Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨན་ཞིའི་སྡེ་བཞི་ངོ་སྤྲོད།

Posted on 2010-01-262010-01-28 By dhatsenpa 12 Comments on ཨན་ཞིའི་སྡེ་བཞི་ངོ་སྤྲོད།

ཨན་ཞིའི་སྡེ་བཞི་ངོ་སྤྲོད།
དེ་རིང་ཝེ་ཁེ་ཕེ་ཌི་ཡ་གཞིར་བཟུང་ནས་གཞན་དང་གཞན་ནས་ཁ་གསབ་ཉུང་ཤས་རེ་བྱེད་བཞིན་ཨན་ཞི་སྡེ་བཞིའམ་མཁར་བཞི་ངོ་སྤྲོད་ཐུང་ཙམ་བྱེད་ན། ཨན་ཞི་སྡེ་བཞི་ནི། ཁོ་ཆག Kucha, ལི་ཡུལKhotan, ཁ་ཞི་སྒར།Kashgar དང་ཁ་ར་ཟ་ཧོརKarashahr བཅས་བཞི་ཡིན།
༡ ཁོ་ཆག་ལ་ Kucha རྒྱ་སྐད་དུ་ 库车 ཟེར། གཞན་ངས་གོང་དུ་བྲིས་པ་ལྟར་ཆིག་ཚི་ཡང 屈支 屈茨; 龜玆; 龟兹, 丘玆 ཡང་ཟེར་སྐད། ཁོ་ཆག་ནི་གནའ་སྔ་མོའི་ནང་པའི་ས་་ཆ་ཞིག་ཡིན་ཞིང་དེ་ནི་རྒྱ་མོའི་དར་ལམ་གྱི་ལམ་ལག་ཅིག་ཡིན་པ་དང་། ཁྲ་རིམ་གཤོང་ས་ཆེན་མོའི་ནང་ཡོད་པའི་སྟག་ལ་མར་ཁན་བྱེ་ཐང་དང་མོ་རྫ་ཆུ་བོའི་བྱང་དུ་གནས། ས་ཆ་དེའི་མི་གྲངས་ནི་༡༩༩༠ ལོའི་མི་གྲངས་ཞིབ་བཞེར་ལྟར་ན་ མི་གྲངས་བདུན་ཁྲི་བཞི་སྟོང་དྲུག་བརྒྱ་སོ་གཉིས་ཡོད་འདུག
༢ ཁོ་དན་ཏེ་ལི་ཡུལ་ Khotan ལ་རྒྱ་སྐད་དུ་ཧོ་ཐེན和阗 དང་སྔོན་ཡུ་ཐེན于窴་ཟེར་ཞིང་། དེ་ནི་ཁྲ་རིམ་གཤོང་སའི་ནང་དུ་ཆགས་ཤིང་བོད་བྱང་རྒྱུད་དུ་ཡོད་ཅིང་ཡར་སྣེ་ལ་དྭགས་གླེ་ལ་ཐུག ༢༠༠༦ལོའི་མི་གྲངས་ཞིབ་བཤེར་ལྟར་ན་མི་གྲངས་ཆིག་འབུམ་ཆིག་ཁྲི་བཞི་སྟོང་ཡོད་འདུག
ས་ཆ་འདི་ནི་རྒྱ་མོའི་དར་ལམ་གྱི་ལྷོ་ལམ་གི་ས་གནད་གལ་ཆེན་ཞིག་ཡིན་པ་དང་ཡར་ཁྱེན་གྱི་ལྷོ་ཤར་ངོས་སུ་ཡོད། ཞྭ་སྒབ་པས་བྲུ་ཤ་དེ་ཡར་ཁྱེན་ཕྱོགས་མིན་ནམ་ཟེར། ཁ་ར་ཁ་བཞི་ཆུ་བོ། Karakash དང་གཡུ་རུང་ཁ་བཞི་ཆུ་བོ།Yurungkash དེ་མིན་རྒྱ་སྐད་དུ་ཧེ་ཡུ་ཆུ་བོ། པེ་ཡུ་ཆུ་བོ་སྟེ་གཡང་དཀར་ཆུ་བོ་དང་གཡང་ནག་ཆུ་བོ་གཉིས་ཀྱང་འདི་ནས་རྒྱུག
༣ ཁ་ཞི་སྒར་Kashgar ལ་རྒྱ་སྐད་དུ་ 喀什དང་སྔོན་མའི་མིང་ལ་ཧྲུའུ་ལི疏勒 ཟེར་ཞིང་དེ་ནི་ཤིན་ཅང་གི་ཁྲ་རིམ་གཤོང་སའི་ནུབ་ངོས་སུ་ཆགས་ཤིང་ས་ཁུལ་ཡོངས་སུ་མི་གྲངས་ས་ཡ་གསུམ་དང་འབུམ་ལྔ་ཡོད་འདུག ཁ་ཆེ་མ་དར་བའི་སྔོན་གྱི་དུས་རབས་གསུམ་པ་དང་བཞི་བར་ནང་པ་ཡིན་འདུག
༤ ཁ་ར་ཟ་ཧོར་Karasahr ལ་རྒྱ་སྐད་དུ་ཡན་ཆས焉耆ཟེར། འདི་ནི་སྔོན་མ་ནང་པའི་ས་ཆ་ཞིག་ཡིན་ཞིང་ཁྲ་རིམ་གཤོང་སའི་སྟག་ལ་མར་ཁན་བྱེ་ཐང་གི་བྱང་དུ་གནས་ཤིང་ཁོ་ཆག་གི་ཤར་དང་ཐུར་ཧྥན་གྱི་ནུབ་ན་ཡོད། སྔོན་ཆོས་སྲིད་གཉིས་ཀྱི་ས་གནས་གལ་ཆེན་པོ་ཞིག་ཡིན། དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱི་མགོ་དཔོན་ཡང་ཧ་སེ་བྷན་ཡང་དེ་སྔོན་ས་ཆ་འདི་བརྒྱུད་པེ་ཅིང་ནས་རྒྱ་གར་ལ་འགྲོ་མྱོང་།

ཨན་ཞི་སྡེ་བཞིའི་ལོ་རྒྱུས་མདོར་ཙམ།

སྡེ་བཞིའམ་མཁར་བཞི་ནི་དོན་དུ་རྒྱ་མིའི་དམག་གི་བཙན་རྫོང་བཞི་ཡིན་ཞིང་། དེ་ནི་རྒྱ་ནག་ཐང་རྒྱལ་རབས་སྐབས་སྤྱི་ལོ་༦༤༨ ལོར་རྒྱབ་འདུག་ཀྱང་རིང་བོར་མ་ཐོགས་པར་སྤྱི་ལོ་ ༦༥༡ ལོར་དྲུ་གུའི་རྒྱལ་སྲས་ཨ་ཞི་ན་ཧེ་ལུའི་དབང་ཤུགས་འོག་འཐོར་རྐྱེན་བྱུང་ཡང་རྒྱ་ནག་གི་དམག་དཔོན་སུའུ་ཏིང་ཕན 蘇定方591-667 གྱིས་སྤྱི་ལོ་༦༥༧ ལོར་སླར་བཙན་འཛུལ་གྱིས་བླངས། དེ་སྐབས་རྒྱ་ནག་ལ་ཁ་གཏད་ཅིག་ཡོད་པ་ནི་བོད་ཡིན། སྤྱི་ལོ་༦༦༢ ལོ་ནས་མགོ་བཟུང་སྟེ་བོད་ཀྱིས་ས་ཆ་དེ་ཚོར་བཙན་འཛུལ་གྱི་མགོ་བརྩམས་འདུག ཏུན་ཧོང་ལྟར་ན་ལོ་དེར་བློན་ཆེན་མགར་གྱིས་ཞང་ཞུང་གི་མཁོས་བགྱིས་ཤིང་ཕྱི་ལོ་དེར་འ་ཞ་ཡུལ་དུ་ལོག
གོང་ཏུ་བྲིས་ཡོད་པ་ལྟར། སྤྱི་ལོ་ ༦༧༠ ནས་ ༦༩༢ བར་བོད་ཀྱིས་བཟུང་ཡོད་ནའང་ ༦༧༥། ༦༧༩། ༦༨༢། ༦༨༦ བཅས་ལ་རྒྱ་ལག་ཏུ་ཡང་ཡང་ཤོར་འདུག སྤྱི་ལོ་ ༦༧༩ ལོར་རྒྱ་དམག་གིས་ཡང་སྐྱར་སུའུ་ཡབ་ཏུ་དགྲ་རྫོང་གསར་པ་ཞིག་རྒྱབ་པ་དེ་རྗེས་སུ་གོང་གི་བཙན་རྫོང་བཞི་བ་ཁ་ར་ཟ་ཧོར་གྱིས་ཚབ་བྱས་ཏེ་སྤྱི་ལོ་ ༧༡༩ ལོར་དྲུ་གུའི་མ་བཟུང་བར་མཁར་བཞིའི་ནང་གི་གཅིག་ཏུ་བརྩི།
སྤྱི་ལོ་༦༩༢ ལོར་དེ་ཕྱོགས་སུ་བོད་དམག་ཕམ་པར་གྱུར་། སྤྱི་ལོ་༧༠༩ ལོར་ཟླ་བརྒྱད་ལ་ཁོ་ཆག་དྲུ་གུས་བཟུང་བ་མ་གཏོགས་མུ་མཐུད་དུ་རྒྱ་ནག་གིས་དབང་བཟུང་ནས་བསྡད། དེ་ལྟར་ཀྱང་རྒྱ་ནག་ཀན་སུའུ་ཁོངས་རྨ་ཆུའི་ནུབ་བྱང་རྒྱུད་ སྤྱི་ལོ་བདུན་བརྒྱ་དྲུག་ཅུའི་ནང་དང་བདུན་་བརྒྱ་བརྒྱད་ཅུའི་ནང་བོད་ཀྱི་ལག་ཏུ་ཤོར། ལེང་ཀྲོའུ Liangzhou ༧༦༤ ལོར། ཀན་ཀྲོའུ Ganzhou སུའུ་ཀྲོའུ Suzhou ༧༦༦ལོར། བཀྭའ་ཀྲོའུ།Guazhou ༧༧༦ལོར། ཡི་ཀྲོའུ་ Yizhou ༧༨༡ལོ་དང་ཧྲ་ཀྲོའུ་༧༨༧ ལོར་བོད་ཀྱིས་བཟུང་།

ས་ཆ་འདི་དག་གང་ཡིན་ངོས་བཟུང་བ།

ལེང་ཀྲོའུ་ནི་ད་ལྟའི་རྒྱ་མིའི་ལན་ཀྲིག་དང་ཡིན་ཁྲོན། ཟི་ལིང་བཅས་ལྟེ་བར་གྱུར་བར་ཕྱོགས་དང་། ཀན་ཀྲོའུ་ནི་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་ས་འབྲེལ་དུ་ཆགས་ཡོད་པའི་དཔའ་རིས་ཀྱི་ཕྱོགས། སུའུ་ཀྲོའུ་དང་བཀྭའ་ཀྲོའུ་གཉིས་ནི་ད་ལྟ་ཀུན་སུའུ་ཞིང་ཆེན་གྱི་ནུབ་བྱང་酒泉ཕྱོགས། ཡེ་ཀྲོའུ་ནི་ཤིན་ཅང་དང་ཀན་སུའུ་འདྲེས་མཚམས་哈密ས་ཁུལ་ལ་ངོས་འཛིན། ཧྲ་ཀྲོའུ་ནི་ཏུན་ཧོང་གི་ཕྱོགས་སུ་ངོས་འཛིན།
ད་དེ་ཙམ་བྱེད། འགྱུར་ཡག་པོ་མེད་པ་དང་དོགས་གཞིའི་རིགས་ཡོད་པ། གནས་ཚུལ་མང་ཟིག་ཤེས་འདོད་ན་Four Garrisons of Anxi ཟེར་བའི་མིང་ཐོག་ནས་ཝེ་ཁེ་ནང་འཚོལ། ལི་ཡུལ་ལྕང་ར་སྨུག་པོ་གང་ན་ཡོད་མེད་ཤེས་འདོད་ན་གོའུ་གལ་འེར་ཐི་ནང་ལ་སོང་ལ་ཧོ་ཐེན་ཕྱོགས་སུ་འཚོལ་དང་རྙེད་གི་རེད།

གསར་འགྱུར།

Post navigation

Previous Post: ཁྱོད་ལ་བོད་རྒྱ་གྲོས་མོལ་ལ་རེ་བ་ཨེ་ཡོད།
Next Post: ག་ལེར་འགྲོ་དུས་སུ།

Comments (12) on “ཨན་ཞིའི་སྡེ་བཞི་ངོ་སྤྲོད།”

  1. འབྲོང་ར་སྨུག་པོ says:
    2010-01-27 at 12:15 am

    ཁྱེད་རང་གིས་རྒྱ་མོའི་དར་ལམ་གསུངས་འདུག། ལ་རྩེ་གསར་འཕྲིན་རྒན་པད་མ་འབུམ་གྱིས་དར་སྐུད་བཤུལ་ལམ་ལབ་འདུག ངས་ནི་ཁ་སྔོན་དར་ལམ དར་སི་ཚོང་ལམ གདོད་མའི་དར་ལམ་རིང་མོ་འདྲ་ཞིག་ལབ་ཡོད།
    རྒྱ་མོའི་དར་ལམ་ཟེར་བ་ངག་རྒྱུན་འདྲ་ཞིག་རེད་དམ། བོད་ཡིག་གི་ཡིག་ཚང་རྙིང་བ་ནང་འདི་ལྟར་ཡོད་པ་རེ་དམ།། ལབ་ཙེ་ཚང་གི་དར་སྐུད་བཤུལ་ལམ་འདིའང་བློ་ངོར་འབབ་པ་ཞིག་འདུག
    དེ་ནས་ལེང་ཀྲོའུ་དང་ཀན་ཀྲོའ་ུསོགས་ཀྲོའུ་ཅན་གྱི་ས་ཆའི་འགྲེལ་འདི་ཡང་ཝེ་ཁེ་རིག་མཛོད་ནས་བླངས་བ་ཡིན་ནམ།
    དེ་སྔོན་ཤར་དཀྱིལ་གྱི་བཙན་པོ་བོད་རྒྱལ་ཁབ་ཀློག་དུས་ཀྱང་ཀྲོའུ་ཅན་གྱི་ས་ཆ་འདི་རྣམས་གང་དང་གང་ཞིག་ཡིན་ནམ་སྙམ་ཡོད།
    ང་དར་ལམ་གྱི་སྐོར་འདིར་དགའ་བོ་ཞེ་དྲག་བྱུང་། དར་ལམ་འདིའི་ལམ་རྒྱུད་ན་ལོ་རྒྱུས་སོགས་དང་འབྲེལ་བའི་ནོར་བུ་འཐུ་རྒྱུ་མང་པོ་འདུག་བསམས་སོང་།

  2. མདའ་ཚན་པ། says:
    2010-01-27 at 12:23 am

    རྒྱ་མོའི་དར་ལམ་འདི་མི་མང་གི་ངག་ན་བརྒྱུད་པ་ཞིག་ཡིན་བསམས། སུའིཁ་ནས་གོ་བ་ང་ལ་བཤད་རྒྱུ་མེད།

  3. འབྲོང་ར་སྨུག་པོ says:
    2010-01-27 at 12:26 am

    དར་ལམ་རྒྱུད་ཀྱི་ས་མིང་ཆུ་མིང་བཙན་པོའི་མཁར་སོགས་བོད་ཀྱི་ཡིག་ཚང་དང་མཐུན་པར་སྦྱོར་ཐུབ་ན་ལེགས་སྙམ། ཡང་ན་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ལྟ་བུ་ཞིག
    དེ་འདྲ་བྱུང་ན་དོན་གཉེར་ཅན་དག་ལ་ཤིན་ཏུ་ཕན་སྙམ། ཡིན་ནའང་འདི་ལས་སླ་བོ་གལ་ཡིན། དེབ་མང་པོ་ཞིག་ཀློག་དགོས་པ་རེད།

  4. འབྲོང་ར་སྨུག་པོ says:
    2010-01-27 at 12:34 am

    མདའ་ཚན་པ་འདི་བ་ཚང་གི་སྒར་ག་ན་བོད་ཡིག་གི་དཔེ་ཆ་ད་ཅིག་མང་ས་རེད། ཧེབ་ལངས་ནི་ཟིག་རེད།
    སྔོན་ཆན་ངས་ཨ་ལག་ཀླུ་སྨྱོན་འདི་བ་ཚང་འ་དེབ་མང་པོ་ཡོད་རྒྱུ་རེད་བསམས། བདེན་མི་འདུག།ང་སང་གི་སྙན་ངག་ཞིག་ནང་ཟེར་ན་ཁོང་ཚང་ལ་དེབ་རྒན་མ་ཁ་ཤས་ཤིག་མ་གཏོགས་མེད་ཟེར། ཡིན་ན་ར། བོད་སྨན་མང་ཟེར།
    འདི་ན་ལབ་ཙེ་ཚང་ན་དེབ་མང་གི་ར། ཁ་ཆུ་སྒོག་སྒོག་མྱིད་ལས་འདུག་རྒྱུ་མ་གཏོགས་གཡོར་ནི་མི་གཡོར་གི།

  5. ཀླུ་སྨྱོན། says:
    2010-01-27 at 12:51 am

    ཨ་རོ་འབྲོང་རྭ། ལ་རྩེ་ཚང་ལ་ཟི་ལིང་སྔགས་མང་ཞིབ་འཇུག་ཁང་གིས་དཔར་བའི་དེབ་དེ་དག་འབྱོར་ཨེ་འདུག

  6. འབྲོང་ར་སྨུག་པོ says:
    2010-01-27 at 12:57 am

    ཡུམ། སྔགས་མང་ཚང་གོ་མྱོང་མོད། དེབ་འདྲ་ད་བར་མཇལ་མྱོང་མེད།
    རེད་རེད། ངས་ཤེས་གི། རིན་པོ་ཆེ་ཚང་སྔགས་པའི་སྐོར་ལ་འདི་འདྲ་དུང་བ་ཆེ་ནོ།

    ཨ་ལག་ཚང་། མཐེབ་གཞོང་ནང་ར་བཏགས་འདི་འདོགས་སསྟངས་ཆི་གེ་རེད།

  7. འབྲོང་ར་སྨུག་པོ says:
    2010-01-27 at 1:03 am

    དགོངས་དག་ར་བཏགས་མ་རེད་བ་ཟུར་རེད།
    ད་ཉལ་གི་ཡིན། སང་ཉིན་ཡར་ལངས་དུས་ལན་ཡོད་པའི་སྐྱབས་འཇུག

  8. ཀླུ་སྨྱོན། says:
    2010-01-27 at 1:25 am

    Uབ་ཟུར་རེད་ལགས། ཁྱོད་གྲྭ་ཟུར་མིན་པས་བ་ཟུར་གི་ཆི་ཟིག་ཡེད་རྒྱུས།

  9. མེ་རི་གཏོར་མཁན says:
    2010-01-27 at 10:05 am

    འོ་འབྲོང་ར་སྨུག་པོ་།
    XXXXXXXXXXXXXXXXXXXXXXXXXXXXXXXXXXXXx

    ས་འདི་དག་གི་གནའ་བོའི་ལོ་རྒྱུས་འགའ་ཤས་འབཀའ་འགྱུར་ནང་གི་གླང་རི་ལུང་བསྟན་ཟེར་བ་དེའི་ནང་དུ་འགའ་ཤས་ཡོད་པ་མ་ཟད་།ཐང་སིན་བླ་མའི་རྒྱ་གར་གྱི་ལམ་ཡིག་།བོད་འགྱུར་མ་།
    ་བཙན་པོའི་འཛམ་གླིང་རྒྱས་བཤད་སོགས་ལ་ལྟོས་དང་།ས་ཚིགས་ངོས་འཛིན་པ་སོགས་ལ་ཤིན་ཏུ་ན་ཕན་ཐོགས་ཀྱིན་རེད་།་ཕྱིས་ཀྱི་ལོ་རྒྱུས་རྣམས་།སོག་པོ་ལོ་རྒྱུས་དང་།་ཁྱད་པར་ཇུན་གར་གྱི་ལོ་རྒྱུས་སོགས་ལ་ལྟོས་དང་།་ཕྱི་རྒྱལ་གྱིས་མཁས་བ་དང།་རྒྱ་ནག་གིས་མཁས་བ་དག་གི་མ་བྲིས་བའི་ལོ་རྒྱུས་མང་པོ་ཡོད་པོ་འདུག་།་ཇུན་གར་དང་བོད་བར་གྱི་ལོ་རྒྱུས་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་།གུ་ཤི་བསྟན་འཛིན་ཆོས་རྒྱལ་ཡང་ས་འདི་བ་བྱོན་པ་མ་ཟད་།ཇུན་གར་གྱིས་ས་དེ་ཕལ་ཆེར་ལ་དབང་སྒྱར་བྱས་འདུག་།ཁོ་ཚོ་ལ་བརྟེན་ནས་ཐོག་དང་པོ་བོད་དང་།ཡོ་རོབ་གཉིས་ཀྱི་འབྲེལ་བ་ཡང་བཙུགས་པར་བཤད་།ངས་དེ་སྔ་ང་ཚོའི་དཔེ་མཛོད་ཁང་གི་དཔེ་ཆ་ཤིན་ཏུ་རྙིང་བ་མང་པོ་ཡོད་པ་དེ་དག་གི་ནང་ནས་བོད་ཀྱི་བླ་མ་ཤིག་མི་སིག་གི་ཡུལ་ཟེར་བ་།དེང་དུས་ཨུ་རི་སུ་ཟེར་བའི་རྒྱལ་ཁབ་ཀྱི་རྒྱལ་ས་ཞིག་ལ་དུས་རབས་བཅུ་དྲུག་པའི་ནང་དུ་ཕེབས་པ་ཞིག་ཀྱང་མཐོང་སོང་།་དེ་བདེན་པ་ཡིན་ན།་བོད་མི་ཡོ་རོབ་དུ་སླེབས་པ་དེ་ཁོ་ཐོག་དང་པོ་རེད་འདུག་།་བོད་ཀྱི་དམར་སྲུང་དམག་དག་གི་གཏེར་ཡིག་དང་།ཐང་ཡིག་གསར་རྙིང་།དེ་མིན་དགེ་ཆོས་དཔེ་དེབ་དམར་པོ་གསུམ་པོ་མགོ་ལ་ཁུར་ནས་།དོན་རྒྱལ་ལང་ཚོའི་རྦབ་ཆུ་གྱེར་འདོན་རེ་བྱས་ནས་ད་དུང་ཡིན་མདོག་གི་འདུག་རྒྱུ་ལས་འདི་ལྟ་བུའི་ལོ་རྒྱུས་ཡ་མཚན་ཅན་དག་རྨི་ལམ་དུའང་རྨི་སྲིད་ཀྱིན་མ་རེད་།

  10. མདའ་ཚན་པ། says:
    2010-01-27 at 11:32 am

    དགོངས་དག། ཁ་སང་བྲིས་ཚར་བ་དང་ཡང་སྐྱར་ལྟ་མ་ཐུབ། ནོར་འཁྲུལ་འགའ་འདུག
    ༡ ཡེ་ཀྲོའུ་ནི་ཤིན་ཅང་དང་ཀན་སུའུ་འདྲེFour Garrisons of Anxiས་མཚམས་་ཟེར་བའི་ནང་གི་དབྱིན་ཡིག་འདི་ཚོ་ཐལ་བ་རེད།
    ༢ དེ་ལྟར་ཀྱང་རྒྱ་ནག་ཀན་སུའུ་ཁོངས་རྨ་ཆུའི་ནུབ་བྱང་རྒྱུད་ སྤྱི་ལོ་བདུན་བརྒྱ་དྲུག་ཅུའི་ནང་དང་དྲུག་བརྒྱ་བརྒྱད་ཅུའི་ནང་བོད་ཀྱི་ལག་ཏུ་ཤོར། ཞེས་པའི་ནང་གི་དྲུག་བརྒྱ་བརྒྱད་ཅུའི་ནང་ཟེར་བ་དེ་བདུན་བརྒྱ་བརྒྱད་ཅུའི་ནང་ཟེར་ནས་བཅོ།
    ༣ གཞན་ཡང་ཡིག་ནོར་ཆ་ངེ་ཆུང་ངེ་རེ་འདུག་ཀྱང་བློ་ཡོན་གྱི་ཡིག་ནོར་ལས་ཉུང་ང་འདུག་པས་སླར་བཅོ་བའི་ངལ་བ་མི་བྱའོ།

  11. lala says:
    2010-01-27 at 8:22 pm

    ༡༠༽ lala ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ གི་ཆུ་ཚོད་ ༢༠ སྐར་མ་ ༡༨
    ཁ་བརྡ་ཚང་གི་མི་ཚང་མས་ཊི་ཝེ་ཊའི་twitterབེད་སྤྱོད་གནང་གི་ཨེ་ཡོད། དེ་ནི་དེང་དུས་ཚིག་ཉུང་ངང་ནས་ཕན་ཚུན་གནས་ཚུལ་ངོ་སྤྲོད་བྱེད་ཐབས་མགྱོགས་ཤོས་དེ་རེད། ད་ལྟ་བོད་ཡིག་འབྲི་མཁན་ཡང་མང་པོ་འདུག གལ་སྲིད་དེའི་ནང་དུ་བཞུགས་མ་ཐུབ་པ་ཡིན་ན་མ་ལོན་རྒས་པོར་གྱུར་པའམ་དུས་རབས་ཀྱི་རྗེས་མ་ཟིན་པ་འདྲ་བས་མགྱོགས་ཙམ་twitter དྲ་མིག་ཞིག་རང་ཉིད་ལ་དབང་བར་མི་བརྩོན་ནམ། དྲ་བ་དེའི་ནང་དུ་ད་ལྟ་བོད་པ་སྐད་གྲགས་ཅན་མང་པོ་བཞུགས་འདུག གསར་འགྱུར་ཞིག་སྤེལ་འདོད་ཀྱང་དེའི་ནང་དུ་སྤེལ་ན་མགྱོགས་ཤོས་རེད་འདུག

  12. གཅན་བཟོད་རྒྱམ། says:
    2010-01-28 at 12:03 am

    མདའ་ཚན་པས་ཨན་ཞི་སྡེ་བཞི་སྟབས་བདེ་ཞིག་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ད་དུང་ལི་ཡུལ་ལྕང་རྭ་སྨུག་པོ་སོགས་འཚོལ་སྟངས་ཡང་གསུངས་འདུག་པས་དངོས་གནས་བཟང་ཐལ། མཇལ་ཡོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme