Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔུང་བ་ཉེར་བཞི་ཅན་གྱི་དུས་འཁོར་དེ་སུའི་ལུགས་རེད་དམ།

Posted on 2014-07-042014-07-04 By ཁ་བརྡ་ 28 Comments on དཔུང་བ་ཉེར་བཞི་ཅན་གྱི་དུས་འཁོར་དེ་སུའི་ལུགས་རེད་དམ།

བློ་བཟང་ཡེ་ཤེས།

༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱིས། ཕྱི་ལོ་༢༠༡༤ ལོའི་དུས་འཁོར་དབང་ཆེན་ཐེངས་སོ་གསུམ་པ་ལ་དྭགས་སུ་སྐུར་གནང་མཛད་སྐབས། དུས་འཁོར་ཆེད་ལས་པ་རྣམ་རྒྱལ་གྲྭ་ཚང་གིས། ཡང་བསྐྱར་དཔུང་བ་ཉེར་བཞི་ཡོད་པའི་བྲིས་ནོར་ཅན་གྱི་དུས་འཁོར་སྐུ་ཐང་ཞིག་སྐུའི་རྒྱབ་ཏུ་བཤམ་འདུག ཡང་བསྐྱར་མ་ཤེས་པར་ནོར་བ་རེད་དམ། ཡང་ན་བསམ་བཞིན་དུ་མཐོང་ཆུང་བྱས་པ་རེད། མཐོང་ཆུང་བྱས་པ་ཡིན་ན་སུ་ལ་བྱས་པ་རེད་དམ།
དོན་ངོ་མར་བྱང་ཤམ་བྷ་ལ་ཟེར་བའི་ས་སྤྱོད་ཀྱི་ཞིང་ཁམས་ཞིག་དང་། དཔལ་དུས་ཀྱི་འཁོར་ལོ་ཟེར་བའི་ཡི་དམ་ཞིག་ཐུན་མོང་གི་སྣང་ངོར་ཡོད་མེད་ཁ་ཚོད་བཅད་དེ་བཤད་མི་ཐུབ་མོད། དེ་དག་ཡོད་པ་གཞིར་བཞག་བྱས་ནས་བཤད་ན། དེའི་ཁུངས་གཏུགས་ས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་། ཁོང་གིས་གསུངས་པའི་དུས་འཁོར་རྩ་རྒྱུད། རྗེས་འཇུག་བྱང་ཆུབ་སེམས་དཔས་བཀའ་བསྡུ་མཛད་པའི་དུས་འཁོར་བསྡུས་རྒྱུད། དེའི་འགྲེལ་ཆེན་དྲི་མེད་འོད་སོགས་ནི་དུས་འཁོར་གྱི་ཁུངས་གཏུགས་ས་དེ་དག་ཡིན་ཞིང་། དེ་དག་ཐམས་ཅད་ད་ལྟའི་ཆར་ཡང་བཀའ་བསྟན་གཉིས་སུ་དངོས་སུ་བཞུགས་ཡོད།

unnamed

དེས་ན་དུས་འཁོར་གྱི་སྐུའི་རྣམ་པ་དང་། ཞལ་ཕྱག་གི་གྲངས་སོགས་ཀྱང་དུས་འཁོར་རྩ་རྒྱུད་དང་། རྒྱུད་འགྲེལ་སོགས་ལ་གཏུགས་ནས་ཐག་གཅོད་བྱེད་དགོས། དུས་འཁོར་རྒྱུད་འགྲེལ་སོགས་རང་དུ་དུས་འཁོར་ལ་སྐུ་གཅིག ཞབས་གཉིས། མགྲིན་པ་གསུམ། ཞལ་བཞི། ཕྲག་པ་དྲུག དཔུང་བ་བཅུ་གཉིས། ཕྱག་ངར་ཉེར་བཞི་ཡོད་པར་གསལ་བོར་མཚོན་དོན་དང་བཅས་པའི་སྒོ་ནས་གསུངས་ཡོད་དེ། བསྡུས་རྒྱུད་ལས། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག། ཕྲག་པ་དྲུག་དང་ཉི་མའི་དཔུང་བ་རྒྱལ་བའི་ཕྱག་ཞེས་སོགས་གསུངས་པའི་ཕྱིར།

དེའི་ཚུལ་རྒྱས་པར་དེ་སྔོན་ཕྱི་ལོ་༢༠༡༡ ཟླ་༦ པའི་ཚེས་༢༩ ཉིན། ཁོ་བོས་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་སྐུ་བརྙན་གྱི་སྐོར། རྣམ་རྒྱལ་གྲྭ་ཚང་གི་གསེར་སྐུ་ཞེས་པ་ཞིག་བྲིས་ཏེ། ཁ་བརྡ་དྲ་ཐོག་ཏུ་ཡོད་པ་འདིར་དྲངས་ཡོད་པས། ཚང་མས་འབྲེལ་ཐག་དེར་སྤྱན་རས་ཡིད་ཙམ་གཡོ་བའི་རེ་བ་ཡོད། https://www.khabdha.org/?s=རྣམ་རྒྱལ་གྲྭ་ཚང་གི་གསེར་སྐུ&x=23&y=16

ངས་འདིར་ཚང་མར་གསལ་བོར་ཤོད་འདོད་པ་ནི། འདི་འདྲའི་ནོར་འཁྲུལ་ཚབས་ཆེན་རིགས་མ་དག་རྒྱུན་འབྱམས་སུ་འགྲོར་མི་འཇུག་པར་བཀག་འགོག་བྱེད་རྒྱུ་ཧ་ཅང་གལ་ཆེ། འདི་མིང་ཚིག་གི་དག་ཆ་ནོར་བ་དང་། ཕྲད་དང་རྣམ་དབྱེ་ནོར་བ་ལྟ་བུ་མ་རེད། འདི་ལྟར་མ་དག་རྒྱུན་འབྱམས་སུ་སོང་ན། བོད་ཀྱི་ཐང་བྲིས་དང་། འདྲ་བཟོའི་སྒྱུ་རྩལ་ལ་ནོར་འཁྲུལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། དེར་བརྟེན་བོད་ཀྱི་སྨྱུག་ཐོགས་པ་རྣམས་དང་། གསར་འགོད་པ་རྣམས་ཀྱིས་ཀྱང་ནོར་འཁྲུལ་འདི་རིགས་ལ་སྣང་ཆུང་མི་བྱེད་པར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་སོགས་འབྲེལ་ཡོད་རྣམས་ལ་ད་ལྟའི་དུས་འཁོར་དབང་ཆེན་གྱི་གོ་སྐབས་འདི་དམ་འཛིན་བྱས་ནས་དོགས་འདྲི་དང་། བཅར་འདྲི་སོགས་ངེས་པར་དུ་གནང་རོགས་ཞུ་བ་ཡིན།
ཐུགས་རྗེ་ཆེ།

ཕྱི་ལོ་༢༠༡༤ ཟླ་༧ ཚེས་༥ ཉིན།

བགྲོ་གླེང་།

Post navigation

Previous Post: ཞི་བདེ་གླིང་པའི་འཁྲུངས་སྟོན་ལ་ཕུལ་བའི་ལྷ་དར་དཀར་པོའི་རང་མདངས།
Next Post: ཞི་བདེའི་འོད་ཀྱིས་ཁྱབ་པའི་ཉིན་མོ།

Comments (28) on “དཔུང་བ་ཉེར་བཞི་ཅན་གྱི་དུས་འཁོར་དེ་སུའི་ལུགས་རེད་དམ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-07-05 at 12:21 am

    བློ་བཟང་ལགས། གཅིག་བྱས་ན་མཚོན་དོན་གསར་བ་ཞིག་ཡོད་སྲིད། རྣམ་རྒྱལ་གྲྭ་ཚང་གིབམཁན་པོ་བྱ་ཏོ་ཟེར་བ་ཞིག་གིས་རླུང་འཕྲིན་ནང་དུས་འཁོར་ལ་འགྲེལ་བཤད་གནང་སྐབས། བཀའ་ཐང་ནང་༼གདོང་སྨེ་ཅན་གྱིས་བོད་ཀྱི་རྒྱལ་ས་འཛིན༽ཟེར་བ་དེ་མའོ་ཙེ་ཏུང་ཡིན་པའི་ཁར། ལུང་གིས་ཟིན་ཡོད་ཚུལ་མང་བོ་ཞིག་ལབ་སོང་། མདོར་ན། ༼མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ༽ཟེར་བ་དེར་ལྡོག་ཐབས་མེད་པ་འདྲ་བོ་ལབ་ཀྱི་འདུག དེའི་མ་ཚད་ད་རེས་ཀྱི་དུས་དབང་སྐབས་གཞོན་ལྷན་ལ་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་སྤྲད་མེད་པའང་དེ་དག་ལ་འབྲེལ་བ་ཡོད་ས་རེད། གང་ལྟར་རྒྱ་གུང་ཁྲན་ལ་ཅི་ཡང་ལབ་མ་ཆོག་པ་བཟོ་བཞིན་པའི་ཁུལ་རེད།

  2. ཕུར་པ་སྐྱབས། says:
    2014-07-05 at 1:36 am

    གནམ་ལོ་གནམ་གོ། ཁ་བཤད་སར་རྐུབ་མ་བཤད་ན་མི་བཟང་ངམ། ཆོས་ནང་དུ་ཆབ་སྲིད་བསྲེས་ནས་ཕུངས་སོང་བ་ཞིག་མ་གཏོགས་ཐོབ་སོང་བ་ཞིག་དེ་སྔ་བྱུང་མྱོང་མེད། ཨེ་གོ་ཐལ།

  3. པདྨ says:
    2014-07-05 at 3:36 am

    འདི་ནི་སྔོན་མ་ནས་དགེ་བཤེས་བློ་བཟང་ཡེ་ཤེས་ནས་དྲ་ཐོག་ནས་དྭོགས་སློང་དང་རེ་འབོད་བྱས་སོང་། ད་དུང་བཅོས་བསྒྱུར་ཙམ་མེད་པར་དེ་ག་རང་ལས་སྒྲུབ་བྱེད་པ་ནི་རིག་གཞུང་ལ་ཁྱད་གསོད་བྱེད་པ་རེད། བདེན་དྲང་མེད་པའི་གྲྭ་ཚང་ཞིག་ཏུ་མཚོན་ཀི་མི་འདུག་གམ། xxxx

  4. བཀྲིས་བསམ་གྲུབ། says:
    2014-07-05 at 8:02 am

    ཁོ་རེ་བློ་བཟང་ཡེ་ཤེས། ཁྱོད་ད་ལྟ་ལ་དགས་ལ་ཡོད་པས། སྐུ་དཔར་འདི་ད་ལྟ་ལ་དགས་ཀྱི་སྐུ་པར་རེད་འདུག་གམ། ཡག་པོ་མཇལ་ཡོད་དམ། ཁྱོད་ཀྱི་ཟུར་ཆ་གཅིག་མཇལ་མ་ཐག་ཧ་གོ་བྱུང་ངམ། ཡག་པོ་ཞིབ་འཇུག་བྱེད། གྲ་ལོག་དེ་ཚོས་གང་བྱུང་མ་བྱུང་བཤད་ཡོང་གི་འདུག་ག
    གཉིས་པ་འདི་གནམ་ལོ་གཡག་ཟེར་བ་ཁྱོད་ཉོན་ཨང་། xxxx གཞོན་ནུ་སྤྱི་ཚོགས་ལ་ཞབས་ཞུའི་ནང་ཡོད་བཞིན་པ་ཁྱོད་ར་ལ་དགས་ལ་ཤོག་དང་། འདིར་ས་གནས་གཞོན་ནུ་དང་གཞོན་ནུའི་ས་གནས་བརྒྱད་ཀྱི་ཚོགས་མིས་བུད་མེད་ལྷན་ཚོགས་སོགས་དང་མཉམ་དུ་དང་བླངས་ཀྱི་ཞབས་ཞུ་གྲུབ་ཀྱི་འདུག གཞོན་ནུའི་ནང་ཁུལ་དབུས་དང་ས་གནས་དབར་ནང་ཁུལ་གྱི་ལངས་ཕྱོགས་ཐོག་ནས་མ་མཐུན་པར་བརྟེན་མཉམ་དུ་བྱུང་མེད་་པ་ལས་དུས་འཁོར་སྐུ་འདི་དང་འབྲེལ་བ་འདུག་གམ།
    xxxx ༸གོང་ས་ཏཱ་ལའི་བླ་མའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཁྱོད་འདིར་བསྡད་ཐུབ་ཡོད་ས་རེད་མ་གཏོགས་ཁྱོད་རང་འཇོན་དྲག་ནས་འདིར་བསྡད་ཐུབ་པ་འདི་འདྲ་མ་རེད་ཅེས་ཁྱོད་རའི་གྲོགས་པོ་ཞིག་གིས་བཤད་ཀྱི་འདུག་ག རྩ་བའི་སྨྲ་བརྗོད་རང་དབང་རེད། ཡིན་ནའང་དགྲ་དང་གཉེན་ངོ་ཤེས་པ་དང་ལེགས་ཉེས་ཤེས་པའི་ཐོག་ནས་རྩོམ་པ་པོའི་མིང་སྐམ་པོ་འདི་འཁུར་ཏེ་མཆན་བྲིས་ན་ཡག་པོ་འདུག xxxx

  5. བློ་བཟང་ཡེ་ཤེས། says:
    2014-07-05 at 8:33 am

    བཀྲིས་བསམ་གྲུབ།
    གཤམ་དུ་ལ་དྭགས་དུས་དབང་ས་ཆོག་སྐབས་ཀྱི་སྐུ་པར་༧གོང་ས་མཆོག་གི་དྲ་ཐོག་ཏུ་ཡོད་པ་དེ་འདིར་བཞག་ཡོད།  གཅིག་ལྟོས་དང་ཁྱེད་ཀྱི་དོགས་པ་སེལ་ཐུབ།  ད་དུང་དོགས་པ་མ་སེལ་ན་ལ་དགས་སུ་དུས་དབང་ཞུ་གི་ཕེབས་དང་དེ་ནས་གསལ་བོར་ཆགས་ཀྱི་རེད།

    http://www.dalailama.com/gallery/album/0/427#ad-image-14

  6. དབང་འདུས། says:
    2014-07-05 at 10:11 am

    “༧གོང་ས་ཏཱ་ལའི་བླ་མའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཁྱོད་འདིར་བསྡད་ཐུབ་ཡོད་ས་རེད་མ་གཏོགས་ཁྱོད་རང་འཇོན་དྲག་ནས་འདིར་བསྡད་ཐུབ་པ་འདི་འདྲ་མ་རེད”

    ༧གོ་ས་མཆོག་འཇིག་རྟེན་བྱེད་པ་པོ་ལྟར་དུ་ཁས་ལེན་པ་ཧ་ཅང་ཐལ་དྲགས་པ་མ་རེད་དམ། བོད་མི་ཚོས་འཇོན་ནའང་མཉམ་འཇོན་དང་། མ་འཇོན་ནའང་མཉམ་དུ་མ་འཇོན་པ་ཙམ་ལས། ལེགས་ཚད་༧གོང་ས་མཆོག་ལ་སྦྱར་ཞིང་ཉེས་ཚད་སྤྱི་ཚོགས་ཉམས་ཆུང་དག་གིས་མགོར་འཇོག་པའི་དུས་ཚོད་རྫོགས་ཟིན་པ་རེད། བསྟོད་པ་ཁོ་ན་ལས་སྨད་པ་སྣེ་གཅིག་ཀྱང་བྱེད་མི་ཆོག་འདིས་ཅི་ཞིག་མཚོན་གྱིན་ཡོད་དམ།
    ༧གོང་ས་མཆོག་རང་ངོས་ལ་འདི་འདྲ་བའི་ཆེ་ཐོབ་གཉན་ཐོབ་ཅིང་རྩ་བ་ཉིད་ནས་མེད་པར། མང་གཙོ་ཡང་དག་པའི་ལམ་དུ་ཞུགས་ཏེ་མི་མང་ཀུན་ལ་སྨྲ་བརྗོད་རང་དབང་སྤྲོད་གནང་མཁན་ཞིག་ཡིན་མོད། ང་ཚོས་སྤྱི་ཚོགས་འདི་ནམ་ཡང་རྨོངས་གཉིད་ལས་གྲོལ་རྒྱུ་མེད་པར། ད་དུང་ཡང་གནའ་བོའི་ལྟ་གྲུབ་སྟེང་དུ་ལྟག་འགྲོས་ཁོ་ན་བྱེད་དགོས་པ་འདི་ཅི་ཞིག་གིས་ཉེས་པ་ཡིན་ནམ། ཐུགས་དགོངས་ལ་གནོད་ལ་དགོངས་སེལ་ཞུ་རྒྱུ་ཡིན།

  7. ལྷ་སྡེ་གནམ་ལོ་ཡག says:
    2014-07-05 at 10:25 am

    བཀྲ་ཤིས་བསམ་གྲུབ་ལགས། འོ་ན། གོང་ས་མཆོག་སུའི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོགས་སུ་བཞུགས་ཐུབ་ཡོད་པ་རེད་དམ།

  8. བསྟན འཛིན says:
    2014-07-05 at 11:32 am

    རྣམ་རྡེ་ལགས་ ༧གོངས་ས་མཆོག་ཕྱི་ལ་བཞུགས་ཐུབ་པའི་སྐོར་ལ་ག་རེ་བཤད་རྩིས་བྱེད་ཀྱི་ཡོད་དམ་???

  9. བློ་བཟང་ཡེ་ཤེས། says:
    2014-07-05 at 12:50 pm

    འབྲེལ་ཐག་འདི་ལ་བཀྲིས་བསམ་གྲུབ་ཟེར་བ་དེས་ཞིབ་མོར་ལྟོས་ཤིག
    http://www.rfa.org/tibetan/dalai-lama/kalachakra-sand-mandala-in-ladakh-2014-07052014114749.html

  10. བཀྲ་ཤིས་རྒྱལ། says:
    2014-07-05 at 7:48 pm

    དོལ་རྒྱལ་བ་ཚོའི་རྗེས་སུ་གཞོན་ལྷན་བོད་སྤྱི་ཚོགས་ནས་ཕྱིར་ཕུད་གཏང་འཆར་རེད་འདུག

  11. ཀློང་ཆུང་ says:
    2014-07-05 at 10:09 pm

    བློ་བཟང་ཡེ་ཤེས་ཀྱིས་རྙོག་ཁྲ་གཙོ་བོ་དེ་རྒྱལ་བ་རིན་པོ་ཆེར་བཙུགས་ཀྱི་ཡོད། ཁོས་དུས་འཁོར་སྐུ་དེ་རྒྱལ་བ་རིན་པོ་ཆེའི་བཀའ་བཀོད་བཞིན་བཞེངས་པ་ཤེས་ཀྱི་ཡོད། རྒྱུ་མཚན་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེས་བློ་ཡེའི་འདོད་པ་བཞིན་ཇོ་ནང་པའི་གྲུབ་མཐའ་དེ་ས་སྐྱའི་འོག་ལ་མི་འཇོག་པ་དེར་ཐུག་ཡོད།

    ཁ་བརྡའི་རྩོམ་སྒྲིག་པ་ཚོས་རྗེས་མ་རྩོམ་པ་པའི་ལོ་རྒྱུས་ལ་དོ་སྣང་ཏོག་ཙམ་གནང་རོགས།

  12. སྤོབས་པ་མཐའ་ཡས། says:
    2014-07-06 at 3:03 am

    དཔུང་པ་ལྷག་མ་ཁ་ཤས་ཤིག་བཟོས་པ་དེ་གཞོན་ནུ་ཚོགས་པ་འདུལ་བྱེད་ཡིན་ནམ། ཧཧཧཧཧཧཧ

  13. བཀྲ་བྷོ། says:
    2014-07-06 at 11:24 am

    ད་ཐེངས་གསལ་པོ་ཞིག་བཟོ་དགོས་ངེས་རེས་རེད།
    ངས་བྱས་ན། དཔུང་པ་ག་ཚད་ཡོད་མེད་དེ་ནི་གཞུང་ལུགས་དང་མཐུན་མི་མཐུན་དེ་རེད་ལ། སྐུ་བཅར་ཕན་བདེ་ལེགས་བཤད་གླིང་འདི་སྔ་མོའི་རྩེ་རྣམ་རྒྱལ་གྲྭ་ཚང་དང་མཚུངས་མིན་གྱི་གནད་དོན་དེ་རེད། གནའ་སྲོལ་མི་ཤེས་ཤིང་དེང་རབས་མི་མཁྱེན་པར་ང་རྒྱལ་གྱི་གོང་བུར་གྱུར་པའི་རྣམ་གྲྭ་པ་ཚོས་ལན་ཞིག་ངེས་པར་དགོས་ལ། མཁན་པོ་ཁྲོམ་ཆེན་ཡང་ཞལ་བཙུམས་ནས་བཞུགས་ག་ལ་ཆོག།

  14. དྲང་ཐིག says:
    2014-07-06 at 11:30 am

    གནམ་ལོ་ཡག དུས་ནམ་ཞིག་ལ་ཁྱེད་རང་གི་མི་གཤིས་ལ་འགྱུར་བ་ཐེབས་པ་ཡིན་ནམ། དེ་ལས་སྐད་ཆ་བཤད་སྟངས་བསམ་བློ་གཏོང་སྟངས་ཐད་དོ་སྣང་ཅུང་ཙམ་གནང་རོགས།

  15. BONPO says:
    2014-07-06 at 12:12 pm

    དུས་འཁོར་གྱི་ལྷ་ཞལ་ཕྱག་མང་པོ་ཅན་འདི་ལ་སྐྱབས་སུ་འགྲོ་སྟངས་དེ་ག་འདྲ་ཞིག་བྱ་དགོས་སམ། སངས་རྒྱས་ལ་མཐར་ཐུག་གི་སྐྱབས་སུ་འགྲོ་བ་ཇི་བཞིན་དུས་འཁོར་གྱི་ལྷ་འདི་ལ་དེ་ལྟར་སྐྱབས་སུ་སོང་ན་འགྲིག་གམ། ཡང་ན་འཇིག་རྟེན་དྲེགས་པ་ཅན་གྱི་ལྷ་ལ་གནས་སྐབས་ཀྱི་སྐྱབས་སུ་འགྲོ་བ་ཇི་བཞིན་སྐྱབས་ཡུལ་དུ་བསྟེན་ན་འོས་སམ།

  16. གཞོན་ནུ་ཟླ་མེད says:
    2014-07-06 at 6:10 pm

    གནམ་ལོ་ཡག་གི་དྲི་བ། ༼གོང་ས་མཆོག་སུའི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོགས་སུ་བཞུགས་ཐུབ་ཡོད་པ་རེད་དམ།༽ ཅེས་བཀོད་པ་འདི་ལ་ལན་ཞིག་ཕུལ་འདོད་བྱུང་།
    ངས་བསམ་ན་༧གོང་ས་མཆོག་རྒྱ་གར་ལ་བཞུགས་ཐུབ་ཡོད་པ་དེ་གནམ་ལོ་ཡག་གི་བཀའ་དྲིན་ཡིན་རྒྱུ་རེད་པ། ཁྱོད་དེ་ལ་དོག་པ་ཅི་ལྟར་སྐྱེས་སོང་། ཁ་ལྐུག་པའི་སྟེང་ལ་ཀླད་པ་ཡང་ལྐུག་འགྲོ་གི་ཡོད་ཚོད།། ལོ་རྒས་གི་རྒས་གི་སེམས་ལ་འདྲ་མི་འདྲ་དྲན་རྒྱུ་ཡོད་ཀི་ཡ་འེ་ན།

  17. གནམ says:
    2014-07-06 at 6:47 pm

    དིང་སང་གི་མྱི་ཟེར་ནོ་འདི། བཤད་ལས་མི་ཤེས་འི། ད་ཅི་བྱ། གཞོན་ནུ་ལགས།

  18. གཞོན་ནུ་ཟླ་མེད says:
    2014-07-06 at 7:48 pm

    བློ་བཟང་ཡེ་ཤེས་ཟེར་བ་འདིའི་ཀྱང་གོང་ས་མཆོག་གི་དུས་དབང་ནམ་ཡོད་ལ་དུས་འཁོར་གྱི་སྐུ་བཞེངས་སྟངས་འགྲིག་མི་འདུག་ཟེར་ནས་སྐྱོན་བརྗོད་ཡོང་གི་འདུག་མོད། ན་ནིང་གི་མཆན་ཡིག་དག་ན་དྲི་བ་དང་དོག་པ་ཚ་བོ་བཀོད་ཡོད་པའི་རིགས་ལ་ད་དུང་ཡང་ལན་རྒྱག་ཐུབ་ཡོད་པ་མ་རེད། དང་པོ་ལྷོ་ཕྲུག་སྣ་བོ་ཟེར་བ་དེའི་མཆན་ལ་ལན་འདེབས་ཐུབ་ན་དེ་ནས་ཅིག་བཤད་ན་འགྲིག་ས་རེད་མོད། མཆན་དེ་དག་ལ་ལན་འདེབས་ཐུབ་ཡོད་པ་མ་རེད།

  19. འབྲོག་པའི་ཨོ་ལོ། says:
    2014-07-06 at 8:25 pm

    སྐུ་ཐང་འདིའི་ནང་དུ་ངས་ནི་དཔུང་པ་ག་ཚོད་ཡོད་གསལ་པོ་མཇལ་གྱི་མི་འདུག ཕྱག་གཉིས་རེ་ལ་དཔུང་པ་རེ་བྱས་པ་མིན་ནམ་སྙམ་པ་ཞིག་འདུག དེ་ལྟར་ན་དཔུང་པ་བཅུ་གཉིས་འགྲིག་འདུག

  20. དྲི་མེད་ལྷག་བསམ། says:
    2014-07-06 at 9:12 pm

    གནམ་ལོ་ཡག་ལ་གསོལ་བ། ལྕང་སྐྱ་སོགས་འགའ་ཞིག་གིས། གདོང་རྨེ་ཅན་གྱིས་བོད་ཀྱི་རྒྱལ་ས་འཛིན་ཟེར་བ་དེ། རྒྱལ་དབང་སྐལ་བཟང་རྒྱ་མཚོར་འགྲེལ་འདུག་སྙམ། ཡང་གཞན་ཞིག་བཤད་ན། ཟླ་སྔོན་མར་་ཉིད་ཀྱིས་ཞྭ་དམར་དགོངས་རྫོགས་ལ་མཆན་བཏབ་པར་ཀརྨ་པ་མཐའ་ཡས་རྡོ་རྗེས་བོད་རང་བསྲེག་ཐད་གསུང་པའི་སྐད་ཆ་དེ་བདེན་པ་མ་རེད་སྙམ། མཐའ་ཡས་ལ་སྐྱོན་བརྗོད་ཀྱི་་གཏམ་དང་ཡི་གེ་མང་པོ་ཞིག་སྔོན་ཆད་བལ་ཡུལ་ནས་སྤེལ་བ་ཆར་འབབ་འབབ་རེད། དེ་ནས་བོད་ཡུལ་དུ་དར། ད་ལྟ་མ་ལ་ཤི་ཡ་དང་། ཧོང་ཀོང་། ཐེ་ཝན་སོགས་ནས་རྩོམ་པ་པོའི་མཚན་མེད་པའི་ཡི་གེ་མང་པོ་སྤེལ་བ་ཕྲན་གྱི་གྲོགས་པོ་ཁམས་པའི་ཟློས་གར་ཚོགས་པའི་ཚོགས་མི་ཞིག་དང་། བོད་ཀྱི་གླུ་བ་གྲགས་ཅན་ཞིག་གིས་ཁུར་ནས་སླེབས་སོང་། ད་ལྟ་ཁོ་བོའི་ལག་ཏུ་ཡོད། སྤྲད་མཁན་ནང་ཆེན་གྱི་སྤྲུལ་སྐུ་ཞིག་རེད། ཉིད་རྩོམ་པོ་གྲགས་ཅན་དང་ཆོས་ལུགས་ཀྱི་ཕྱོགས་རིས་མེད་པ་ཞིག་ཡིན་པའི་ཆ་ནས་དེ་རིགས་ལ་གཟུ་བོའི་བློ་ཡིས་བརྟགས་པ་གལ་ཆེ།

  21. དྲི་མེད་ལྷག་བསམ། says:
    2014-07-06 at 9:32 pm

    དུས་འཁོར་གྱི་ཞལ་ཕྱག་བརྩི་སྟངས་འདི་རྩོད་མེད་རེད། འོན་ཀྱང་ལྷ་བཟོ་དག་གིས་རྣམ་པ་སྟོན་ཚུལ་གྱིས་ཁྱད་པར་ཞིག་བྱུང་བ་ཨེ་ཡིན་སྙམ། རྒྱལ་དབང་སྐལ་བཟང་རྒྱ་མཚོའི་ཐུགས་དཀྱིལ་སྒྲུབ་ཐབས་དངོས་གྲུབ་བུམ་བཟང་། ཤིང་པར་ལྡེབ་གྲངས་སུམ་བཅུ་པར། གཡས་གཡོན་གྱི་ཕྲག་པ་དང་པོ་གཉིས་སྔོན་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ་ཕྲག་པ་དྲུག གཡས་གཡོན་གྱི་དཔུང་པ་དང་པོ་གཉིས་གཉིས་སྔོན་པོ། གཉིས་པ་གཉིས་གཉིས་དམར་པོ། གསུམ་པ་གཉིས་གཉིས་དམར་པོ་སྟེ་དཔུང་པ་བཅུ་གཉིས། ཞེས་གསུངས་ཡོད་སྙམ། རྣམ་རྒྱལ་གྲྭ་ཚང་གིས་གསུང་ཆོག་དེ་ཡིན་པས་དེ་ལྟར་བཞེད་ངེས་སྙམ། །

  22. དཔལ་དོན། says:
    2014-07-07 at 12:18 am

    དུས་འཁོར་གྱི་དཔུང་བའི་གལ་གནད་ཅི་ཡིན་ཤེས་ན་བསམ་ཡང་ས་སྟོང་ཕྲན་ཙམ་འདི་རུའང་ཤེས་མདོག་གིས་ལས་འགུལ་སྤེལ་གྱི་འདུག་པས་ཉོབ་སོང་།

  23. ལྷ་སྡེ་གནམ་ལོ་ཡག says:
    2014-07-07 at 4:58 am

    གཞོན་ནུ་ཟླ་མེད་ལགས། ཁྱེད་རང་གིས་ཚིག་རྩུབ་བཤད་ནས་ཆོས་པ་རྣལ་མ་ཚོ་ནག་པོ་བཟོ་དགོས་དོན་མི་འདུག ངས་སྐད་ཆ་བཤད་ས་ཚང་མ་ན་ང་རང་གི་ཁ་ལྕེ་ལྐུགས་ཡོད་ཅེས་བཤད་ཀྱིན་ཡོད་ལ། ཁོང་རྣམས་ཀྱིས་ཀྱང་ང་ལ་བོད་མི་ལྐུགས་མེད་མཁན་དག་ལས་ཁྱོད་རང་ལྐུགས་ཡོད་ནའང་སྐད་ཆ་དྲང་མོ་ལབ་ཀྱི་འདུག་གསུངས་སོང་། དེ་གཅིག་ཡིན།

    ངས་དྲི་བ་དེ་ལོ་རྒྱུས་ཀྱི་གནད་དོན་ཞིག་ཡིན། ཆེ་ས་ནས་དེབ་གཅིག་དང་ཆུང་ས་ནས་དཔྱད་རྩོམ་གཅིག་གི་ནང་བསྡུས་ཆོག མདོར་དེད་ན་བོད་མི་ཚོར་གཞན་གྱི་ལུང་པའི་ནང་སྐྱབས་བཅོལ་རེག་གིན་པ་ནི་བོད་ཅེས་པ་འདི་བཙན་འོག་ཏུ་ཤོར་ཟིན་པའི་དབང་གིས་རེད་ལ། རྒྱལ་བ་རིན་ཆེའང་བོད་མིའི་གྲས་ཀྱི་གཅིག་རེད། ཐོབ་ཐང་དེ་བཞིན་རྒྱུན་བསྐྱངས་ཐུབ་དོན་ནི་བོད་ནང་གི་མི་རབས་ཤིག་གིས་་རྒྱ་དམར་གཞུང་ལ་སྔ་ཕྱི་བར་གསུམ་དུ་ངོ་རྒོལ་བྱས་པའི་གྲུབ་འབྲས་རེད།

  24. ལྷ་སྡེ་གནམ་ལོ་ཡག says:
    2014-07-07 at 5:11 am

    དྲི་མེད་ལྷག་བསམ་ལགས། གསལ་འདེབས་གནང་བར་བཀའ་དྲིན་ཆེ།

    སྤྲུལ་སྐུ་མཐའ་ཡས་རྡོ་རྗེ་ལགས་ཀྱིས་གསར་ཁངBBCལ་ལན་བཏབ་པའི་དྲ་ཐག་གཤམ་གསལ། http://www.bbc.co.uk/zhongwen/simp/mobile/world/2012/12/121211_tibet_karmapalama.shtml

    གལ་སྲིད་འདི་འདྲ་ཞིག་གསུང་མེད་ན། གསར་ལམ་ཁག་ཏུ་གསར་འགྱུར་འདི་རྫུན་མ་ཡིན་པའི་ཁྱབ་བསྒྲགས་རུམ་བཏེགས་དགོན་པས་སྤེལ་འོས་པ་ཞིག་རེད། དེ་ནས་ལོ་རྒྱུས་ཡོ་བསྲང་ཡོང་གི་རེད་ལ། གཟུ་བོའི་ལམ་ནས་དབྱེ་ཞིབ་བྱེད་རྒྱུ་སྟེ། ལོ་རྒྱུས་གང་ཡིན་དྲང་པོར་བཤད་རྒྱུ་ནི་སྨྱུག་ཐོགས་པ་ཞིག་གི་འོས་འགན་དང་པོ་རེད། སྲོག་ལ་བབས་ཀྱང་སྲུང་བྱའང་རེད། དེ་ལས་ལྡོག་ན། ལོ་རྒྱུས་ཀྱང་ཤེད་ཤུགས་ཅན་དག་གི་དགོས་དབང་ལྟར་གྱུར་འགྲོ་བས་ཡིན།

  25. དྲི་མེད་ལྷག་བསམ། says:
    2014-07-07 at 5:29 am

    གནམ་ལྡེ་ལོ་ཡག་ལགས། ཉིད་ཀྱིས་བཤད་པ་འདི་སྔ་མོ་ནས་ཁོ་བོས་མཐོང་མྱོང་། གནས་ཚུལ་འདི་བཤད་སྲོལ་ཙམ་དྲངས་པ་ལས། གཟུགས་སྒྲ་གཉིས་ཡོད་པ་མ་མཐོང་། དེ་བཞིན། ས་གནས། གསར་འགོད་པ། དྲི་བ་བྱེད་སྟངས་བཅས་མེད་པས། བློ་གཟུ་བོར་གནས་པ་ཞིག་ཡིན་ཚེ་བདེན་པ་ཁོ་ནར་ཐག་གཅོད་མི་ནུས་པས་སླར་ཡང་ཞིབ་འཇུག་གནང་བར་བསྐུལ་ལོ། །第17世噶瑪巴活佛泰耶多吉譴責藏人抗議中國統治自焚的做法說,這不符合佛教的非暴力原則。
    第17世噶瑪巴活佛泰耶多吉對BBC表示,他希望自焚的做法能夠停止。 འདིའི་འོག་ཏུ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་གསུངས་ཞིག་ཡང་དྲངས་འདུག
    兩位17世噶瑪巴均呼籲藏人停止自焚的做法。

  26. བསྟན་འཛིན says:
    2014-07-07 at 12:32 pm

    ལྐུགས་ལོ་ཡག་འདི་རྒས་གི་རྒས་གི་ཧམ་བཤད་ཆེ་རུ་ཆེ་རུ་འགྲོ་གི་རེད།

  27. ཀརྨ་བློ་གསལ་ says:
    2014-07-07 at 10:43 pm

    ནུབ་ཕྱོགས་སུ་གཏམ་དཔེ་ཞིག་ཡོད་པ་རེད། བདུད་གཅིག་བླུན་པོ་བརྒྱ་ལ་ཞེད་གི་མ་རེད། ཡིན་ནའི། བདུད་བརྒྱ་ཕྲག་གཅིག་སྨྱུག་ཐོགས་པ་གཅིག་ལ་ཞེད་གི་རེད། ལྷ་སྡེ་བ་ཧུར་ཐག་བྱོས། ཁྱོད་ཀྱི་སྨྱུ་གུ་ག་དུས་ཀྱང་ངོ་དགའ་སྤྲེལ་ལད་འོག་ཤོར་མི་རུང་། ལོ་རྒྱུས་ངོ་མ་ཤེས་ཡ་ནི་བོད་མིས་རང་ཉིད་རང་གིས་སྐྱོབ་པའི་ལམ་ཁ་གཅིག་པུ་ཡིན།

  28. རོང་པོ་འཇོ་ན་ནས says:
    2014-07-09 at 5:41 am

    ལྷ་ཡི་ཞལ་ཕྱག་རྣམ་དབྱེ་མི་ཤེས་བཞིན།། དུས་དཀྱིལ་འཁོར་ལོ་དབང་བསྐུར་ཡ་རེ་ང་།། གཏམ་དང་གཡོ་སྒྱུ་ཀུན་སློང་དུག་གི་རྒྱུན།། འབྲས་བུ་དུག་ལས་མི་འགྱུར་རྒྱུ་འབྲས་བཤིས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme