Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྐྱོན་བརྗོད།

Posted on 2014-05-282014-05-28 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 9 Comments on བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྐྱོན་བརྗོད།

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས།

tnc3༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་ལ་དོལ་རྒྱལ་ཚོགས་པས་གཞི་མེད་སྐྱོན་བརྗོད་དང་མཚན་སྨད་བྱེད་པར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྐྱོན་བརྗོད།

ཉེ་ཆར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཆོས་ལུགས་འཆམ་མཐུན་དང་ཞི་བདེ་མཉམ་གནས་ཀྱི་མཛད་འཕྲིན་སྐྱོང་བའི་སྐབས། ཤུགས་ལྡན་ཐལ་སྤྱོད་པས་ཁོང་ལ་ཆོས་ལུགས་དམ་དྲག་དང་ཆོས་དད་རང་དབང་མི་སྤྲད་པའི་ལོག་བཤད་ཀྱི་སྐྱོན་བརྗོད་བྱས་ཏེ་མཚན་སྨད་ཞུས་པ་ང་ཚོས་མཐོང་ཡོད། འདི་ནི་འཕེལ་ཕྱོགས་གསར་པ་ཞིག་མ་ཡིན་པར་ལོ་ཤས་གོང་ནས་སྐབས་སྐབས་སུ་བོད་མི་ཉུང་ཤས་དང་ཆོས་ལུགས་ཀྱི་ན་བཟའ་གྱོན་པའི་ཕྱི་རྒྱལ་བ་ཚོས་རྒྱབ་སྐྱོར་འོག་ངོ་རྒོལ་བྱེད་བཞིན་པ་རེད། འོན་ཀྱང་དྲིལ་བསྒྲགས་མཁས་པའི་ངོ་རྒོལ་རུ་ཁག་གསར་པ་འདི་ཉིད་འཛམ་གླིང་ཡུལ་གྲུ་གང་སར་འོར་འདྲེན་མགྱོགས་པོ་བྱེད་ཐུབ་པའི་ནུས་པ་ནི་སེམས་འཚབ་སྐྱེ་གཞི་ཞིག་ཡིན་ལ། ད་དུང་ཁོང་ཚོས་ཁ་གཏད་བྱེད་སྟངས་ཀྱི་ཐབས་ཇུས་ངན་པ་བཏིང་ཡོད་པ་ཤེས་གསལ་རེད། སན་ཕ་རན་སི་སི་ཁོའི་མགྲོན་ཁང་གི་འཁྱམས་རྭའི་ནང་ནུབ་ཕྱོགས་པའི་‘ཨ་ནེ’ཞིག་གིས་༸གོང་ས་མཆོག་ལ་རྣམ་འགྱུར་ངན་པོས་མཚན་སྨད་ཞུས་པ་བརྟེན། ༸གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་ཐད་འཐུས་ཤོར་སོང་བ་མཐོང་ཐུབ་པས། མ་འོངས་པར་ང་ཚོའི་དབུ་ཁྲིད་ལ་མཚན་སྨད་དང་ཟུར་ཟ་མི་ཡོང་བའི་གྲ་སྒྲིག་དགོས་ལ། ངན་སེམས་དང་བློ་ཁོག་ཆེ་ཞིང་། སྒྲིག་འཛུགས་དང་མ་དངུལ་ཡག་པོ་ཡོད་པའི་ལས་སྟངས་ཐད་སེམས་འཚབ་དགོས་པ་ཆགས་ཡོད།

༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་མང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་ཙམ་དུ་མ་ཟད། བོད་རྒྱལ་ཁབ་ཀྱི་མཚོན་དོན་དང་། གདུག་རྩུབ་དང་བཙན་དབང་། གཅིག་སྡུད་རིང་ལུགས་ཀྱི་མི་སེར་སྤེལ་བའི་དབང་ཤུགས་ལ་ཞི་བ་དང་བདེན་པའི་འཐབ་རྩོད་སྣེ་འཁྲིད་མཛད་མཁན་ཞིག་ཡིན་པ་དང་། གང་གིས་དྲང་བདེན་དང་ཞི་བདེ་དར་སྤེལ་བཏང་བའི་མཚན་སྙན་འོག་མཛད་འཕྲིན་སྔར་ལྷག་རྒྱས་བཞིན་ཡོད་པ་རེད།
དོགས་པ་ཅན་གྱི་ཚོགས་པ་ཁག་གིས་༸གོང་ས་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོར་འཛམ་གླིང་ནང་འབད་རྩོན་གནང་བའི་ལས་འགུལ་ལ་ཐད་ཀར་རྒྱབ་འགལ་འགྲོ་རྒྱུའི་གང་གི་མཛད་སྤྱོད་ལ་སྐྱོན་བརྗོད་ཀྱིས་ “རྫུན་བཤད་མཁན”དང་། “རྫུན་མ” “ཆོས་ཕྱོགས་ཀྱི་བཟོད་སྒོམ་མེད་པ”སོགས་ཀྱི་སྐྱོན་འཛུགས་བྱེད་སྐབས་ང་ཚོ་ཚང་མ་སེམས་འཚབས་ཤུགས་ཆེར་ཡོང་གཞི་ཆགས་ཡོད།

༸གོང་ས་མཆོག་གིས་ཤུགས་ལྡན་གནད་དོན་ཐད་བཞེངས་ཕྱོགས་གསལ་བཤད་ཡང་ཡང་གནང་ཡོད་པ་དང་། དེ་ནི་ཆོས་ཕྱོགས་ཀྱི་གཞི་རྩའི་ཐོག་ནས་གནང་བ་ལས་དབྱེ་འབྱེད་གཏོང་རྒྱུ་དང་འབྲེལ་བ་གཏན་ནས་མེད་པ་རེད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་(༡)ཁོང་ཚོར་ཆོས་ཕྱོགས་ནས་དབྱེ་འབྱེད་བཏང་པའི་སྐྱོན་འཛུགས་ལ་ཉམས་ཞིབ་དང་རྟོག་ཞིབ་མཐིལ་ཕྱིན་བྱས་པའི་རྗེས་སུ་བདེན་པ་མེད་སྐོར་བཤད་ཡོད་ལ། ལྡི་ལི་ཁྲིམས་ཁང་མཐོ་བས་(༢)དེ་མཚུངས་གྱོད་དོན་ལ་དཔང་རྟགས་མ་རྙེད་ནས་རྩིས་མེད་བཏང་པ་རེད། ཕྱོགས་ལྷུང་དང་བྲལ་ཞིང་རང་དབང་ཅན་གྱི་ཚོགས་སྡེ་ཁག་གིས་མཇུག་སྡོམ་དེ་མཚུངས་བྱས་ཀྱང་། ཤུགས་ལྡན་དད་ལྡན་པ་ཁག་གཅིག་གིས་༸གོང་ས་མཆོག་ལ་མཚན་སྨད་དང་མཚན་མཐོང་ལ་གནོད་རྒྱུའི་དྲིལ་བསྒྲགས་མུ་མཐུད་སྤེལ་བ་བརྟེན་བོད་དོན་ལས་འགུལ་ཧྲིལ་པོར་གནོད་སྐྱེལ་གྱི་ཡོད་པས། ང་ཚོས་ཁོང་ཚོའི་ཀུན་སློང་ངོ་མ་གང་ཡིན་ཤེས་དགོས་པ་གྱུར་ཡོད།

ཁོང་ཚོའི་བྱེད་སྟངས་ནི་ཆོས་ཕྱོགས་ཀྱི་བཟོད་སྲན་མེད་པའི་གནད་དོན་ལ་ཁ་གཡར་བ་ཙམ་ལས་དོན་དུ་རང་ཡུལ་ཆེད་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་གནོད་སྐྱོན་དང་གཏོར་བརླག་གཏོང་རྒྱུའི་ཀུན་སློང་བཅངས་ཡོད་པ་གསལ་པོ་རེད། དུས་སྐབས་འདིར་༸གོང་ས་མཆོག་གི་མཚན་མཐོང་ལ་གནོད་པའི་མཚན་སྨད་ཞུས་ན་ཁེ་ཕན་ཐོབ་མཁན་གཅིག་ལས་མེད་པ་ནི་རྒྱ་ནག་གཞུང་རེད་ཅེས་མཇུག་སྡོམ་རྒྱག་ཐུབ། རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ཀྱི་ཚན་པ་ཁག་དང་། དམིགས་བསལ་ཐབས་ཕྱོགས་གཅིག་གྱུར་ཁང་གིས་བོད་ནང་ཤུགས་ལྡན་བསྟེན་མཁན་ཆེད་དུ་གསོ་སྐྱོང་བྱེད་པ་དང་། འབྲེལ་ཡོད་མི་རྣམས་ལ་དབང་ཆ་སྤྲོད་པ་ནི་ཡོངས་གྲགས་གྱུར་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་རང་གི་ཁ་གཏད་ཀྱི་སྟོབས་ཤུགས་གལ་ཆེ་ཤོས་ཞིག་མེད་པ་བཟོ་ཆེད་དཀྲུག་ཤིང་སྤེལ་བ་དང་གསང་བའི་ཐབས་ལམ་གཉེར་གྱི་ཡོད་སྟབས། ལས་དོན་དེ་འདྲ་གཉེར་མཁན་ཤུགས་ལྡན་ཚོགས་པ་ཁག་ནི་རྒྱ་ནག་གཞུང་གི་ལག་ཆར་གྱུར་བ་གསལ་པོ་ཡིན།

དོགས་གཞི་ཡོད་པའི་ཤུགས་ལྡན་ཚོགས་པ་ཁག་གི་དཔལ་འབྱོར་གྱི་ཡོངས་ཁུངས་ཐད་ནས་དྲི་བ་ཡོང་གི་ཡོད་ལ། ༸གོང་ས་མཆོག་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་པ་དང་བསྟུན་ཁོང་ཚོས་ཆེད་ལས་པས་བཟོས་པའི་ངོ་རྒོལ་གྱི་རྟགས་དང་འཕྲེད་དར་འཁྱེར་བའི་མི་རྣམས་འོར་འདྲེན་བྱེད་རྒྱུར་དངུལ་ཕོན་ཆེ་བཏང་ཡོད་པ་གསལ་པོ་རེད། ཉེ་དུས་ཚོགས་ཁག་དེ་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་མངོན་གསལ་དོད་དུ་བཏང་སྟེ་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་པའི་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག ༸གོང་ས་མཆོག་གི་སྐོར་ལ་ཁུངས་ལུང་མེད་པའི་འགྲེལ་བརྗོད་བྱས་ཡོད། ད་དུང་རྒྱ་ནག་གཞུང་ཚབ་ཁང་དུ་སོང་བ་དང་མགྲོན་འབོད་བྱས་པའི་གསོལ་སྟོན་ལ་རོལ་ཡོད་པ་རེད།

ང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་གཉན་འཕྲང་ཅན་ཞིག་ལ་སླེབས་ཡོད་པས། བོད་མི་ཁ་ཤས་ཀྱིས་རང་མི་རིགས་ཀྱི་དགྲ་བོ་དང་མཐུན་འབྲེལ་བྱེད་པ་ནི་བློ་ཕམ་སྐྱེས་གཞི་ཞིག་དང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གིས་བོད་ལ་ལུགས་མཐུན་མིན་པའི་དབང་བསྒྱུར་འོག་བོད་མི་རྣམས་འཚོ་གནས་བྱེད་རྒྱུར་བཟོད་དཀའ་བའི་དཀའ་སྡུག་ཡོད་པ་གསལ་སྟོན་ཆེད་རང་ལུས་མེར་སྲེག་གིས་མཐར་ཐུག་གི་བློས་གཏོང་བྱེད་ཀྱི་ཡོད། དེར་བརྟེན་དེ་འདྲའི་བྱེད་སྟངས་ནི་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་པ་ཚད་མཐོ་ཤོས་ཡིན་པས། བོད་མི་རྩམ་གཟན་ཡོངས་ཀྱིས་སྐྱོན་བརྗོད་བྱེད་དགོས་ལ། ཚོགས་སྡེ་ཡོངས་དང་། ཤུགས་ལྡན་དད་ལྡན་པ་ཚོས་ཀྱང་ཤུགས་ལྡན་དད་ལྡན་པའི་ཚབ་མཚོན་གྱི་ཡོད་ཟེར་བའི་ཚོགས་པ་ཁག་ལ་སྐྱོན་བརྗོད་བྱེད་དགོས་པ་རེད། འདས་པའི་ང་ཚོའི་ལོ་རྒྱུས་ནང་སྤྱི་ཚོགས་གཞན་པ་ལྟར་འགལ་ཟླའི་ངང་མཉམ་གནས་བྱས་ཡོད་ལ་ང་ཚོ་ཆོས་ལུགས་ཕན་ཚུན་མི་འདྲ་བའི་ཁྱད་པར་ཡོད་ཀྱང་མཉམ་གནས་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་སྒེར་གྱི་ཁེ་ཕན་ཆེད་དུ་རྒྱལ་ཁབ་ཀྱི་ཁེ་ཕན་བཙོང་མཁན་ལ་ང་ཚོས་ངོས་ལེན་ནམ་ཡང་བྱེད་ཐུབ་ཐབས་མེད་པ་རེད།
ཤུགས་ལྡན་དད་ལྡན་པ་མང་པོ་ཞིག་རྒྱ་ནག་གཞུང་དང་འབྲེལ་བ་མེད་པ་ཏན་ཏན་ཡིན་སྟབས། ཁྱེད་ཚོས་ཚོགས་པ་དེ་དག་དང་འབྲེལ་བ་མི་བྱེད་པར་ང་ཚོའི་རྒྱལ་ཁབ་ཀྱི་འཐབ་རྩོད་ནང་སྤུན་ཟླ་གཞན་ལྟར་གདུང་སེམས་མཉམ་སྐྱེད་ཀྱིས་མཉམ་བཞུགས་གནང་རོགས་ཞུ་རྒྱུ་ཡིན། འབྲེལ་ཡོད་གཞུང་གིས་རང་གི་ཁྱབ་ཁོངས་སུ་ཡོད་པའི་ཚོགས་སྡེ་དེ་ཚོའི་དཔལ་འབྱོར་ཡོངས་ཁུངས་དང་སྟངས་འཛིན་བྱེད་མཁན་སུ་ཡིན་གསལ་པོ་བཟོ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། དེ་ནི་རྒྱ་ནག་གཞུང་གི་ངན་ཇུས་ལས་གཡོལ་ཆེད་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆ་ནས་ཀྱང་འབྲེལ་བ་ཡོད་པ་རེད། ད་དུང་གཞུང་གིས་ཚོགས་སྡེ་དེ་ཚོ་ལ་མུ་མཐུད་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པ་མཆོག་ལ་མཚན་སྨད་དང་སྐྱོན་བརྗོད་བྱེད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་རོགས་ཞུ་རྒྱུ་ཡིན།

༠༥/༢༣/༢༠༡༤
བོད་རྒྱལ་ལོ།
འཇིགས་མེད་ཨུ་རྒྱན།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས།

(1) http://www.amnesty.org/en/library/asset/ASA17/014/1998/en/6fce941e-da9e-11dd-80bc-797022e51902/asa170141998en.html
(2) http://delhihighcourt.nic.in/dhcqrydisp_o.asp?pn=59051&yr=2010

གསལ་བསྒྲགས།

Post navigation

Previous Post: རྗེ་མི་ལའི་སྒྲུབ་གནས་ཀྱི་ལམ་ཡིག་ཐོས་པ་དགའ།
Next Post: འདི་འདྲ་ཞིག་ཨེ་རེད།

Comments (9) on “བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྐྱོན་བརྗོད།”

  1. དགེ་འདུན་རྒྱ་མཚོ། says:
    2014-05-28 at 1:27 pm

    དུས་སྐབས་འདིར་༸གོང་ས་མཆོག་གི་མཚན་མཐོང་ལ་གནོད་པའི་མཚན་སྨད་ཞུས་ན་ཁེ་ཕན་ཐོབ་མཁན་གཅིག་ལས་མེད་པ་ནི་རྒྱ་ནག་གཞུང་རེད་ཅེས་མཇུག་སྡོམ་རྒྱག་ཐུབ།་་་་་་་་
    ཟེར།

  2. དགེ་འདུན་རྒྱ་མཚོ། says:
    2014-05-28 at 1:35 pm

    བཀླགས་ཟིན་
    ཡག་པོ་བྲིས་འདུག
    ཐུགས་རྗེ་ཆེ།

  3. བློ་རྡོ་། says:
    2014-05-29 at 1:32 am

    ཡག་པོ་བྲིས་འདུག་། སྒེར་གྱི་ཁེ་ཕན་ཆེད་དུ་རྒྱལ་ཁབ་ཀྱི་ཁེ་ཕན་བཙོང་མཁན་ལ་ང་ཚོས་ངོས་ལེན་ནམ་ཡང་བྱེད་ཐུབ་ཐབས་མེད་པ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-05-29 at 2:37 am

    ་་་་་་ ཤུགས་ལྡན་ཐལ་སྤྱོད་པས་ཁོང་ལ་ཆོས་ལུགས་དམ་དྲག་དང་ཆོས་དད་རང་དབང་མི་སྤྲད་པའི་ལོག་བཤད་ཀྱི་སྐྱོན་བརྗོད་བྱས་ཏེ་མཚན་སྨད་ཞུས་པ་ང་ཚོས་མཐོང་ཡོད། ་་་་་་་

  5. ཐོས་པ་དགའ། says:
    2014-05-29 at 9:21 am

    སྐྱོན་བརྗོད་དང་ཟུར་ཟ་བྱེད་མ་མཆོག་པའི་དབུ་ཁྲེད་ཁྲིད་ཞིག་ཡིན་ན་དེ་ཡང་དག་པ་ཞིག་མིན་ འོན་ཀྱང་ཆོས་ལུགས་དང་ལྷ་འདྲེ་ཞིག་གི་དོན་དུ་རང་གི་རྒྱལ་ཁབ་དང་མི་རིགས་རྩ་མེད་བཙན་ཕྲོག་བྱེད་མཁན་དེར་སྐྱབས་བཅོལ་ནས་རང་གི་མི་རིགས་དང་རྒྱལ་ཁབ་ལ་ངོ་ལོག་པ་ནི་ཡོངས་རྫོགས་ནོར་བ་རེད་ ཉེ་བའི་ང་ཚོའི་རྒྱལ་རབས་ནང་པན་ཆེན་ནང་མ་གངས་དང་རྭ་ཕྲིང་བླ་བྲང་སོགས་ཀྱིས་དགོན་པ་དང་བླ་བྲང་གི་དོན་དུ་རྒྱ་མིར་སྐྱབས་བཅོལ་ནས་རང་གི་མི་རིགས་དང་རྒྱལ་ཁབ་ལ་ངོ་ལོག་པར་རྟེན་ ད་ལྟའི་ང་ཚོའི་གནས་སྟངས་དེ་བྱུང་བ་རེད་ ད་བར་གྱི་ང་ཚོའི་ལོ་རྒྱུད་ལ་བསམ་བློ་སྟངས་ན་ལྷ་དྲེ་དེ་ཚོས་ང་ཚོར་ཕན་པར་ཡིད་ཆེས་མེད་ལ་གནོད་པར་ཡང་ཡིད་ཆེད་མེད་ དེ་ཚོ་ཡོད་པར་ཡང་ཡིད་ཆེད་མེད་ སངས་རྒྱས་ཀྱིས་གསུང་པ་ལྟར་ང་ཚོས་ལས་ཀ་གང་བྱེད་པ་ལ་འབྲས་བུ་དེ་ལྟར་བྱུང་བར་ཡིད་ཆེད་ཡོད་ ང་ཚོའི་མི་རབས་གསར་པ་རྣམས་ལྷ་དྲེར་ཡིད་ཆེད་བྱེད་མཁན་མིན་པར་དིང་དུས་ཀྱི་ཤེས་ཡོན་ལྡན་པའི་བོད་པ་ཞིག་ཡོང་བའི་རེ་བ་བྱེད་བཞིན་ཡོད་

  6. རྒྱང་མིག says:
    2014-05-29 at 1:33 pm

    ༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་བོད་རིགས་དོལ་རྒྱལ་རྗེས་འབྲངས་པ་ཁག་ཅིག་ངོ་སྤྲོད་བྱས་པ་འབྲེལ་ཐག་འདིར་འདུག
    http://bod.asia/2014/05/རྒྱ་ཆེའི་མང་ཚོགས་རྣམས་-2/

  7. གཡུ་ཐོོག་བུ། says:
    2014-05-30 at 10:27 am

    བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་སྐྱབས་གནས་གཅིག་པུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དོལ་རྒྱལ་ཚོགས་པའི་རྒྱ་འདྲེ་དག་གིས་ཆབ་སྲིད་དངུལ་དང་བརྗེས་ནས་མི་རིགས་ཀྱི་ལར་ཞེན་ཆུར་བསྐྱུར་བཞིན་པའི་དུས་ངན་འདིར། བོད་མི་ནང་ཁུལ་འཆམ་མཐུན་གྱི་རྣམ་པ་གསར་པ་ཞིག་མཐོང་རྒྱུ་འདུག་པ་ནི་བཀྲ་ཤིས་པའི་རྟགས་ཁོ་ནར་མཐོང་།
    སྤྱིར་ཕྱི་སྡོད་བོད་མི་རིགས་ཁྲོད་དུ་དམངས་གཙོའི་སྲོལ་བཟང་ལོངས་སུ་སྤྱད་ནས་སོ་སོའི་འདོད་མོས་ལྟར་ཆབ་སྲིད་ལྟ་གྲུབ་སོ་སོར་བཟུང་ནས་དབུ་རང་སོགས་ཀྱི་བགྲོ་གླེང་ངར་ཤུགས་ལྡན་པ་ཡོད་ཡོད་པ་རེད།
    འོན་ཀྱང་། གཞོན་ནུ་ལྷན་ཚོགས་དང་། ད་ཐེངས་རང་བཙན་ཚོགས་པ་སོགས་ཀྱི་མདུན་དུ་འདོན་ནས་དོལ་རྒྱལ་རྒྱ་འདྲེས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པར་གདོང་ལེན་གནང་བ་ལེགས་སོ་ལེགས་སོ་ཞེས་ཞུ་རྒྱུ་ཡིན།

  8. ཤར་ཕྱོགས་ཁུག་རྟ། says:
    2014-05-31 at 12:06 am

    ཨ་རིའི་དོན་གཅོད་འདི་ཞེད་སྣང་ཚ་བོ་རེད།
    ཤར་ཕྱོགས་ཁུག་རྟ།
    གནས་ཚུལ་འདི་རིགས་རང་ཤི་རྒྱག་ཏུ་བཅུགས་ན་བོད་ཀྱི་རྩ་དོན་ལའང་ཕན་ལས་གནོད་ཆེ། ད་བར་གནས་ཚུལ་འདི་རིགས་ནང་ཁུལ་ནས་མེད་པ་བཟོས་ཏེ། བོད་རྒྱ་ཆེའི་མི་མང་གི་སྤྱན་སྔར་གཙང་མདོག་མདོག ཡིན་མདོག་མདོག་བྱེད་ཀྱི་ཡོད། རྒྱ་གར་དང་ཨ་རིའི་གཞུང་གཉིས་ཀྱིས་མཚོན། དབུས་བོད་མིའི་སྒྲིག་འཛུགས་དང་མི་མང། གཞན་ཡང་གྲངས་ཀྱིས་མི་ཟིན་པའི་འཛམ་གླིང་མི་མང་དུང་ཕྱུར་མང་པོས། གདོན་འདྲེ་དོལ་རྒྱལ་རྗེས་འབྲངས་པ་ཚོས་༧གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཆར་ཡོད་པར་གཟབ་གཟབ་བྱེད་བཞིན་པའི་སྐབས་འདིར། ཁ་སྔོན་བཀའ་ཤག་གི་ཐག་གཅོད་ལྟར། དོལ་རྒྱལ་རྗེས་འབྲངས་པ་བྱེད་གཏེ་ཁག་ཅིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱར་ཕྱི་དྲིལ་ལས་ཁུངས་གསར་འགྱུར་ཚན་པས་ཨིན་བོད་གཉིས་སུ་ཡོངས་བསྒྲགས་གནང་བ་རེད།
    ཡིན་ནའང། ཨ་རིའི་དོན་གཅོད་གསར་པས་ཐད་ཀར་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ལ་ཁ་པར་བཏང་སྟེ། ག་རེ་བྱས་ནས་ཨིན་ཡིག་དྲྭ་བའི་སྟེང་གནས་ཚུལ་དེ་འདྲ་བཀོད་པ་ཡིན་ནམ། ཁྱེད་ཚོས་འགན་ཁུར་ཐུབ་ཀྱི་ཡོད་དམ། ད་ལྟ་རང་གནས་ཚུལ་དེ་བསུབ་དགོས་ཞེས་བཀའ་བཀྱོན་དྲག་པོ་གནང་མཐར། གསར་འགྱུར་ཚན་པའི་འབྲེལ་ཡོད་ལས་བྱེད་ཚོ་གནས་རིམ་དམའ་བ་དང། ཆེན་པོ་རྣམས་ལ་འབྲེལ་འདྲིས་མེད་སྟབས་ཅི་བྱེད་འདི་བྱེད་མེད་པར་དེ་མ་ཐག་ཨིན་ཡིག་ཐོག་གི་གནས་ཚུལ་དེ་བསུབ་འདུག ཡིན་ནའང། དཔལ་ལྡན་བཀའ་ཤག་ནང་གི་༧གོང་ས་མཆོག་ལ་ཡིད་ཆེས་རྩེ་གཅིག་ཏུ་ཡོད་པའི་བཀའ་བློན་བྱེ་བྲག་པ་རེ་ཟུང་གིས་བཀའ་ཤག་གི་ཐག་གཅོད་ཟིན་པ་དེ། ཨ་རིའི་དོན་གཅོད་ཀྱིས་རྩིས་མེད་བཏང་བ་ཚུལ་མཐུན་མིན་པ་ངོས་འཛིན་དང་འབྲེལ། བསུབ་ཟིན་པའི་གནས་ཚུལ་དེ་བསྐྱར་དུ་དྲྭ་ངོས་སུ་བཀོད་འདུག
    གནས་ཚུལ་འདི་ནི་རྒྱ་ཆེ་ཆུང་གང་ས་ནས་བསམ་བློ་ཞིབ་ཚགས་ཤིག་བཏང་ན་ཧ་ཅང་ཞེད་སྣང་བྱེད་དགོས་པ་ཞིག་ཡིན་པ་བློ་ལྡན་ཀུན་གྱིས་མཁྱེན་གསལ་རེད། དབུས་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་གྱིས་དབང་བསྒྱུར་ཡིན་པ་ལས། གང་ཟག་གིས་དབང་བསྒྱུར་མིན་པ་གསལ་བོ་ཡིན་ནའང། ཨ་རིའི་དོན་གཅོད་མཆོག་ལ་བཀའ་ཤག་གི་ཐག་གཅོད་ཐད་ཀར་ནག་བསུབ་བཏང་ཆོག་པའི་དབང་ཚད་དང་ཐུགས་སྤོབས་སུས་གནང་བ་རེད་དམ། འཛིན་སྐྱོང་གི་འགྲོ་སྟངས་བྱས་ནའང་ཐད་ཀར་ལས་བྱེད་ལ་དེ་ལྟར་ཁ་པར་བཏང་སྟེ་བཀའ་བཀྱོན་གནང་ཆོག་པའི་ལམ་སྲོལ་ཞིག་གང་ན་ཡོད། འདིའི་ཅི་ཞིག་མཚོན་གྱི་རེད་དམ།
    གཉིས་ནས། དོལ་རྒྱལ་གྱི་གནས་ཚུལ་འདི་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་ཕན་གནོད་ཀྱི་འབྲེལ་བ་གང་ཡང་ཡོད་པ་མ་རེད། ༧གོང་ས་མཆོག་གི་སྤྱན་མདུན་ནས་དོལ་རྒྱལ་ཐད་རྣམ་འགྱུར་གཅིག་དང། ཕྱོགས་གཞན་ཞིག་ནས་རྣམ་འགྱུར་གཅིག་འཛིན་གྱི་ཡོད་པ་འདི་ཧ་ལས་པའི་ཞེད་སྣང་ཚ་པོ་རེད། གནང་སྟངས་འདིས་བོད་ཀྱི་རྩ་དོན་ལ་གནོད་ཚབས་ཆེན་པོ་ཐེབས་རྒྱུ་ཡིན་པ་ཚང་མས་ཤེས་གསལ་རེད། ཡང་ན་སྐུ་ངོ་དོན་གཅོད་མཆོག་གིས་དོལ་རྒྱལ་སྐོར་འགན་འཁུར་འདོད་མེད་ན་བཀའ་ཤག་ལྷན་རྒྱས་ལ་གསལ་བོ་ཞུ་དགོས་པ་རེད། ང་ལ་མཚམས་འདིར་སྐད་ཆ་གསལ་བོ་ཞིག་བཤད་རྒྱུ་ཡོད་པ་དེ། བོད་མཐོང་མ་མྱོང་ཞིང་བོད་ཀྱི་ཆོས་རིག་ལ་ཞེ་འདྲིས་ཁྱོན་ནས་མེད་མཁན་ཁག་ཅིག་གིས། ཕྱི་རྒྱལ་ལུང་པའི་ནང་མགོ་སེར་ཚོའི་མདུན་ནས། བོད་དང་བོད་ཀྱི་ཚབ་མཚོན་མདོག་དང། རང་ཉིད་བོད་ཀྱི་མགྲིན་ཚབ་པ་ཡིན་ཚུལ་བྱེད་འདོད་ཡོད་ན། ངེས་པར་དུ་གཞིས་ལུས་མི་མང་དང་༧གོང་ས་མཆོག་གི་དམ་ཚིག་དང་གནས་ལུགས། ལོ་རྒྱུས་བཅས་ཀྱི་འབྲེལ་བར་དགོངས་བཞེས་ཡག་པོ་གནང་ན་མ་གཏོགས། བོད་མི་རང་ངོས་སམ། ལྷག་པར་གཞིས་ལུས་བོད་མིའི་ཁྲོད་ནས། སྐུ་ངོ་དོན་གཅོད་འདྲ་བ་དག་གིས་གཞིས་ལུས་རྒྱ་ཆེ་མི་མང་གི་དོན་དག་བཤད་མི་དགོས། བཤད་ཤེས་ཀྱི་མི་འདུག དགོས་དོན་མི་འདུག་ཅེས་གསུངས་པ་ཡིན་ན། དེ་དུས་ལྟ་སོ་བརྟན་ས་མེད་པ་ཞིག་ཆགས་ངེས་སྟབས། ད་ལྟ་ནས་གནད་དོན་ཆེ་ས་འདི་རིགས་གཟབ་གཟབ་གནང་དགོས་པ་རེད་ཅེས་ཚིག་ཉུང་ལ་དོན་འདུས་པའི་ལམ་ནས་ཞུ་ཡི་ཡོད། གལ་སྲིད་སྐུ་ངོ་དོན་གཅོད་དང་དོན་གཅོད་འདྲ་བ་དག་གིས་བོད་མི་རིགས་ཀྱི་ཕ་ཡིག་ཀློག་རྒྱུར་དཀའ་ངལ་བྱུང་བ་ཡིན་ན། འབྲེལ་ཡོད་དོན་གཅོད་ལས་བྱེད་ལྷན་རྒྱས་ནས་གསལ་བོ་དག་པོ་ཞིག་གསེར་སྙན་སྒྲོན་འབུལ་ཡོང་བ་ཞུ།

    ༢༠༡༤། ༥། ༣༠། ཉིན།།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-05-31 at 12:30 am

    ་་་་་་་ ལ་སྲིད་སྐུ་ངོ་དོན་གཅོད་དང་དོན་གཅོད་འདྲ་བ་དག་གིས་བོད་མི་རིགས་ཀྱི་ཕ་ཡིག་ཀློག་རྒྱུར་དཀའ་ངལ་བྱུང་བ་ཡིན་ན། འབྲེལ་ཡོད་དོན་གཅོད་ལས་བྱེད་ལྷན་རྒྱས་ནས་གསལ་བོ་དག་པོ་ཞིག་གསེར་སྙན་སྒྲོན་འབུལ་ཡོང་བ་ཞུ། ་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme