Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་དུང་གི་ཐམ་ཀ

Posted on 2010-01-252010-01-26 By ཁ་བརྡ་ 35 Comments on བརྩེ་དུང་གི་ཐམ་ཀ

ཚེ་རིང་སྐྱིད།

___ལོ་མགོའི་སྙན་ངག

ངས་གྲོང་ཁྱེར་འདིའི་འགྲེམས་སྟོན་ཁང་གི་ནང༌།

དྲན་པར་འོས་པའི་ཡིག་སྒྲོམ་ཞིག་འབུལ་ཡོད།

བསྐལ་བ་མ་སྟོང་བར་དེ་རུ་ཉར་བར་གན་རྒྱ་བཞག་ཡོད་པས།

ང་དང་ཁྱེད་ཀྱི་བརྩེ་དུང་གི་ཐམ་ཀ་ཡང་བརྒྱབས་ཚར།

རྒྱང་རིང་ནས་བདེ་བར་བཞུགས་དང༌། རྡོ་གཟུགས་ལས་གྲུབ་པའི་སྐྱེས་ཆེན་ཚོས།

ཐམ་ཀའི་ངོས་ཀྱི་ཡིག་འབྲུ་དེ་ཚོར་ལྟ་ཞོར།

ཡིད་ཚིམས་པའི་མགོ་བོ་གུག་གུག་བྱེད་ཀྱིན་གདའ།

ཤེལ་དང་གློག་གིས་སྲུང་བའི་ཁང་ཁྱིམ་དེའི་ནང༌།

ཐམ་ཀ་དེ་གཞན་གྱི་རྐུས་འགྲོ་བའི་སེམས་ངལ་དགོས་མི་འདུག

གན་རྒྱ་དེའི་སྙིང་དོན་འགྱུར་བའི་ཐེ་ཚོམ་ཡང་དགོས་ཀྱིན་མི་འདུག་པས།

རྒྱང་རིང་ནས། གང་ཡང་ལྷག་མེད་པའི་སེམས་པ་དེ་བཟུང་ནས་བཞུགས་རོགས་

ཡིག་སྒྲོམ་དེའི་ནང༌།

བརྩེ་འཕྲིན་༣༦༠ཡོད་ལ།

བརྩེ་འཕྲིན་རེ་རེ་ལ་ལེའུ་༢༤
རེ་ཡོད།

དགའ་མ་དང་སེམས་སོང་གི་ཡིག་འབྲུ་ལས་གང་ཡང་མེད་པའི་བརྩེ་འཕྲིན་༣༦༠དེ།

མདོར་བསྡུས་ན།
སེམས་ཀྱི་ལོངས་སྤྱོད་དང་རྣམ་ཤེས་ཀྱི་འདོད་ཞེན་ཚང་མ་མཚོན་ཡོད་པས།

ད་ལྟ་རི་བོའི་ཕར་ཚུར་ནས་ཕན་ཚུན་ལ་འབུལ་འོས་པའི་བརྩེ་འཕྲིན་གང་ཡང་མེད་པར།

གླེགས་བམ་དང་བསྟན་བཅོས་ལྟ་བུའི་བརྩེ་འཕྲིན་དེ་དག་བསམ་ནས་བཞུགས་རོགས་གནང༌།

འཕགས་མས་ཁྲག་གིས་བྲིས་པའི་བརྩེ་འཕྲིན་དང༌།

སྟོན་པས་འགྲོ་བར་བརྩེ་བའི་ཞལ་གདམས་མཐའ་དག

ཡིག་འབྲུ་བཞི་ལས་མེད་པའི་བརྩེ་འཕྲིན་༣༦༠དེའི་ནང་དུ་འདུས་ཡོད་པས།

གནམ་སའི་བར་ན་བདག་པོ་མེད་པའི་ཡིག་འབྲུ་ལྷག་མེད།

དབང་ཕྱུག་ཆེན་མོར་སྐྱབས་མཇུག་གིས།

སྐྱེས་པ་འདིར་ཐམ་ཀ་དེའི་ཚོས་མདོག་མ་བརླག་པར།

ཐེངས་གཅིག་ཐེངས་གཉིས་མཇལ་བར་ཤོག

ཞེས་སྤྱི་ལོ་༢༠༡༠ལོའི་ཟླ་༡ ཚེས་ ༢༠
ཉིན་དགུན་གཞུང་ལ་ཆར་བ་འབབ་ཀྱིན་པའི་གྲོང་ཁྱེར་ཞིག་ནས།

སྙན་ངག

Post navigation

Previous Post: བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཆུང་འཐུས་མི་བཞི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཐོན་གནང་གི་ཡོད་པ།
Next Post: ངོས་གཅིག་ནས་མཐོང་བའི་འཇིག་རྟེན། ད་དུང་ཚད་རྡུལ་འགུལ་ཤུགས་རིག་པ།

Comments (35) on “བརྩེ་དུང་གི་ཐམ་ཀ”

  1. ཨ་རིག་དགེ་མཐོང་། says:
    2010-01-25 at 6:17 pm

    ཚེ་རིང་སྐྱིད་ཀྱི་བརྩེ་དུང་གི་ཐམ་ཀ་ཞེས་པ་འདི་དུས་བབ་ནས་ཀློག་པ་ཡིན། ད་ཡིན་ཚེ་སྐྱིད་ཀྱི་བརྩེ་དུང་གི་ཐམ་ཀ་ཟད་ཀྱིན་འདུག་སྙམ་པའི་ཚོར་སྣང་ཞིག་སླེབས་སོང་།

    མ་གཞི་ཕྲན་ཁ་བརྡ་དྲ་ཚིགས་སུ་མ་ཡོང་ནས་ལོ་གཅིག་འགོར་གི་ཡོད་པ་འདྲ། ཡིན་ནའང་ཧི་གཟུགས་ཚང་མེད་དུས་དུས་བབ་ཚང་གཅིག་པོ་རི་ཉུལ་བྱས་ནས་ཉིན་མ་མི་ཆོལ་གི དེའི་ཕྱིར་དེ་རིང་ནས་བཟུང་ཁ་བརྡ་ཚང་ལ་ཁ་བརྡ་བྱེད་དུ་ཡོང་རྒྱུ་ཡིན། ་སྔོན་མའི་དྲ་གྲོགས་རྙིང་པ་དག་ཤོག་ཡ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-25 at 6:24 pm

    ཉིན་མ་སུམ་བརྒྱ་དྲུག་བཅུའི་རིང་དུ
    དུས་ཚོད་ཉི་ཤུའི་རྩ་བཞིའི་ནང་དུ
    དགའ་ས་དེ་མ་དྲན་པའི་ཉིན་མ་ཞིག་མེད་ཚོད་རེད
    ཡིན་ཡང་ ལས་དབང་ནི་སྟོན་མཇུག་གི་སྡོང་ལོ་བཞིན
    ཕྱོགས་ངེས་མེད་དུ་འཐོར་དུས
    ཤུལ་དུ་ལུས་པའི་དགུན་ཁའི་ཁ་བ་འབབ་པའི་མཚན་མོ་དེ་ལྟར
    ཁུ་སིམ་ཞིང་ ཆེས་ལྷིང་འཇགས་ཀྱི་ནམ་ཟླ་ཞིག
    ཚེ་རིང་སྐྱིད་ལགས དགའ་ས་དེ་གླེང་གི་འདུག
    ནད་ས་དེ་རེག་གི་འདུག་ཟེར་སྲོལ་ཡོད་པ་ཅིས་མི་བདེན
    ཁྱེད་ལ་ཐུགས་ཁག་མེད་ཀི

  3. ཚངས་དབྱངས། says:
    2010-01-25 at 7:03 pm

    ཁྱེད་རང་གི་སྙན་ངག་དེས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ཡིད་ལ་ཝ་ལེར་འདྲེན་བྱུང་།

    སྔོན་མ་ནུབ་ཕྱོགས་ཀྱི་ཡུལ་ག་གེ་མོ་ཞིག་ལ་མཁས་དབང་ཁོང་དཔེ་མཛོད་ཆེན་མོ་ཞིག་ལ་ལྟ་སྐོར་དུ་ཕེབས། དབྱིན་ཇིའི་དེབ་ཁྲི་ཁྲག་དཀྱིལ་ལ་བཞུགས་པའི་བོད་ཀྱི་མེས་པོ་གསུང་འབུམ་ཐར་ཐོར་རེ་བཞུགས་པ་མཇལ་སྐབས། མཁས་དབང་ཁོང་དང་པོ་ཐུགས་ལ་སྤྲོ་བ་ཆེན་པོ་འཕེལ། ཕྱག་དཔེ་འགའ་ཞལ་ཕྱེ་ནས་ཀློག དེ་ནས་ང་ཚོ་འཐོན་ཁར། ཕྱག་དཔེ་དེ་དག་བོད་ཡིག་དང་བོད་སྐད་མ་ཤེས་མཁན་ཕྱི་གླིང་དཔེ་མཛོད་དོ་དམ་ཞིག་གིས་དཔུང་པར་འཁུར་ནས་འགྲོ་སྐབས། རིན་པོ་ཆེ་ཐུགས་ལ་འཚོར་བ་སྐྱེན་པོ་ཞིག་འཁྲུངས་འདུག

    ལམ་བར་ངེད་རྣམས་ལ། “ཟིང་འཁྲུག་སྐབས། ངའི་དགེ་རྒན་ཞིག་བཙོན་ལ་མཇལ་བར་ཕྱིན་པ་ཡིན། རྒྱ་མིའི་བཙོན་སྲུང་དམག་མི་ཞིག་གིས་དམ་པ་ཁོང་ཁྲིད་སླེབས་སོང་། ཁོང་གི་ཤ་རིད་པོར་འགྱུར་ནས། སྐུ་གཟུགས་ཤིན་དུ་སྐམ་པོ་དང་ཆུང་བར་འདུག ཡིན་ནའི་མཇལ་ནས་བཀའ་མོལ་ཞུ་བའི་སྐབས། ཐུགས་རྒྱ་ཤིན་དུ་ཆེ་ལ། ཐུགས་ཀྱི་ཡོན་ཏན་འབུར་བཞིན་ཐོན་གྱི་འདུག ད་དུང་བཙོན་པ་གཞན་གྱི་བདེ་སྡུག་ཐོག་ལ་ཐུགས་འཁུར་ཆེན་པོ་གནང་གི་འདུག 

    “ཁོང་གིས་ང་ལ་གསུངས་རྒྱུར། དུང་ཕྲུག་འོ་མས་གསོས་པ་འདི། དགྲ་ཆུ་བསྲིན་ཁ་ལ་ཨེ་ཐུབ་ཟེར་བ་ལྟར། དགོན་པར་དཔེ་ཆ་བལྟས། ཆོས་ཉན། ད་དེང་སང་གནས་ཚུལ་འདིའི་ནང་བེད་སྤྱོད་གཏོང་མ་ཐུབ་ཚེ། ཤིན་དུ་ཐབས་སྐྱོ་པོ་རེད། ང་ཚོས་སྡུག་བསྔལ་ཕར་འཚོལ་བར་རི་ཁྲོད་དང་སྙུང་གནས་ལ་འགྲོ་མི་དགོས་པར། སྡུག་བསྔལ་གྱིས་ཚུར་རང་འཚོལ་བར་ཡོང་བ་འདི་ཆོས་པ་ལ་མཚོན་ན། དངོས་སྒྲུབ་རྩ་ཆེན་ཞིག་རེད། ཆོས་ཀྱི་ཉམས་རྟོགས་སྐྱེས་པར་སྡུག་བསྔལ་ལས་འདྲིན་ཆེ་བ་མེད། དུས་ཚོད་འཕྲོ་བརླག་མི་གཏོང་བར། ཐམས་བཅད་ཉམས་ལེན་ལ་བསྒྲིལ་དགོས་གསུངསབྱུང་།

    “ངེད་ཚོའི་བཙོན་མཇལ་དུས་ཚོད་བརྫོགས་རྗེས། ཁོང་ལ་བཟའ་རྒྱུ་དང་གོས་སོགས་ཕུལ་ནས་ཞལ་བྲལ་སྐབས། རྒན་ཁོང་ཆུང་དྲག ཁུར་ཏོག་ཙམ་མང་པོ་ཆགས། བཙོན་ཁང་གི་ཕ་རོལ་གྱི་ཡུར་བུ་ཆུང་ཆུང་ཞིག་འདུག། དེ་འགྲོལ་མི་ཐུབ་པའི་སྐབས། རྒྱ་མིའི་དམག་མི་དེས་སྟབས་པོར་དགེ་རྒན་ཁོང་དཔུང་པར་ཁུར་ནས་ཡུར་བུ་དེ་འགྲོལ་སོང་། འདི་རིང་གློ་བུར་དུ་གནས་ཚུལ་འདི་དྲན་བྱུང་།” གསུངས།
     

  4. ཀླུ་སྨྱོན། says:
    2010-01-25 at 8:36 pm

    ངས་ནི་ཡེ་ཤུའི་ལྷ་ཁང་ཞིག་ནས་དམ་པའི་གསུང་རབ་ཚར་གཅིག་བཀླགས་པའི་ཚོར་བ་ཞིག་རྙེད་སོང་། དེ་ལས་གཞན་ང་ལ་ཅི་ཞིག་མཁོ་ཨང་།

  5. རྩམ་དགའ་ says:
    2010-01-25 at 9:06 pm

    ཨ་མཆོག་ལུང་བ་ཁུག་དཀྱོགས་ནས་སྐྱེས་པའི་ཚེ་རིང་སྐྱིད་ཀྱི་བརྩེ་དུང་གི་ཐམ་ག་འདིའི་ཡིག་འབྲུ་རེ་རེས།
    ངོ་མས་ཡིད་དབང་འཕྲོག་གི་ཨ་ཙི་ཨ་ཙི།
    ལོ་འཇུག་གི་སྙན་ངག་དེས་ད་ཁོ་བོ་སྐྱིད་པོ་ཞིག་ཡོང་འཇུག་རྒྱུ་མ་རེད།

  6. རི་སྤྱང་ཁེར་འགྲོ says:
    2010-01-25 at 9:22 pm

    ཨ་རིག་དགེ་མཐོང་བྱོན་པ་ལེགས།
    ཨ་རིག་དགེ་མཐོང་ཟེར་བ་འདི་གང་ས་གང་དུ་སྐད་གྲགས་འདྲ་ཞིག་འདུག
    ཁོམ་པ་ཡོད་སྐབས་ཤིག་ཁོང་གི་ཟིན་བྲིས་ནང་ལྟ་སྐོར་ཏུ་འགྲོ་རྒྱུ་ཡིན།།

  7. རི་སྤྱང་ཁེར་འགྲོ says:
    2010-01-25 at 9:24 pm

    སྒུག་འ། ད་གཞོན་ནུ་ཟླ་མེད་སླེབས་གྲབས་ཡོད།
    དེ་ནས་དོ་དགོང་ཁ་བརྡ་ལྷོད་ལྷོད་དགོད་སྤྱད་སྐྱིད་པོ་ཡོང་གི་རེད།

  8. ཀླུ་སྨྱོན། says:
    2010-01-25 at 10:02 pm

    ནོར་བཟང་ལགས་ཀྱིས་ཨ་མཆོག་ཚེ་རིང་སྐྱིད་ང་ལ་མནའ་མར་སློང་གི་ཡོད་ས་རེད།། ཡག་པོ་རེད་ཡག་པོ་རེད། རྒད་པོ་ཚོ་རྒོད་པོ་འཚོག་འཚོག་བྱོས། བར་བ་ཚོ་རི་སྤྱང་འདུར་འདུར་བྱོས། ཉི་མ་གཅིག་ཅིག་འགྲིག་འགྲོ་གི་རེད།

  9. རྩམ་དགའ་ says:
    2010-01-25 at 10:15 pm

    ལྟོས་ཨ་ད་ཡང་བླ་རྒན་མཇེ་ནག་ཆ་བོ་གཅིག་ལས་གཅིག་འགྱོག་བྱས་ནས་སླེབས་ཡོང་གི་རེད།
    གཞོན་ནུ་ཁོ་ཁྲུས་གཞོང་ནང་དུ་འཛུལ་ནས་འདུག་གི་མ་རེད་ཁ་རླངས་ཐུ་ལུ་ལུ་ད་རྒྱུག་ཡོང་གི་རེད།

  10. རྩམ་དགའ་ says:
    2010-01-25 at 10:31 pm

    ཨ་མཆོག་མཛེས་མ་ཡོད་ས་ན། །
    ཨ་ཁུ་ཆ་བོ་འཚང་ཁ་ཆེ། །
    ཨ་རོགས་མེད་པའི་ཕོ་རྐྱང་ཚོས། །
    ཨ་ཁ་ཟེར་བཞིན་ཁོང་ཁྲོ་ལངས། །
    ཧ་ཧ་ཧ།

  11. yeshe says:
    2010-01-25 at 10:33 pm

    བླ་རྒན་ཚོ་ལ་སྡུག་གི་མ་འདུག བླ་རྒན་ཚོ་ལས་སྐྱིད་པའི་མི་ཞིག་གང་ནས་འཚོལ། ཟ་འཐུང་འཐུང་རྒྱུ་འབེལ་བོ་ཡོད། ཁྱིམ་ཆུང་མ་དང་བུ་ཕྲུག་གི་ཁ་རྒྱབ་མི་སོས་པའི་སེམས་ཁྲལ་ནི་མེད། ལྟོ་བ་ཉི་མར་ལྡེས་ནས་ཁ་རྒྱགས་བཤད་དེ་བསྡད་ཆོག་ཆོག་རེད། ད་སྐྱིད་ཀ

  12. yeshe says:
    2010-01-25 at 10:33 pm

    སྡིག་གི་

  13. yeshe says:
    2010-01-25 at 10:34 pm

    ཟ་རྒྱུ་འཐུང་རྒྱུ་་

  14. གཞིས་ལུས་བོད་པ། says:
    2010-01-25 at 10:51 pm

    ཚེ་རིང་སྐྱིད་ཨ་མཆོག་ནས་ཨེ་རེད། ང་ད་ལོ་ཟི་ལིང་ནས་ཚུར་ཡོང་སྐབས་ཤིག་ལ་ཨ་མཆོག་ས་ཆར་ཐོན་སོང་། ཕར་བལྟས་ཚོད་ལ་ས་ཆ་སྐྱིད་པོ་ཞེ་དྲག་འདུག རྩ་ཐང་ཆེ་ཞིང་མེ་ཏོག་མང་། །སྨུག་པ་འཐིབས་རྗེས་ཉི་མ་དྲོ། །འོ་ཇི་འདྲའི་ས་ཆ་སྐྱིད་པོ་འདུག་སྙམ་པ་བྱུང་སོང་།

  15. རྩམ་དགའ་ says:
    2010-01-25 at 11:02 pm

    ཨ་ཁུ་ཕལ་ཆེར་རྒྱག་པ་ཡིན་ནོ་བྱ་ཟིག་བཙོག་ར། །
    ཨ་ཁུ་ཀླུ་སྨྱོན་ཚང་ནི་སྐམ་པོ་ཡིན་ནོ་ཤེས་ཐལ། །
    ཨ་ཁུ་ཆ་བོ་ཟེར་དུས་ངར་ངར་རྒྱུགས་ནས་ཐོན་ཐལ། །
    ཨ་ཁུས་རླིག་འཐེན་རྒྱབ་ཡོང་བསམ་ནས་ངོ་མས་སྐྲག་ཐལ། །

  16. རྩམ་དགའ་ says:
    2010-01-25 at 11:07 pm

    ཨ་རོགས་ཁྱོས་ཕལ་ཆེར་ས་ཆ་གཞན་ཞིག་དང་ནོར་མི་འགྲོ ཨ་མཆོག་ན་དེ་འདྲའི་རྩྭ་ཐང་ཆེན་པོ་ཅང་ཡོད་ནི་མ་རེད་ལགས།

  17. yeshe says:
    2010-01-25 at 11:14 pm

    ཨ་ཁུའི་རླིག་པ་ཆུང་ནས་བཅད་དང་བས། །
    ཨ་ཁུ་རླིག་པ་རིག་ན་ཕྲག་དོག་ཟ། །
    ཨ་ཁུས་ཞི་མོ་རིག་དུས་འཁེར་ན་ཡང་། །
    ཨ་ལུའི་མགོ་ཟིག་རིག་དུས་བྲོས་འཇོག་ག །
    ད་ཨེ་ཆོག་གི

  18. རྩམ་དགའ་ says:
    2010-01-25 at 11:23 pm

    ད་ཆོག་གི་ཨ་ཁུ་ལོ་ལོ། ཁྱོས་ངའི་རྒྱུ་མ་བཅད་རྒྱུའི་ཉེན་ཁ་ཡོད་ཀི

  19. རྩམ་དགའ་ says:
    2010-01-26 at 12:45 am

    ཨ་རོགས་ཀླུ་སྨྱོན་ཟེར་ཡ་ཁྱོད་ད་རུང་སེམས་ལྷོད་ལྷོད་བྱས་ནས་བསྡད་འཇུག་ནས།
    གཞོན་ནུ་ཟླ་མེད་ཁ་སང་ཟིག་ག་རྔ་ཆས་ཆ་བོ་ཁུར་ནས་འདྲེ་འདུལ་ནི་བུད་ཐལ་ར། ད་རུང་ཚུར་ཐོན་མེད་ནོ་ལྟོས་ན་་་ཨེ་་་འདྲེ་རྒོད་དེས་བླ་རྒན་ཁོང་འདུལ་དང་ནི་མིན་ན།

  20. འབྲོང་ར་སྨུག་པོ says:
    2010-01-26 at 12:52 am

    ཟླ་མེད་རྣ་ཤུ་བོ གཙོ་བོ་ཡས་རེ་ཡར་ར་བཞག་ན གཙོ་སྒྱེ་ཁུར་རེ་ཐང་འ་་ཉལ་གི།
    ད་དེ་རིང་ནས་ཁོའི་གོ་ས་མར་ཧབ་ནས་རྩམ་དགའ་ཡ་ར་བཞག་ནི་ཡིན། ད་ཟླ་མེད་ཁྱོད་སྡུག་གྱོང་།

  21. རྩམ་དགའ་ says:
    2010-01-26 at 1:04 am

    ཨ་རོགས་བླ་རྒན་ཆ་བོས་ངའི་ཁ་ཟོག་ཡེད་ནི་མ་རེད། དེ་ལས་ཁྱོད་ཧྲ་ནི་རེད་འདོད་ཀི བླ་རྒན་ཆ་བོ་ཁྱོའི་ར་རྩེར་སྐྲག་ནོ་ཁོ་ཐག་ཡིན་ནི་རེད།

  22. Metok Ma says:
    2010-01-26 at 7:19 am

    སྟོན་མཚན་དག་པ་ཡར་ཟླའི་ཞལ་རས་དེ།།
    རི་རིས་སྒྲིབ་པ་ཆོས་ཉིད་རི་མོའི་གཟུགས།།
    མི་ཡི་རིག་པས་ལས་ལ་མཚམས་སྦྱར་ཏེ།།
    རྣམ་ཤེས་ཅན་གྱི་ལམ་ལ་ཆས་སྐད་དོ།།

  23. lhasang says:
    2010-01-26 at 6:32 pm

    ཨ་རིག་དགེ་མཐོང་གིས་ག་རེ་ལབ་ཀྱིན་ཡོད་རེད། གྲྭ་བ་འདི་ཚོ་ཁུར་ཤིག

  24. རྩམ་དགའ་ says:
    2010-01-27 at 1:30 am

    ཨ་མཆོག་ཡུལ་ནས་མནའ་མ་མ་སོང་བར། །
    རྒྱ་གར་ཡུལ་ལ་བྲོས་ནས་སླེབས་དང་ནོ། །
    བྱེས་འབྱོར་བུ་མེད་ཆ་བོའི་བསོད་རྣམས་རེད། །
    ཕོ་གསར་པྰ་མགོ་ཆ་བོའི་སྡུག་བསྔལ་རེད། །

    ཁོག་པ་བཟང་ངན་གང་ཡིན་མ་ཤེས་ཀྱང་། །
    ཕྱི་གཟུགས་ཡག་པས་སེམས་པ་འཕྲོག་སོང་ཐལ། །
    ཁ་བརྡའི་ནང་ངར་ཕ་སྐད་འདྲེས་ཆེ་བས། །
    ལ་ལ་གོ་རྒྱུ་དཀའ་ནོ་ཡ་མཚན་རེད། །

    ནུ་མ་ཚུར་ལ་འབུར་ནོ་ཅིག་བལྟས་ན། །
    རྒྱོ་ལ་དགའ་ནོ་ཁོ་ཐག་ཡིན་ས་རེད། །
    ཨོང་ཤ་རིལ་རིལ་ཡག་ནོ་བལྟས་ན། །
    རྒྱག་ས་ཧྲ་ནོ་ཐག་གིས་བཅད་ཀྱང་ཆོག །

    ཨ་ཁུ་འགའ་རེ་སྨྱོན་ནོ་ཁག་མེད་ཀི །
    མཛེས་མའི་ནང་གི་མཛེས་མ་ཡིན་ནི་རེད། །
    ཕྱི་ནང་གཉིས་ཀར་སྐད་སྒྲ་ཆེ་དང་ནོ། །
    སྙན་ངག་འབྲི་རྩལ་ཆེ་བས་ཡིན་ན་ཐང་། །

  25. lala says:
    2010-01-27 at 8:25 pm

    ༡༠༽ lala ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ གི་ཆུ་ཚོད་ ༢༠ སྐར་མ་ ༡༨
    ཁ་བརྡ་ཚང་གི་མི་ཚང་མས་ཊི་ཝེ་ཊའི་twitterབེད་སྤྱོད་གནང་གི་ཨེ་ཡོད། དེ་ནི་དེང་དུས་ཚིག་ཉུང་ངང་ནས་ཕན་ཚུན་གནས་ཚུལ་ངོ་སྤྲོད་བྱེད་ཐབས་མགྱོགས་ཤོས་དེ་རེད། ད་ལྟ་བོད་ཡིག་འབྲི་མཁན་ཡང་མང་པོ་འདུག གལ་སྲིད་དེའི་ནང་དུ་བཞུགས་མ་ཐུབ་པ་ཡིན་ན་མ་ལོན་རྒས་པོར་གྱུར་པའམ་དུས་རབས་ཀྱི་རྗེས་མ་ཟིན་པ་འདྲ་བས་མགྱོགས་ཙམ་twitter དྲ་མིག་ཞིག་རང་ཉིད་ལ་དབང་བར་མི་བརྩོན་ནམ། དྲ་བ་དེའི་ནང་དུ་ད་ལྟ་བོད་པ་སྐད་གྲགས་ཅན་མང་པོ་བཞུགས་འདུག གསར་འགྱུར་ཞིག་སྤེལ་འདོད་ཀྱང་དེའི་ནང་དུ་སྤེལ་ན་མགྱོགས་ཤོས་རེད་འདུག

  26. རྩམ་དགའ་ says:
    2010-02-20 at 12:58 am

    དེང་སང་ཚེ་སྐྱིད་ཁ་བརྡའི་ནང་ལ་ཞེ་དྲག་མི་ཡོང་གི ངོ་མས་སེམས་པ་སྐྱོ་ནི་ཟིག་རེད། གྲོགས་པོ་ཆ་བོས་མོ་ལ་ཕེབས་རོག་གནང་ལབ་ཨ།

  27. གཅན་བཟོད་རྒྱམ། says:
    2010-02-20 at 1:03 am

    ཅིག་གིས་ཁྲིད་སོང་ནེ་ཨེ་ཡིན་ནམ། ཤོག་ཟེར་ན་ཡོང་ནི་ཨེ་རེད།

  28. རྩམ་དགའ་ says:
    2010-02-20 at 1:15 am

    ཁྱོས་ལ་གཞས་རེ་ལངས་ར་མོ་སླེབས་ཡོང་ནི་རེད།

  29. གཅན་བཟོད་རྒྱམ། says:
    2010-02-20 at 1:25 am

    ཨ་ལ་རོགས་ལོ་་་་་
    ཡ་ལ་་་་ཡ་ལ་དགོ
    བྱ་ཁུ་ལོ་ནགས་རི་བརྒྱུད་དུས།།
    བྱེའུ་འཇོལ་མོ་མཐོང་རྒྱུ་མེད་ཀི།
    ངས་འཇོལ་མོ་མ་མཐོང་ལོ་འགོར།།
    ལོ་འགོར་རུང་ད་དུང་མི་ཡོང་གི།

    ཨ་ལ་རོགས་ལོ་་་་
    ཡ་ལ་་་་་ཡ་ལ་་་་དགོ
    ངས་སྡེ་རུ་བརྒྱུད་ནས་འགྲོ་དུས།།
    རོགས་ཚེ་སྐྱིད་རིག་རྒྱུ་མེད་ཀི།
    ངས་མ་རིག་ལོ་གཅིག་འགོར་སོང་།།
    ལོ་འགོར་རུང་ད་དུང་མི་ཡོང་གི།

  30. གཅན་བཟོད་རྒྱམ། says:
    2010-02-20 at 1:27 am

    ད་ངས་ལ་ཡས་ཞིག་བླངས་བཞག་ཡོད། མ་ཡོང་གི་ཞིག་ར་ངས་ཁྱོའི་སྟུག་ཁུང་ནང་གྱེད་ལ་གཅིག་ལྟོས་ཞོགས་ཨ།

  31. འབའ་སྲས། says:
    2010-02-20 at 12:37 pm

    གཅན་གཟོད་རྒྱམ་གྱིས་ལ་གཞས་སྐོར་འཐེན་བྱས་ནས་མི་ཡོང་ན་ངས་གཅིག་བླངས་ན་ཡོང་ན་ཐང་། ལྟོས་ཡ

    ཡ་ལ་རོགས་ལོ་་་་་་་་བྱ་ཁུ་ལོ་སྙིང་ལ་རྗེ་བོ། ས་ལ་ལུང་བརྒྱུད་ལ་མ་འཕུར། ཕྱིར་འཁོར་ར་ནགས་ལ་ཤོག་ར།
    ནགས་རྒྱ་རྫོང་ཁ་རུ་བརྒྱང་ང་འཇོག ཤིང་སིལ་ཏོག་སྡེར་ཁ་སྒྲིག་ནས་འཇོག བྱ་ཁུ་ལོ་ཟེར་ར་སྒུག་ནས་འདུག

    རོགས་ཆུང་ལོ་སྙིང་ལ་རྗེ་བོ། སྡེ་ལ་ལུང་བརྒྱུད་ནས་མ་འགྲོ། ཕྱིར་འཁོར་ར་རང་སྡེར་ཤོག་ར།
    སྡེ་ཆེན་པོ་ཁ་རུ་བརྒྱང་ང་འཇོག ཆང་བསིལ་མའི་སྡེར་ཁ་སྒྲིག་ནས་འཇོག རོགས་ཚེ་སྐྱིད་ཟེར་ནས་སྒུག་ནས་འདུག

  32. གཞོན་ནུ་ཟླ་མེད says:
    2010-02-20 at 1:27 pm

    འ་ལ་ལ་ལ། ལོ་སར་སྐབས་ང་གྲོང་ཆོག་ལ་སོང་ནས་ནང་ན་མེད་ཤུལ་ནས་མཛེས་མ་ཚེ་རིང་སྐྱིད་ནས་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་ལས་བཞི་མ་གཏོགས་ཆ་ཚང་ཁས་བླངས་དང་ཟིག དེའི་སྟེང་དུ་མི་འགྱུར་བའི་དམ་བཅའ་ཡང་བཞག་ཚར་འདུག སུས་དགེ་སློང་མ་སྒྲུབ་ནི་རེད། ད་འདི་ལ་ཡར་ལོག་མ་ཟེར་ན་འེ་འགྲིག་ཀ ཕལ་ཆེར་འཛམ་བུ་གླིང་ལ་སྐོར་བ་གཅིག་བརྒྱབ་པས་འཁོར་བའི་གནས་གང་ལ་སོང་ན་ཡང་བདེ་སྐྱིད་མེད་པ་སྡུག་བསྔལ་གྱི་གནས་ཡིན་པ་ར་འཕྲོད་སོང་ནས་ད་ཡིན་རྒྱུ་རེད།

  33. གཞོན་ནུ་ཟླ་མེད says:
    2010-02-20 at 1:38 pm

    འ་ཡ་དྲ་གྲོགས་ཚོ། ཚིག་པ་མ་ཟ་དང་། ང་ཡང་ལོ་འགོ་ཚེས་མགོ་ཏྰ་ལེན་ཕྲག་ལ་ཁུར་ནས་ཡར་རྒྱུགས་མར་འདུག་བྱེད་དགོས་ཀི་མོ། འཚམ་འཚམ་མ་ང་ལ་དགོངས་པ་སྤྲོད་དགོས་ནི་རེད་ཡ། ད་མཛེས་མ་ཚང་ང་འདི་ནས་ཡི་གེ་བཏགས་བསྡད་པ་ལས་ཕར་རྒྱུགས་དང་ན་དེ་བདེ་གི ཁ་སང་ཟིག་ག་ས་ཆ་དེར་གཅིག་སོང་ནས་ར། ད་གངས་འཐུག་ནི་རེད། རླུང་གཡུག་ནི་རེད། མཛེས་མ་མ་རིག་སྔོན་ལ་ཅིག་ཅིག་མིན་ན་ངའི་རླུག་རིལ་གཉིས་ཀ་འཁྱག་ལ་འབྱར་སོང་། ངའི་རོགས་པ་མགོ་སེར་དེའི་གནའ་ཤི་བོ། བྲེལ་ལ་དང་འཚའ་ཀ་འཚིག་གེ་ཤེ་བོ་བྱས་ཀི་འདུག མཛེས་མ་ཚང་མཇལ་བའི་སྐལ་བ་མེད་ཐ།

  34. རྩམ་དགའ་ says:
    2010-02-20 at 2:31 pm

    སྟོད་སྡེ་ཆེན་འདི་ཡི་དཀྱིས་ནས། །ཕོ་ངོ་རྒོད་ཅན་གྱི་གཞོན་ནུ་ངས། །
    མ་ཚེ་སྐྱིད་འགུགས་པའི་གླུ་ཞིག་ལན། །གླུ་འདི་ཡིས་མ་ཁུག་གཅིག་ཀྱང་མེད། །

    ང་ལ་ཁའི་རྩེ་ལ་བུད་ནས། །ཁ་ཕྱིར་འཁོར་ཐེངས་གསུམ་བྱས་ནས། །
    མ་བུ་མོ་ཚེ་སྐྱིད་ཀན་ལ། །སྐད་སྙན་མོས་འབོད་པ་བཏང་ཡོད། །

    དགོང་གཡུ་འབྲུག་འདྲ་བའི་རྟ་ཟིག་ཞོན་ནས། །གྲོང་སྡེ་ཆེན་དཀྱིལ་ལ་ཐེངས་གསུམ་རྒྱུགས་ནས། །
    མ་བུ་མོ་ཚེ་སྐྱིད་ཀན་ལ། །སྐད་སྙན་མོས་འབོད་པ་བཏང་ཡོད། །

    ཕོ་ཁོག་རྒྱ་ཅན་གྱི་གཞོན་ནུ་ཚོས། །གླུ་ལ་ཡས་ས་ལན་རྡོ་ལན་བྱོས། །
    མ་བུ་མོ་ཚེ་སྐྱིད་ཀན་གིས། །གླུ་རྒྱུད་མང་བཟུང་ནས་ཕེབས་ནི་རེད། །

  35. གཞོན་ནུ་ཟླ་མེད says:
    2010-02-22 at 4:08 pm

    ཁ་བརྡ་བྱེད་སའི་དྲ་རྒྱ་འདིའི་ནང་ན།།
    ཁ་སྔོན་ཟིག་ཀ་ལྷ་འདྲེ་འཚང་ཀ་བྱེད།།
    ཁ་རྒོད་ཆ་བོ་མཇེ་རྒོད་ཤི་བ་ལྟར།།
    ཁ་ཚིག་མི་ཐོན་གང་ལ་བྲོས་སོང་ཟིག།
    ཁ་འཇམ་ཚིག་འཇམ་མཛེས་མ་ཚེ་རིང་སྐྱིད།།
    ཁ་བ་ཅན་གྱི་ལས་དབང་མི་གླེང་ནོ།།
    ཁ་ཡི་སྒོ་ཆེན་བྱིན་རླབས་ཅན་པོ་དེ།།
    ཁ་རོགས་འདུག་བྱེད་སྒོ་ལྕགས་སུ་ཡིས་བཏབ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme