Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་གཅིག་གི་སྙན་ངག

Posted on 2014-06-102014-06-10 By ཁ་བརྡ་ 1 Comment on ཉིན་གཅིག་གི་སྙན་ངག

རེབ་ཐོག་མདའ

རི་བོ་དེ་དང་ཉེ་ས་ཞིག་ནས་ཇ་གང་འཐུང་བཞིན་ངལ་ཞིག་གསོས།།
རྒྱུག་ཆུ་དྭངས་མོའི་གཞུང་ལ་ཞུགས་ནས་ཚ་སྡུག་གདུང་བ་ལན་ཅིག་བཀྲུས།།
ཧིན་དཱི་ལྷ་ཁང་མདུན་ནས་ལྟོས་ན་རྡ་སའི་གྲོང་བརྡལ་ཆུང་ཆུང་འདི།།
རི་མོ་མཁན་གྱི་པུར་རྩེ་ལྷུང་འདྲའི་ཡིད་འོང་ལྷ་ཡི་ཞིང་ཁམས་འདྲ།།

ལྗང་མདོག་གྱོན་པའི་སྤང་དང་རི་བོ་བདག་གི་གམ་ན་ལྷང་ངེར་འགྱིང་།།
ཅ་ཅོ་སྒྲོག་པའི་བྱ་ཡི་ཚོགས་རྣམས་ཕར་ཁའི་ནགས་ཀློང་དབུས་ན་རྩེན།།
རི་ནས་བབས་པའི་གཙང་བོའི་འགྲམ་ན་ལོ་ཆུང་འགའ་ཞིག་རྩེད་འཇོར་གཡེང་།།
ང་ནི་ཉག་ཀའི་མཐའ་ལ་འགྱིང་བཞིན་སེམས་པའི་སྐྱོ་གདུང་གླུ་རུ་བླངས།།

བསིལ་རླུང་ལྡིང་བའི་རྗེས་སོར་དེ་ན་སྤྲིན་པ་ཐ་ཐོར་མིག་ལ་མངོན།།
ན་བུན་འཁུར་བའི་གངས་རིའི་རྩེ་ན་རྒོད་པོའི་གཤོག་ཟུང་ལྷོད་ཀྱིས་བརྐྱངས།།
བགྲེས་སོང་རྒན་པོ་བ་མོའི་རྗེས་ན་རྔུལ་ནག་ཁྲོམ་ཁྲོམ་དལ་གྱིས་བགྲོད།།
སོས་དལ་འཚོ་བའི་ཁོར་ཡུག་འདི་ལ་བདག་ནི་ཅུང་ཙམ་སུན་ཏེ་ཡོད།།

ཀློག་ལ་བྲེལ་བའི་བདག་གི་གྲོགས་དེ་ལྗོན་པའི་འོག་ན་ཁེར་རྐྱང་ངང་།།
སློབ་ལ་བརྩོན་པའི་ངང་ཚུལ་དེ་ལ་བདག་ནི་ཅུང་ཙམ་ཧད་ཡོད་དུས།།
རི་ལ་གནས་པའི་སྡེ་ཆེན་དེ་ནས་དོན་གྱིས་བྲེལ་བའི་སྐད་གདངས་ཤིག །
གློ་བུར་རྒྱང་ནས་རྣ་བར་ལྷུང་བས་བདག་གི་བསམ་བློ་ཧད་དེ་དཀྲོགས།།

ཉིན་ལ་བྲེལ་བའི་ཉི་མའི་ཕྱིར་མིག་ནུབ་ཀྱི་རི་བོའི་རྩེ་ནས་ཡལ།།
མཚམས་སྤྲིན་དམར་པོ་མཁའ་ལ་འཆར་བའི་གངས་རིའི་ཁ་དོག་དམར་ལྷེམ་ལྷེམ།།
ས་སྲོད་ངོགས་ན་གསལ་ལེར་འཆར་བའི་ཤར་རིའི་རྩེ་ཡི་ཟླ་བ་དེས།།
རྒྱང་ལ་གྱེས་པའི་མཛའ་མོ་ཞིག་གི་སྣང་བརྙན་གསོན་པོ་སེམས་ལ་བབས།།

ས་སྲོད་ནམ་ཟླ་རི་ལ་བབས་པའི་ཚ་སྡུག་གདུང་བ་རྒྱང་ལ་འཐེན།།
ཟླ་བའི་འོད་སྣང་ས་ལ་ལྷུང་བས་མཚན་གྱི་སྨག་རུམ་དལ་གྱིས་ཕྱེས།།
བསིལ་རླུང་རེག་བྱ་ལུས་ལ་འཇམ་པས་སེམས་ཀྱི་གདུང་བ་རེ་ཞིག་སེལ།།
དབྱར་ཟླ་དྲུག་པའི་ཁོར་ཡུག་འདི་ལ་དུངས་ཞེན་ཟབ་མོ་བྲིས་ཏེ་ཡོད།།

ཕྱི་ལོ ༢༠༡༤ ཟླ ༦ ཚེས ༡༠ ཉིན་རྡ་སའི་ཉེ་འཁྲིས་སུ།

སྙན་ངག

Post navigation

Previous Post: ཕུལླ་ཧ་རི་ཁ་ཆེར་ཡོད།
Next Post: བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཟབ་སྦྱོང་།

Comment (1) on “ཉིན་གཅིག་གི་སྙན་ངག”

  1. བྱང་ཐང་ཕོ་ཉ། says:
    2014-06-14 at 3:10 pm

    སྙན་ངག་དེ་རོ་མྱོང་བྱས། དང་པོར་གྲོགས་ལ་སྤྲིངས་པའི་ཚོར་བའི་གཟི་ཉམས་དང་གཉིས་པ་དགའ་མ་དུངས་བའི་སྡུག་ ཡུན་ལྟ་བུ་ཞིག་གིས་སྙན་ངག་པ་ཚོར་བའི་གཟི་ཁ་བཙན་ཙམ་བྱུང་བ་འདྲ།

    ཀློག་པ་པོ་བྱང་ཐང་ཕོ་ཉས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme