Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲིན་འཁོར་ལྔ་པ། རྟའུ་བློ་བཟང་དཔལ་ལྡན་དང་ཤེར་བསྟན།

Posted on 2014-06-192014-06-19 By ཕུན་ཚོགས་ཚེ་རིང་ 11 Comments on སྤྲིན་འཁོར་ལྔ་པ། རྟའུ་བློ་བཟང་དཔལ་ལྡན་དང་ཤེར་བསྟན།

འདུས་བྱུང་ཕུན་ཚོགས་ཚེ་རིང་།

www.youtube.com/watch?v=36HzPa7hFZQ&feature=youtu.be

བོད་ཕྱི་ནང་གཉིས་སུ་སྙན་གྲགས་ཆེ་ཞིང་། བོད་ཀྱི་དེང་དུས་གཞས་ཀྱི་ལོ་རྒྱུས་ནང་ནམ་ཁའི་སྐར་ཆེན་ལྟར་བཀྲ་བའི་གཞས་པ་རྟའུ་བློ་བཟང་དཔལ་ལྡན་མཆོག་གིས་འོད་སྡེར་མཐའ་མ་དེ་འདི་ལོར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་དུས་བསྟུན་རྒྱལ་ཁབ་ཁ་ཤས་ནང་འགྲེམ་སྤེལ་གནང་འཆར་འདུག
དེང་དུས་བོད་གཞས་གསར་གཏོད་གནང་མཁན་ཐོག་མའི་གྲལ་ཡིན་པ་དང་། ཁོང་གི་གཞས་གསར་རྣམས་ཀྱི་གཞས་ཚིག་ལས་སྐབས་སོ་སོའི་སྤྱི་ཚོགས་དང་། དེ་དང་འབྲེལ་བའི་གནས་བབ་རྣམས་གསལ་པོར་མངོན་པར་བྱས་ཡོད། ལྷག་པར་དུ་ཁོང་གི་གླུ་གཞས་སྒྱུ་རྩལ་གྱི་རྣམ་དཔྱོད་ལས་བོད་ཀྱི་དེང་དུས་གཞས་ལ་ཤུགས་རྐྱེན་ཆེན་པོ་བཞག་གནང་ཡོད་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཆགས་ཡོད།
སྤྲིན་འཁོར་ལྔ་པ་ནི་འདོན་ཐེངས་མཐའ་མ་དེ་ཡིན་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུའི་ནང་ནས་འགོ་བཙུགས་པའི་རྟའུ་བློ་བཟང་དཔའ་ལྡན་མཆོག་དང་། ཁོང་གིས་བཞུད་པའི་བོད་ཀྱི་དེང་དུས་གཞས་ཀྱི་གནས་བབ་གལ་ཆེ་བཟུང་བའི་སྤྲིན་འཁོར་དང་པོ་ནས་ལྔ་པ་བར་གྱི་འཕྲེང་ཐག་དེ་གནས་སྐབས་རིང་རྫོགས་པར་མཛད་དོ།
གདན་ཞུས་གཞས་པ་གྲགས་ཅན་ཤེར་བསྟན་མཆོག་གིས་སྤྲིན་འཁོར་ལྔ་པའི་ནང་གསུངས་གཞས་ཤིག་གཏོང་བཞིན་འདུག་པ་ནི་ལོ་རྒྱུས་ཀྱི་དུམ་མཚམས་གསར་པ་ཞིག་དང་། མ་འོངས་པའི་རེ་བའི་ཕུགས་བསམ་མེད་དུ་མི་རུང་བ་ཞིག་ཡིན་ངེས།

སྤྲིན་འཁོར་ལྔ་པའི་ནང་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ཡོད་པ་ནི།
༡ བོད་ཀྱི་ནང་གཉིས་ཀྱི་གཞས་པས་མཉམ་འཛོམས་ཐོག་བཏང་བའི་ཆེད་བསྒྲིགས་ཤིག
༢ མི་རབས་གསར་པ་༼རྟའུ་ཚང་གི་ནང་མི།༽གཡུ་ལྷ་དང་། གསེར་ལྷ་དང་། རེ་དགའ་རྣམ་པས་གཞས་གཏོང་བ་དང་། གཞས་ཚིག་དེ་ཚོས་ཁོང་རྣམ་པའི་བསམ་པའི་འཁྱེར་ཕྱོགས་མངོན་ཡོད།
༤ སྤྲིན་འཁོར་དང་འབྲེལ་བའི་ལོ་རྒྱུས་ལ་ཕྱིར་དྲན་གནང་བ།

གསལ་བསྒྲགས།

Post navigation

Previous Post: རིང་ལུགས་ཤིག སྙན་ངག་ཅིག
Next Post: བྱུར་ངན་ཟློག་པ་དགུ་སྐོར།

Comments (11) on “སྤྲིན་འཁོར་ལྔ་པ། རྟའུ་བློ་བཟང་དཔལ་ལྡན་དང་ཤེར་བསྟན།”

  1. དཔལ་དོན། says:
    2014-06-19 at 6:53 am

    ཡོའུ་ཁྲུབ་ནང་ལ་སོང་ནས་ཉན་པ་ན་འབྲུག་པའི་གཞས་ལ་ཉན་པའི་ཚོར་བ་ལས་གཞན་མི་འདུག

  2. ཆོས་ལྡན་དཔལ་མོ། says:
    2014-06-19 at 12:44 pm

    ངའི་སེམས་ཚོར་ཡང་དེ་བཞིན་ནོ།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-06-19 at 4:22 pm

    སྐྱེས་ཕོས།
    ཁྱེད་ཀྱི་ཞལ་རས་དཀར་གསལ་ཟླ་བ། ་་་་་་་་་
    སྐྱེས་མོས།
    ང་ཡི་སེམས་པ་བྱང་ཆུབ་སེམས་མ་་་་་་་་

  4. བསམ་ཤེས། says:
    2014-06-19 at 5:05 pm

    ད་འགྲིགས་མ་སོང་། གོང་ས་ཆོག་གི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་ཟེར་ནས། ཤེར་བསྟན་ཏག་ཏག་བཟོ་གི་རེད། རྒྱ་གུང་ཁྲན་ལ་ཤེར་བསྟན་བརྡུང་བའི་ལག་ཆ་ལྕི་པོ་ཞིག་སྤྲད་སོང་། ཤེར་བསྟན་གྱི་སྒྲུང་རྫོགས་ཚར་པ་རེད། ཨ་ཡོ། བསམ་མེད་དེ་ཚོ།

  5. ཆོས་འཕེལ་དར་རྒྱས་ says:
    2014-06-19 at 5:31 pm

    རྩོམ་པ་བོ་བཟི་བོ་དག་གིས་ཆང་རྗེས་དཔའ་ཚིག་བྲིས་ཁུལ། ཀླུ་བ་གླེན་རྒན་ཚོས་སེམས་ཤུགས་ཀྱིས་མགུར་ལེན་ཁུལ་བྱས་མཐར་རང་བཙོན་ཁང་ལ་འགྲོ་བ་དང་ཕ་མ་སེམས་སྡུག་ལ་བཀོད་མཁན་མི་ཉུང་བ་བྱུང་སོང་། སྒྱུ་རྩལ་ཁྲབ་ན་ཨ་མདོ་བ་སྨན་ལྷ་སྐྱབས་ནང་བཞིན་དོན་ལྡན་པ། གཞུང་ཡོད་པ། མདོ་འཛིན་པ། སེམས་འཕྲོག་པ། དགའ་འོས་བ། སྐྱོ་བ་གནང་བ། གོ་རྒྱུ་ཡོད་པ། དགྲ་ཕྱོགས་ནས་ལག་ཟིན་མེད་པ་ཁྲབ་དགོས་འདུག གཞན་བོད་ཕྱི་ནང་གཉིས་ནས་ད་སྐབས་ཀླུ་ཚིག་འདྲ་མིན་ཐོན་བཞིན་པ་༼བླ་མ་བཟང་པོ་རྒྱལ་བ་ཡིད་བཞིན་ནོར་བུ། དཔོན་པོ་བཟང་པོ་བློ་བཟང་སེང་གེ༽ ཟེར་བའི་རིགས་དག་ནི་སྔོན་རྒྱ་ནག་གི་༼པེ་ཅིན་གསེར་རི་ལ་ཉི་མ་དམར་བོ་ཤར་༽ཟེར་བ་ལྟ་བུ་ལས་ཁྱད་པར་ཅན་ཞིག་མ་མཐོང་།

  6. ཐ་ཧྭར། says:
    2014-06-19 at 11:12 pm

    དཔོན་པོ་བློ་སེང་དང་སྐུ་མདུན་ལ་བསྟོད་པའི་གཞས་བཏང་ན་བཟང་ཀི་བསམ། གཉེན་ཁ་དང་འཇིགས་སྣང་ལ་བསམ་བློ་བཏང་བསྡད་ན་སེམས་ནང་ནང་གི་ན་ཟིག་དེ་མིས་ཤེས་ཐབས་ཡོད་པ་མ་རེད།

  7. ཀརྨ་བློ་གསལ་ says:
    2014-06-20 at 5:38 am

    ཤེར་བསྟན་བཙོན་ལ་འགྲོ་བའི་ལམ་ནང་བཅུག་འདུག རྟ་བོ་ལགས་ལ་གྲ་སྒྲིག་སྔ་ས་ནས་དགོས་པ་རེད། གོང་ས་མཆོག་ལ་ལོ་རེ་རེར་འཁྲུངས་སྐར་ཡོད་པས། སྲིད་དོན་པ་ཚོས་གཡོ་འོག་ཏུ་མི་འདི་ཚོ་ཚུད་པ་ནི་ཕངས་སེམས་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-06-20 at 9:03 am

    འབྲུག་གི་རྒྱལ་གླུ་གསན་འདོད་ཡོད་ན་འདིར་སྣུནད་ཅིག
    https://www.youtube.com/watch?v=G2E9GS2I5ys

  9. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2014-06-20 at 5:00 pm

    གཞས་པ་དེ་འདྲ་ཞིག་ད་བར་གོ་མྱོང་མེད། ཡང་ན་ང་ཐོས་པ་ཆུང་བ་འདྲ། ཡང་ན་ཁོ་སྐད་གྲགས་ཆུང་ནས་ཡིན་པར་ངེས།

  10. བསམ་ཤེས། says:
    2014-06-20 at 10:50 pm

    ཀ་རྡོ་ལགས།

    གནམ་གྲུ་དང་སྐས་འཛེགས་ཁ་མ་ཐུག་པར་སྐར་མ་དྲུག་ལུས་སོང་། སྐས་འཛེགས་ཀྱི་མགོ་དང་གནམ་གྲུའི་སྒོ་མ་འགྲིགས་པར་སྐར་མ་གསུམ་ལུས་སོང་། འོན་ཀྱང་། དངངས་སྐྲག་དང་འཇིག་སྣང་མེད་པར་ལྷོད་ལྷོད་ངང་བརྟེན་འབྲེལ་ཡག་ཐག་ཆོད་བྱུང་སོང་། འབྲུག་པ་ཚོར་ངོ་མ་རང་དབང་འདུག

  11. ཀརྡོ་གཉེར་ཕྱག་པ་ says:
    2014-06-25 at 9:54 pm

    འབྲུག་དང་བལ་ཡུལ་གཉིས་ནི། ཆེས་རྗེས་ལུས་ཐེབས་པའི་རྒྱལ་ཁབ་གཉིས་རེད་གདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme