Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཆུང་འཐུས་མི་བཞི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཐོན་གནང་གི་ཡོད་པ།

Posted on 2010-01-242010-01-24 By ཁ་བརྡ་ 39 Comments on བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཆུང་འཐུས་མི་བཞི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཐོན་གནང་གི་ཡོད་པ།

(ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་དྲ་རྒྱ་ནས་བླངས། )

delegation-press-conference-305

འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན།འཐུས་མི་བཞི་ལས་གྲུབ་པའི་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཚུང་འདི་ཚེས་༢༥རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་རྒྱ་ནག་ལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་འདུག་སྐུ་ཚབ་ཕེབས་ཐེངས་དགུ་པའི་འདིའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་སྐུལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་།སྐལ་བཟང་རྒྱལ་མཚན་ལགས།ཚོགས་མི་བུ་ཆུང་ཚེ་རིང་ལགས་བཅས་ཀྱི་ཐོག་ཚོགས་མི་གསར་པ་བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་བསྟན་འཛིན་ཕུན་ཚོགས་བཅས་སྐུ་ཚབ་རྣམ་པ་བཞི་ཕེབས་ཀྱི་ཡོད་པ་དང་ཐེངས་འདིའི་འབྲེལ་མོལ་གནང་ཡུལ་ཧུ་ནན་ཞིང་ཆེན་ནང་ཡིན་པ་ཙམ་ལས་བཞུགས་ཡུན་ཉིན་གྲངས་དང་ས་གནས་གང་དུ་ཕེབས་ཀྱི་ཡོད་མེད་སྐོར་ཞིབ་ཕྲའི་གནས་ཚུལ་གང་ཡང་མི་འདུག་ བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་བརྒྱད་པ་དེ་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་བཅུ་པའི་ནང་ཕེབས་སྐབས་ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཡང་རྒྱ་ནག་གཞུང་ལ་ཕུལ་བ་རེད།འོན་ཀྱང་རྒྱ་ནག་གཞུང་གིས་ཡིག་ཆ་དེའི་ངོ་བོ་དང་ནང་དོན་གང་ཡང་ངོས་ལེན་གནང་མེད་པ་རེད།དེ་རྗེས་དེ་ལོ་ཕྱི་ཟླ་བཅུ་གཅིག་ནང་ནང་༧གོང་ས་མཆོག་བཀའ་དགོངས་བཞིན་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཞིག་ཀྱང་བསྐོང་ཚོགས་གནང་བ་རེད།དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་བྱེད་རྒྱུ་ཇེ་སྡུག་ཏུ་ཕྱིན་སྟེ་ཕན་ཚུན་གྱི་འབྲེལ་ལམ་ཆད་པ་ལྟ་བུར་གྱུར་པ་རེད།འོན་ཀྱང་ཟླ་བ་འདི་ཚེས་༢༠དང་༢༡ཉིན་གཉིས་རིང་བཙན་བྱོལ་བོད་གཞུང་གི་ལྟེ་ནས་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་དེ་ཚོགས་གནང་བ་དང་དེ་མཚམས་༸གོང་ས་མཆོག་ལ་བརྟན་བཞུགས་འདེགས་ཕུལ་ཚར་མ་ཐག་སྐུ་ཚབ་ཐེངས་དགུ་པ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་འདུག

གསར་འགྱུར།

Post navigation

Previous Post: རྡ་རམ་ས་ལ་དང་འདོད་པའི་བསྟན་བཅོས། ད་དུང་དགེ་འདུན་ཆོས་འཕེལ།
Next Post: བརྩེ་དུང་གི་ཐམ་ཀ

Comments (39) on “བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཆུང་འཐུས་མི་བཞི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཐོན་གནང་གི་ཡོད་པ།”

  1. yeshe says:
    2010-01-24 at 9:38 pm

    ད་ཐེངས་ཁོང་རྣམ་པས་སྲིད་བློན་ཧུའུ་གཅིན་འཐུང་གི་ཉེ་ཆར་གྱི་གཏམ་བཤད་ཡིག་ཆ་དེར་ནན་ཏན་ངང་སློབ་སྦྱོང་ཞིག་བྱས་རྗེས་ཡིག་ཆ་དེའི་འདྲ་བཤུས་རེ་བསྣམས་ནས་ཚུར་ཕེབས་ཡོང་གི་རེད། ཐུགས་ཁྲལ་གནང་དགོས་ཀྱི་མ་རེད།

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-01-24 at 10:03 pm

    ད་འབྲེལ་མོལ་འབྲེལ་མོལ་ཟེར་གྱི་འདུག་མ་གཏོགས་། ད་ཕན་སྤྱི་སྒེར་གཉིས་ནས་འབྲེལ་བ་ཐེངས་ཉུ་ཤུ་ལྷག་བྱས་བ་དེ་ཚོ་ཡང་། མཚམས་རེར་ཆད། མཚམས་རེར་མཐུད།
    མཚམས་རེར་ཕར་ལ་འགྲོ་གི་ཡོད་པ་མ་གཏོགས་འབྲེལ་བ་དམིགས་བསལ་ཅི་ཡང་བཙུགས་མེད་པའི་བཟོ་འདྲ་བོ། མཚམས་རེར་ཕར་ལ་འབྲེལ་བ་འཛུགས་ཏུ་འགྲོ་གི་ཡོད་པ་ལྟ་བུ་མ་ཡིན་པར་རྒྱ་ནག་གཞུང་གི་གཤེ་གཤེ་ལེན་ཏུ་འགྲོ་གི་ཡོད་པའི་བཟོ་འདྲ་བོ། མཚམས་རེར་ཕར་ལ་ཕྱིན་ནས་ཁས་ལེན་བྱེད་མི་དགོས་བ་མང་པོ་ཞིག་ཁས་ལེན་འདྲ་བྱས། ཚུར་ཡོང་ནས་འཇོན་པའི་བཟོ་འདྲ་བཤད། ཉིན་ཁ་ཤས་ཀྱི་རྗེས་ལ་འཇོན་མེད་པའི་རྐུབ་དེ་ལྷང་ལ་བུད། ད་ཁྱེད་ཚོས་འབྲེལ་བ་བྱེད་མི་དགོས། སྐུ་མཁྱེན། འབྲེལ་བ་ཟེར་བ་དེ་ཕྱིར་བསྡུ་གནང་རོགས།
    ད་ཕན། འབྲེལ་བ་གནང་ཡིན་ཟེར་ནས་འབྲེལ་བ་ཡག་ཏུ་ཕྱིན་པའི་གནས་ཚུལ་སྟོན་རྒྱུ་མེད། འབྲེལ་བ་སྡུག་ཏུ་ཕྱིན་པ་ནི་གསལ་ཐང་ཐང་འདྲ་ཞིག་རེད།
    དེ་གཅིག་ཡིན།
    དེ་ནས་། འབྲེལ་བའི་ཞོར་ལ་གླེང་མོལ་དེའི་སྐོར་ཡིན། ད་ལྟ་བར་དུ་ཅིག་བཤད་བསྡད་པ་རེད། ཕར་ལ་ཉུང་ཉུང་ཞིག་བཤད། ཚུར་ལ་མང་པོ་ཞིག་ཉན་བསྡད་པ་རེད།
    ཕར་ལ་བཤད་རྒྱུའི་མདོ་དོན་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་དེ་རེད། བསམ་འཆར་དེ་སྒྲོག་རྩེ་སྒང་ལ་འཇོག་ཐུབ་རྒྱུའི་སླད་དུ་
    ལོ་མང་པོ་བཏང་བ་རེད། མཐའ་མར་བསམ་འཆར་དེ་འཇོག་ཐུབ་ཙམ་བྱུང་། བསམ་འཆར་དེ་བཞག་ནས་ཅང་མ་འགོར་བར། བསམ་འཆར་དེ་ལ་ངོས་ལེན་མེད་ཞེས་རྒྱ་ནག་གཞུང་གིས་ཕྱི་བསྒྲགས་ནང་བསྒྲགས་བྱས་བ་རེད། འབྲེལ་བ་ཟེར་བ་ནའང་འདྲ། གླེང་མོལ་ཟེར་ནའང་འདྲ། འབྲེལ་མོལ་ཟེར་ནའང་འདྲ། མཚམས་དེ་རེད།
    ད་ཡང་བསྐྱར་ཕར་ལ་ཕྱིན་ནས་དམིགས་བསལ་གྱིས་ཐག་གཅོད་རྒྱུ་དང་ཐག་ཆོད་རྒྱུ་གང་ཡང་མི་འདུག་བསམ། ད་ཐེངས་ཕར་ལ་འགྲོ་དོན་གྱི་དམིགས་ཡུལ་ཡང་ཕལ་ཆེར་འདི་འདྲ་ཞིག་རེད་བསམ། ད་ལྟའི་བཀའ་ཤག་གི་ངོས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་འདིའི་ནང་གསེས་དོན་ཚན་ཁག་ལ་རྒྱ་ནག་གཞུང་གིས་དོགས་འདྲི་དང་ངོས་ལེན་མེད་ལབ་པ་དེ་ཚོར། ལན་རྒྱག་པའི་སླད་དུ། ནང་གསེས་དོན་ཚན་ཁག་ལ་འགྲེལ་བཤད་རྒྱས་པ་དང་ཞིབ་ཚགས་པ་ཞིག་བྲིས་ཡོད་པ་དེ་ཕར་ལ་འཁྱེར་ནས་འགྲོ་གི་ཡོད་པ་རེད་དྲན། ད་མ་གཏོགས་གཞན་སྐད་ཆ་དམིགས་བསལ་ཞིག་དང་ཐག་གཅོད་དམིགས་བསལ་ཞིག་ཡོང་རྒྱུ་མེད་པ་ཐག་གིས་ཆོད།
    འདི་ལྟར་ཕྱོགས་ཡོངས་ནས་བསམ་ན། ད་ང་ཚོར་འབྲེལ་མོལ་ཟེར་བ་དེ་ཡང་མི་དགོས། སྐུ་ཚབ་ཟེར་བ་དེ་ཡང་མི་དགོས། རྒྱལ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་སོགས་ཚང་མས་དགོངས་ཞུ་གནང་རོགས། ངེད་ཚོར་སྐུ་ཚབ་མི་དགོས་ལ་འབྲེལ་མོལ་ཡང་མི་དགོས། བོད་རྒྱ་འབྲེལ་མོལ་ཟེར་བའི་མིང་བྱང་རྫིག་པོ་དེ་ཡང་དེ་རིང་ནས་བཟུང་གནམ་ནས་བླངས་སྟེ་ས་ལ་ཞོག

  3. མདའ་ཚན་པ།། says:
    2010-01-24 at 10:27 pm

    ད་ཅིག་འགྲོ་ན་སོང་ར། ཁོ་པ་ཚང་གིས་ཅི་ཟེར་ལ་ཅིག་ཉན། ད་དྲིན་ཆེན་ཚོ་ཚུར་ཡོང་དུས་གནས་ཚུལ་ལ་ཐོག་འཇོག་མ་བྱེད།

  4. ཁ་ཕྱོགས་མེད says:
    2010-01-24 at 10:57 pm

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
    སྔར་གྲོས་མོལ་བརྒྱུད་ནས་འབྲས་བུ་འདི་ཐོབ་སོང་ཞེས་པ་ཞིག་སྟོན་རྒྱུ་མེད་པ་དེ་ཁྱེད་ཀྱིས་བཤད་པ་ལྟར་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་རྗེས་སུ་འབྲེལ་བྱས་ནས་དོན་དག་ཅིག་ཡོང་རྒྱུ་ཡོད་པ་མ་རེད་ཟེར་བ་འདི་མོས་མཐུན་བྱེད་ཐབས་མེད། རྒྱུ་མཚན་བོད་རྒྱའི་བར་གྱི་གནད་དོན་དག་སེལ་དགོས། གནད་དོན་ཆེན་པོ་ཞིག་ཐག་གཅོད་བྱེད་དགོས་ན་དེ་རྒྱུད་ལམ་འདྲ་མིན་ལ་བརྟེན་ནས་ཡུན་གྱིས་བྱེད་དགོས།
    དེ་མིན་དེ་སྔ་འགྲོ་བཞིན་པའི་འབྲེལ་ལམ་དེ་བཅད་ན་སླར་ནས་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་གང་འདྲ་ཞིག་ལ་འུ་ཅག་བརྟེན་དགོས་འདི་གནད་འགག་གཙོ་བོ་རེད།
    གང་ལྟར་ང་ཚོའི་དཀའ་ངལ་མ་སེལ་བར་དུ་ཐབས་ལམ་འདྲ་མིན་ལ་བརྟེན་ནས་ང་ཚོའི་དམིགས་ཡུལ་འགྲུབ་ཐབས་བྱེད་དགོས་འགན་དེ་ང་ཚོའི་ཐོག་ཏུ་ཡོད།
    སྔར་གྱི་གྲོས་མོལ་དེའི་རྒྱ་ཕྱོགས་སུ་ཁེ་ཕན་སྤྲད་པ་ལས་ང་ཚོའི་ཕྱོགས་སུ་མེད་ཅེས་ཟེར་མཁན་མང། དེ་ལྟར་ཡིན་ཡང་སྲིད་གང་ལྟར་གྲོས་མོལ་མ་བྱས་པར་མུ་མཐུད་ནས་བསྡད་ནའང་ང་ཚོར་བཟོད་མི་ཐུབ་པའི་འགན་ཞིག་ཕྲག་པར་བབས། མཇུག་འབྲས་དེ་ད་ལྟ་དངོས་སུ་མཐོང་རྒྱུ་ཞིག་མེད་ནའང་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་ཀྱི་ཡོད་པ་དེས་རང་བཞིན་གྱིས་བོད་རྒྱ་བར་དུ་དཀའ་ངལ་ཡོད་པ་བསྟན་ཡོད་ལ། དཀའ་ངལ་དེ་སེལ་བར་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་དང་པེ་ཅིང་སྲིད་གཞུང་གཉིས་ཡིན་པ་ཡང་བསྟན་ཡོད། དེ་ཡང་ང་ཚོར་མཚོན་ན་གྲུབ་འབྲས་ཆུང་ཆུང་མིན་སྙམ།

  5. གཞིས་ལུས་བོད་པ། says:
    2010-01-24 at 11:27 pm

    གལ་ཏེ་བོད་རྒྱ་འབྲེལ་མོལ་མི་དགོས་པར་ཕྱིར་བསྡུ་བྱས་ན། དུས་དེ་ནས་བཟུང་བོད་དོན་ཟེར་བ་མེད་འགྲོ་རྒྱུ་དེ་རེད།

  6. metok ma says:
    2010-01-25 at 12:13 am

    Very happy

  7. bod pa tsang says:
    2010-01-25 at 12:14 am

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལ་མཐའ་གཅིག་ཏུ་དགའ་པ་ཡོད། ཐེངས་དགུ་པའི་འགྲེལ་མོལ་སྐུ་ཚབ་ཚོགས་པ་རྒྱ་ནག་ཏུ་བསྐྱོད་ཐུབ་པ་ལ་དགའ་བསུ་མེད་ན། དེ་ལ་དགའ་པ་རྒྱག་པ་ནི། ཅི་ཞིག་གིས་ཡིན་ཆ་མ་འཚལ་ཡང། གང་ལྟར་རང་ཉིད་ལ་གནད་དོན་ཞིག་ཡོད་པའི་རྟགས་མིན་ནམ། འདིའི་རིགས་ལ་ནམ་ཡང་རྒྱབ་སྐྱོར་བྱེད་མི་རུང་།

  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-01-25 at 12:15 am

    དོ་དགོང་ཁོམ་པ་ཅུང་ཙམ་ཡོད། ད་དུང་ཁ་སྣོན་འགའ་བཤད་ཀྱི་ཡིན།
    བོད་རྒྱ་འབྲེལ་མོལ་ལབ་ནས་མིང་བྱང་རྫིག་པོ་དང་གྲུབ་འབྲས་སྟོང་པའི་ལས་ཀ་ཞིག་གི་སྒང་ལ་དུས་ཚོད་གཏོང་བ་ལས།
    ད་ཐེངས་ཕར་ལ་སོང་ནས། བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་བཙོན་གྲོལ་གཏོང་དགོས་བའི་སྐད་ཆ་ཤོད། རྒྱ་ནག་གཞུང་གིས་བོད་མི་ཉམ་ཆུང་ཚོར་དྲང་བདེན་མ་ཡིན་པའི་སྲོག་ཁྲིམས་བཅད་པ་དེ་ཚོའི་སྲོག་སྐྱིན་ལོངས། ལས་ཀ་འདི་ཚོའི་རིགས་སྒྲུབ། སྐུ་ཚབ་ཡིན་པའི་འགན་ཁུར་སྟེ་ལས་ཀ་འདི་ཚོ་ནས་འགོ་རྩོམས།
    སྤེན་སྐྱིད་སོགས་བོད་མི་བཞི་ལ་ལྷ་ས་ནས་སྲོག་ཐོག་བཏང་སོང་། མཆོད་མེ་དྲ་རྒྱ་གཙོ་གཉེར་བ་དཀོན་མཆོག་ཚེ་འཕེལ་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་སོང་། སྨན་པ་ཡེ་ཤེས་ཆོས་སྒྲོན་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་སོང་། སྦང་རི་སྣ་རིན་པོ་ཆེ་ལ་ལོ་བརྒྱད་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་སོང་། རྩོམ་པ་པོ་གངས་ཉི་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་སོང་།
    དོན་གྲུབ་དབང་ཆེན་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་སོང་། སྒྲོལ་མ་རྣམ་རྒྱལ་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་སོང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ད་ལྟ་བཙོན་ཁང་ན་ཡོད། སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་ཡང་བཙོན་ཁང་ན་ཡོད། ཁུངས་ལྡན་ཡིག་ཆ་ལྟར་ན། ཕྱི་ལོ་༢༠༠༨ལོའི་ཟླ་༣པ་ནས་ཟླ་༡༢བར། བོད་མི་༡༢༠ཙམ་བསད་ཅིང་། ༦༤༠༠ཙམ་འཇུ་བཟུང་། བོད་མི་༡༩༠ཅམ་ལ་དྲང་བདེན་མིན་པའི་ཁྲིམས་ཆད་བཏང་འདུག དང་པོ་ཕར་ལ་སོང་ནས་འདི་ཚོའི་གནད་དོན་ཤོད།
    ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་མར་གློད་ཏུ་བཅུག། སྲོག་བཅད་པ་རྣམས་ཀྱི་རོ་སྐྱིན་ལོངས།
    སྐུ་ཚབ་ཡིན་ཟེར་ནས་འབྲེལ་མོལ་གྱི་སྐད་ཆ་མ་བཤད་སྔོན་ལ་གོང་གི་གནད་དོན་འདི་ཚོའི་སྒང་ལ་སྐད་ཆ་བཤད་ནས་གྲུབ་འབྲས་ལོན་པ་བྱོས།

  9. bod pa tsang says:
    2010-01-25 at 12:16 am

    ནོར་བཅོས། མཐའ་གཅིག་ཏུ་དགག་པ་ཡོད།

  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-01-25 at 12:38 am

    ད་དུང་ཁ་སྣོན་འགའ་བཤད་ཀྱི་ཡིན།
    ངེད་ཀྱིས་འབྲེལ་མོལ་ལ་གྲུབ་འབྲས་ཡོང་གི་མ་རེད་ཟེར་དོན་ནི།
    ད་ལྟའི་འབྲེལ་མོལ་བྱེད་སྟངས་ཀྱི་བརྒྱུད་ལམ་དང་ད་ལྟའི་འབྲེལ་མོལ་བྱེད་མཁན་གྱི་སྐུ་ཚབ།
    ད་ལྟའི་འབྲེལ་མོལ་གྱི་སྣེ་མཐུད་སྟངས་གསུམ་པོ་འདི་ལ་འགྱུར་བ་ཞིག་མ་བཏང་བར་མུ་མཐུད་དུ་བསྡད་པ་ཡིན་ན།
    གྲུབ་འབྲས་ཡོང་རྒྱུ་དཀའ་མོ་རེད་ཟེར་གྱི་ཡོད། འབྲེལ་མོལ་དེ་གྲུབ་འབྲས་ཡོང་བ་ཞིག་གི་ལམ་ལ་བསྐྱོད་དགོས་ན།
    དང་པོ། ད་ལྟའི་འབྲེལ་མོལ་བྱེད་སྟངས་ཀྱི་བརྒྱུད་ལམ་ལ་འགྱུར་བ་ཐོངས།
    གཉིས་པ། ད་ལྟའི་འབྲེལ་མོལ་བྱེད་མཁན་གྱི་སྐུ་ཚབ་རྣམས་ལ་འགྱུར་བ་ཐོངས།
    གསུམ་པ། ད་ལྟའི་འབྲེལ་མོལ་གྱི་སྣེ་མཐུད་སྟངས་འདི་ལ་འགྱུར་བ་ཐོངས།
    ད་གཉིད་ཀྱི་ཡིན།

    ད་གཉིད་ཀྱི་ཡིན།

  11. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-25 at 5:59 am

    གལ་སྲིད་དངོས་ནས་བོད་རྒྱའི་འབྲེལ་མོལ་ཞིག་བྱེད་འདོད་རྒྱ་ནག་སྲིད་གཞུང་ལ་ཡོད་པ་ཡིན་ན། དེ་ནི་རྒྱལ་སྤྱིའི་མིའི་མཐོང་ཐུབ་པའི་གསར་འགོད་བསྒྲགས་ཤིག་དགོས་ཀྱི་ཡོད་ལ། སྐབས་དེར་གང་ནས་གྲོས་མོལ་བྱེད་ཀྱི་ཡོད་མེད་སོགས་ཁ་གསལ་བོ་ཞིག་དགོས་ཀྱི་ཡོད། དེ་འདྲ་ཞིག་མ་བྱུང་བར་དུ། རིག་འབྱུང་གིས་བཤད་པ་དེར་རྒྱབ་སྐྱོར་ཡོད། དེ་མིན་ཡོང་འགྲོ་གི་ཡོད་ཟེར་བ་དེ་ཚོ་ཐོས་ཀྱང་རྒྱུ་མཚན་ཆེར་མཐོང་མ་སོང་། སྔོན་ཆད་ཀྱང་བདག་གིས་ཞུས་མྱོང་ཡོད། འུ་ཅག་གིས་འདི་ནས་བོད་རྒྱ་འབྲེལ་མོལ་ཡིན་ན་ཞིག་ཟེར་ནས་བསྒྲགས་ཀྱི་ཡོད་ཀྱང་། རྒྱ་ཕྱོགས་ནས་༧གོང་ས་མཆོག་གི་སྐུ་ཚབ་ཞིག་ཟེར་ནས་བསྒྲགས་ཀྱི་ཡོད་པ་དེ་ཡིན། དེ་ལ་བསམ་བློ་ཞིབ་དུ་གཏོང་དགོས་ཀྱི་ཡོད་ལ། སྐད་ཤུགས་ཆེན་པོས་གླེང་ཡང་ཐུབ་དགོས་ཀྱི་ཡོད།

  12. ཀརྨ་རྡོ་རྗེ་ says:
    2010-01-25 at 6:43 am

    འབྲེལ་ལམ་གྲོས་མོལ་དྲོ་སོབ་བེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

  13. ཀརྨ་རྡོ་རྗེ་ says:
    2010-01-25 at 7:50 am

    དག་ཆར་བསམ་འཆར། ་་་་་་་་འཐུས་མི་བཞི་རེས་གཟའ་ཉིན་རྒྱ་ནག་ཏུ་ཐོན་གནང་༼གིའི་ཚབ་ལ་༽བགྱིད་ཡོད་པ། དུས་ད་ལྟ་བར་སྟོན། ཡང་ན། ་་་་་་་་༼སང་ཉིན་༽རྒྱ་ནག་ཏུ་ཐོན་གནང་བགྱི་ཡོད། ཅེས་བྲིས་ན་དུས་མ་འོངས་པར་གསལ་སྟོན་བྱེད་བགྱིད་ཡོད་རེད།

  14. གངས་རིའི་བུ། says:
    2010-01-25 at 7:51 am

    གོང་གི་བསམ་ཚུལ་དག་ལ་ཞུ་རྒྱུར། འབྲེལ་བ་མ་བྱས་པར་དཀའ་ངལ་སེལ་མི་ཐུབ་ལ་དུས་ཡུལ་ཐུང་ཐུང་ཞིག་གི་ནང་གནད་དོན་ཆེན་པོ་ཞིག་ཐག་གཅོད་བྱ་རྒྱུ་དེ་ལས་དཀའ་བ་མཁྱེན་པ་མཛོད། བྱེད་སྟངས་ལ་སྐྱོན་བརྗོད་ཁོ་ན་མིན་པར་དེའི་ཐད་ཐབས་ཚུལ་འདྲ་མིན་ལམ་སྟོན་བྱ་ཐུབ་ན་སྐྱོན་བརྗོ་ལ་རིན་ཐང་མཆིས་སོ།

  15. གུ་ར་རྫ says:
    2010-01-25 at 7:52 am

    འབྲེལ་མོ་ལ་རེ་བ་མེད། དངོས་གནས་མེད། བོད་ནང་བོད་མི་དེ་ཚོར་སྙིང་རྗེ། མགོན་མེད་སྐྱབས་མེད་རེད་ཡ།

  16. གངས་རིའི་བུ། says:
    2010-01-25 at 8:10 am

    གནས་དུས་སོ་སོར་བརྡ་སྦྱོར་སྟངས་ཡོང་གྲགས་དང་ཡོང་གྲགས་མིན་པ་ཡོད་མུས་བཞིན་བོད་ནང་གི་མཁས་པ་ཁག་དང་། དམིགས་བསལ་མདོ་སྨད་ཡུལ་དུ་ བགྱི་དང་བགྱིད་འདི་ད་སྐབས་བེད་སྤྱོད་གཏོང་མཁན་རེ་ཟུང་ཡོད་པ་ལས་བོད་བཙན་བྱོལ་ནང་མིང་ཚིག་འདི་བེད་སྤྱོད་ཡོད་ན་ཡང་གོ་དོན་གཞན་ཡིན། གསར་འགོད་པ་ཞིག་གི་ངོས་ནས་བོད་ཀྱི་བརྡ་སྤྲོད་དང་མཐུམ་པའི་ཐོག་ནས་མིང་ཚིག་གང་གོ་བདེ་བ་དང་ཡོངས་གྲགས་དེ་སྤྱད་པར་སྐྱོན་མེད་སྙམ།

  17. གངས་རིའི་བུ། says:
    2010-01-25 at 8:14 am

    མཐུམ་གྱི་ཚབ་ཏུ་མཐུན་བཅོས་རོགས

  18. གངས་རིའི་བུ། says:
    2010-01-25 at 8:16 am

    ཡོང་གྲགས་ཞེས་པའི་ཡོང་དེ་ཡོངས་ལ་བཅོས་རོགས་ལག་པ་ཤོར་འདུག

  19. མདོ་ལྷ་ཁམས་པ། says:
    2010-01-25 at 8:22 am

    ཞི་མོལ་གྱི་གནད་དོན་འདི་ཕྱོགས་གཅིག་ཁོ་ནའི་བསམ་ཚུལ་ལྟར་ཡོང་ཐུབ་པ་ཞིག་མིན། དེའི་ཕྱིར།
    འབྲེལ་མོལ་སྟོང་གི་ལ་ཐུར་མ་བརྒྱུད་ན། །
    ཞི་མོལ་ཐང་ལ་བདེ་བར་སླེབས་པར་དཀའ། །
    ཞེས་པ་ལྟར། ཐེངས་དགུ་བའི་སྐུ་ཚབ་ཚོགས་པ་འདིའང་ལམ་ཐག་ལེ་དབར་སྟོང་གི་ཆ་ཤས་ཙམ་ཞིག་ཡིན།བོད་རྒྱལ་ཁབ་ཆེན་པོ་དང་ཀྲུང་གོ་དབར་གྱི་གནད་དོན་འདི་མི་ཁ་ཤས་ཀྱིས་ཐང་ཁ་ཤས་ལ་སྐད་ཆ་བཤད་པ་ཙམ་གྱིས་སེལ་ཐུབ་པའི་དོན་དག་སླ་བོ་ཞིག་ག་ནས་ཡིན།
    མཁྱེན་ལྡན་དྲ་གྲོགས་ཚོས་ཀྱང་ཁེངས་ར་དང་མུག་ཡེས་མི་བགྲེང་བར་རྣམ་དཔྱོད་ཀྱི་གནས་ལུགས་རེ་ཤོད་ཐུབ་ན་བཟང་སྙམ།

  20. འཛེར་མ་ར་མགོ། says:
    2010-01-25 at 10:50 am

    ད་འབྲེལ་མོལ་གྱི་གནས་ཚུལ་ཉོབ་ཏོ་དེ་ལ་ཉན་ཉན་པས་ཐང་ནག་པོ་ཆད་སོང་། ག་བ་ཕེབས་ན་ཕེབས་རོགས།

  21. འཛེར་མ་ར་མགོ། says:
    2010-01-25 at 10:53 am

    ཡིན་ནའང་ཕེབས་མཁན་ཚོ་ལ་རྒྱ་མིའི་ཀམ་པལ་རེ་དང་ཇ་ཏེམ་རེ་ཐོབ་རྒྱུ་ཉག་གཅིག་རེད། ནང་མི་ལ་བེད་སྤྱོད་གཏོང་རྒྱུ་ཡག་པོ་ཡོད་རྒྱུ་རེད།

  22. གཡག་ལྡོམ་ says:
    2010-01-25 at 12:31 pm

    ཧུ་ནན་ཞིང་ཆེན་ནང་གི་ཇ་ཡག་པོ་ཡོད་པ་རེད་། ཚུར་ཡོང་སྐབས་སུ་ང་ལ་ཇ་ཞིག་ཉོས་ནས་ཞོགས་ཞུ་རོགས་། རྒྱ་གར་ནང་ཇ་པ་ཏིས་འཐུང་ནས་ཐེང་ཆད་སོང་།

  23. གཡག་ལྡོམ་ says:
    2010-01-25 at 12:34 pm

    འོ་དུས་མི་ཚད་། ཧུ་ནན་ནང་གི་ཟི་པན་ཡང་ཡག་པོ་རེད་བསམ་སོང་། ད་གསལ་པོ་མི་ཤེས་གི་རྗེས་མ་ཁོང་ཚོར་འདྲི་དང་དེ་གསར་བུར་ཤེས་གི་རེད་།

  24. གཡག་ལྡོམ་ says:
    2010-01-25 at 12:39 pm

    ཨ་ཤུ་རེ་ཀོ། ཁོ་ཚོའི་ནང་ན་རྒྱ་སྐད་ཤེས་མཁན་རེ་ཡོད་ན་། ང་ལ་དུང་ཡང་ཅ་ལགས་ཁ་ཤེས་ཞིག་མངག་རྒྱུ་ཡོད་མོད་། དེ་གཡུག་ཞོག་།

  25. རྩམ་དགའ་ says:
    2010-01-25 at 12:46 pm

    ད་ཐེངས་ཀྱང་རྒྱ་ནག་གིས་ང་ཚོའི་སྐུ་ཚབ་ཆ་བོ་ལ་སྐད་ཆ་རྫིག་ཐག་ཆོག་རེ་བཤད་ནས། ཁོང་ཚོའི་སྙིང་རྩ་འདར་འཇིག་གིན་རེད། ཁོང་ཚོ་ཚུར་ཡོང་ནས་འཇོན་ཡོད་རབས་དང། རྣམ་འགྱུར་བཟང་རབས་སོགས་བཤད་རྒྱུ་མང་ནི་རེད་ལྟོས་ཨ།

  26. ཙི་ཙི་སྒམ་པོ། says:
    2010-01-25 at 1:28 pm

    རྒྱ་མིའི་སོ་བོ་ཁྱུ་ཚོགས་ཤིག་འཚང་འདུག། སྐུ་ཚབ་ཚོགས་པ་ལ་དེ་འདྲ་ཞིག་མི་དགའ་དགོས་དོན་ག་རེ་ཡིན་ན།

  27. རྡོ་རྗེ་དྲིལ་བུ་པ་ says:
    2010-01-25 at 3:14 pm

    བོད་ཀྱི་ཁ་སྐད་བོད་ཡིག་ནང་དུ་ཚད་ལྡན་ད་ལྟ་བར་དུ་སུས་ཀྱང་བཟོ་ཐུབ་ཡོད་མ་རེད། མ་ཟད་ད་ལྟ་བོད་ཁྱོན་ཡོངས་ལ་བགྱི་དང་བགྱིད་ཚིག་གི་བྲོ་བ་མྱོང་མཁན་དཀོན་པོ་རེད། འོན་ཀྱང་ངས་མ་འོངས་པ་ལ་ཨུ་ཙུགས་བརྒྱབ་བགྱི་ཡིན། ད་ལྟ་ཡིན་ནའང་བོད་སྤྱི་ལ་ཕན་ན་བསམས་ནས་ཨུ་ཙུགས་རྒྱག་བགྱིད་ཡོད། ཐུ་མིའི་གཞུང་དང་མཐུན་པའི་བོད་རིགས་སྤྱི་སྐད་ཅིག་ཡིག་ཐོག་ལ་བྱུང་དགེ་མཚན་ཆེན་པོ་ཡོད་རེད་སྙམ།

  28. ཀརྨ་རྡོ་རྗེ་ says:
    2010-01-25 at 3:29 pm

    རྡོ་རྗེ་དྲིལ་བུ་པ་ནི་ཀརྨ་རྡོ་རྗེའི་སྨྱུག་མིང་རེད། ཀརྨ་རྡོ་རྗེ་སུའི་སྨྱུག་མིང་ཡིན་པ་ཤེས་མཁན་ནི་ང་རང་གཅིག་པུ་ཡིན་བགྱིད་རེད།

  29. lala says:
    2010-01-25 at 4:36 pm

    བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དེ་དེ་རིང་གློ་བུར་ཐོལ་བྱུང་དུ་བྱེད་སྟངས་དེ་ནི་རྒྱ་ནག་གི་ཐབས་ཇུས་ཤིག་མིན་འགྲོ་བསམས་སོང་། དེང་སང་སྒུ་གོལ་དོན་རྐྱེན་དབང་གིས་ཨ་རིས་རྒྱ་ནག་ལ་བརྡ་འཕྲིན་རང་དབང་ནི་འགྲོ་བ་མི་སྤྱི་ལ་དབང་བའི་ཆེས་གཞི་རྩའི་དབང་ཆ་ཞིག་ཡིན་ཞེས་ཁུ་ཚུར་བཞུ་བཞིན་པའི་སྒང་ཡིན་པ་པ་དང་། ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཀྱང་དོན་རྐྱེན་དེ་ནས་བཟུང་མཁྲེགས་སུ་སོང་ཡོད། མི་རིང་གོང་ཨོ་བྷ་མ་རྒྱ་ནག་ལ་འཛུམ་ཤིག་ཤིག་ངང་ཕྱོགས་གང་ཅིར་བསྟུན་མཁས་བྱེད་བཞིན་ཕྱིན་པའི་རྗེས་སུ་རྒྱ་ནག་གིས་དམངས་གཙོ་བརྩོན་ལེན་བྱེད་མཁན་ལིག་ཞོ་པོ་ལ་ཉེས་ཆད་ལྕི་མོ་བཅད་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་ཁྲིམས་དང་མི་མཐུན་པའི་ཆད་པ་ལྕི་མོ་བཅད་པ་རེད། དེ་ནི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན། ཨོ་བྷ་མའི་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་ལ་འགྲམ་ལྕག་ཅིག་བཞུས་པ་དང་ཁྱད་མེད། ང་ཚོས་ཤེས་གསལ་ལྟར། རྒྱ་ནག་གཞུང་དེ་ནི་ཕར་ལ་འཇམ་ཙམ་བྱས་ན་ཚུར་ལ་རྩུབ་པོ་བྱེད་པ་དང་། ཕར་ལ་རྩུབ་ཙམ་བྱས་ན་གཉའ་ཞུམ་འཇམ་བསྟུན་བྱེད་མཁན་མ་རབས་ཐ་ཤལ་ལས་རྒྱུ་འབྲས་མི་སྲུང་མཁན་ཞིག་རེད། ད་ལྟ་ཨ་རིས་ཀྱང་རྒྱ་ནག་ལ་རྒྱུས་ཅུང་ཙམ་ལོན་པའི་ཚོད་དུ་འདུག སྲིད་དོན་ཉམས་ཞིབ་པ་ཁག་ཅིག་གིས་ཟེར་ན། ཨ་རིས་བརྡ་འཕྲིན་རང་དབང་གི་དོན་རྐྱེན་ཐད་བློན་ཆེན་ཁེ་ལུན་ཏུན་ནས་ཨོ་བྷ་མ་བར་གྱིས་རྒྱ་ནག་ལ་ཚིག་རྩུབ་ནན་པོ་བརྗོད་པར་བལྟས་ན། ཨ་རྒྱ་གཉིས་བར་བརྡ་འཕྲིན་ལས་འཕྲོས་པའི་གྲང་དམག་འགོ་ཚུགས་པ་ཡིན་པ་ཡང་བརྗོད་བཞིན་ཡོད། དེ་ལྟར་དེ་རིང་ཁ་སང་ཨ་རིས་ཕྱི་ནས་བརྡ་འཕྲིན་རང་དབང་སྤེལ་བ་མི་རྒྱུ་གཉིས་ནས་མཐུན་རྐྱེན་སྐྲུན་པ་དང་། རྒྱ་ནག་ནང་ཁུལ་དུ་རང་དབང་དོན་གཉེར་བར་བསྐོངས་ནས་ཁོང་ཚོའི་བསམ་འཆར་བསྡུ་བའི་ཐབས་ཤེས་ལ་བརྟེན་ཏེ་རྒྱ་ནག་ཕྱི་ནང་གཉིས་ནས་བཙིར་བརྡར་གཏོང་བའི་རྣམ་པ་ཞིག་ཆགས་ཡོད། དེ་ལྟ་བུའི་ཁ་དབུགས་ཤིག་གི་ནང་དུ་རྒྱ་ནག་གིས་བོད་དོན་འབྲེལ་མོལ་ཐེངས་དགུ་པ་བྱེད་པ་དེ་ཡང་ཨ་རི་ལ་ངོ་འཛིན་པ་ཙམ་དུ་ཡིན། གང་ལགས་ཤེ་ན། མི་རིང་བར་གོང་ས་མཆོག་ཨོ་བྷ་མ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། སྐབས་དེར་བོད་དོན་དེ་ཡང་འཛམ་གླིང་གསར་ལམ་ཁག་གིས་དོ་སྣང་བྱེད་ས་གཙོ་བོར་འགྱུར་ངེས་ལ། གལ་སྲིད་ད་ཐེངས་ཀྱི་འབྲེལ་མོལ་དེ་མེད་ན། རྒྱ་ནག་གི་བྱེད་སྟངས་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་རྡུང་དང་མདུང་རྩེ་ཁ་སྤྲོད་ཀྱིས་གནོན་ཤུགས་སྤྲོད་ངེས་རེད། དེས་ན་རྒྱ་ནག་གིས་ཨོ་བྷ་མས་ཟླ་ཕྱི་མར་གོང་ས་མཆོག་དང་མཇལ་འཕྲད་གནང་རྩིས་ཡོད་པ་ཤེས་བཞིན་དུ་འཚབ་འཚུབ་ངང་འབྲེལ་མོལ་དེ་འདྲ་ཞིག་གོ་སྒྲིག་བྱས་པ་ཡང་ཨ་རིའི་ཁ་རྡུང་འགོག་བྱེད་ཙམ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་འཇམ་ལ་འབེབས་ཐབས་བྱས་པ་ཙམ་ཞིག་རེད། དེ་མ་གཏོགས་དངོས་སུ་བོད་དོན་ཐག་གཅོད་བྱེད་འདོད་ཡོད་ན། ཉེ་ཆར་ཧུ་ཅིང་ཐོ་ཡི་གཏམ་བཤད་ནང་གོང་ས་མཆོག་ལ་སྐད་ཆ་ཡང་ཙམ་བཤད་དགོས་མོད། དེ་ལྟར་བྱས་མེད་པ་དེ་ནས་རྒྱ་ནག་གཞུང་གི་བོད་དོན་ལ་འཛིན་པའི་ཁོག་རྩིས་ལ་འགྱུར་བ་གང་ཡང་མེད་པ་བསྟན་ཐུབ། རྒྱ་ནག་གིས་ད་ལྟ་དུས་ཚོད་ཁོ་ན་བརྩོན་ལེན་བྱེད་བཞིན་ཡོད། དེ་ཡང་ཁོང་ཚོས་བོད་མི་རྣམས་རྒྱ་འགྱུར་བྱེད་པ་དང་། བོད་ཀྱི་ས་ཆར་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ཙམ་རྒྱ་མི་ལོངས་བ་བྱེད་པ། བོད་ཀྱི་ས་ཆར་གནམ་ཐང་སོགས་དམག་རྒྱག་ལྟེ་གནས་གྲ་སྒྲིག་བྱེད་པ་བཅས་ལས་ནམ་ཞིག་རྒྱ་དཀར་ནག་བར་དུ་དམག་འཁྲུག་ཡོང་བ་དང་། རྒྱ་ནག་གིས་ཨ་རི་ལ་འགྲན་རྩོད་པའི་སྐབས་སུ་བོད་དོན་དེ་ཉིད་ཡལ་ཚར་བ་མ་ཚད། ཧེ་མ་ལ་ཡའི་རི་རྒྱུད་དེ་ཡང་དམག་སའི་ལྟེ་གནས་ཤིག་ཆགས་པར་དུས་ཚོད་བརྩོན་ལེན་བྱེད་ཀྱིན་ཡོད། བྱས་ཙང་རྒྱ་ནག་གི་བོད་དོན་དུ་འཛིན་པའི་སྲིད་ཇུས་ཚང་མ་ནི་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་རྣམས་མགོ་བསྐོར་ཐབས་ཙམ་དང་བོད་པ་རྣམས་རེ་བའི་ཁྲོད་དུ་རིམ་གྱིས་ཁ་ཐོར་རྩ་སྟོངས་གཏོང་ཐབས་ཙམ་རེད། དེར་བརྟེན་ང་ཚོ་བོད་པ་རྣམས་ཀྱིས་ལྷོད་གཡེང་བྱེད་པའི་དུས་ཚོད་མེད་ལ། རྟག་ཏུ་རྒྱ་མིས་གང་ཟེར་བར་ཉན་པ་ཡིན་ན་ང་ཚོ་ཡང་རྒྱ་མིའི་རྙི་ཡི་ནང་དུ་འགྲོ་རྒྱུག་བྱས་པ་ཞིག་རང་རེད། ང་ཚོས་རྒྱ་མི་ལ་གདོང་དྲག་པོ་བསྟེན་ཕོད་པ་དང་། གཙོ་བོ་རྒྱ་མིས་བོད་དོན་གྱི་འབྲེལ་མོལ་བྱེད་པ་དེ་ཡང་རྒྱ་མིའི་ཐབས་ཇུས་དང་གཡོ་སྒྱུ་ཙམ་ཡིན་པ་ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ར་སྤྲོད་ཁུངས་སྐྱེལ་ཐུབ་པ་བྱ་དགོས།

  30. thargyal says:
    2010-01-25 at 4:49 pm

    That is a good news for me to hear but I hope to hear a good news again when they will come back from China.

  31. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-01-25 at 5:20 pm

    གོང་དུ་དྲ་གྲོགས་ཤིག་ནས་ཞིབ་འཇུག་གི་རྒྱབ་རྩ་མེད་པར་བསམ་ཚུལ་འགའ་བཏོན་འདུག
    བསམ་ཚུལ་གང་བཏོན་པ་དེ་ལ་དགའ་བསུ་དང་རྗེས་སུ་ཡི་རངས་ཡོད། འོན་ཀྱང་། བོད་རིགས་དོ་སྣང་ཅན་ཚོར་ཞུ་རྒྱུར།
    བོད་རྒྱ་འབྲེལ་མོལ་གྱི་གནད་དོན་འདི་ཚོའི་རིགས་། མདང་དགོང་འགོ་བཙུགས་སྟེ་ད་ནངས་མཐུད་བརྒྱབ་པ་དེ་འདྲ་མ་རེད།
    ལོ་ངོ་བཅུ་ཕྲག་འགའི་བོད་རྒྱའི་གནས་ཚུལ་འབྲེལ་བའི་གནད་དོན་རེད། གནད་དོན་འདི་ཚོའི་བྱུང་རིམ་དང་འགྱུར་བ།
    རྒྱུན་འབྲེལ་སོགས་ལ་ཞིབ་འཇུག་གཏིང་ཟབ་གནང་སྟེ་བསམ་ཚུལ་བཤད་ཐུབ་ན་ྐློག་མཁན་སྤྱི་ལ་ཕན། བོད་དོན་ཟེར་བ་དེར་རྟག་ཏུ་དོ་སྣང་སྤྲད་ནས་བསམ་བློ་གཏོང་དགོས་བ་ཞིག་རེད་མ་གཏོགས་གནས་ཚུལ་ཐོན་པ་དང་ཚ་ཚ་འུར་འུར་བྱེད་པ་དེ་ཡག་རྟགས་ཤིག་མ་རེད་འདོད། མདང་དགོང་གི་ངེད་ཀྱི་བསམ་ཚུལ་དེ་ཚོ་སྐུ་ཚབ་ཚོར་དགའ་མ་དགའི་སྐད་ཆ་མིན།
    འབྲེལ་མོལ་བྱེད་སྟངས་ཀྱི་རིམ་པ་དང་དེའི་རྒྱབ་ལྗོངས་དང་འབྲེལ་བའི་སྐད་ཆ་ཡིན། བསམ་ཚུལ་མི་མཐུན་པ་ཡོད་ན། དགག་པ་ཆར་བ་འབབ་འབབ་གནང་རོགས།
    མང་པོ་ཞིག་རྒྱུན་མཐུད་ནས་ཞུ་འདོད་ཡོད་ཀྱང་། དུས་ཚོད་མེད། ཁོམ་ལོང་བྱུང་ན།
    མུ་མཐུད་དུ་ཞུ་གི་ཡིན།

  32. ཨ་རིག་དགེ་མཐོང་། says:
    2010-01-25 at 6:21 pm

    ངོ་ཤེས་རྙིང་པ་དོན་བཀྲ་སོ་འདི་ན་འགྲོ་གི་ཡོད་ཁུ། དུས་བབ་ཚང་གྲོས་བྱོལ་དུ་བུད་སོང་ནོ་ངས་སེམས་ཁུར་བྱེད་ཀྱིན་ཡོད། མ་གཞི་མི་གཞི་དང་འབྲེལ་བ་ཆེ་གི་བསམ་ཡོད། ད་ཁ་བརྡ་ཚང་ལ་མ་ཡོང་ན་ཁ་རོག་གེར་འདུག་ན་མི་འདོད་ཀི

  33. ཀརྨ་རྡོ་རྗེ་ says:
    2010-01-26 at 7:13 am

    ༢༩༽lala ནས་མཆན་བུ་སྐྱོན་སྟངས་དེ་ཤིན་ཏུ་ལེགས་སྙམ།

  34. གྲགས་པ says:
    2010-01-26 at 7:15 am

    དྲ་གྲོགས་རྣམ་པ་ལགས། ད་རེས་སྐུ་ཚབ་ཚོགས་པ་རྒྱ་ནག་ཏུ་ཕེབས་ཐུབ་པ་དེ་ཡག་པོ་རེད། བཙན་བྱོལ་གཞུང་མང་གཉིས་ཀའི་ངོས་ནས་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་རྒྱ་ནག་མཉམ་དུ་སྐད་ཆ་བཤད་རྒྱུ་ལས་གཞན་པའི་ཐབས་ལམ་མེད་པར་བརྟེན། བཙན་བྱོལ་གཞུང་གི་ངོས་ནས་ལན་དགུ་ཆད་འཐུད་ཀྱིས་རྒྱག་ནག་མཉམ་དུ་སྐད་ཆ་བཤད་ནས་གྲུབ་འབྲས་ཨེ་ཐོན་ལྟ་བཞིན་པ་འདི་ཧ་ཅང་གི་རླབས་ཆེན་གྱི་བྱ་བཞག་རེད་སྙམ།
    རེ་འགས་ཁོས་འཇོན་རྒྱུ་མ་རེད་ཁོས་འཇོན་རྒྱུ་རེད་ལབ་ནས་མི་ལ་འབྲེལ་བཤད་རྒྱབ་སྡད་པ་ལས་སོ་སོ་རང་ངོས་ནས་གང་ཡང་མི་བྱེད་མཁན་གྱི་རིགས་དེ་ཚོ་ནི། མྱི་ཐོག་ན་ཁ་ཆེ། རྟ་ཐོག་ན་ཕུང་ཆེ། ཟེར་པའི་དཔེ་ལྟར་བྱས་ན་མི་ལེགས་སྙམ།

  35. དྲི་རྟགས says:
    2010-01-26 at 1:35 pm

    བསམ་བློ་ཡག་པོ་བཏང་ནས་བྲིས་ན་ཡག་པོ་འདུག

  36. མདའ་ཚན་པ།། says:
    2010-01-26 at 4:18 pm

    ཞིབ་འཇུག་མ་འཇུག་གི་རྒྱབ་རྩ་དགོས་ནི་མ་རེད། ཁ་བརྡ་རེད། ཁ་རྒྱགས་ཙིག་གེ་རེ་བཤད་དགོས་ནི་རེད། ཁ་བཙོག་ཙིག་གེ་རེ་ལབ་དགོས་ནི་རེད། ཁ་ཤོམ་ཙིག་གེ་རེ་འཐེན་དགོས་ནི་རེད། ཁ་རྩོད་ཙིག་གེ་རེ་བྱེད་དགོས་ནི་རེད། ཁམ་མཆུ་ཙིག་གེ་རེ་ཐུག་དགོས་ནི་རེད། ཁ་ན་དམར་སྲུང་དམག་མ་གཏོགས་མེད་པ་ཚོར་ཁ་ནང་ང་ཙིག་གེ་རེ་རྒྱག་དགོས་ནི་རེད། ཁ་ཁུག་མ་གི་ཙིག་གེ་རེ་གཏོང་དགོས་ནི་རེད། དེ་ནས་ཁ་ལ་བདག་པོ་རྒྱག་གི་རེད། དེ་ནས་རང་ཁ་ཡང་བདག་པོ་རྒྱག་གི་ཡིན།

  37. ཁྱོད་སུ་ཡིན། says:
    2010-01-26 at 5:02 pm

    ད་ཐེངས་ཀྱི་གྲོས་མོལ་འདི་རྒྱ་ཕྱོགས་ནས་མགྲོན་འབོད་བྱས་པ་ཡིན་ན། ཁོ་ཚོས་བོད་ཕྱོགས་ལ་འདི་ལྟར་བཤད་འདོད་པ་རེད། ད་རེ་བ་ཅང་མ་རྒྱག ད་ནས་བཟུང་འདི་ཕྱོགས་ཡོང་ཡང་མི་དགོས་ཟེར་འདོད་པ་རེད། གལ་སྲིད་དངོས་སུ་དེ་འདྲ་མི་བཤད་རུང་ཤུགས་ནས་དེ་ལྟར་བརྡ་སྟོན་ངེས་པ་ཐག་གིས་བཅད་ཆོག

  38. རྩམ་དགའ་ says:
    2010-01-26 at 11:42 pm

    རྒྱ་བོད་འབྲེལ་མོལ་གྱི་ནད་དོན་འདི་བོད་གཅིག་པུའི་ཁེར་ཕན་མ་རེད། འབྲེལ་མོལ་ཆེད་ང་ཚོས་རེ་བ་རུམ་གང་ཁུར་ནས་ཕར་སོང་། ཚུར་ཤུགས་རིང་ཞིག་ལས་བྱེས་འབྱོར་མི་དམངས་ལ་འཚམས་འདྲི་ཙམ་ཡང་ཁུར་ཡོང་རྒྱུ་ནི་མེད། ད་ནི་རྒྱ་གཞུང་ལ་ཤོད། ཁྱོད་ཚོར་ངོ་མས་འབྲེལ་མོལ་བྱེད་འདོད་ཡོད་ན་ཁྱོད་ཚོའི་སྐུ་ཚབ་མི་ཉུང་བ་ཞིག་ཚུར་དྷ་སར་ཡོང་རོགས་གྱིས་ཤོད་ཨ།

  39. མྱི་རྒོད་འུར་རྡོ། says:
    2010-02-05 at 10:02 pm

    ཧ་ཧ
    རྒྱ་དང་གྲོས་མོལ་བྱེད་ནས་འབྲས་བུ་མེད་ཐག་གི་ཆད།
    ང་ལ་ཡིད་ཆས་གནང་རོགས། གྲོངས་པོ་ནམས།
    བོད་གཞུང་གིས་བོད་གཞོན་རྣམས་ལ་རྩིས་དང་།དངོས་ལུགས།རྫས་འགྱུར་སྐོར་ལ་མཐོང་ཆེན་བྱེད་རོགས།
    གལ་ཏེ་ཁྱེད་ལ་ཤུགས་ཡོད་ན་རྒྱ་གཞུང་ནས་རང་ཤུགས་ཀྱིས་གྲོས་མོལ་བྱེད་དུ་འོང།
    དེ་མེད་ན། བོད་དོན་དཀའ་མོ་རེད་ཨོ་ཨཱོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme