Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་སྐད། འབོར་གྱིན་པའི་ངའི་བླ་སྲོག

Posted on 2014-06-252014-06-25 By ཁ་བརྡ་ 1 Comment on ཕ་སྐད། འབོར་གྱིན་པའི་ངའི་བླ་སྲོག

རེབ་ཐོག་མདའ།

ང་ལ་ཨ་མས་བསླབ་པའི་གདངས་ཅིག་ཡོད།།
ང་ལ་ཨ་ཕས་གནང་བའི་ངག་ཅིག་ཡོད།།
དེ་ལ་དབྱངས་གསལ་གཉིས་ཀྱི་སྲོག་ཞུགས་ཡོད།།
དེ་ལ་སུམ་རྟགས་གཉིས་ཀྱིས་གྲོགས་མཛད་ཡོད།།

ང་ལ་བཙན་པོ་ཞིག་གི་དཔའ་དེ་མངའ།།
ང་ལ་མཁས་པ་ཞིག་གི་བློ་དེ་ལྡན།།
དེ་ལ་སྙིང་རྗེ་ཅན་གྱི་སེམས་ཞིག་ཡོད།།
དེ་ལ་དཔྱོད་ཤེས་ལྡན་པའི་མིག་ཅིག་ཡོད།།

ང་ལ་ནང་བསྟན་ཟེར་བའི་གཞུང་ཞིག་ཡོད།།
ང་ལ་ལོ་རྒྱུས་རིང་བའི་གཏམ་ཅིག་ཡོད།།
དེ་ལ་བདེ་སྡུག་གླེང་བའི་མཐུ་ཞིག་ཡོད།།
དེ་ལ་རང་བཙན་ཡིན་པའི་བདེན་པ་ཡོད།།

ང་ལ་རིག་གཞུང་ཟབ་མོའི་བསམ་བློ་ལྡན།།
ང་ལ་སྲོལ་རྒྱུན་མཐུག་པོའི་མགོ་བོ་ལྡན།།
དེ་ལ་གནའ་དེང་ཟུང་དུ་སྦྲེལ་ནས་ཡོད།།
དེ་ལ་ལྟ་བ་ཅུང་ཙམ་མཁྲེགས་སེ་ཡོད།།

ང་ལ་ཆོལ་གསུམ་འབོད་པའི་སྤུན་ཞིག་ཡོད།།
ང་ལ་གྲུབ་མཐའ་མང་བའི་ཆོས་ཞིག་ཡོད།།
དེ་ལ་ཕྱོགས་ཞེན་མེད་ཀྱང་གཟུར་ནས་ཡོད།།
དེ་ལ་རྩོད་རྒྱུ་མེད་ཀྱང་འགལ་ནས་ཡོད།།

ང་ལ་རྒྱུ་འབྲས་འཆད་པའི་ཁ་ལྕེ་བདེ།།
ང་ལ་དཀོན་མཆོག་བཀུར་བའི་དད་འདུན་མངའ།།
དེ་ལ་རྒྱུ་དང་འབྱོར་བས་བསླུ་ཞིག་ཡོད།།
དེ་ལ་རྨོངས་དད་ཁོ་ནས་གཡེང་བཞིན་ཡོད།།

ང་ལ་གངས་རིས་བསྐོར་བའི་ཡུལ་ཞིག་ཡོད།།
ང་ལ་སྦྲ་ནག་སྨུག་པོའི་ཁྱིམ་ཞིག་ཡོད།།
དེ་ལ་མཚོན་ཆ་ཐོགས་པའི་རྟ་དམག་ཡོད།།
དེ་ལ་ཙག་གིས་བསྡམས་པའི་རི་ཤུལ་ཡོད།།

ང་ལ་རྩམ་པ་བརྫི་བའི་རྩལ་ཞིག་ཡོད།།
ང་ལ་སྨུག་པོ་གདུང་གི་ཁོག་དེ་ཡོད།།
དེ་ལ་དུངས་པའི་སེམས་དེ་བོར་ནས་ཡོད།།
དེ་ཡི་གཤིས་ཀ་ཅུང་ཙམ་འགྱུར་ནས་ཡོད།།

ང་ལ་བསྲེས་སྐད་འདྲེས་མའི་ངག་ཅིག་ཡོད།།
ང་ལ་གཤིས་ཀ་བཅོས་མའི་སེམས་ཅིག་ཡོད།།
དེ་ལ་རྒན་གཞོན་ཚང་མ་སྣང་མེད་ཡིན།།
དེ་ལ་ད་དུང་ནུབ་ལུགས་བསྲེས་བཞིན་ཡོད།།

ང་ལ་བོད་སྐད་དག་མའི་ཁོལ་ཡུག་ཅིག།
ང་ལ་བོད་གཤིས་ལྡན་པའི་ཕུ་ནུ་ཞིག།
ང་ཡི་འཇིག་རྟེན་འདི་ལ་མེད་ཅི།།
ང་ཡིས་ད་དུང་བཙལ་ཏེ་མ་རྙེད་ཐལ།།

2014 /6 /20 ཉིན་མི་ཁ་ཤས་ཀྱི་གླེང་མོལ་ཐོས་རྗེས།

སྙན་ངག

Post navigation

Previous Post: སྐྱེ་བའི་སྡུག་བསྔལ་ཕ་ཡིས་མྱང་ན།
Next Post: <<རྗེས་ཐ་སྙད་ཚད་གྲུབ་ཇི་ལྟར་བཞེད་ཚུལ་ལ་དཔྱད་པ། >>

Comment (1) on “ཕ་སྐད། འབོར་གྱིན་པའི་ངའི་བླ་སྲོག”

  1. གནམ says:
    2014-06-25 at 10:39 am

    ༼ང་ལ་བོད་སྐད་དག་མའི་(ཁོལ་ཡུག)་ཅིག།
    ང་ལ་བོད་གཤིས་ལྡན་པའི་ཕུ་ནུ་ཞིག།
    (ང་ཡི་འཇིག་རྟེན་འདི་ལ་མེད་ཅི།།)
    ང་ཡིས་ད་དུང་བཙལ་(ཏེ་)མ་རྙེད་ཐལ།།༽

    གོ་རྒྱུ་ཚོར་རྒྱུ་མེད་ནིའི་མཐའ་རྐང་བཞི།
    རྔ་མ་མགོ་ལ་བརྩངས་ནས་བརྒྱུགས་བཞག་ཟིག།
    ཕ་མ་བཟང་བོའི་ངག་ནི་རེད་མི་འདུག།
    ཐོན་མིའི་བཀའ་དྲིན་བསམ་ནས་མ་བྲིས་ཟིག།
    ཅི་ཟེར་འགྲེལ་ཞིག་ཡོད་ན་ཅི་མ་རུང་།། ཧ་ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (50)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme