Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཞུར་འོངས་པའི་སྙན་ངག

Posted on 2014-05-292014-05-30 By ཡེ་ཤེས་ 11 Comments on བཞུར་འོངས་པའི་སྙན་ངག

ཀླུ་སྨྱོན།

སེམས་ཀྱི་ནགས་ཀློང་འདི་ཡི་ཕ་མཐའ་ན། །
སངས་རྒྱས་ཞེས་བྱའི་བྱིས་པ་བསམ་མེད་ཅིག །
རེས་འགར་ངུ་ཞིང་རེས་འགར་དགོད་པ་སྟེ། །
རྣམ་རྟོག་ཨ་མས་བཙལ་ཀྱང་མ་རྙེད་མཚར། །

རྣམ་རྟོག་པུར་སྨྱུག་ཅིག་གི་གཡོ་འགུལ་ལས། །
བདེ་སྡུག་རི་མོ་ཅི་ཡང་བྲིས་མོད་ཀྱང་། །
ཞིབ་ཏུ་བསམས་ན་གཞི་མེད་རྩ་བྲལ་ཏེ། །
སྨིག་སྒྱུའི་ཆུ་ལྟར་འཐུང་བཞིན་འཐུང་བཞིན་འཆི། །

བུད་མེད་ཅེས་བྱ་སྒྱུ་མའི་མཛེས་སྡུག་མཁན། །
སྐྱ་སེར་ཀུན་གྱི་སྙིང་ལ་རབ་བཞུགས་པ། །
རང་བྱུང་སངས་རྒྱས་ཞེས་བྱ་འདི་ཡིན་ལ། །
སེམས་ཀྱི་གནས་ལུགས་ཀྱང་ནི་འདི་ཡིན་ནོ། །

འཆི་བ་ཞེས་བྱ་རང་གི་མགྲོན་ཁང་སྟེ། །
སྤུས་གཙང་ཞིག་དང་གོང་ཚད་ཁེ་བོ་ཞིག །
ཡིན་མིན་དྲི་བ་འདི་དག་རང་ལ་དྲིས། །
ཞག་གཅིག་སྡོད་མིན་སེམས་ཐག་རང་གིས་ཆོད། །

ཐད་སོའི་ནམ་མཁའ་དེ་ལ་ཕར་ལྟོས་དང་། །
རང་སེམས་གསལ་བའི་མེ་ལོང་ཆེན་པོ་ཞིག །
སྐྱེས་ཙམ་ཉིད་ནས་ཨ་མའི་མིག་འོད་བཞིན། །
ཁྱོད་ལ་བསྒུགས་ནས་ཡོད་པ་མི་མཐོང་ངམ། །

རི་བོ་སྨུག་པས་གཡོགས་ཤིང་རྫི་མོའི་གླུ་སྒྲ་རྣ་བར་སྙན་པའི་སར། །
མེ་ཏོག་རྐང་གཅིག་བཏུས་ཏེ་དྭངས་གཙང་ཆུ་མོའི་གཞུང་ལ་བསྐུར་པའི་རྗེས། །
ལོ་ཟླའི་ཆར་གྱིས་སྦངས་པའི་སྤྱིལ་བུར་བསྐལ་པ་སྟོང་དུ་གཉིད་པ་ན། །
རྨི་ལམ་དུ་ཡང་མཛེས་མ་ཁྱོད་ཀྱི་ཞལ་རས་ཡང་ཡང་རྨིས་འདི་ཅི། །

སྙན་ངག

Post navigation

Previous Post: ས་ག་ཟླ་བའི་འབུམ་འགྱུར་དོགས་སློང་།
Next Post: བོད་རིག་པའི་སློབ་གླིང་ནས་བོད་ཡིག་གི་འབོད་སྐུལ།

Comments (11) on “བཞུར་འོངས་པའི་སྙན་ངག”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-05-30 at 3:29 am

    དགེ་སློང་ཁྱེད་ཀྱི་སྣང་བ་ལ། །
    མཛེས་མའི་འདོད་འགྱིང་ཡང་ཡང་སྣང་། །
    དགེ་བསྙེན་ང་ཡི་རྨི་ལམ་ནང་། །
    མཛེས་མ་འགས་ཤས་ཡང་ཡང་མཐོང་། །

    སྙན་པའི་ངག་གིས་བསུ་འགྱུར་ན། །
    མཛེས་མ་མི་ཁུག་མི་འདུག་ཀྱང་། །
    སྙན་དངགས་བརྒྱན་ནས་ཤོད་འགྱུར་ན། །
    མཛེས་མ་འཇིགས་ཤིང་ཕར་ཕར་བྲོས། །

  2. ཉི་ནུབ says:
    2014-05-30 at 10:32 am

    སོ་སོའི་རང་ལ་གནས་ལུགས་ཡོད་ཁུལ་གྱི
    བྱ་དངོས་ཀུན་ལ་འགྲེལ་བ་བཤད་ཁུལ་གྱི
    ཆོས་ཉིད་འགྱུར་ལྡོག་རི་མོའི་ངང་ཚུལ་འདི།
    སུ་ཡི་འགོག་དཀའ་རང་བྱུང་འབྱུང་བཞི་ཡིན།

  3. རྟ་བདུན་དབང་བོ says:
    2014-05-30 at 11:50 am

    སྙན་ངག་མཁན་ཚོས་མཛེས་མའི་མཛུམ་མདངས་གླེང་། །
    སྙན་ངག་མ་ཚོས་ཕོ་གསར་གླེང་མཁན་དཀོན། །
    མོ་ཡི་རིགས་ལ་འདོད་ཆགས་ཆུང་བ་ལགས། །
    ཡང་ན་བུད་མེད་སྙན་ངག་དཀོན་པས་སོ།།

  4. ཉི་མ། says:
    2014-05-30 at 1:41 pm

    རྣམ་ཤེས་ཟེར་བའི་དངོས་མེད་དར་སྐུད་ཅིག།
    སྔར་ནས་ད་དང་ད་ནས་ཕྱི་མར་འགྲོ།།
    སྟོང་ཉིད་ཟེར་བའི་སྨྲ་བསམ་བརྗོད་མེད་ཅིག
    དངོས་ཁམས་ཐམས་ཅད་དེ་ལ་འབྱུང་འཇུག་འགྲོ།།

    མཚན་ཉིད་རིག་སྨྲའི་ངོས་ན་ཟབ་ཁྱད་འདྲ།།
    དག་སྣང་དད་པའི་མདུད་ངོར་རྩ་ཆེན་འདྲ།།
    དངོས་ཚན་བདེན་དོན་འཚོལ་ངོར་འཆར་སྣང་ཙམ།།
    ཨ་ཕོ་རང་གི་སྣང་ངོར་ལྟ་ཚུལ་ཙམ།།

  5. གནམ says:
    2014-05-30 at 7:41 pm

    སྙན་ངག་སྙན་མོ་ཡིན་མིན་མི་ཤེས་རེད་ཨ།
    ཚིག་སྦྱོར་འབྱོར་མོ་ཁ་ལ་བདེ་མོ་ཞིག།
    མ་རེད་ཟེར་ས་མེད་པའི་ཡི་གེ་འདི།
    བཞུར་ནི་ཡིན་ནམ་འཕྱོ་ནི་སུ་ཡིས་ཤེས།། ཧ་ཧ་ཧ།

  6. ཆོས་འཕེལ་དར་རྒྱས་ says:
    2014-05-31 at 12:34 am

    ཨ་ལགས་ཁ་ནས་སྙན་ངག་བཞིར་བ་འདི།
    ཨ་ལགས་འདོད་པ་བུ་མོར་སྐྱེས་བས་རེད།
    ཨ་ལགས་ལིངྒ་ལག་པས་མ་བརྡར་སྔོན།
    ཨ་ལགས་ཕྱག་ལ་སྨྱུག་གི་བཟུང་ན་ཡང་།
    ཨ་ལགས་ཁྱེད་ཀྱི་ཁྱད་ཆོས་བཟང་ས་རེད།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-05-31 at 1:36 am

    གི་གྱི་ ཀྱི་ལ་ བགྱིད་བྲིས། །

    གངས་ཀྱི་འཁྱགས་རོམ་བཞུར་བགྱིད། །
    ནང་གི་མར་འཁྱགས་བཞུར་བགྱིད། །
    ཀླུ་སྨྱོན་སྙན་དངགས་བཞུར་བགྱིད། །
    ཀརྡོས་མཆན་འབུལ་བཞུར་བགྱིད། །

    བཞུར་བགྱིད་སྤྱན་བསྟར་འབུལ་བགྱིད། །

  8. ཚེ་རིང་ནས། says:
    2014-05-31 at 1:05 pm

    ཨ་ལགས་ཚང་ལ་དགོས་པ་ཚེ་རིང་སྐྱིད། །
    ཚེ་སྐྱིད་བྱུང་ན་གང་ཡང་སྙིང་པོ་མཐོང་། །
    ཚེ་སྐྱིད་མེད་ན་འཇིག་རྟེན་སྟོང་པར་ཞིག །
    ནམ་ཡང་ཨ་ལགས་སེམས་ནང་འཆར་ནས་ཡོད། །

  9. ཕུར་པ་སྐྱབས། says:
    2014-06-01 at 12:42 am

    རང་སེམས་གསང་བ་བསམ་མི་ཁྱབ་པའི་ཀློང་།།
    རོལ་བ་འགོག་མེད་སྣ་ཚོགས་འཆར་བའི་རྩལ།།
    ཉམས་རྟོག་ཅན་གྱིས་བལྟས་ན་ཉམས་རྟོག་འཕེལ།།
    ཉོན་མོངས་ཉན་གྱིས་བལྟས་ན་ཆགས་སྡང་འཕེལ།།

    བླ་མའི་ཆེ་བ་མིང་ལ་དཀྲིས་ནས་སུ།།
    སྤྲུལ་སྐུ་ཟེར་བའི་ལམ་ཞིག་ང་ཚོས་བཏོད།།
    ལམ་འདིར་ཞུགས་མཁན་འདྲེ་དང་བདུད་མང་བས།།
    ལྷ་སྡང་བདུད་དུ་བབས་པའི་གནས་ཚལ་མང་།།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-06-01 at 12:54 am

    ཞབས་འདྲེན་བཞུར་༼ཞུ་༽སྟངས།
    གྲགས་པ་རྒྱལ་མཚན་སྤྲུལ་སྐུར་བཀུར་བ་བོད་པའི་ཞབས་འདྲེན་རེད། །
    གྲགས་རྒྱལ་བླ་མ་གདོན་འདྲེར་སྐྱེས་པ་ཆོས་པའི་ཞབས་འདྲེན་རེད། །
    གྲགས་རྒྱལ་སྤྲུལ་སྐུ་གདོན་འདྲེར་སྐྱེས་པ་སྤྲུལ་སྐུའི་ཞབས་འདྲེན་རེད། །
    གྲགས་རྒྱལ་གཟིམ་གོང་གདོན་འདྲེར་སྐྱེས་པ་དགེ་ལུགས་ཞབས་འདྲེན་རེད། །

  11. གཅོད་པ། says:
    2014-06-03 at 9:43 am

    སྨྱོན་པ་འདིའི་ཁ་ན་བུད་མེད་མ་གཏོགས་མེད་པ་འདི་ཅི་རེད།
    སྡིག་པ་གསོག་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme