Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་ལྡན་ཕོ་བྲང་དམངས་གཙོའི་གཞུང་གི་བཀའ་ཟུར་རྣམ་པའི་ཚོགས་འདུ།

Posted on 2008-09-23 By དབང་ཕྱུག་ 13 Comments on དགའ་ལྡན་ཕོ་བྲང་དམངས་གཙོའི་གཞུང་གི་བཀའ་ཟུར་རྣམ་པའི་ཚོགས་འདུ།

དགའ་ལྡན་ཕོ་བྲང་དམངས་གཙོའི་གཞུང་གི་བཀའ་ཟུར་རྣམ་པའི་ཚོགས་འདུ།

ཁ་སང་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་རྒྱབ་ནས་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ཚོ་རྡ་རམ་ས་ལའི་འདབས་འབྲེལ་དུ་རྟེན་གཞི་བྱས་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཛོམས་ནས་བཀའ་ཟུར་རྣམ་པའི་ཚོགས་འདུ་ཞིག་ཚོགས་མགོ་བརྩམས་ཡོད་པ་དང༌། ད་རེས་ཀྱི་ཚོགས་འདུ་འདིར་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་འགྲུབ་སོགས་བཀའ་ཟུར་བཅུ་གསུམ་ལྷན་འཛོམས་བྱུང་ཡོད་པ་རེད།
འདི་ནས་ཤེས་རྟོགས་བྱུང་བ་ལྟར་ན། བཀའ་ཟུར་ཚོའི་ཚོགས་འདུ་འདི་ནི། ཟླ་བ་སྔོན་མའི་ནང་གྲ་སྒྲིག་གོ་བསྡུར་བྱས་འབྲེལ། དེ་རིང་ནས་ཚོགས་འདུ་དངོས་གཞི་འཚོགས་ཀྱི་ཡོད་པ་དང༌། དེ་ནི་བཀའ་ཟུར་ཚོའི་ངོས་ནས་སྤྱིར་བོད་དོན་གཉན་འཕྲང་གི་དུས་སྐབས་དང༌། སྒོས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་ཞུ་ཕྱོགས་གཙོ་བོར་བཞག་པའི་བརྗོད་གཞི་དོན་ཚན་བདུན་ཐོག་གྲོས་བསྡུར་ཟབ་ནན་དང་འབྲེལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རང་གཞུང་ལ་བསམ་ཚུལ་སྙན་གསེང་ཞུ་རྒྱུ་ཡིན་འདུག ཚོགས་འདུའི་ཡིག་ཆའི་མགོ་བརྗོད་དུ་༼དགའ་ལྡན་ཕོ་བྲང་དམངས་གཙོའི་གཞུང་གི་བཀའ་ཟུར་རྣམ་པའི་ཚོགས་འདུ༽ཞེས་བཀོད་འདུག
ད་རེས་ཀྱི་བཀའ་ཟུར་ལྷན་འཛོམས་འདིས། རྒྱ་ནག་གཞུང་ནས་དོན་དམ་གྱི་བསམ་ཤེས་བྱེད་པའི་དཔང་རྟགས་མ་བྱུང་བར་བོད་རྒྱ་ཞི་མོལ་མུ་མཐུད་གནང་ནས་ཕན་ཐོགས་ཡོད་མེད་དང༌། གཞིས་ལུས་རྒྱ་ཆེའི་མང་ཚོགས་ནས་ལུས་སྲོག་འཕང་མེད་དུ་བཏང་སྟེ་ཁོང་ཚོའི་རེ་འདུན་གསལ་སྟོན་བྱེད་བཞིན་པ་རྣམས་བློ་ཤས་སུ་མི་འགྲོ་བའི་ཐབས་ཚུལ་ཇི་དགེའི་སྐོར་སོགས་གྲོས་གཞི་དོན་ཚན་བདུན་གྱི་ཐོག་བགྲོ་གླེང་གནང་བཞིན་ཡོད་པ་དང༌། དེ་ཡང་གྲོས་གཞི་དོན་ཚན་བདུན་དང༌། དེ་འབྲེལ་གྲོས་གཞིའི་ཟུར་འཛར་ཡིག་ཆ་དང་བོད་རྒྱའི་གནས་སྟངས་སྐོར་གྱི་འབྲེལ་ཡོད་ཡིག་ཆ་ཁག་བཅུ་དགུ་ཕྱོགས་བསྒྲིགས་ཀྱིས་བགྲོ་གླེང་ཞིབ་རྒྱས་གནང་བཞིན་ཡོད་པ་དང༌། ཡིག་ཆ་དེ་དག་གི་ནང༌། བོད་དང་རྒྱ་ནག་ཕྱོགས་གཉིས་ཀྱི་ཡིག་ཆའི་སྙིང་དོན་ཁག་གཅིག་ཕྱོགས་བསྡུས་དང༌། ཕྱི་ཟླ་ ༣ ནང་རྒྱ་གར་ནང་གནས་སྡོད་བཀའ་ཟུར་ཐུན་མོང་ནས་ཉིན་བོད་གཞུང་བཀའ་ཤག་ལ་ཕུལ་བའི་བསམ་གྲོས་ཞིབ་བསྡུར་ཚིག་ཐོ་དང༌། ཕྱི་ཟླ་ ༤ པའི་ནང་རྡ་སར་གནས་སྡོད་བཀའ་ཟུར་ཐུན་མོང་ནས་བཀའ་ཤག་ལ་ཕུལ་བའི་སྙན་ཞུ་བཅས་ཆེད་འགྲེམས་བྱས་ཡོད་པ་བཅས་ཀྱི་གསར་གནས་སུ།

གསར་འགྱུར།

Post navigation

Previous Post: ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།༼བོད་འབྱོར་རྩོམ་ཡིག༽
Next Post: དེབ་གཉིས་ལས་འཕྲོས་པའི་ཚིག་འགའ།

Comments (13) on “དགའ་ལྡན་ཕོ་བྲང་དམངས་གཙོའི་གཞུང་གི་བཀའ་ཟུར་རྣམ་པའི་ཚོགས་འདུ།”

  1. ལྕགས་རྒྱ་འགྲམ་ནག says:
    2008-09-23 at 6:16 am

    ཚོགས་འདུའི་མིང་རྫིག་པོ་ཙམ་བཏགས་པ་ཁོ་ན་རེད། རྒྱ་བོད་འབྲེལ་མོལ་ཟེར་བ་འདི་ ༢༠༠༠ ཚུན་ནས་གསར་དུ་ཚུགས་པ་དེ་འདྲ་ཞིག་མ་རེད། རྒྱ་མིའི་གཡོ་སྒྱུ་མ་ཤེས་པར་འབྲེལ་མོལ་འདིའི་ཐོག་ལ་དང་པོ་ནས་མགོ་འཁོར་ཏེ་སྡོད་མཁན་རྒྱ་ལོ་དང་དེའི་ཕྱོགས་གཏོགས་བཀའ་ཟུར་རྣམས་རེད། དེ་ཚོའི་གྲས་སུ་འཇོན་པོ་རྒོད་པོ་ཅང་མེད་པ་གྲོགས་པོའི་གཏམ་ཟེར་བའི་གཤམ་དུ་མཆན་ཞིག་བཀོད་ཚར།

    དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་ན་དེ་ལ་ཚོགས་འདུ་འཚོགས་དགོས་དོན་མེད་པར། གཞིས་ལུས་མང་ཚོགས་ཀྱིས་རྒྱ་ནག་དང་མཉམ་དུ་འདུག་སྡོད་མེད་པ་ད་ལོ་གསལ་བོར་བསྟན་ཚར་བ་རེད། ད་ག་རེའི་ཐོག་ལ་ཚོགས་འདུ་འཚོགས་ཀྱི་ཡོད་རེད། ཁ་ཤས་ཀྱིས་ཁ་སྔོན་བཙན་བྱོལ་གཞུང་ལ་སྒོར་མོ་ཡོད་མེད་ཀྱི་སྐད་ཆ་བཤད་སོང་། དམིགས་བསལ་ཚོགས་འདུ་འདིའི་ཚོགས་ཞུགས་པ་ཚང་མའི་ལམ་གླ་དང་ཁང་གླ་སོགས་འགྲོ་སོང་སུས་གཏོང་གི་ཡོད་པ་རེད།

    རྒྱལ་བ་རིན་པོ་ཆེར་རྒྱ་མིའི་ཐོག་འདི་འདྲའི་རེ་བ་ཆེན་པོ་ཞིག་ཡོད་པ་དེ་གང་ནས་བྱུང་བ་རེད་དམ། སྟག་འཚེར་རིན་པོ་ཆེ་སྐུ་འབུམ་དུ་བཞུགས་དུས་རྒྱ་མིའི་རང་བཞིན་ངོ་མ་ཤེས་ཡོད་པས་ཁོས་རྒྱ་མིའི་ཐོག་ལ་རེ་བ་ནམ་ཡང་བརྒྱབ་མེད། རྒྱ་ནག་གིས་ཆབ་སྲིད་ཀྱི་ལྷིང་འཇགས་གཙོ་བོར་བཟུང་སྟེ། བོད་ལ་ནམ་ཡང་ཡིད་ཆེས་བྱེད་ཀྱི་མ་རེད། དེང་སང་བོད་ནང་གི་འགོ་འཁྲིད་ཚོས་ཐ་ན་བོད་ཡིག་གལ་ཆེན་པོ་བྱེད་དགོས་ཀྱི་འདུག་ཅེས་ཚོགས་ཐོག་ནས་བཤད་མི་སྤོབས་པའི་ཚད་ལ་སླེབས་ཡོད་པ་རེད། འབའ་པ་ཕུན་དབང་ནི་ ༡༩༥༡ གོང་ནས་རྒྱ་དང་མཉམ་འབྲེལ་བྱེད་དགོས་པའི་བསམ་སྤྱོད་འཛིན་མཁན་ཞིག་ཡིན་པ་ལྟར། ཁོ་ལ་དེང་སང་རྒྱ་མིས་སྣང་མེད་རེད། རྒྱ་མིར་མཁོ་བ་ནི་ང་ཕོད་ལྟ་བུའི་ལོ་རྒྱུས་འཁྱོག་བཤད་དང་། པཎ་ཆེན་ལྟ་བུའི་བླ་སྤྲུལ་ཚོ་རེད།

    ཟམ་གདོང་གིས་ཉེ་ཆར་རྒྱ་མིའི་རྩ་ཁྲིམས་ལ་བཟོ་བཅོས་བརྒྱག་མི་དགོས་པའི་ཐོག་ནས་རྒྱ་གཞུང་གིས་ཉིན་མ་གཅིག་གི་ནང་ལ་བོད་དོན་ཐག་གཅོད་ཐུབ་ཀྱི་རེད་ཅེས་བཤད་སོང་། སྐད་ཆ་འདིའི་ནང་དོན་ནི་མི་རིགས་རང་སྐྱོང་གི་སྲིད་ཇུས་ཚུལ་བཞིན་དུ་ལག་བསྟར་བྱེད་དགོས་ཞེས་སྲིད་ཇུས་ལག་བསྟར་ཙམ་གྱི་སྐད་ཆ་རེད། དེ་ནས་བོད་རིགས་ཡོངས་རྫོགས་ཟླ་སྒྲིལ་གྱི་སྐད་ཆ་ཞིག་རེད། འདིའི་ལྷག་མེད་པ་འདྲ།

    སེམས་ཀྱི་ན་ཚ་ག་རེ་འདུག་ཟེར་ན། གཞིས་ལུས་མི་དམངས་ཀྱི་བློ་ཕམ་དེ་རེད། ད་བར་དུ་ཕྱི་རྒྱལ་ནས་འབྲུག་གྲགས་གྲགས་བྱས་པ་དེ་མཐའ་མར་འབབ་ས་སྲིད་ཇུས་ལག་བསྟར་གྱི་ཐོག་ལ་ཡིན་པ་འདི་རེད། ད་ལོག་འགྲོ། སྔ་ཕྱི་མ་གཏོགས་ཏང་གི་སྐར་ལྔའི་དར་དམར་འོག་ལ་འགྲོ་རྒྱུ་གསལ་བོ་རེད། རང་བཙན་དགོས་ཞེས་ངར་སྐད་འཐེན་ན་དེ་ཡང་ས་སྟོང་ང་བོའུ་སྟོང་རེད། དང་པོ་ནས་རེ་བ་མེད་ས་ནས་རེ་བ་བསླངས་པ་དེས་ང་ཚོ་ལ་གྱོང་གུད་ཆེན་པོ་ཐེབས་འདུག བསླུ་བྲིད་འདིའི་འོག་ལ་མགོ་འཁོར་ནས་བསྡད་ན་མི་ཚེ་སྟོང་ཟད་རེད།

  2. དུས་ཀྱི་ཕོ་ཉ། says:
    2008-09-23 at 11:26 am

    འདི་ནི་དོན་བཟང་ཞིག་གི་མགོ་རྩོམ་པ་མིན་འགྲོ་བསམ་གི་འདུག
    བཀའ་ཟུར་རྣམ་དང་བཀའ་བློན་རྣམ་ལ་འང་མི་མང་ལས་ལྷག་པའི་སྙིང་སྟོབས་དང་རྒྱལ་ཞེན་ཆེ་དགོས་པ་གལ་ཆེན་པོ་རེད་བསམ་གི་ འདུག

  3. ཟུར་ལྟ། says:
    2008-09-23 at 4:27 pm

    རྒྱ་དོག་པས་ཕུངས། བོད་རེ་བས་ཕུངས་ཟེར་བ་འདི་ཅིས་མ་བདེན། ཡང་བོད་ལྐུགས་པ་ཚོར་རེ་བ་ཞིག་སླེབས་ཚར་འདུག།

    བཀའ་ཟུར་ཚོས་ཁོང་ཚོའི་གོ་སྐབས་རིང་ལ་བོད་དོན་བསྒྲུབ་ཐུབ་པ་རྣམས་བསྒྲུབས་མེད། ལྐུགས་པ་དེ་ཚོར་རེ་བ་རྒྱག་པ་འདི། ཉིང་གུང་གི་ཉི་མའི་དུས་ཚོད་ལ་གཉིད་ཁུག ལ་ཡོལ་གྱི་ཉི་མ་བརླན་སྐམ་པའི་རེ་བ་བརྒྱབ་པ་འདྲ།

    བྱུང་ན། བོད་མི་ན་གཞོན། སྤྱང་གྲུང་ཅན། ཐོས་རྒྱ་ཆེན་པོ། ཤེས་ཡོན་ཅན། ལྷག་བསམ་ཅན་དེ་ཚོ་རུབ་རུབ་བཟོས་ནས་ཁོང་ཚོར་བློ་འདྲིས་ན་ནོར་མེད། དེ་མིན། བཀའ་བློན་སྤོ་ཏོ་ཅི་ཡང་མི་ཤེས་ཅན་རྣམས་ཞུགས་གྲལ་ལ་བཞག་ནས་བློ་འདོན་དགོས་ཟེར་ན་ལྐུགས་པའི་ལས་རེད། རེ་བ་མེད།

  4. kunchok says:
    2008-09-23 at 6:26 pm

    བླ་བྲང་འཇིགས་མེད་ལགས་ནི་བོད་ནང་དུ་བཞུགས་པའི་ཤེས་ཡོན་ཅན་ཞིག་དང་སེམས་ཤུགས་ཡོད་མཁན་ཞིག ད་དུང་གནད་འགག་ལ་ཐུག་ན་རང་སྲོག་ཡན་ཆད་བོད་མིའི་བདེ་དོན་ཆེད་གཏོང་བར་ཕངས་སེམས་མེད་པའི་དོན་གྱི་དཔའ་བོ་ཞིག་ཡིན་པ་གཟུར་གནས་བོད་དོན་དོན་གཉེར་བ་སུས་ཀྱང་སེམས་ཁོང་ན་གསལ་བོ་ཡིན། ཁ་ཉིན་ཁོས་ཨེ་ཤ་ཡའི་རླུང་འཕྲིན་ཁང་གི་བོད་རང་བཙན་སྐོར་ལ་བཅར་འདྲི་དངས་ལེན་སྐབས་༼ཨ་བ་ཐོན་རག་པར་དུ་རལ་བ་བཅད་༽འགྲོ་ས་རེད་ལབ་སོང་། སྐད་ཆ་འདིས་ང་ལ་སེམས་ཁྲལ་འཕར་མ་ཞིག་བསླངས་པར་མ་ཟད་ད་ལྟའི་བོད་ནང་གི་གནས་སྟངས་དེ་རང་རེས་བཤད་པ་ལས་ཀྱང་ཅི་ཙམ་ཇ་དྲག་ཅིག་ཡིན་པ་ཇེ་གསལ་ལ་བཏང་སོང་། མ་ཟད་ཁོའི་སྐད་ཆའི་ཤུགས་ལ་བོད་དོན་འདི་ད་དུང་འདིའི་མུར་ལོ་མང་བཞག་ན་མཐའ་མཇུག་རང་རེར་ཅི་ཡང་ལྷག་ཡ་མེད་པ་བསྟན་སོང་ལ། མྱུར་ཏུ་གང་དགའ་ཅི་ལེགས་ཀྱི་ཐབས་ཤེས་ཤིག་འཐེན་དགོས་པའི་རེ་བའང་ཞུ་སོང་། ཁ་ཤས་ཀྱིས་ད་ནས་རང་བཙན་མ་གཏོགས་གཞན་འདེམས་ཀ་མེད་ཟེར་ན། དམིགས་ཡུལ་འདི་འགྲུབ་པར་ད་དུང་ལོ་ཅི་ཙམ་འགོར་གི་རེད། གལ་ཏེ་ལམ་འདིར་མགྱོགས་ལམ་ཞིག་མེད་ན་གུང་ཁྲན་གྱིས་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་མེད་བརླག་ལ་གཏོང་གིན་འདུག་པས་ད་ཅི་བྱེད། མི་རིགས་རིག་གཞུང་དང་བཅས་པ་བརླག་པའི་རྗེས་ལ་རང་བཙན་ཐོབ་ཡ་ཕར་ཞོགས་དེ་གླེང་མཁན་ཡང་ཡོད་པ་མ་རེད། འདི་ལྟར་བསམ་བློ་བཏང་ཡོང་དུས་རང་རེ་ཕྱི་ལོག་ནས་ནང་ཁུལ་གཅིག་གཅིག་ལ་འདི་བྱས་མ་སོང་དེ་འགྲིག་མ་སོང་ཟེར་ནས་སྡོད་རེམ་མིན་པར་གནའ་ནས་བོད་དགྲ་ཁུངས་ཡིན་ཟེར་བ་འདི་ཁས་མ་བླངས་པའི་ཐོགས་ནས་བོད་ལ་ལོག་ཐབས་བྱེད་པའི་ཐབས་ལམ་དབུ་མ་འདི་མ་བཏང་ན་དགའ་ཡོང་དྲན་གི། དེ་འདྲ་ཞིག་བྱུང་བ་ཡིན་ན་མ་འོངས་པའི་མི་རབས་རྗེས་མའི་ལམ་ཁ་བཀག་ཡོད་མ་རེད་ལ་རང་ཡུལ་ནས་རིག་གཞུང་སྲུང་སྤེལ་བྱེད་བཞིན་གོ་སྐབས་གཞན་ཞིག་ལ་ཡང་བསྒུག་ཆོག་གི་མ་རེད་དམ། །

  5. kunchok says:
    2008-09-23 at 9:48 pm

    ཡང་ཟུར་ལྟ་སོགས་ལ་འདི་བཤད་འདོད་བྱུང་། བོད་ལྐུགས་པ་དང་བཀའ་ཟུར་སྤོ་ཏོ་རྣམས་ཀྱིས་བྱེད་ཐུབ་པའི་ལས་དོན་མང་བོ་ཞིག་མ་བྱས་པར་ལྷག་གི་བཅུག་རབས་ཟེར། ངས་བལྟས་ན་ལས་དོན་ལམ་ལྷོང་མ་བྱུང་བ་དེ་འདྲ་ཡོད་སྲིད་པ་ལས་བསམ་བཞིན་མ་བྱས་པའམ་ལྷག་གི་བཅུག་བཞག་པ་དེ་འདྲ་ཨེ་ཡོད། ཡོད་ན་དངོས་གནས་བོད་མི་མང་ལ་བསམ་གནག་རང་རེད། དེའི་རིགས་སྦོམ་བཤད་ཙམ་བྱས་ནས་འཇོག་མི་ཉན་པར་རེ་རེ་ནས་ཐར་འདོན་དང་ཕྱི་གསལ་ནང་གསལ་གྱིས་མ་འོངས་པར་དེའི་རིགས་མི་ཡོང་ཆེད་གཙང་མ་བཟོ་ཡ་གལ་ཆེན་པོ་རེད། གནས་ལུགས་དང་ལྟ་བ་བཤད་ཡ་མེད་པར་རང་དགའི་བབ་ཅོལ་ཡིན་ན་ནི་ཡག་པོ་མ་རེད་ལ། ཆོས་ནས་བཤད་ན་ལས་འབྲས་དང་འཇིག་རྟེན་མི་ཆོས་ནས་བཤད་ན་ཡ་རབས་ཀྱི་སྐད་ཆ་མིན་པ་མ་ཟད་དྲིན་ཆེན་ལ་དྲིན་ལོག་རང་རེད། ངས་ནི་ནམ་ཡིན་ཡང་རང་རེ་ཨུ་ཐུག་ཐབས་ཟད་འདི་འདྲར་ལྷུང་བའི་ངན་ཁག་དགྲ་ལས་རང་རེའི་མི་ཐོག་འདིའི་བྱས་ཉེས་ཤིག་ལ་ནམ་ཡང་མཐོང་གི་མི་འདུག ད་ནི་རྒན་པ་རྣམས་ལ་ཁའི་ཉི་མ་རེད། གཞོན་པ་རྣམས་ལ་བཀོད་པ་དང་ཐབས་ཤེས་མ་འདྲ་བ་རེ་ཡོད་ན་འཐེན་ཆོག་ཆོག་རེད། །

  6. མགོན་པོ་ཕྱག་གཉིས་པ། says:
    2008-09-23 at 9:50 pm

    ང་ཚོའི་བོད་དོན་འདི་བྱིས་པའི་རྩེད་མོ་ལྟ་བུ་ཞིག་མིན་པས་བསམ་བློ་གཟབ་ནན་གཏོང་དགོས་པ་ཞིག་རེད། ད་ལྟ་རང་བཙན་དགོས་ཟེར་མཁན་ཇེ་མང་དང་ཇེ་མང་རེད། ཕལ་ཆེར་རྒྱུ་མཚན་ཞིག་ཡོད་རྒྱུ་རེད།
    རང་གི་དགའ་ཕྱོགས་འདོད་ཕྱོགས་ཀྱི་དབང་དུ་ཤོར་ནས་རང་བཙན་དགོས་ཟེར་གྱི་ཡོད་ན་དེ་ནོར་འཁྲུལ་རེད། རྒྱ་མིས་ད་བར་དབུ་མའི་ལམ་ལ་ཡ་བྱེད་ཀྱི་མི་འདུག་ཟེར་ནས་སེམས་ཤུགས་ཆགས་ཏེ་རང་བཙན་འདེམས་ཀྱི་ཡོད་ན་དེ་ཡང་ནོར་འཁྲུལ་རེད། མ་མཐའ་ཡང་རང་བཙན་ལ་རེ་བ་ཡོད་པའི་རྒྱུ་མཚན་གང་མཚམས་ཡོད་དགོས་པ་དང་། དེ་ཡང་རོབ་ཚོད་ཀྱིས་ལོ་ག་ཚོད་ཅིག་དགོས་ཀྱི་འདུག་ཕྱོགས་ཙམ་ཤེས་པ་དང་གདེང་ཚོད་གང་ཙམ་ཡོད་པའི་ཐོག་ནས་ལམ་དབུ་མ་ལས་རང་བཙན་འདེམས་ན་ཡག་ག་ཡོད་པ་ཤེས་པའི་ཐོག་ནས་རང་བཙན་འདེམས་པ་ཡིན་ན་ངས་རྒྱབ་སྐྱོར་བྱེད་ཆོག ཡང་ན་ཁྱེད་ཚོས་རང་བཙན་རྩོད་པ་ཡིན་ན་རང་སྐྱོང་ཞོར་དུ་ལག་པའི་ནང་ཡོང་གི་རེད་བསམ་གྱི་ཡོད། ཕྱོགས་གཅིག་ནས་ཕར་ཐེ་ཝན་ལ་གཅིག་ལྟོས། ཅིའི་ཕྱིར་ཁོ་ཚོར་ད་རུང་རང་བཙན་རག་གི་ཡོད་མ་རེད། རྒྱལ་ཁབ་སུ་གང་ནས་དེ་ལ་རྒྱབ་སྐྱོར་མི་བྱེད་པའི་རྒྱུ་མཚན་ཅི་རེད། སྤྱིར་བཏང་བོད་ཀྱི་གནས་སྟངས་དང་བསྡུར་ན་མ་འདྲ་ས་ཏན་ཏན་ཡོད་རྒྱུ་རེད། ཡང་ཕྱོགས་གཞན་ཞིག་ནས་ཀོ་སོ་ཝོ་ལྟ་བུར་རང་བཙན་ཐོབ་པ་རེད། ཅིའི་ཕྱིར་ང་ཚོར་རང་བཙན་འཐོབ་གི་མ་རེད། ཅིའི་ཕྱིར་འདིའི་རྒྱབ་ལོགས་སུ་གནས་ལུགས་མ་འདྲ་བ་མང་པོ་ཞིག་ཉལ་བསྡད་ཡོད་པ་རེད་སྙམ།

  7. དུས་ཀྱི་ཕོ་ཉ། says:
    2008-09-23 at 10:58 pm

    མ་གཞི་མི་རིགས་ཀྱི་གནད་དོན་དང་རྒྱལ་ཁབ་ཀྱི་དོན་དག་དེ་དེ་འདྲ་གི་ལས་སླ་བོ་ཞིག་ག་ལ་ཡིན།
    ཚང་མས་ཁ་ནས་སྐད་ཆ་སྤོམ་པོ་བཤད་མ་བཤད་ཡོད་ནི་མ་རེད། གཙོ་བོ་བོད་དོན་དེ་ཡག་ས་ཞིག་ལ་ཨེ་འགྲོ་གི་ལམ་ཀ་འཚོལ་རྒྱུ་རེད་མ་གཏོགས་གཅིག་གིས་གཅིག་ལ་ཁྱོས་ཅང་འཇོན་ནི་མ་རེད། ང་ཚོ་བོད་པས་ཅང་ཐུབ་ནི་མ་རེད་ཟེར་ནས་བསྡད་ན་ང་ཚོར་ཅི་ཞིག་རེག་གི་རེད་དམ། དེ་ལས་ཚང་མས་བློ་ཁ་ནང་དུ་ཕྱོགས་ནས་ལྷག་བསམ་རྣམ་དག་གིས་ཐབས་ཤེས་ཤིག་འཐེན་རན་མ་ཡིན་ནམ།

  8. ཟུར་ལྟ།། says:
    2008-09-24 at 11:04 am

    གོང་ལ་དཀོན་མཆོག་གིས་ཟུར་ལྟ་ལ་གལ་ཏེ་ང་ཚོ་དངོས་གནས་བཀའ་བློན་རྣམས་ཀྱིས་བསམ་བཞིན་དུ་མ་བྱས་ན་གསལ་སྟོན་བྱེད་དགོས་པའི་སྐོར་བཤད་འདུག འདི་གུས་ནས་གསལ་བཤད་བྱེད་ཆོག ད་བར་ལ་བཀའ་ཟུར་དེ་ཚོས་སོ་སོའི་ཆོལ་ཁ་དང་སྡེ་པའི་དོན་ཆུང་དེ་ཚོར་མགོ་བོ་འཁོར་ནས་བོད་ཀྱི་དོན་ཆེན་བློས་བཏང་རྐྱང་བྱས་ཡོད། དཔེ་བཞག་ཆོག འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཀའ་བློན་ཡིན་དུས། ཁམས་པ་དང་ཁམས་པའི་ཤོག་ཁག་དེ་དག་དབང་འཛིན་པར་བསྐོ་གཞག་བྱ་རྒྱུ་དང་། ཨ་མདོ་དང་དབུས་གཙང་གི་མི་ལ་དགྲ་མཐོང་མཐོང་བྱས་ནས་བསྡད་པ་རེད། དེ་བཞིན་ཨ་ལགས་འཇིགས་མེད་བཀའ་བློན་ཡིན་དུས། ཨ་མདོ་གསར་འབྱོར་བ་དེ་ཚོའི་འགྲོ་སྟངས་བཟོས་མ་འཚར་བར་བསྡད་ནས། བོད་སྤྱི་པའི་སྐོར་ལ་དུས་ཚོད་གཏོང་ཡས་མེད་པར་བསྡད་པ་རེད། དེ་བཞིན་ཞེ་བོ་བློ་བཟང་དར་རྒྱས་བཀའ་བློན་ཡིན་དུས། སྐུ་དྲག་རྙིང་པ་ཚོར་བསྡོད་ཁང་སྤྲོད་ཡས་དང་། ཁོང་ཚོར་ལས་ཀ་བཀོད་སྒྲིག་བྱེད་རྒྱུ་དེ་ཚོར་ཤུགས་བརྒྱག་ནས། སྐུ་དྲག་དེ་ཚོའི་མདུན་ལམ་ལ་བསམ་བློ་བཏང་ནས་བསྡད་པ་མ་གཏོགས་བོད་སྤྱི་པར་ཕན་ཐོགས་མཁན་གྱི་མི་ཞིག་གི་དོན་དུ་སྐད་ཆ་ཚིག་གཅིག་བཤད་མྱོང་མེད། བཀའ་བློན་རྙིང་པ་དེ་ཚོའི་ནང་ནས་དྲག་ཤོས་དེ་རྒྱ་ལོ་དོན་སྒྲུབ་ལགས་བྱུང་སོང་། ཁོང་གིས་ཤེས་ཡོན་ཅན་རྣམས་བོད་གཞུང་གི་ནང་ལ་སླེབས་ཐུབ་པའི་སྒོ་ཞིག་ཕྱེ་སོང་། ཁོང་གི་བཀའ་དྲིན་ལ་བརྟེན་ནས། ཚེ་རྒྱམ་དང་། དེ་བཞིན་བོད་མི་ན་གཞོན་ཤེས་ཡོན་ཅན་ཁག་གཅིག་བོད་གཞུང་ནང་ལ་སླེབས་པ་རེད། ཁོང་ཕྱིན་པའི་རྗེས་ལ་ཡང་བཀའ་བློན་ལྐུགས་པ་དེ་ཚོས་ལམ་དེ་བཅད་སོང་། ད་ཆ་བོད་མིའི་ཤེས་ཡོན་ཅན་དང་བསམ་བློ་ཡོད་པ་ཚང་མ་བལ་ཡུལ་དང་ཨ་རི། ཡོ་རོབ་བཅས་ལ་ལྟོ་གོས་འབུད་པ་ཁོ་ན་བྱས་ནས་བསྡད་ཡོད། ངས་བཀའ་བློན་རྙིང་པ་དེ་ཚོར་རྟག་ཏུ་ལྐུགས་པ་ཟེར་གྱི་ཡོད། རྒྱུ་མཚན་མེད་པ་མིན། ཆེན་པོ་བློས་བཏང་། ཆུང་ཆུང་པང་ལ་འཇུས་ནས། གསེར་སྒྲུབ་པའི་མ་རྩ་དེ་རྡོ་ཉོས་ནས་དུས་གདའ་བ་རེད། ད་ལྐུགས་པ་མིན་ན་གང་རས།

  9. ཟུར་ལྟ།། says:
    2008-09-24 at 11:05 am

    གོང་ལ་དཀོན་མཆོག་གིས་ཟུར་ལྟ་ལ་གལ་ཏེ་ང་ཚོ་དངོས་གནས་བཀའ་བློན་རྣམས་ཀྱིས་བསམ་བཞིན་དུ་མ་བྱས་ན་གསལ་སྟོན་བྱེད་དགོས་པའི་སྐོར་བཤད་འདུག འདི་གུས་ནས་གསལ་བཤད་བྱེད་ཆོག ད་བར་ལ་བཀའ་ཟུར་དེ་ཚོས་སོ་སོའི་ཆོལ་ཁ་དང་སྡེ་པའི་དོན་ཆུང་དེ་ཚོར་མགོ་བོ་འཁོར་ནས་བོད་ཀྱི་དོན་ཆེན་བློས་བཏང་རྐྱང་བྱས་ཡོད། དཔེ་བཞག་ཆོག འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཀའ་བློན་ཡིན་དུས། ཁམས་པ་དང་ཁམས་པའི་ཤོག་ཁག་དེ་དག་དབང་འཛིན་པར་བསྐོ་གཞག་བྱ་རྒྱུ་དང་། ཨ་མདོ་དང་དབུས་གཙང་གི་མི་ལ་དགྲ་མཐོང་མཐོང་བྱས་ནས་བསྡད་པ་རེད། དེ་བཞིན་ཨ་ལགས་འཇིགས་མེད་བཀའ་བློན་ཡིན་དུས། ཨ་མདོ་གསར་འབྱོར་བ་དེ་ཚོའི་འགྲོ་སྟངས་བཟོས་མ་འཚར་བར་བསྡད་ནས། བོད་སྤྱི་པའི་སྐོར་ལ་དུས་ཚོད་གཏོང་ཡས་མེད་པར་བསྡད་པ་རེད། དེ་བཞིན་ཞེ་བོ་བློ་བཟང་དར་རྒྱས་བཀའ་བློན་ཡིན་དུས། སྐུ་དྲག་རྙིང་པ་ཚོར་བསྡོད་ཁང་སྤྲོད་ཡས་དང་། ཁོང་ཚོར་ལས་ཀ་བཀོད་སྒྲིག་བྱེད་རྒྱུ་དེ་ཚོར་ཤུགས་བརྒྱག་ནས། སྐུ་དྲག་དེ་ཚོའི་མདུན་ལམ་ལ་བསམ་བློ་བཏང་ནས་བསྡད་པ་མ་གཏོགས་བོད་སྤྱི་པར་ཕན་ཐོགས་མཁན་གྱི་མི་ཞིག་གི་དོན་དུ་སྐད་ཆ་ཚིག་གཅིག་བཤད་མྱོང་མེད། བཀའ་བློན་རྙིང་པ་དེ་ཚོའི་ནང་ནས་དྲག་ཤོས་དེ་རྒྱ་ལོ་དོན་སྒྲུབ་ལགས་བྱུང་སོང་། ཁོང་གིས་ཤེས་ཡོན་ཅན་རྣམས་བོད་གཞུང་གི་ནང་ལ་སླེབས་ཐུབ་པའི་སྒོ་ཞིག་ཕྱེ་སོང་། ཁོང་གི་བཀའ་དྲིན་ལ་བརྟེན་ནས། ཚེ་རྒྱམ་དང་། དེ་བཞིན་བོད་མི་ན་གཞོན་ཤེས་ཡོན་ཅན་ཁག་གཅིག་བོད་གཞུང་ནང་ལ་སླེབས་པ་རེད། ཁོང་ཕྱིན་པའི་རྗེས་ལ་ཡང་བཀའ་བློན་ལྐུགས་པ་དེ་ཚོས་ལམ་དེ་བཅད་སོང་། ད་ཆ་བོད་མིའི་ཤེས་ཡོན་ཅན་དང་བསམ་བློ་ཡོད་པ་ཚང་མ་བལ་ཡུལ་དང་ཨ་རི། ཡོ་རོབ་བཅས་ལ་ལྟོ་གོས་འབུད་པ་ཁོ་ན་བྱས་ནས་བསྡད་ཡོད། ངས་བཀའ་བློན་རྙིང་པ་དེ་ཚོར་རྟག་ཏུ་ལྐུགས་པ་ཟེར་གྱི་ཡོད། རྒྱུ་མཚན་མེད་པ་མིན། ཆེན་པོ་བློས་བཏང་། ཆུང་ཆུང་པང་ལ་འཇུས་ནས། གསེར་སྒྲུབ་པའི་མ་རྩ་དེ་རྡོ་ཉོས་ནས་དུས་གདའ་བ་རེད། ད་ལྐུགས་པ་མིན་ན་གང་རས། །

  10. མགོན་པོ་ཕྱག་གཉིས་པ། says:
    2008-09-24 at 8:28 pm

    འདིར་བཀའ་བློན་རིམ་བྱོན་གྱི་སྐོར་ལའང་ཞལ་འདེབས་ཤིག་བརྒྱབས་ན། བཀའ་བློན་རིམ་བྱོན་ཚང་མ་སྔོན་མ་སྔོན་མའི་རྐང་རྗེས་རྗེས་མ་རྗེས་མས་དེད་དེ་སྟབས་གཟབ་གཟབ་ངང་གོམ་པ་གང་ཡང་མ་འཁྱོར་མ་གཟུར་བར་ལམ་རྙིང་ཞིག་དེད་ནས་ཕྱིན་པ་ལས་བཅོས་བསྒྱུར་སོགས་གང་ཡང་བྱས་མེད་པ་རེད།
    རྒྱལ་ལོ་དོན་གྲུབ་ཀྱི་སྐབས་བོད་གཞུང་གི་སྲིད་སྐྱོང་སྟངས་ལ་བསྒྱུར་བཅོས་ཆེན་པོ་དེ་འདྲ་བྱས་མེད་ནའང་བཀའ་བློན་སྔོན་མ་ཚོའི་སྐབས་བྱེད་མ་ཐུབ་པའི་ལས་ཀ་སྐོར་ཞིག་བྱས་པ་དེས་བོད་སྤྱི་ཚོགས་ནང་སེམས་ཚོར་གསར་པ་ཞིག་སྤྲད་པ་རེད། ལྷག་པར་དུ་གསར་འབྱོར་བ་ཚོར་བཀའ་དྲིན་ཆེན་པོ་རེད། གསར་འབྱོར་བ་ཚོར་ལག་ཁྱེར་བཟོས་པ། གསར་འབྱོར་བ་ཚོ་དམག་མིའི་ནང་གཏོང་ཐུབ་པ། གསར་འབྱོར་བའི་ནང་ནས་ཡོན་ཏན་ཅན་སྐོར་ཞིག་གཞུང་ཞབས་ཁོངས་བླངས་པ་སོགས་དང་། འཛིན་སྐྱོང་གི་ཁོངས་སུ་ཡང་དྲུང་ཆེ་སོགས་བརྗེ་སྤོར་བྱེད་པས་མཚོན་ལས་ཀ་གསར་པ་གང་མཚམས་བྱས་པ་རེད།
    ད་བར་གྱི་བཀའ་བློན་ཚང་མའི་ནང་བོད་མི་དམངས་ཀྱིས་འདེམས་པའི་བཀའ་བློན་དང་པོ་དེ་ཟམ་གདོང་རིན་པོ་ཆེ་རེད་ལ། ལྷག་བསམ་རྣམ་དག་གིས་བོད་གཞུང་དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་མཁན་དེ་ཡང་ཟམ་གདོང་རིན་པོ་ཆེ་རེད། བོད་གཞུང་གི་སྲིད་སྐྱོང་སྟངས་ལ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་མཁན་དེ་ཡང་ཟམ་གདོང་རིན་པོ་ཆེ་རེད། དང་པོ་བཀའ་བློན་གྱི་གྲངས་ཚད་ཉུང་དུ་བཏང་སྟེ་སྔོན་མའི་བཀའ་བློན་བདུན་གྱི་ཚབ་ཏུ་བཀའ་བློན་གསུམ་གྱིས་ཕྱག་ལས་གནང་བ་རེད། གཞུང་ཁོངས་ཀྱི་ཡོང་སྒོ་ཞེ་དྲག་མེད་པ་ཡོད་ནའང་མི་སྒེར་རེ་ཟུང་གི་ཁུག་མའི་ནང་འགྲོ་བཞིན་པའི་ཚོང་སྡེ་དེ་ཚོ་ཚང་མ་སྒེར་བདག་ཅན་དུ་བསྒྱུར་བ། ས་ཞིང་འདེབས་ལས་ཀྱི་སྐོར་བསྒྱུར་བཅོས་བཏང་བ། ཤེས་རིག་སྐོར་ཡར་རྒྱས་བཏང་བ། གཞུང་གི་འཛིན་སྐྱོང་སྐོར་ཚགས་ཚུད་བཏང་བ་སོགས་ཞིབ་བཤད་བྱས་ན་མང་པོ་ཞིག་ཡོད་རེད་སྙམ། དེ་ཚོ་ཚང་མའི་ནང་གཅིག་བྱས་ན་གྲུབ་འབྲས་བྱུང་ཡོད་མེད་གཉིས་ཀ་ཡོད་རྒྱུ་རེད། ཡིན་ན་ཡང་དེ་གནས་ཚུལ་གཞན་པ་ཞིག་རེད། དེ་མིན་བོད་རྒྱ་ཞི་མོལ་སྐོར་ཡང་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་སོང་། རྒྱ་མིས་ཡ་མ་བྱས་ན་དེ་ཁོང་ལ་ཡ་ལ་དཀྲི་རྒྱུ་གང་ཡང་མི་འདུག མ་གཞི་དབུ་མའི་ལམ་དེ་མ་འགྲིགས་ན་ཡང་བོད་མི་དམངས་ཀྱིས་འདེམས་པའི་ལམ་ཀ་རེད། དེ་ལ་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ། བོད་གཞུང་གི་དབུ་མའི་ལམ་ཟེར་ནས་བཤད་ས་མང་པོ་ཡོད་མ་རེད། ཕྱག་ལས་མང་པོ་ཞིག་གནང་ཡོང་དུས་དེ་ལ་སྐྱོན་བརྗོད་མང་པོ་ཞིག་ཀྱང་ཡོང་བ་དེ་ཆོས་ཉིད་རེད། ཡིན་ན་ཡང་འགའ་རེའི་སྐྱོན་བརྗོད་དེ་མདའ་མོ་སྟོང་འཕེན་རེད། གཞི་འཛིན་ས་མེད་པའི་སྐྱོན་བརྗོད་རེད། དེ་ཡིན་ན་དེ་གང་ཟག་ལ་དགའ་མི་དགའི་སྐྱོན་བརྗོད་རེད་ཅེས་བརྗོད་ན་འགྲིགས་སྙམ།

  11. གངས་ཅན། says:
    2008-09-25 at 5:41 am

    ང་ཚོས་བཀའ་བློན་དང་བཀའ་ཟུར་རྣམ་པས་ཅང་མ་འཇོན་པའི་ལོ་རབས་གླེང་སྟེ་ཁ་གཏོང་བ་ལས། ང་ཚོ་རང་ཉིས་ཅི་ཞིག་འཇོན་གྱི་འདུག བྱེད་ཐུབ་པའི་ལས་དོན་གླེང་སྟེ་ཁ་ཕྱོགས་འཚོལ་རན་རེད། བསམ་བློ་མིའི་མཐའ་རུ་སྐོར་བ་ལས་རང་གི་སེམས་མཐའ་སྐོར་དང༌། རང་གི་བྱེད་མི་ཐུབ་རུང༌། བློ་སྒོ་འབྱེད་ཐུབ་པའི་ཇུས་གཞི་གང་མང་ཞིག་འདོན་ཐུབ་ངེས།

  12. ལྕགས་རྒྱ་འགྲམ་ནག says:
    2008-09-25 at 8:22 am

    མགོན་པོ་ཕྱག་གཉིས་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད། ཟམ་གདོང་གིས་བོད་གཞུང་གི་འཛིན་སྐྱོང་ལ་སྟངས་འཛིན་བྱས་པ་ནས་བཟུང་། མི་སྒེར་ཤེད་ཅན་མང་པོ་ཞིག་ཁོམ་ཏུ་བཅུག་སོང་། ཟམ་གདོང་མིན་རྒྱུ་ན། བཀའ་ཟུར་དེ་ཚོའི་ཁོངས་སུ་རྒྱ་བོད་གྲོས་མོལ་གྱི་བར་ལ་འཛུལ་མཁན་མང་པོ་ཡོང་སྲིད། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཆད་བསྡད་པའི་སྐབས་སུ། ༡༩༩༦ ལོར་འཇུ་ཆེན་རྒྱ་ནང་ལ་སོང་ནས་འཐབ་ཕྱོགས་གཅིག་གྱུར་ལ་ཐུག་པ་རེད།

    ཟམ་གདོང་གིས་རྒྱ་བོད་ཀྱི་འབྲེལ་ལམ་འདིའི་ངོ་བོ་གཞུང་འབྲེལ་དུ་བསྒྱུར་སོང་། རྒྱ་བོད་འབྲེལ་མོལ་ལ་གྲུབ་འབྲས་བྱུང་ན་མ་བྱུང་ན། ད་ཆ་དེ་གཞུང་འབྲེལ་གྱི་ངོ་བོར་བསྡད་ཡོད། བཀའ་ཟུར་ཚོའི་ནང་དུ་རྒྱ་བོད་འབྲེལ་མོལ་གྱི་ནང་དོན་གསང་བ་དམ་ཚགས་ཡིན་པའི་ཐད་ལ་སྐྱོན་བརྗོད་བྱེད་མཁན་ཡོད། འདི་ལ་ཧ་ལས་ཡ་གང་ཡང་མེད། སྔར་རྒྱ་ལོའི་སྐབས་སུ་རྒྱ་བོད་འབྲེལ་མོལ་གྱི་ནང་དོན་ལོ་བཅུ་བཞིའི་རིང་གསང་བ་བྱས་པའི་མཐའ་མར་ ༡༩༩༣ ལོའི་སྤྱི་ཟླ་ ༩ བའི་ནང་དུ་དེ་ལ་རེ་བ་མེད་པ་དང་གྲུབ་འབྲས་མ་བྱུང་བ་གསལ་བསྒྲགས་བྱས་པ་རེད། རྩིས་ནོར་འདི་ཇི་ལྟར་འགོ་ཚུགས་པའི་སྐོར་ལ་སྐབས་དེར་དམངས་གཙོ་ཚགས་པར་ཐོག་འཁྲུལ་སྣང་ཞིག་གི་མཐའ་མཇུག་ཅེས་པའི་རྩོམ་ཡིག་དེ་ཐོན།

    ཡིན་ནའང་དེ་ནི་འཁྲུལ་སྣང་གི་མཐའ་མཇུག་ཏུ་མ་གྱུར་བར་རྒྱ་བོད་འབྲེལ་མོལ་ལ་བོད་གཞུང་གིས་མུ་མཐུད་དུ་རེ་བ་བརྒྱག་བཞིན་ཡོད། བླ་བྲང་ཨ་ཁུ་འཇིགས་མེད་ཀྱིས་གསུངས་པ་ལྟར། ༼ཨ་བ་ཐོན་རག་པར་དུ་རལ་བ་བཅད་༽འགྲོ་བས་བོད་ནང་གི་བོད་མིའི་བདེ་སྡུག་ལ་བསམ་བློ་བཏང་སྟེ། བོད་དུ་གང་མགྱོགས་ལོག་ཐུབ་རྒྱུར་རེ་བ་བརྒྱག་གི་ཡིན། རང་བཙན་མ་འདོད་པ་མིན། བཙན་བྱོལ་ནས་བོད་རང་བཙན་ཇི་ལྟར་ལེན་རྒྱུ་ཡིན་ནམ།

    རྒྱ་ལོའི་སྲས་ཀྱིས་ཉེ་ཆར་སྤྱི་འཐུས་འཚོགས་སར་ད་ནས་བཟུང་ང་རང་བོད་རང་བཙན་གཙང་མའི་ལམ་དུ་ཤར་སྐྱོད་བྱེད་རྒྱུ་ཡིན། དེ་རྒྱུ་མཚན་མེད་པར་བཤད་པ་མིན། སྔོན་བརྒྱད་བཅུ་གྱ་གྲངས་ནས་༧གོང་ས་མཆོག་གིས་རྒྱ་ནག་གི་མགོ་ཁྲིད་ཚོའི་སྐད་ཆར་ཉན་དུ་སོང་གསུངས་ཏེ། ཕ་ལགས་དང་ངེད་གཉིས་རྒྱ་ནག་ཏུ་ཐེངས་མང་སྐྱོད་ཅིང༌། ད་ལྟའི་སྲིད་འཛིན་ཧུའུ་སོགས་མཐོ་རིམ་མགོ་ཁྲིད་ཚོར་ཐུག་འཕྲད་བྱུང་སྟེ། རྒྱ་ནག་གི་མགོ་ཁྲིད་ཚོས་བཤད་སྟངས་སྤྱོད་སྟངས་ཚང་མ་སྐྱག་རྫུན་དང་མགོ་སྐོར་ཡིན་པ་གསལ་བོ་ཆགས་སོང༌། ཞེས་བསྒྲགས་སོང་།

    རྒྱ་མི་སྐྱག་རྫུན་ཡིན་པ་ད་རེས་ཧ་གོ་བ་དེ་འདྲ་མ་རེད། ༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་ནི་རྒྱ་མི་གྲོས་འཆར་དོན་ཚན་བཅུ་བདུན་གྱི་ཚིག་ཐོག་ལ་མི་གནས་པའི་སྐྱག་རྫུན་ཧ་གོ་ནས་རེད་མ་གཏོགས་རྒྱུ་མཚན་གཞན་པ་གང་ཡིན་ནམ། བོད་ཀྱི་ཕྱི་ནས་རྔ་བརྡུང་སྟེ་བོད་ནང་གི་མི་ལ་འཆམ་བརྒྱག་ཏུ་འཇུག་པ་འདི་རྒྱུ་འབྲས་དང་མཐུན་པ་ཞིག་མ་རེད།

  13. ལྕགས་རྒྱ་འགྲམ་ནག says:
    2008-09-25 at 8:29 am

    གསལ་བཤད། འཇུ་ཆེན་སྒེར་ངོས་ནས་འཐབ་ཕྱོགས་གཅིག་གྱུར་ལ་ཐུག་པ་རེད། དེ་ནང་བཞིན་དེང་སང་ཡུ་རོབ་ཁུལ་ན་འདི་ལྟར་སྒེར་ངོས་ནས་བོད་གཞུང་གི་མི་ཡིན་མདོག་གིས་འཐབ་ཕྱོགས་གཅིག་གྱུར་ལ་ཐུག་མཁན་བྱུང་བར་བརྟེན། ཡར་སྔོན་སུད་སིའི་བོད་རིགས་ཚོགས་པས་དེ་བཀག་འགོག་གི་ཡིག་ཆ་བཀྲམས་དགོས་གྱུར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme