Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཚོ་གནས་རིན་ཐང་།

Posted on 2014-06-232014-06-24 By ཁ་བརྡ་ No Comments on འཚོ་གནས་རིན་ཐང་།

རྩོམ་པ་པོ། William Bennett
སྒྱུར་མཁན། རེབ་ཐོག་མདའ།
 
ང་ཚོས་འཚོ་གནས་ཀྱི་རིན་ཐང་མང་པོ་ཞིག་རང་གི་བུ་དང་བུ་མོ་ལ་བརྒྱུད་སྤྲོད་བྱེད་པ་ནི་སྤྱི་ཚོགས་ཧྲིལ་བོ་འདིའི་གལ་གནད་ཆེ་ཤོས་ཀྱི་གནད་དོན་ཞིག་རེད་སྙམ། ཕྲུ་གུ་ཚོའི་འཚོ་བའི་ནང་དུ། རང་ཉིད་ཀྱི་མི་ཚེ་དོན་ལྡན་ཞིག་ཡོང་བར་འཚོ་གནས་རིན་ཐང་དང་། ནང་སེམས་ཀྱི་ཡིད་ཆེས། བདེན་རྫུན་འབྱེད་པའི་བློ་སོགས་བརྒྱུད་རིམ་འདི་ལས་ལྷག་པའི་རྣམ་དཔྱོད་ཁྱད་དུ་འཕགས་ཤིང་ཐག་གཅོད་ཀྱི་ནུས་པ་ལྡན་པའི་བློ་རིག་ཅིག་མེད། མ་ཟད་ཕྲུ་གུ་ཞིག་གི་ལས་དབང་ལ་ཐག་གཅོད་པ་ཡང་འཚོ་གནས་རིན་ཐང་ལས། ཁོ་བོ་དག་གི་རིགས་རྒྱུད་དང་རུས་གདུང་། རྟགས་དང་ཆོས་ལུགས། འཛིན་གྲྭ་དང་ཉེ་འབྲེལ། འབྱུང་ཁུངས་དང་རྒྱབ་ལྗོངས་སོགས་ནི་དེ་འདྲའི་གལ་ཆེན་པོ་མིན། རིན་ཐང་དེས་ཁྱིམ་ཚང་རྣམས་ལ་ཡང་ཁྱད་དུ་འཕགས་པའི་རིན་ཐང་ཞིག་ཡོད་པ་ར་སྤྲོད་བྱེད་ཐུབ།

དགེ་རྒན་ཡོད་ཚད་ཕ་མ་ཡིན་མི་སྲིད་ཀྱང་ཕ་མ་ཡོད་ཚད་ནི་དགེ་རྒན་ཡིན་ལ། ཕྲུ་གུ་ཚོའི་ཐོག་མའི་དགེ་རྒན་ཡིན། ཕྲུ་གུ་ཚོར་དགེ་རྒན་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་ཕ་མ་ཚོས་ཀྱང་ཕྲུ་གུ་སློབ་གྲྭར་འཇོག་ཐུབ་དགོས་པ་ནི་ཕ་མ་མི་རེ་ངོ་རེ་ནས་བསམ་བློ་གཏིང་ཟབ་མོ་དང་བློ་ཐག་ཆོད་པོ། ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་གཞིགས་བྱེད་དགོས། ཕ་མའི་དབང་བསྒྱུར་གྱི་ལམ་ལུགས་དེ་ལ་ཤེས་ལྡན་པས་ངོས་ལེན་བྱེད་དཀའ་བ་ཞིག་ཡིན་པས་ན། ཕྲུ་གུ་ལ་བཙོན་རའི་ཁོར་ཡུག་དང་འདྲ་བའི་སློབ་གསོ་མི་སྤྲོད་པར། ཕྲུ་གུ་ནི་དཀོན་མཆོག་གིས་ཕ་མ་ཚོར་ཡིད་རྟོན་བྱེད་འོས་པའི་ལེགས་སྐྱེས་ཤིག་ལ་ངོས་འཛིན་དགོས་པས་ན། ང་ཚོའི་སློབ་གྲྭའི་སྤྱི་ཚོགས་དང་ཁོར་ཡུག་གང་ཞིག་ཡིན་རུང་། ང་ཚོས་གཞོན་རབས་པ་ཁོང་ཚོ་ནི་དཀོན་མཆོག་གི་ལེགས་སྐྱེས་སུ་གནང་བ་བཞིན་ལྟ་སྐྱོང་བྱེད་དགོས་པ་ལས་ཚ་དྲོད་ཀྱི་གདུང་བའི་འོག་གི་དུད་འགྲོ་བཞིན་སྤྱི་ཚོགས་འདིའི་ཚོད་ལྟ་བྱེད་སྤྱད་ལྟར་བྱ་མི་རུང་།

ཨ་ཕའི་འགན་འཁྲི་ནི་བུད་མེད་ཅིག་ལ་མངལ་ཆགས་པའི་དུས་སུ་ལྟ་རྟོག་བྱེད་པ་ཙམ་མ་ཡིན་པར་དེ་ལས་ཀྱང་ལྷག་པའི་འགན་འཁྲི་མང་ཙམ་འཁུར་དགོས། ཕ་འབྲེལ་གྱི་དངོས་དོན་ནི། རང་ཉིད་ཀྱི་བུ་བུ་མོ་དང་རྒྱང་ཐག་བཀྱེད་རྒྱུ་དེ་མ་ཡིན་པར། རང་ཉིད་ཀྱིས་བརྩེ་བའི་ངང་ནས་ཁོང་ཚོའི་ཆེད་དུ་བློས་གཏོང་གི་དམ་བཅའ་བརྟེན་དགོས་པ་མ་ཟད། རང་ཉིད་དང་དོད་ཆེན་པོའི་ངང་ནས་འགན་འཁུར་གྱི་འདུ་ཤེས་ལྡན་པ་ཞིག་ཡིན་དགོས། ལོ་ན་གཞོན་པའི་ཕྲུ་གུ་ཞིག་གི་འཚར་ལོངས་ཀྱི་ཆ་ནས་ཀྱང་། ཕ་མ་གང་རུང་ནི་ཁོང་ཚོའི་འཚོ་བའི་བརྒྱུད་རིམ་ཁྲོད་མེད་དུ་མི་རུང་། གལ་སྲིད་ཕ་མ་གཅིག་རང་གི་བུ་བུ་མོ་དང་རྒྱང་ཐག་བཀྱེད་དེ་གནས་པ་ཡིན་ན། ཕྲུ་གུ་ཚོ་སློབ་བྱོལ་ལ་འགྲོ་བ། རང་ཚུགས་མི་བརྟན་པ། བདེ་སྐྱིད་དང་བྲལ་བ། མྱོས་རྫས་ཀྱི་རིགས་གོམས་པ་དང་ནག་ཉེས་བཟོ་བ་སོགས་འབྱུང་སྲིད།
མ་ཟད་རང་ཉིད་ཀྱི་བུ་བུ་མོ་སུ་ཞིག་འཇིག་རྟེན་མཐུན་འཇུག་གི་དུས་སུ་ཡང་ཕ་མའི་འབྲེལ་བ་ནི་ཧ་ཅང་དགོས་ངེས་ཤིག་ཡིན། གང་ཡིན་ཟེར་ན། ཁྱོ་ཤུག་སུ་ཡིན་ཡང་རང་ཉིད་གཉེན་སྒྲིག་དུས་ཕ་མའི་རྒྱབ་རྟེན་དང་ཁ་གཡང་སྒྲོག་པ་ནི་བྱ་དངོས་གང་གིས་ཀྱང་འགྲན་དུ་བྲལ་བ་ཞིག་ཡིན།

བདག་གིས་ཁྱིམ་གཞི་ནི་ཧ་ཅང་གི་གལ་འགངས་ཆེ་བའི་མཐུན་ཚོགས་ཤིག་ཡིན་པ་ཡིད་ཆེས་བྱེད་ཀྱིན་ཡོད། ང་ཚོས་སྐབས་དེ་ལ། ཁྱིམ་གཞིས་གཅིག་བདག་གཅེས་བྱེད་པ་དང་ནུས་སྟོབས་ལྡན་པར་འགྱུར་བ་ནི་ཁྱིམ་གཞིས་དེའི་འབད་པ་ལ་བརྟེན་ནས་བྱུང་བ་ཡིན་པས། གལ་སྲིད་དགོས་གལ་བྱུང་ན་དཔའ་ངར་ཞུམ་མེད་ཀྱི་འབད་པ་ལ་བརྟེན་དགོས། བདག་གིས་སྲོལ་རྒྱུན་རང་བཞིན་ཅན་གྱི་མི་ཚེའི་འཚོ་གནས་ཀྱི་རིན་ཐང་གླེང་དུས། བདག་གིས་ཆོས་ཉིད་ཅན་གྱི་ཐ་སྙད་དག་བེད་སྤྱོད་ཀྱིན་མེད་ལ། ཆབ་སྲིད་ཀྱི་འགྲོ་ལུགས་ཤིག་ཀྱང་གླེང་གི་མེད། ལྷག་པར་དུ་དོན་མེད་ཉོག་གཏམ་དང་གཞན་ལ་མཐོང་ཆུང་དེ་བས་ཀྱང་བཤད་གི་མེད། བདག་གིས་ང་ཚོ་ལ་ཅི་ཞིག་ལེགས་པ་དེ་གུས་བཀུར་དང་དྲང་བདེན་བྱེད་དགོས་པར་རེ་སྙེགས་བྱེད་ཀྱིན་་ཡོད། དེར་བརྟེན་བདག་གིས་ཤེས་ཡོན་དངོས་དེ་ནི་འཚོ་གནས་རིན་ཐང་གི་་སྲོག་ལྟ་བུ་ཡིན་པའི་བདེན་པ་དེ་ནམ་ཡང་འདོར་མི་སྲིད།།

( William Bennett ) མཆོག་ནི་ཨ་མེ་རི་ཁའི་ཤེས་ཡོན་སྡེ་ཚན་གྱི་དྲུང་ཡིག་ཟུར་པ་ཡིན་པ་དང་། ཁོང་ནི་(A treasury of great moral stories)་ཞེས་པའི་དེབ་ཀྱི་རྩོམ་པ་པོ་དང་དེབ་དེ་ནི་ཨ་རིའི་སྤྱི་ཚོགས་ནང་འགྲེམས་རྒྱུག་ཆེ་ཤོས་གྲས་ཤིག་ཡིན་པར་བཤད།

འགྱུར་རྩོམ།

Post navigation

Previous Post: སྔོན་འགྲོ་ཀླད་ཀྱི་གཏམ།
Next Post: བལ་ཡུལ་སྲོང་བཙན་སློབ་གྲྭར་བཙན་གཡེམ་དང་དགེ་ཆེ་ཕྱིར་འབུད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme