Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཡུལ་མིའི་འོས་འགན་ལ་དོགས་སློང་།

Posted on 2010-01-282010-01-28 By ཁ་བརྡ་ 2 Comments on བོད་ཀྱི་ཡུལ་མིའི་འོས་འགན་ལ་དོགས་སློང་།

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

ངེད་ཀྱི་བསམ་ཚུལ་ལ། ད་ལྟའི་དུས་སུ་བོད་མི་ཚོས་རང་གི་གཞུང་དང་འཛིན་སྐྱོང་ངོ་འཕྲོད་དགོས་བ་དང་གཞུང་གི་ངོས་ནས་མི་མང་ལ་ངོ་འཕྲོད་སའི་བརྒྱུད་ལམ་བསྐྲུན་རྒྱུ་ནི་གནད་འགག་ལྟ་བུར་མཐོང་། འདི་གལ་ཆེ་བ་ནང་བཞིན་ད་ཕན་འདིའི་ཕྱོགས་ནས་ཚགས་ཚུད་ཡོང་མི་འདུག མི་མང་གི་ཕྱོགས་ནས་དོ་སྣང་གིས་མ་འདང་བ་དང་གཞུང་གི་ངོས་ནས་བརྒྱུད་ལམ་གྱིས་ཕོངས་བ་གཉིས་ནི་། བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་དོན་གལ་ཆེ་ཁག་འཐུས་ཤོར་ལ་འགྲོ་སའི་རྐྱེན་རྩ་ལྟ་བུ་ཆགས་འདུག དེ་ཡང་གཞུང་གི་སྒྲིག་འཛུགས་དང་འཛིན་སྐྱོང་ངོ་འཕྲོད་པ་ལ་། སྒྲིག་འཛུགས་དང་འཛིན་སྐྱོང་་བསྡམས་བྱེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་གལ་ཆེ་ཆགས་འདུག བོད་ཀྱི་ཡུལ་མི་ཞིག་གི་ངོས་ནས་བཅའ་ཁྲིམས་ཀྱི་དགོངས་དོན་རྣམས་རྟོགས་ཐུབ་པ་དགོས་རྒྱུ་ནི་ལས་འགན་དང་པོ་ལྟ་བུར་མཐོང་། འོན་ཀྱང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ྐློག་ཐེངས་རེར། ངེད་ཀྱི་སེམས་སུ་དོགས་སློང་ཇི་སྙེད་ཅིག་རྒྱུན་མར་སླེབས་ནས་ཡོང་། དོགས་སློང་རེ་རེ་ལ་ལན་ཁ་གསལ་ཞིག་ངེད་ལ་མི་འདུག ྐློག་མཁན་ཁྱེད་ལ་ཡོད་དམ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་༡༣པར། (གཞི་རྩའི་ལམ་སྟོན།) བོད་ཀྱི་ཡུལ་མིའི་འོས་འགན་ནི།
དང་པོ། བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
གཉིས་པ། བཅའ་ཁྲིམས་དང་ཁྲིམས་ལུགས་ལ་སྙིང་ནས་བརྩི་བཀུར་དང་བློ་འགེལ།
གསུམ་པ། བོད་དོན་བདེན་མཐའ་སེལ་ཐབས་འབད་བརྩོན་བྱེད་རྒྱུ།
བཞི་པ། ཁྲིམས་ལུགས་གཏན་འབེབ་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།
ལྔ་པ། རྒྱལ་ཁབ་དང་མང་ཚོགས་ལ་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས་འཁོད་ཡོད།
བོད་རྒྱལ་ཁབ་ལ་ཡིད་ཆེས་དང་བློ་གཏད་ཟེར་དུས། ༧གོང་ས་མཆོག་ལ་ཡིད་ཆེས་དང་བློ་གཏད་དེ་འདིའི་ནང་དུ་འདུས་ཡོད་དམ། ༧གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་དང་བོད་རྒྱལ་ཁབ་ལ་ཡིད་ཆེས་དང་བློ་གཏད་གཉིས་གཅིག་པ་ཡིན་ནམ། ཡང་ན། སྔ་མ་གལ་ཆེ་བ་དང་ཕྱི་མ་གལ་ཆུང་བ་ཡིན་ནམ། དོན་དངོས་སུ། བོད་མི་རྣམས་༧གོང་ས་མཆོག་ལ་ཡིད་ཆེས་དང་བློ་གཏད་ཡོད་པ་ནང་བཞིན་། རང་གི་གཞུང་དང་དེའི་འཛིན་སྐྱོང་ལ་ཡིད་ཆེས་ཡོད་དམ། བོད་མི་མང་པོ་ཞིག་ལ། ཁྱེད་རང་༧གོང་ས་མཆོག་ལ་ཡིད་ཆེས་དང་བློ་འགེལ་ཡོད་པ་ནང་བཞིན་རང་གི་གཞུང་ལ་ཡིད་ཆེས་དང་བློ་འགེལ་ཡོད་དམ་ཞེས་དྲིས་ན། མེད་ལབ་མཁན་ཕལ་ཆེ་བ་རེད། བོད་མི་མང་པོ་ཞིག་གི་སེམས་སུ། རང་གི་རྩ་བའི་བླ་མ་དང་པོ་དང་བོད་གཞུང་གཉིས་པ་རེད། བསམ་པའི་འཁྱེར་ཕྱོགས་དེ་ནོར་བ་མིན་མོད། བོད་མི་མང་པོ་ཞིག་གིས་རང་གི་རྩ་བའི་བླ་མ་གལ་ཆེར་བརྩིས་བ་ནང་བཞིན་རང་གི་གཞུང་དེ་གལ་ཆེར་བརྩི་གི་མེད། གནས་སྟངས་འདིའི་རྐྱེན་པས་ཡིན་ནམ། ༧གོང་ས་མཆོག་གི་བཀའ་སློབ་སྔ་ཕྱི་རིམ་པ་མང་པོར་བོད་གཞུང་དང་དེའི་འཛིན་སྐྱོང་ལ་ཡིད་ཆེས་བློ་གཏད་དགོས་བའི་བཀའ་གནང་ཡོད་པ་མ་ཟད། གནད་དོན་གྱི་འགག་རྩ་ལ་ཐུག་དུས། བོད་གཞུང་གིས་མ་འགྲིག་མདོག་མདོག་དང་། ༧གོང་ས་མཆོག་གི་བཀའ་གསུངས་ཅི་བསྒྲུབ་བྱེད་ཀྱི་ཡིན་མདོག་མདོག ༧གོང་ས་མཆོག་ལ་སེམས་ནས་བརྩི་སྟངས་གཅིག་དང་བོད་གཞུང་ལ་སེམས་ནས་བལྟ་སྟངས་གཞན་ཞིག་ཡོང་གི་ཡོད་དེ་ནོར་འཁྲུལ་རེད་ཟེར་ནས་ལན་མང་གསུངས་འདུག་མོད། བོད་མིའི་སེམས་ཀྱི་བལྟ་སྟངས་དེར་ད་དུང་ཡང་འགྱུར་བ་ཡོང་མི་འདུག དེས་ན། བོད་རྒྱལ་ཁབ་ལ་ཡིད་ཆེས་དང་བློ་གཏད་ཟེར་བ་འདིར་བོད་རིགས་ཚོས་བསྐྱར་དུ་བསམ་ཞིབ་ཞིག་བྱེད་དགོས་ཀྱི་འདུག
དེ་ནས་བཅའ་ཁྲིམས་དང་ཁྲིམས་ལུགས་ལ་སྙིང་ནས་བརྩི་བཀུར་དང་བློ་འགེལ་ཟེར་བ་འདི་རེད། བློ་འགེལ་ཟེར་བ་འདི་མ་གླེང་སྔོན་ལ་ང་ཚོས་བརྩི་བཀུར་ཞུ་སྟངས་ལ་བསམ་བློ་ཞིག་ཐོངས།
བཅའ་ཁྲིམས་དང་ཁྲིམས་ལུགས་ལ་བརྩི་བཀུར་ཡོང་བ་ལ་མ་མཐའ་་ཡང་དེའི་དགོངས་དོན་རྟོགས་དགོས་ཀྱི་ཡོད་རེད། འོན་ཀྱང་། རྒྱ་བལ་འབྲུག་གསུམ་གཙོས་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོའི་ཁྲོད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་རྟོགས་ཡོད་མཁན་ག་ཚོད་ཡོད་དམ། དགོངས་དོན་གསལ་ཐིང་ཐིང་ཞིག་མ་རྟོགས་ཀྱང་འདི་ལ་དོ་སྣང་སྤྲོད་མཁན་ག་ཚོད་ཡོད་དམ། མི་མང་དཀྱུས་མ་རྣམས་ཕར་ཞོག གཞུང་ཞབས་དང་སྤྱི་འཐུས་ལས་ཐོག་ཚོའི་ནང་ན་ག་ཚོད་ཡོད་དམ། འདི་ལ་བོད་རིགས་དོ་སྣང་ཅན་ཚོས་ངེས་པར་དུ་ཞིབ་འཇུག་བྱེད་དགོས་ཀྱི་འདུག བཅའ་ཁྲིམས་དང་ཁྲིམས་ལུགས་ཁག་གི་དགོངས་དོན་མ་རྟོགས་པར་དེ་ལ་བརྩི་བཀུར་ཡོང་ཐབས་དཀའ་མོ་རེད། ད་བློས་འགེལ་ཟེར་བ་འདི་ལ་བསམ་བློ་ཞིག་བཏང་ན། བརྩི་བཀུར་མེད་པར་བློ་འགེལ་ཡོང་གི་རེད་དམ། དགོངས་དོན་མ་རྟོགས་པར་བརྩི་བཀུར་ཡོང་གི་རེད་དམ། དགོངས་དོན་མ་རྟོགས་པར་བརྩི་བཀུར་མི་ཡོང་ན། བློས་འགེལ་ཅི་ལྟར་ཡོང་། བློལ་འགེལ་ཟེར་དུས་མ་མཐར་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་ལུགས་དེ་ཚོའི་དགོངས་དོན་རྟོགས་དགོས་བ་མ་ཟད་དེ་ལ་སྙིང་ནས་བརྩི་བཀུར་དགོས་བ་ནི་བརྗོད་མེད་རེད། བརྩི་བཀུར་དེ་བློས་འགེལ་གྱི་སྔོན་འགྲོ་ལྟ་བུ་ཞིག་རེད། དེས་ན། བཅའ་ཁྲིམས་དང་ཁྲིམས་ལུགས་ལ་སྙིང་ནས་བརྩི་བཀུར་དང་བློ་འགེལ་ཟེར་བ་འདི་ལ་ཡང་བོད་མི་ཚོས་བསམ་ཞིབ་ཞིག་བྱེད་རྒྱུ་འདུག་སྙམ།
གནད་དོན་གཞན་ཞིག་ནི། བོད་དོན་བདེན་མཐའ་སེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཞེས་བ་འདི་རེད། བོད་དོན་བདེན་མཐའ་སེལ་ཐུབ་མིན་གཙོ་བོ་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་རྒྱ་ནག་སྲིད་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས། བོད་ཕྱི་ནང་གི་བོད་མིའི་འཐབ་རྩོད་ཀྱི་ནུས་ཤུགས་དང་ཁ་ཕྱོགས་བཅས་ལ་རག་ལས་འདུག་སྙམ། དེས་ན།
བོད་རིགས་ཚོའི་ཁྲོད་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གི་མིག་སྔའི་འབྲེལ་ལམ། དེ་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་རྣམ་འགྱུར་སྟོན་སྟངས། (འདི་རུ་ངེད་ཀྱིས་གླེང་བཞིན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནི་བྱང་ཨ་རི་དང་ཡོ་རོབ་ཤར་ནུབ། ལྷོ་ཨེ་ཤེ་ཡ་བཅས་ཡིན།) རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་སྲིད་ཇུས་དང་རྒྱ་ནག་མི་མང་གི་མངོན་འདོད་སོགས་ཕྱིའི་ཤུགས་རྐྱེན་ཡོང་སའི་ཕྱོགས་ལ། དོ་སྣང་དང་ཞིབ་འཇུག་གནང་མཁན་ཅི་ཙམ་ཡོང་གི་ཡོད་དམ། བོད་མི་ཚོའི་ཉིན་རེ་ཉིན་རེའི་འཚོ་བའི་ཁྲོད་དུ། གནད་དོན་འདི་དག་ལ་དོ་སྣང་དང་བསམ་ཞིབ་གནང་གི་ཡོད་དམ། རྒྱལ་སྤྱི་དང་རྒྱལ་ནང་གི་འགྱུར་བ་དག་ངོ་མ་འཕྲོད་པར་བདེན་མཐའ་སེལ་ཐབས་ཀྱི་ལམ་ཁ་ཇི་ལྟར་འདིངས། ཐབས་ལམ་ཇི་ལྟར་རྙེད། འབད་བརྩོན་ཅི་ལྟར་བྱེད། འཐབ་རྩོད་ཀྱི་ནུས་ཤུགས་ཕྱོགས་གཅིག་ལ་ཇི་ལྟར་སྤུངས། ད་ལྟའི་སྐབས་སུ་འབད་བརྩོན་གནང་བ་ལ་གནད་དོན་ངོ་འཕྲོད་རྒྱུ་ནི་ཧ་ཅང་ནས་གལ་ཆེན་ཆགས་འདུག དེས་ན། བོད་དོན་བདེན་མཐའ་སེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཟེར་བ་འདི་ལ་ཡང་བོད་མི་ཚོས་བསམ་ཞིབ་ཞིག་བྱེད་རྒྱུ་འདུག་བསམ། དེ་ནས། ཁྲིམས་ལུགས་གཏན་འབེབ་གཞིར་བཟུང་དཔྱ་ཁྲལ་སྒྲུལ་འབུལ་ཟེར་བ་དེ་རེད། གཞུང་ཡོད་པའི་རྒྱལ་ཁབ་ཞིག་ཡིན་ན། མི་མང་གིས་གཞུང་ལ་ཁྲིམས་ལུགས་གཏན་འབེབ་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ་བྱེད་དགོས་ཀྱི་ཡོད་རེད། གཞུང་གི་ངོས་ནས་ཀྱང་དཔྱ་ཁྲལ་དེ་དག་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་མང་གི་བདེ་དོན་ལ་འབྲེལ་བའི་ལས་གཞི་ཁག་གི་སྒང་ལ་གཏོང་གི་ཡོད། འོ་ན། ད་ཡོད་བཙན་བྱོལ་བོད་མིའི་མི་འབོར་དེ་འབུམ་གཅིག་དང་ཁྲི་གསུམ་ལྷག་ཟིན་ཡོད་པ་ནང་བཞིན། རྒྱ་བལ་འབྲུག་གསུམ་གཙོས་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ན་གནས་བའི་བཙན་བྱོལ་བོད་མི་ཚོའི་ནང་ན་རྡ་ལམ་ས་ལའི་གཞུང་ལ་ལོ་རེར་དྭང་བླངས་དཔྱ་ཁྲལ་འབུལ་མཁན་ག་ཚོད་ཡོང་གི་ཡོད་དམ། མ་ཕུལ་མཁན་ག་ཚོད་ཡོང་གི་ཡོད་དམ། བཙན་བྱོལ་བོད་གཞུང་ལ་དཔལ་འབྱོར་གྱི་ཡོངས་ཁུངས་ཆེ་ཁག་ཁ་ཤས་ཡོད་པ་ནས་། གཅིག་དེ་བོད་མིའི་དྭང་བླང་དཔྱ་ཁྲལ་གྱི་ཡོང་འབབ་དེ་ཡིན། ང་ཚོའི་གཞུང་གི་ངོས་ནས་བོད་དོན་འཐབ་རྩོད་རྒྱུན་གནས་ཡོང་བ་ལ་དཔལ་འབྱོར་རང་འཚོ་ཐུབ་པ་གལ་ཆེ་ཟེར། རྒྱ་བལ་འབྲུག་གསུམ་གཙོས་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཚང་མས་དྭང་བླང་དཔྱ་ཁྲལ་སྒྲུབ་འབུལ་བྱེད་རྒྱུ་ནི་གཞུང་གི་དཔལ་འབྱོར་རང་འཚོ་ཆགས་ཐུབ་མིན་དང་འབྲེལ་བ་རྒྱ་ཆེར་ཡོད་ཟེར། དཔྱ་ཁྲལ་གྱི་ཡོང་འབབ་དེ་གཞུང་ལ་གལ་ཆེ་བ་དང་གཞུང་ལ་ཕན་ཐོགས་ཆེ་བ་ནང་བཞིན། བོད་མི་ཚང་མས་དེ་སྒྲུབ་འབུལ་བྱེད་ཀྱི་ཡོད་དམ། དཔེར་ན། སྤྱི་ལོ་༢༠༠༩ལོའི་བཙན་བྱོལ་བོད་མིའི་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་ཡོང་འབབ་ནི་རྒྱ་སྒོར་༨༧༠༡༧༢༢༦ལྷག་ཙམ་རེད། འོན་ཀྱང་། བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་དེ་ཁྱོན་བསྡོམས་ད༡༠༠༣༦༤༢༠༠༠ཙམ་རེད། དཔྱ་ཁྲལ་གྱི་ཡོང་འབབ་དེས་གཞུང་གི་ལོ་འཁོར་སྔོན་རྩིས་བརྒྱ་ཆ་བཅུ་ཡང་ཟིན་གྱི་མི་འདུག དེས་ན། རྒྱ་བལ་འབྲུག་གསུམ་གཙོས་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཚང་མས་རྡ་ལམ་ས་ལའི་གཞུང་ལ་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་དུས་ཐོག་སྒྲུབ་འབུལ་བྱེད་དགོས་ཀྱི་འདུག
ཁྲིམས་ལུགས་གཏན་འབེབ་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ་ཟེར་བ་འདི་ལ་ཡང་བསྐྱར་དུ་བོད་མི་ཚོས་བསམ་ཞིབ་ཞིག་བྱེད་རྒྱུ་འདུག་བསམ།
གནད་དོན་མཐའ་མ་དེ། རྒྱལ་ཁབ་དང་མང་ཚོགས་ལ་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་ཟེར་བ་དེ་རེད། ངེད་ཀྱིས་འདི་ལྟར་བསམ།
བོད་མི་ཚོས། སོ་སོ་སྒེར་ངོས་ནས། བོད་རྒྱལ་ཁབ་ལ་ཡིད་ཆེས་དང་བློ་གཏད་ཡོད་མེད། བཅའ་ཁྲིམས་དང་ཁྲིམས་ལུགས་ལ་སྙིང་ནས་བརྩི་བཀུར་དང་བློ་འགེལ་བྱེད་ཀྱི་ཡོད་མེད།
བོད་དོན་བདེན་མཐའ་སེལ་ཐབས་ལ་འབད་བརྩོན་གནང་གི་ཡོད་མེད། ཁྲིམས་ལུགས་གཏན་འབེབ་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ་བྱེད་ཀྱི་ཡོད་མེད་བཅས་ལ་བསྐྱར་ཞིབ་ཅིག་བྱས་རྗེས།
གཞི་ནསརྒྱལ་ཁབ་དང་མང་ཚོགས་ལ་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་ཐུབ་མིན་ལ་བསྐྱར་དུ་བསམ་ཞིབ་ཅིག་བྱེད་དགོས་ཀྱི་འདུག

རྩོམ་རིག

Post navigation

Previous Post: ཀུན་ཕན་ཐེབས་རྩ་ཚོགས་པས་རྩ་འཛུགས་བྱས་པའི་ཕྲེང་རྒྱུད་གཏམ་ཚོགས་སྐོར།
Next Post: བོད་རེ་བས་ཕོངས།

Comments (2) on “བོད་ཀྱི་ཡུལ་མིའི་འོས་འགན་ལ་དོགས་སློང་།”

  1. lamola says:
    2010-01-28 at 12:51 pm

    བོད་ཀྱི་རྩོམ་པོ་ཚང་མས་ལོ་བཅུའི་རིང་ལ་རྩོམ་ཡིག་འབྲི་མཚམས་བཞག་དང་ན་ཧྲ་གི་པཱ འདི་ཡང་རོང་རེབ་གོང་གི་རྒྱ་མ་བོད་ཀྱི་སྐད་ལྟར་བཤད་པ་ཡིན།

  2. རྩམ་དགའ་ says:
    2010-01-28 at 4:28 pm

    ཕལ་ཆེར་རོང་བ་ཚང་མར་སྐད་འདྲ་ས་མང་ནི་རེད། གྲོགས་པོ་ཁྱོད་ཕ་ཡུལ་རོང་བ་ཡིན་ན་ཁྱོས་ངའི་ཕལ་གྱི་སྐད་འདི་ཨེ་གོ་ཞིག་ལྟོས་ཨ་་་་་དཔེར་ན་འདི་གཉིས་འདྲ་བོ་རེད་ཟེར་དུས་ངའི་ཕ་སྐད་ལ་་་་འདི་གཉིས་ཨ་ན་མ་ན་རེད། སྐབས་སྐབས་ལ་འདི་འདྲ་ཡང་ཟེར་་་་་འདི་གཉིས་མན་ནས་རིགས་ཀིས་་་ཞེས་ལབ་ཀི་རེད།
    ད་རུང་ཕོ་ལ་་་མྱི་་་་་་མོ་ལ་་མ་རེད་་་ ཕར་ཕྱོགས་ན་ཟེར་བ་་་ཕར་སྣེས་ན་་་གོང་ན་ཟེར་བ་་ལྟ་ཀ་ན་་་མར་ཕྱོགས་ན་ཟེར་བ་་མིར་གི་ན་་་་་ཟེར་བ་སོགས་མང་ནི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme