Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་འདི་ལྟར་སྙན་ངག་གི་ལམ་དུ་ཆས།

Posted on 2014-07-032014-07-03 By ཁ་བརྡ་ 15 Comments on ང་འདི་ལྟར་སྙན་ངག་གི་ལམ་དུ་ཆས།

འབའ་སྲས།

ངས་ཡི་གེ་སྦྱོང་དུས་ནི་རང་ལོ་བཅུ་གཅིག་ཡིན་ལ། སྙན་ངག་འབྲི་འགོ་རྩོམ་དུས་རང་ལོ་བཅུ་དྲུག་ཙམ་རེད། ངའི་སྙན་ངག་གི་བརྗོད་བྱ་ཐོག་མ་དགའ་རོགས་ནས་འགོ་བཙུགས་ཏེ་བརྩེ་དུང་གི་ཞིང་ས་ལ་སྙན་ངག་གི་ས་བོན་ཐོག་མར་བཏབས། འདི་ནི་ང་སྙན་ངག་གི་ལམ་ལ་བགྲོད་འགོ་བརྩམས་པའི་རྐང་རྗེས་ཐོག་མ་དེ་ཡིན།

ང་ལོ་བཅུ་དྲུག་གི་སྐབས་སུ་དམའ་འབྲིང་སློབ་རིམ་དང་པོ་ཡིན་ཞིང་། སློབ་གྲོགས་ཚོའི་གྲལ་ནས་བོད་ཡིག་ལ་ཅུང་ཡག་ཤོས་དང་། ཕོ་སྒོ་ཡང་མི་ཆོག་པ་མེད། ཡིན་ཡང་། སྐབས་དེ་དུས་ངའི་སྤྱོད་པ་གཞན་དང་མི་མཚུངས་ཤིང་། ངའི་གྱོན་སྟངས་དང་འགྲོ་འདུག་གཞན་དང་འདྲ་བར་གཏན་ནས་བྱེད་འདོད་མེད། དེ་ནི་ངས་རང་དབང་གི་ཁོར་ཡུག་ཅིག་འཚོལ་བ་མིན་མོད། རང་དབང་གི་ཁོར་ཡུག་ཅིག་སྟེས་དབང་གིས་རྙེད་པ་རེད་ཟེར་ཆོག

རིམ་བཞིན་ལོ་ན་སོན་ཞིང་འདོད་པ་རྒྱས། བུད་མེད་མཐོང་ཞིང་སྙན་ངག་བྲིས། འོ་གོ་ཡག་ནི་ངའི་དགའ་རོགས་ཐོག་མ་དང་སྙན་ངག་གི་བརྗོད་བྱ་ཐོག་མ་དེ་ཡིན། ང་ལ་བལྟས་ན་འཛིན་གྲྭ་གཅིག་གིས་མོ་མཐོ་ལ། ང་དང་བསྡུར་ན་སྐྱེས་གཟུགས་ཀྱང་ངའི་ཡན་ཡིན། ངེད་གཉིས་ཇི་ལྟར་བརྩེ་དུང་ཆགས་པ་ང་ལ་གསལ་བོ་ཞིག་བཤད་རྒྱུ་མེད་ལ། མོས་ཀྱང་བཤད་མི་ཐུབ་སྙམ། གང་ལྟར་བརྩེ་དུང་གི་ལྡུམ་རར་ཞུགས་ནས་སྙན་ངག་གི་མེ་ཏོག་མཉམ་དུ་བཏུས་མྱོང་།
ཉིན་ཞིག་ངས་མོ་ལ་འཕྲིན་ཡིག་ཅིག་བསྐུར་བའི་ནང་། “སྡེ་གཅིག་རུང་མི་ལུས་ཁ་ཁ་རེད།། ལུས་མི་གཅིག་སེམས་པ་གཅིག་ནི་བྱེད།། ཁྱོད་དགོང་སྔོན་ནམ་གྱི་ཉི་མ་བྱོས།། ང་ཁྱོད་ལ་དགའ་བའི་པད་མ་བྱེད།།”ཅེས་འགོ་མཇུག་མེད་པའི་ཚིག་བཅད་ཅིག་མོའི་གྲོགས་མོ་ཞིག་གི་ལག་ཏུ་བཞག་ནས་བརྒྱུད་བསྐུར་བྱས། ཕྱིར་ལན་དུ་”སྡེ་གཅིག་ན་རྒྱ་སྒོ་གཅིག་ནི་རེད།། སུ་ཡོང་ན་ཕ་མའི་མགྲོན་པོ་ཡིན།། ཁྱོད་ཡོང་ན་ང་ཡིས་བསུ་མ་བྱེད།། ཁྱོད་ཡན་གི་མགྲོན་པོ་ང་ལ་མེད།།”ཅེས་ཕྱིར་གྲོགས་མོ་དེ་ལ་བསྐུར་འདུག

དེ་ལྟར་ཉི་མ་ཟླ་བར་བརྗེས་ཤིང་། ཟླ་བ་ལོ་ལ་བརྗེས་པའི་དགོང་དྲོ་ཞིག་ལ། མོས་ཐང་རྒན་”ངའི་ཡུལ་ཕྱོགས་ཀྱི་ས་ཆ་ཞིག”གྱི་ཕོ་གསར་ཞིག་གི་མཉམ་དུ་སྐད་ཆ་བཤད་བཞིན་འཛུམ་འཛུམ་དགོད་པ་བདག་གིས་མཐོང་། བུ་དེའི་མིང་ལ་རིག་ལྡན་རྒྱ་མཚོ་ཟེར། ང་སློབ་ཁང་དུ་སོང་ནས་མོ་ལ་འཕྲིན་ཡིག་ཅིག་འདི་ལྟར་བྲིས། “ས་ཁ་སྒང་སྡེ་ཡི་འོ་གོ་ཡག ། ས་ཐང་རྒན་འབྲོག་པའི་ཞི་ལི་གཉིས།། ས་ཐུན་ཏེ་མི་རིགས་སློབ་འབྲིང་ནང་།། ས་ནམ་མཁའ་བཞིན་དུ་ཁ་འཕྲོད་རེད།།” འདི་ལྟར་སྒྲ་རྒྱན་ཡིན་པའི་ཁུལ་གྱིས་འཕྲིན་ཡིག་འདི་སྤྲིངས། ཕྱིར་ལན་དུ། “ཐུགས་མ་ཁྲོ་ཐུགས་རྗེ་ཆེན་པོ།། ཐུགས་ཁྲོས་ན་ཁྲོ་བོ་རྟ་མགྲིན།། ༼ངའི་སྐྱ་མིང་ལ་རྟ་མགྲིན་ཟེར།༽ གྲོགས་འགལ་སོང་དེ་རིང་ནས་བཟུང་།། ཁྱོད་ཕྱོགས་ལ་སེམས་པ་ང་མེད།།” འཕྲིན་ཡིག་འདི་འབྱོར་རྗེས། གནམ་ས་འགུལ། རྒྱ་མཚོ་འཕྱུར། མེ་སྟག་འཚེར། ཡོད་ཚད་འཇིག་ཟིན།

ཡིན་ཡང་ངས་མུ་མཐུད་ནས་སྙན་ངག་བྲིས། མོའི་ཞལ་རས་སྒོམ་བཞིན་སྙན་ངག་བྲིས། མོའི་འཕྲིན་ཡིག་དག་ཀློག་བཞིན་སྙན་ངག་བྲིས། འདི་ལྟར་ང་སྙན་ངག་གི་ལམ་ལ་ཆས། ད་སྐབས་ཀྱང་། ངས་བུད་མེད་ལ་སྙན་ངག་འབྲི་བ་དང་། བརྗོད་བྱ་བརྩེ་དུང་འཚོལ་བ་ཡང་ཆུང་དུས་ཀྱི་བག་ཆགས་ཡིན་པ་འདྲ།

འཇིག་རྟེན་ལ་སྙིང་བོ་མེད། བརྩེ་དུང་ལ་ཡིད་ཆེས་དཀའ། ད་ནི་བློ་བཅོལ་ས་ཞིག་ཡོད་པ་ནི་རང་སེམས་རང་གིས་གསོ་བ་དེ་འོ།། རང་སེམས་རང་གིས་གསོ་ཕྱིར་སྙན་ངག་འབྲི། མ་ཤི་བར་དུ་རང་སེམས་རང་དང་གྱེས་པ་མེད། ཡོད་ཚད་རང་དང་གྱེས་ན་ཡང་། རང་ལ་དབང་བ་ནི་རང་སེམས་དང་སྙན་ངག་ཁོ་ན་འོ།། དེ་བས་ནམ་ཡང་སྙན་ངག་འབྲི། ང་འདི་ལྟར་སྙན་ངག་གི་ལམ་ལ་ཆས།

༡༤/༠༧/༠༢ ཕྱི་དྲོར།

དྲན་ཐོ།

Post navigation

Previous Post: ཟིན་ཐོ།
Next Post: ༸གོང་ས་མཆོག་གིས་ལ་དྭགས་བོད་ཁྱིམ་དུ་བཀའ་སློབ་གནང་བ།

Comments (15) on “ང་འདི་ལྟར་སྙན་ངག་གི་ལམ་དུ་ཆས།”

  1. ཆུ་ཐིགས་སྔོན་མོ says:
    2014-07-03 at 1:52 am

    རྒད་པོས་དེ་རིང་འོ་ཟིག་འཐུང་ཡོད་ས་རེད་་་་་ད་གཉིད་ཁུག་ན་ཡག་ནི་རེད་་་་

  2. ལྷ་མོ། says:
    2014-07-03 at 2:37 am

    སྙན་ངག་དང་རྩོམ་རིག་གི་མཛེས་པ་དང་ཚོར་སསྣེ་སྣ་གཅིག་མེད་པའི་ཟོག་རྫི་ལྟ་བུའི་མི་འདི་ཚོར་སུན་ནས་མ་གི
    ད་དུང་བོད་ཕྱི་ནང་གི་སྐར་འཕྲིན་དང་དྲ་ངོས་ནས་སྨྱོན་འཕྱོངས་བརྒྱབ་ནས་འཁྲམ་པ་འཁྲབ་སྟངས་ནི་ཡ་མཚན་ནས་ཡོད། དེ་ལས་ཕྱི་རྒྱལ་ནས་གསང་སྤྱོད་འཁྲུས་ནས་སྡོད་ར་ཡག

  3. མིག་དམར། says:
    2014-07-03 at 7:07 am

    ད་རྒད་པོས་ཡུམ་ལབ་རྒྱག་གི་མེད་ཀི་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧ་ཧ་ཧ་་་་་་་་་་་་་་་་་་་་་་་་་

  4. གནམ says:
    2014-07-03 at 7:49 am

    ས་ཁ་སྒང་སྡེ་ལུང་ནང་ནས།། མོ་ཡག་མ་འོ་གོ་ཡག་མས།། འབའ་བྱི་ལུའི་འབི་ལུ་ལང་དུས།། མཆོད་འཕེན་ས་མེད་པར་བཏང་འདུག། སེམས་སྡུག་གི་རྨ་ཁ་ཆེ་དུས།། མྱི་སྡུག་ལ་ཐབས་ཤིག་མེད་པར།། ཚིག་རྨས་མས་རྨ་ཁ་སྐྱོར་གི། འདི་བསམ་ན་ང་ཡང་སྐྱོ་འི། ཧ་ཧ་ཧ།

  5. ཚེ་རིང་། says:
    2014-07-03 at 10:32 am

    གྲ་བ་ཡིན་དུས་ཀྱི་བརྩེ་དུང་ཅི་ཡང་བྲིས་མེད་པ་ཅི་རེད། ངོ་ཚ་གི་ཡོད་ནི་མ་ར། ཧཧཧཧཧཧཧ

  6. བསམ་ཤེས། says:
    2014-07-03 at 11:22 am

    “སྙན་ངག་ནི་བུད་མེད་འབུད་བྱེད་དོ།” འདི་ནུབ་ཕྱོགས་པའི་བརྩེ་གདུང་རིག་པ་བ་ཞིག་གི་གསུང་རེད། ཁོང་ལྟར་ན། སྙན་ངག་གིས་བུད་མེད་ཀྱི་དོ་སྣང་ཐོབ་རུང་ཁུངས་མི་འཁྱོལ། སྙན་ངག་ཤེས་མཁན་དང་འབྲི་རྒྱུར་དགའ་མཁན་མང་ཆེ་བར། དངུལ་མེད་ལ། གཞན་གྱི་སེམས་པ་སྲུང་བའི་ཉམས་མྱོང་དང་རྒྱུ་མེད་ཟེར།

    བུད་མེད་ལ། ༼བུ་དང་འདྲ་བར།༽ འཚོ་བརྟེན། ནང་མི། མཚན་སྙན། མདུན་ལམ། བྱམས་བརྩེ། མགོན་སྐྱབས། བརྩེ་བ་བཅས་དགོས། སྙན་ངག་པ་མང་ཆེ་བར་འཚོ་རྟེན་མེད། སྙན་ངག་གི་ཁ་མི་གསོ། དེས་ན། འཚོ་རྟེན་མེད་པས་མདུན་ལམ་མེད། མདུན་ལམ་མེད་པས་བྱམས་བརྩེ་དང་མགོན་སྐྱབས་དང་མཚན་སྙན་སོགས་སྦྱིན་མི་ཐུབ། དེས་ནས་སྙན་ངག་ནི་བུད་མེད་འབུད་བྱེད་དོ་ཟེར།

    སྔོན་མ་གློག་བརྙན་ཞིག་གི་ནང་ལ་ཁྱོ་ག་ཞིག་ལ་བུད་མེད་ཅིག་གིས་རྗེས་ལ་བསྙེགས་ནས་བསུན་པོ་བཟོ། ཁོའི་རོགས་པ་ན་རེད། ཁྱོད་བུད་མེད་འདི་ལ་ཉིན་ལྟར་སྙན་ངག་རེ་བྲིས་ནས་བསྐུར་དང་མོ་མགྱོགས་པོ་འཐོན་འགྲོ་ཡི་རེད་ཟེར། སྐད་ཆ་འདི་ལ་རྒྱུ་མཚན་ངས་མཐོང་མ་སོང་།

    འོན་ཀྱང་འདིའི་སྐོར་ལ་བསམ་གཞིགས་ཅིག་དང་བགྲོ་གླེང་ཞིག་ཡོང་བ་མཁྱེན།

  7. བསམ་ཤེས། says:
    2014-07-03 at 11:25 am

    འབའ་སྲས་ལགས། ངས་གོང་དུ་བརྗོད་པ་འདི་ཁྱེད་ལྟ་བུ་སྙན་ངག་དོན་གཉེར་བར་དམའ་འབེབ་རྩ་བ་ནས་མིན། སྙན་ངག་དང་བུད་མེད་རྒྱུན་དུ་འབྲེལ་ཆགས་ལ་མཐོང་བས། ཞར་ལ་བགྲོ་གླེང་གི་བརྗོད་བྱ་ཞིག་འབུལ་བ་ཡིན།

    དེང་སང་ཁ་བརྡར་མཆན་བཀོལ་མཁན་ཇེ་ཉུང་རེད། རྒྱུ་མཚན་གཅིག་ནི་ཁ་པར་དང་འཕྲིན་ཕྲན་རེད་ཟེར། གཞན་ཞིག་ནི་མི་ལ་ལས་འདིར་ཡོང་ནས་རྟག་ཏུ་རྙོག་ཁྲ་དང་སྐྱུར་གོང་ཤོད་པས་མི་མང་པོ་ཞིག་བསུན་ནས་འཐོན་གྱི་མེད་དམ་སྙམ།

  8. འབའ་སྲས། says:
    2014-07-03 at 1:12 pm

    བམས་ཤེས་ལགས། བདེན་པ་རེད། སྙན་ངག་གིས་སྒོར་མོ་མི་སྟེར་ལ། སྙན་ངག་ངག་གིས་ཐ་ན་གསང་སྤྱོད་ཀྱང་ཁྲུས་མི་ཐུབ། སྙན་ངག་པར་དགོས་པ་ནི་སྒོར་མོ་མིན་ལ། གསང་སྤྱོད་ཁྲུས་དགོས་པའི་བྱ་བ་ཡང་ཡིན། སྙན་ངག་པར་དགོས་པ་ནི་ཆེས་དྭངས་གཙང་གི་སེམས་ཁམས་དེ་ཡིན། མ་རེད་ཟེར་ནི་ཡོད་ན། སྡུག་གྱོང་བྱོས།

  9. བསམ་ཤེས། says:
    2014-07-03 at 4:00 pm

    འབབ་སྲས་ལགས།

    “སྙན་ངག་པར་དགོས་པ་ནི་ཆེས་དྭངས་གཙང་གི་སེམས་ཁམས་དེ་ཡིན།”‘འདི་ཤིན་དུ་བློ་ལ་ཐད་སོང་། འཇིག་རྟེན་འདི་དང་། བྱེ་བྲག་རྒྱ་ནག་ལ་ད་ཆ་དྭངས་གཙང་གི་སེམས་འདི་ཤིན་དུ་ནས་དཀོན་པའི་དངོས་པོ་ཞིག་ཡིན་པས་ན། སྙན་ངག་པས་དྭངས་གཙང་གི་སེམས་ཤིག་སྲུང་བ་དང་དར་སྤེལ་བྱེད་པ་འདིས། ང་ལ་མཚོན་ན། སྙན་ངག་ནི་སྒོར་མོ་ལས་རིན་ཐང་ལྡབ་བརྒྱས་ཆེ་བས། ང་ནི་སྙན་ངག་པ་ལ་དགའ།

    ཐུགས་རྗེ་ཆེ།

  10. ལྷ་མོ། says:
    2014-07-03 at 4:00 pm

    འབའ་འབའ་ལུ་གུ་ལགས།སྟོང་བཤད་མ་འཐེན།ཁྱེད་ལ་སྙན་ངག་དང་དྭངས་གཙང་ཟེར་བ་དེ་ངོ་མ་མ་འཛའ་གི ད་བར་ཁྱེད་ཀྱིས་ཁྱི་རྔ་འདོགས་འོས་པའི་དེབ་འཁྱོག་འགའ་དཔར་རེད། དེ་དག་ལས་ཡོད་ཚད
    ཤེས་ལེ་རེད། རང་ངོ་མི་ཤེས་པའི་ཁྱེད་འདྲ་ངོ་མ་སྙིང་རྗེ།

  11. བསམ་ཤེས། says:
    2014-07-03 at 4:01 pm

    དགོངས་དག། འབབ་སྲས་ལགས་དེ་འབའ་སྲས་ལགས་སུ་བཅོས་རོགས།

  12. འབའ་སྲས། says:
    2014-07-03 at 6:25 pm

    ལྷ་མོ་ཟེར་བའི་ཕོ་མིན་མོ་མིན།། སྙན་ངག་ཅི་ཡིན་མི་ཤེས་དྭ་ཕྲག་བླུན་པོ།།

  13. གནམ says:
    2014-07-03 at 9:09 pm

    རྒན་འབའ་སྲས་ལ་ལྷ་མོས་དེ་འདྲ་ཞིག་བཤད་པའི་རྒྱུ་མཚན་ནི་ཕྲག་དོག་དང་འགྲན་སེམས་ཙམ་ལས་མ་མཐོང་ངོ་། ཡག་པོ་མ་རེད། སྐད་ཆ་དེ་འདྲའི་ནང་ན། སྙིང་གཙེ་སྤྱད་ཞིག་ལས། དགོད་ཤོར་སྤྱད་ནི་ཅི་གང་མི་འདུག་གོ། དེ་འདྲ་ལ་དགའ་པོ་མེད་དོ།

  14. ལྷ་མོ། says:
    2014-07-04 at 5:43 am

    འབའ་སྲས་ལགས། ངོ་མ་བཤད་ན་ཁྱེད་ཀྱི་སྙན་ངག་མི་ཤེས་ཐལ། ཕྱོགས་རུས་དང་རྨོངས་བཤད། ཨ་ཚུགས།ཀློའུ་བཤད་སོགས་ནི་ཁྱེད་ཀྱི་སྙན་ངག་རེད། ངས་ངོ་མ་ཁྱེད་ཀྱི་དེབ་དེ་ཁྱི་རྔ་འདོགས་ངེས།་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱིས་བོད་ལ་མགྲོན་པོ་བྱས་ནས་བོད་ནང་གི་བུད་མེད་ཚོའི་མཇེ་གཉའ་མ་འབྲི་མཁན་ཞིག་ལ་སྙན་ངག་པ་ཟེར་རམ། བོད་རིགས་སྤུན་ཟླ་ཞིག་ལ་དྭ་ཕྲུག་འབོད་པ་ནི་སྙན་ངག་པས་སྐད་ཆ་ཡིན་ནམ།མཇེ་དང་གཉའ་མི་སློབ་སྟོན་པ་ཞིག་ལ་སྙངག་པ་ཟེར་རམ།།

  15. བསོད་ནམས། says:
    2014-07-04 at 5:45 am

    འབའ་པ་ལུ་གུ་ལྟ་བུའི།།
    འབལ་ཡུལ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme