Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོག་སྤྱོད་རེད་ཟེར།

Posted on 2010-01-272010-01-27 By ཁ་བརྡ་ 3 Comments on ལོག་སྤྱོད་རེད་ཟེར།

བསེ་རུ།

འཛམ་གླིང་ཉི་མ་ཆེན་པོ།།
ཡུལ་གྲུ་གཞན་ལ་ཤར་ཡང་།།
གངས་ཅན་བོད་ཀྱི་རྒྱལ་ཁམས།།
མུན་པའི་གླིང་དུ་གྱུར་འདུག།

རྩམ་གཟན་གདོང་དམར་ཡིན་ན།།
ཕ་ཡུལ་ཕྱོགས་ལ་སོམས་དང་།།
འགྲོ་བ་མི་ཡི་ཐོབ་ཐང་།།
ལོངས་སུ་སྤྱོད་ཁོམ་འདུག་གམ།།

ཁ་བྲལ་རིང་ལུགས་རེད་ཟེར།།
ཏཱ་ལའི་ལོག་སྤྱོད་རེད་ཟེར།།
གསར་བརྗེར་ངོ་ལོག་རེད་ཟེར།།
ཁྲིམས་ཀྱི་མུན་པར་བརྫངས་སོང་།།

མ་བུ་ཁ་བྲལ་བཏང་སོང་།།
དགེ་སློབ་ཁ་བྲལ་བཏང་སོང་།།
ཁྱིམ་གཞིས་སྟོང་ལ་ཉེ་སོང་།།
རྩམ་གཟན་བོད་མིས་གཟིགས་སམ།།

ཁྲིམས་མུན་ར་བའི་ནང་དུ།།
བོད་རིགས་བཙོན་པས་ཁེངས་འདུག།
བཙོན་པའི་ལུས་ཕུང་ཐོག་ཏུ།།
མནར་གཅོད་རྨ་ཁས་ཁེངས་འདུག།

ཉིན་མཚན་འཁྱོལ་དཀའི་སྡུག་བསྔལ།།
ལུས་སེམས་གཉིས་ཀྱིས་མྱངས་ཀྱང་།།
འཛམ་གླིང་སྐྱེ་བོའི་མདུན་དུ།།
བདེན་དོན་ཤོད་ས་མི་འདུག།

ཁྲག་གིས་ས་གཞི་ཚོས་ཏེ།།
རྨ་ཁས་ལུས་པོ་ཁེངས་སོང་།།
ལུས་ཕུང་རྡོ་རུ་གྱུར་ཀྱང་།།
སྙིང་སྟོབས་འགྱུར་བ་མི་འདུག།

ཟས་གོས་ངན་ངོན་ཁྲོད་དུ།།
གཅིན་སྐྱག་དྲི་མས་ཁྱབ་འདུག།
ལུས་པོ་ཤ་སྐམ་པགས་སྐམ།།
ལྕགས་སྒྲོག་སྦོམ་པོས་བཅིངས་འདུག།

བཙོན་ཁང་ནང་གི་གཏམ་རྒྱུད།།
བཤད་ནས་རྫོགས་ཐབས་མི་འདུག།
མི་རིགས་འདི་ཡི་དཀའ་སྡུག།
བཤད་ནས་ཉན་མཁན་ཡོད་དམ།།

ཁྲིམས་ལུགས་ཡང་དག་རེད་ཟེར།།
མནར་གཅོད་སྡུག་དགུ་བཏང་སོང་།།
ཀྲུང་གོ་གསར་པ་ཡིན་ཟེར།།
རིག་གཞུང་རྙིང་པ་གཏོར་སོང་།།

ཞི་བདེ་འཆམ་མཐུན་ཟེར་གྱིན།།
མཚོན་ཆས་ས་གཞི་ཁྱབ་འདུག།
བོད་གསར་འཛུགས་སྐྲུན་ཟེར་གྱིན།།
རྒྱ་གྲོང་ངོ་མར་གྱུར་འདུག།

བོད་མིའི་བླ་སྲོག་གཅིག་པུ།།
༸གོང་ས་ཡིད་བཞིན་ནོར་བུར།།
ཏཱ་ལའི་ལོག་སྤྱོད་ཟེར་སྐབས།།
བོད་མིའི་སྙིང་ཁ་གཏོར་སོང་།།

ལོ་ངོ་ལྔ་བཅུའི་རིང་ལ།།
ཁྲག་གི་མིག་ཆུ་བཞུར་ཡོད།།
བེམ་རོའི་རི་རབ་བརྩིགས་ཡོད།།
ཟུངས་ཁྲག་རྒྱ་མཚོ་བསྐྱིལ་ཡོད།།

སྡུག་བསྔལ་སྡུག་བསྔལ་ཟེར་སྐབས།།
སེམས་ཁམས་ཉག་ཉོག་གྱུར་སོང་།།
མིག་ཟུང་མཆི་མས་ཁེངས་སོང་།།
ལག་གཉིས་འདར་སིག་བརྒྱབས་བྱུང་།།

བཙོན་ཁང་ནང་ནས་ལྟ་སྐབས།།
མཐོང་རྒྱུ་གནམ་ལས་མེད་པས།།
གནམ་གྱི་ཟླ་བ་དཀར་པོས།།
སེམས་ཀྱི་མུན་པ་སེལ་རོགས།།

ལུས་པོ་བཙོན་དུ་གནས་ཀྱང་།།
སེམས་པ་ཁྱེད་ལ་བཅོལ་འདུག།
༸གོང་ས་ཡིད་བཞིན་ནོར་བུ།།
སྐུ་ཚེ་བསྐལ་བརྒྱར་བརྟན་རོགས།།

སྙན་ངག

Post navigation

Previous Post: རྨི་ལམ་ནང་གི་གཙང་པོ།
Next Post: ཀུན་ཕན་ཐེབས་རྩ་ཚོགས་པས་རྩ་འཛུགས་བྱས་པའི་ཕྲེང་རྒྱུད་གཏམ་ཚོགས་སྐོར།

Comments (3) on “ལོག་སྤྱོད་རེད་ཟེར།”

  1. lala says:
    2010-01-27 at 8:20 pm

    ༡༠༽ lala ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ གི་ཆུ་ཚོད་ ༢༠ སྐར་མ་ ༡༨
    ཁ་བརྡ་ཚང་གི་མི་ཚང་མས་ཊི་ཝེ་ཊའི་twitterབེད་སྤྱོད་གནང་གི་ཨེ་ཡོད། དེ་ནི་དེང་དུས་ཚིག་ཉུང་ངང་ནས་ཕན་ཚུན་གནས་ཚུལ་ངོ་སྤྲོད་བྱེད་ཐབས་མགྱོགས་ཤོས་དེ་རེད། ད་ལྟ་བོད་ཡིག་འབྲི་མཁན་ཡང་མང་པོ་འདུག གལ་སྲིད་དེའི་ནང་དུ་བཞུགས་མ་ཐུབ་པ་ཡིན་ན་མ་ལོན་རྒས་པོར་གྱུར་པའམ་དུས་རབས་ཀྱི་རྗེས་མ་ཟིན་པ་འདྲ་བས་མགྱོགས་ཙམ་twitter དྲ་མིག་ཞིག་རང་ཉིད་ལ་དབང་བར་མི་བརྩོན་ནམ། དྲ་བ་དེའི་ནང་དུ་ད་ལྟ་བོད་པ་སྐད་གྲགས་ཅན་མང་པོ་བཞུགས་འདུག གསར་འགྱུར་ཞིག་སྤེལ་འདོད་ཀྱང་དེའི་ནང་དུ་སྤེལ་ན་མགྱོགས་ཤོས་རེད་འདུག

  2. རྩམ་དགའ་ says:
    2010-01-27 at 8:57 pm

    རྒྱ་ནག་དམར་བོའི་སྲིད་གཞུང་འདི་ཡི། །
    རླུང་རྟ་ཡར་རྒྱུགས་ཡིན་ནོ་བལྟས་ན། །
    ལས་འབྲས་ཟེར་བ་ཡོད་ཡོད་འདྲ་ཡང་། །
    གནད་ལ་ཐུག་དུས་མེད་ཀ་ཟིག་རེད། །

  3. ཀརྨ་རྡོ་རྗེ་ says:
    2010-01-28 at 9:18 am

    ལོད་སྤྱོད་དང་ཁ་བྲལ་བ་དངོས་གནས་དེ་སུ་ཡིན་ནམ།

    རྒྱ་ནག་ལས་བྱེད་པས་བོད་རྒྱ་ནག་དང་ཁ་བྲལ་ལས་འགུལ་ཐེངས་དགུ་བྱས་པ།

    ༤༩འི་ལོ་ལ་འབོད་མཁན་མེད་པར་རྒྱ་དམག་བོད་ནང་འཛུལ་བ་དེས་བོད་མི་རྣམས་བསམ་ཡུལ་འདས་པའི་བློ་འཚབ་བཟོས་པ་དང་གཅིག །
    ༥༡ལོ་ལ་དོན་ཚན་བཅུ་བདུན་བཙན་ཕབ་བྱས་པ་དང་གཉིས།
    ༥༩འི་ལོ་ལ་༸གོང་ས་མཆོག་བཙན་འབྱོལ་དུ་ཕེབས་དགོས་པ་དང་གསུམ།
    ༦༠འི་ལོ་ནང་མི་བསད་ཁྲག་སྦྱོར་གཅེས་ནོར་རྙིང་པ་ཚོད་མེད་གཏོར་སྐྱོན་བཏང་བ་དང་བཞི།
    ༸པཎ་ཆེན་ཐམས་ཅད་མཁྱེན་པ་སོགས་བོད་ཞེན་ཅན་རྣམས་བློ་ཁ་མ་བསྐང་བ་དང་ལྔ།
    བོད་མིས་དད་མོས་རྩིས་སའི་བླ་ཆེན་རྣམས་ལ་ཁྱད་གསོད་༸རྒྱལ་དབང་ཀརྨ་པ་བོད་དང་ཁ་བྲལ་ཕེབས་དགོས་པ་དང་དྲུག
    ༸པཎ་ཆེན་བསྟན་འཛིན་དགེ་འདུན་བཙན་འཁྲིད་དང་ཆབ་སྲིད་ཉེས་བཙུགས་བཙོན་པ་གློད་གྲོལ་མེད་པ་དང་བདུན།
    ༸གོང་ས་མཆོག་རྒྱ་ནག་ནང་གནས་གཟིགས་དང་བོད་ནང་གཟིགས་སྐོར་བཀག་པ་དང་བརྒྱད།
    ཞི་བའི་གྲོས་མོལ་བཏོན་པ་ཨ་དབུས་ཁམས་གསུམ་ཆེ་མཐོའི་རང་སྒྱོང་ལྗོངས་ངོས་ལེན་མེད་པ་དང་དགུའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme