག་གི་མཁས་དབང་མཁན་ཆེན་ཉི་མ་རྒྱལ་མཚན་དང་དཀོན་མཆོག་རྒྱལ་མཚན་དང་མཁན་པོ་རང་གྲོལ་སོགས་ལ་མངོན་པར་མི་བསྟོད་པར་འདི་ལ་པན་ཆེན་བཏགས་ན་མའོ་ཡང་པན་ཆེན་དང་ཚ་སྨྱུག་ལ་སངས་རྒྱས་འདོགས་ན་ཆོག་ས་རེད། འབྲི་གུང་པ་ཞེས་གསར་ཤོག་འདྲ་སྤེལ་ན་དེ་རེད་མ་གཏོགས། ཁོས་ལྟ་བ་མའོ་དང་སྤྱོད་པ་མི་ནག་ལས་མཐོ་ཐུབ་མེད་པ་གསལ་བོ་རེད། དཔེར་ན་དགོངས་གཅིག་དྭོགས་གཅོད་སྐབས་སུ་ས་པན་དང་གོ་རམ་ལ་དགག་ཚིག་ངན་སྨྲས་ཚོ་ནི་འཇིག་རྟེན་མི་ནག་གི་སྡུག་ཅིག་བཤད་འདུག་ལ་ནང་འཁོར་འབྲི་གུང་པའི་མཁས་པ་མཁན་སྤྲུལ་ཚོ་ཡང་ངོ་ཚ་ནས་འདི་རིགས་དཔར་བསྐྲུན་མ་བཟོ། གཞན་ལ་ཁྱབ་བསྒྲགས་མ་བྱས་ན་བཟང་རབས་དང་། རྒྱུ་མཚན་ཡང་དག་མེད་པས་ས་འབྲི་བསྟན་པའི་ནང་དཀྲུག་ལས་མི་འདུག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་གསུང་མྱོང་ཡང་རྒྱ་བླ་ཁོས་དཔར་བསྐྲུན་བཟོས་པ་དཔེ་ཧམ་པ་རེད། ཁོ་རང་གིས་བརྩམས་པ་མ་ཡིན་པར་འབྲི་གུང་ཆོས་འབྱུང་ནི་ཤེས་རབ་འབྱུང་གནས་དང་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་གསུངས་པ་དང་༧འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་དང་འབྲི་གུང་ཨ་མགོན་དང་ཆུང་ཚང་རིན་པོ་ཆེས་བརྩམས་པ་དག་ཕྱོགས་བསྡུས་ཞིག་རེད། སློབ་གྲྭའི་དགེ་རྒན་ཞིག་ཞིག་ལ་འབྲི་གུང་ཆེ་ཚང་གིས་བོད་པ་སྤྲུལ་སྐུས་མི་བཏགས་ནས་བདག་རྒྱབ་པ་རེད། རྫུན་བཤད་ན་བཤད་ཤེས་མེད་པའི་དེབ་ཚོགས་དེ་ཚོ་གྲངས་ཀ་ཙམ་ལས་བློ་བསྐྱེད་ཏིལ་ཙམ་མེད་པ་རེད་འདུག ཁྱད་པར་གངས་ཅན་བོད་ཀྱི་མཛངས་མིའི་ལོ་རྒྱུས་ལས་བོད་གདོད་མའི་ཆོས་དང་ཆོས་འབྱུང་གཞན་ལ་མ་བལྟས་པར་ཁུངས་མེད་ལུང་མེད་ཀྱིས་ཁོ་རང་གིས་བསྟན་མ་བཅུ་གཉིས་དང་སྐྱོང་མ་བཅུ་གཉིས་དབུང་གཙང་གི་བུ་མོ་ཉེར་བཞི་ལ་སྦྱར་བ་རེད། ད་དུང་གོང་ས་མཆོག་གིས་དོལ་ཚོགས་དགག་པ་ལ་ཟུར་ཟ་ཆེན་པོ་བསྒྲགས་ཡིག་སྤེལ་མྱོང་བ་རེད། ལྷ་མེད་འདྲེ་མེད་འདོད་མཁན་ཞིག་གིས་ད་ཡང་དབང་བསྐུར་དང་གཟན་ཤམས་གྱོན་པ་དྭགས་ཞྭ་བཅས་ཁྲི་ཐོག་འདུག་པ་ངོ་ཚ་དང་བཀའ་ཁྲལ་མེད་པ་རེད། དེ་ལས་སེང་རྡོར་དང་ཞོགས་དུང་ངག་རྩལ་དང་ལྡན་པས་མའོ་དགོངས་པ་འགྲེལ་ཡོད་པ་རེད། ངས་ཁ་ཚང་ཞིག་ལ་དོལ་སྐལ་བཟང་དེབ་སུམ་རྒྱ་དེ་ཡང་ཕྱོགས་ཞེན་ཁོ་ནས་བསྒྲིགས་པ་རེད། དེ་དང་འདྲ་བ་བཤད་པ་ཅི་མ་བདེན་གཞན་རྩོམ་ཕྱོགས་བསྒྲིག་བྱས་པ་ལ་དེ་འདི་འདྲས་སྒྲོག་བྱས་ན་ངན་བྱེད་ཐུབ་ས་གངས་ཅན་པའི་བསྟན་པ་སྤྱི་དང་འབྲི་གུང་པ་ལ་རེད། གངས་ཅན་བླ་མ་ཟེར་བ་འཛམ་གླིང་རྒྱལ་ཡོངས་ལ་བསྒྲགས་པ་རེད། ད་མང་པོ་མི་བཤད་ཕན་སེམས་ཀྱིས་བརྗོད་རུང་ཕྲག་དོག་རེད་ཟེར་ཀི་རེད། ནམ་ཞིག་མི་རིགས་དཔེ་སྒྲུན་ཁང་གི་མི་སྣ་དང་ཀྰན་སུ་དང་སུ་ཁྲོན་དང་མཚོ་སྔོན་གྱི་དཔེ་སྒྲིག་འགན་ཁུར་ཚོ་ལ་པན་ཆེན་བཏགས་ཡོང་ས་རེད། ཧ ཧ བསྙེན་བསྒྲུབ་མེད་པའི་དབང་བསྐུར་བྱེད་པ་དང་།།ནང་ཆོས་མ་སྦྱང་འགྲེལ་ཆོས་བརྩམས་བསྒྲིག་མཁན།།མཐུན་སྒྲིལ་མེད་པར་ཕྱོགས་ཞེན་རྩོམ་སྒྲིག་པ།།ཏང་ཡན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག། པདྨས་སོ།

  2. བསྟན་འཛིན་ says:
    2014-07-09 at 7:18 pm

    སངས་རྒྱས་ཀྱིས་མ་བཞེས་པའི་གྲྭ་ཆས་ང་ཚོས་གྱོན་ སངས་རྒྱས་ཀྱིས་མ་བཞེས་པའི་ཞ་མོ་ང་ཚོས་གྱོན་ སངས་རྒྱས་ྱི་གསུང་ལ་མེད་པའི་ཡང་སྲིད་ང་ཚོས་ཞུས་ ང་ཚོ་སངས་རྒྱས་ཀྱི་རྗེས་དྲངས་དངོས་ཡིན་ཟེར་

  3. དབང་འདུས། says:
    2014-07-09 at 10:44 pm

    མཁས་པ་མཁས་པའི་དབུས་ན་མཐོ། །བླུན་པོས་མཁས་པ་ཤེས་མི་སྲིད།།

  4. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2014-07-09 at 10:47 pm

    མཁྱེན་ལྡན་རྣམ་པར་ཞུ་གསོལ།

    དེང་རབས་དང་མཐུན་པའི་བོད་ཀྱི་ཚིག་མཛོད་འདྲ་མིན་མཐོང་རྒྱུ་ཡོད་པ་དེ་ལྟར་ཡང་། དུས་རབས་བརྒྱད་པ་དང་དགུ་པའི་ནང་བྱུང་བའི་བོད་ཀྱི་ཚིག་མཛོད་སྔ་ཤོས་སུ་བགྲང་འོས་པའི་༼དཀར་ཆགས་ལྡན་དཀར་མ༽དང་༼འཕངས་ཐང་མ༽༼མཆིམས་ཕུ་མ༽༼སྒྲ་སྦྱོར་བམ་པོ་གཉིས་པ༽བཅས་ཡོད་ཚུལ་ཙམ་ཞིག་ངག་ལམ་དང་ཡིག་ལམ་ཅི་རིགས་ནས་བདག་གི་ཐོས་འཛིན་བུ་གར་དང་འདྲེན་བྱེད་ཀྱི་སྒོ་མོར་ལན་གཅིག་མིན་པར་རྒྱུ་འགྲུལ་མྱོང་བ་ཙམ་ལས་དཔེ་ཆ་དེ་དག་དངོས་སུ་ལྟ་ཀློག་བྱེད་མ་ཐུབ་གཤིས་ནང་དོན་དང་ཁྱད་ཆོས་ཅི་ཞིག་ཡོད་མིན་ཐད་ང་ལ་མཚོན་ན་ཆེས་ལྐོག་གྱུར་གྱི་གནས་ཤིག་ཡིན་པར་སོང་། བཀུར་འོས་མཁྱེན་ལྡན་ཚོས་དེ་དག་གི་སྐོར་ངོ་སྤྲོད་ཐུང་ཙམ་དང་། དཔེ་ཆ་དེ་ཚོ་ད་ལྟ་དངོས་སུ་ཡོད་མིན་དང་། གལ་ཏེ་ཐོན་མིའི་སྒྲ་གཞུང་བརྒྱད་ཟེར་བ་ལྟར་མིན་ཚེ་གང་ཞིག་ནས་རག་གི་ཡོད་པའི་མཚམས་སྦྱོར་དང་རྒྱུན་སྟོན་ཡོང་བར་མཁྱེན། ༢༠༡༤ / ༧ / ༨ ལ་འབྲོང་ངུར་ཕོ་ཉས།

  5. དབང་འདུས། says:
    2014-07-09 at 10:47 pm

    གོང་གི་སྙན་རྩོམ་དེ་ཉིད་བརྗོད་བྱ་རྗེད་བྱེད་གཉིས་ཀྱི་ཆ་ནས་རིག་གཞུང་དང་ནང་ཆོས་ཀྱི་ཕྱུག་པའི་རང་མདངས་འགོགས་མེད་དུ་སྟོན་པ་ཞིག་བྲིས་འདུག བསམ་ཆར་ཞུ་རྒྱུ་ཞིག་ལ་ཅུང་ཐལ་དྲགས་པའི་ངང་ཚུལ་ཞིག་ཡང་མངོན་འདུག དཔེར་ན་གངས་ལྗོངས་འཛིན་པའི་ལྟོ་བ་ཡོམ་ཡོམ་འགུལ། །ཞེས་པ་ལྟ་བུ་ལ་བསམ་དཔྱོད་ནན་ཏན་མཛོད་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme