Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚབ་ཁྲིད་དགེ་རྒན་གྱི་དཀའ་ངལ་ནི་སློབ་གསོའི་གནད་དོན་ལ་ཐུག་ཡོད།

Posted on 2014-05-092014-05-09 By ཁ་བརྡ་ 1 Comment on ཚབ་ཁྲིད་དགེ་རྒན་གྱི་དཀའ་ངལ་ནི་སློབ་གསོའི་གནད་དོན་ལ་ཐུག་ཡོད།

དཔའ་ཆེན་དོན་གྲུབ།

ང་སློབ་ཆུང་དུ་འགྲོ་དུས་ཚབ་ཁྲིད་དགེ་རྒན་ཞིག་ཡོད། སྐབས་དེར་ཚབ་ཁྲིད་དགེ་རྒན་ལ་དགེ་རྒན་གླས་མ་ཟེར། དགེ་རྒན་གླས་མ་ནི་རྒན་ཡོལ་རྗེས་སུ་རྒས་ཕོགས་མེད་པ་དང་། ཟླ་རེའི་ཟླ་ཕོགས་དགེ་རྒན་གཞན་དག་ལས་དམའ་བ་ཡིན། ཡིན་ཡང་། སློབ་ཁྲིད་ཀྱི་ལས་འགན་ཁོ་ཚོ་གཅིག་པ་ཡིན། མཚམས་ལན་རེར་དགེ་རྒན་གླས་མ་ཚོར་ལས་འགན་ལྗི་བ་ཡོད་པ་རེད། ང་ལ་དགེ་རྒན་གླས་མ་ཁོང་གིས་རྩིས་རིག་གི་སློབ་ཁྲིད་གནང་མྱོང་ཞིང་། ཁོང་ནི་ག་ལེར་དགེ་རྒན་དངོས་མ་ཆགས་ཡོད། ང་ཚོའི་སེམས་སུ་དགེ་རྒན་གླས་མ་ནི་ག་ལེར་དངོས་མར་འགྱུར་བའི་གོ་རིམ་ཞིག་གམ། ཡང་ན། ཁོ་ཚོ་དགེ་རྒན་དངོས་མ་ལས་ཤེས་ཡོན་དམའ་བར་ངོས་འཛིན་ཡོད།
གཅིག་བྱས་ན་སྐབས་དེར་དོན་དངོས་དེ་ལྟར་ཡིན་སྲིད། གང་ཡིན་ཟེར་ན། སྐབས་དེའི་དགེ་རྒན་གླས་མའི་ནང་དུ་སློབ་ཆེན་མཐར་ཕྱིན་ཡོད་མཁན་ཕལ་ཆེར་གཅིག་ཀྱང་མེད། ཡིན་ཡང་། དགེ་རྒན་གླས་མ་ནི་སློབ་མ་ཚོར་ཧ་ཅང་བཟང་། སློབ་ཁྲིད་ཡག་པོ་གནང་ཞིང་། དུས་རྒྱུན་གྱི་ལས་བྱ་ལའང་ཁོ་ཚོས་གཟབ་ནན་གྱིས་ཞུ་དག་གཏོང་གི་རེད། དེ་ནི་ཁོ་ཚོར་རང་ཉིད་དགེ་རྒན་དངོས་མར་འགྱུར་བའི་ཐབས་ལམ་ཞིག་ཀྱང་ཡིན། དེ་དུས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་རེད།

དུས་རབས་ཉེར་གཅིག་པ་མགོ་བཙུགས་པའི་ཕྱི་ལོ་ ༢༠༠༠ ནས་བཟུང་། ངས་ཤེས་གསལ་ལ་དགེ་རྒན་གླས་མ་ལ་རིགས་གཉིས་ཡོང་གི་ཡོད། རིགས་འདི་གཉིས་ནི་སློབ་ཆེན་མཐར་ཕྱིན་ནས་རྒྱལ་ཁབ་ཀྱིས་བྱ་བ་བགོ་རྒྱུར་སྒུག་པའི་གྲས་གཅིག་དང་། རྒྱལ་ཁབ་ཀྱི་ངོས་འཛིན་ཐོབ་པའི་ཚད་ལྡན་ལག་འཁྱེར་མེད་ཀྱང་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་སོགས་ཀྱི་ཤེས་ཚད་ཡག་པོ་ཡོད་མཁན་ཁག་ཅིག་འབྲིང་རིམ་སློབ་གྲྭ་མན་གྱི་དགེ་རྒན་བྱེད་ཐུབ་ཀྱི་ཡོད། འདིའི་ཁྲོད་དུ་རྒྱ་གར་ནས་དབྱིན་ཡིག་གི་སློབ་སྦྱོང་ཡག་པོ་རག་ནས་ཕྱིར་བོད་ལ་ལོག་ཡོད་པའང་འདུས་ཡོད། སློབ་ཆེན་མཐར་ཕྱིན་ནས་རྒྱལ་ཁབ་ཀྱི་གཞུང་ཞབས་གྲས་སུ་ལས་ཀ་མ་ཐོབ་པར་སྒུག་ཡོད་པའི་ཁྲོད་ནས་འཕྲལ་སེལ་དགེ་རྒན་གྱི་བྱ་བར་ཞུགས་མཁན་མང་། ཁོ་ཚོ་ལ་དགེ་རྒན་གླས་མ་ཟེར་གྱི་མེད་པར་ཚབ་ཁྲིད་དགེ་རྒན་ནམ་འཕྲལ་སེལ་དགེ་རྒན། ཡང་ན་རོགས་སྐྱོར་དགེ་རྒན་རེད། ཁོ་ཚོའི་གྲས་ལ་ཟླ་ཕོགས་དམའ་ཡང་མི་འགྱངས་པར་ཤང་དང་རྫོང་། ཁུལ། ཡང་ན་ཞིང་ཆེན་རིམ་པའི་མི་རིགས་སྡེ་ཁག་གི་ལས་ཁུངས་དག་ཏུ་ལས་ཞུགས་གནང་རྒྱུར་རེ་སྒུག་བྱས་ཡོད། སྤྱི་ཚོགས་སྟེང་གི་ཤེས་ལྡན་པའི་གྲས་ཀྱི་དགེ་རྒན་གླས་མ་དག་ནི་ཟླ་ཕོགས་ཟླ་རེར་ ༡༥༠༠ ནས་ ༣༥༠༠ ལྷག་ཡོད།

རང་ཉིད་ལ་གཏན་འཇགས་ཀྱི་ལས་གནས་ཡོད་པར་རེ་བ་མེད་པའི་དགེ་རྒན་འདིའི་གྲས་ནས་དེང་གི་སྐབས་སུ་རྒན་པ་ཁག་ཅིག་མ་གཏོགས་ལས་ཀ་འདིར་ཞུགས་མཁན་ཧ་ཅང་ཉུང་ལ། ཐ་ན་མེད་པ་རེད། ངའི་ངོ་ཤེས་པའི་གྲོགས་པོ་ཞིག་འདི་ལྟ་བུའི་དགེ་རྒན་བྱས་ནས་ལོ་གཅིག་མ་ཟིན་ཙམ་བསྡད་འདུག་ཅིང་། ཟླ་རེར་ཟླ་ཕོགས་མི་དམངས་ཤོག་སྒོར་ ༣༥༠༠ རེད། ཡིན་ཡང་། མཐའ་མ་ཁོས་དགེ་རྒན་གྱི་ལས་ཀ་བསྐྱུར་ནས་ངལ་རྩོལ་དུ་ཞུགས་ཡོད་པར་ངས་ཁོ་ལ་དེའི་སྐོར་སྐད་ཆ་འདྲི་དུས་དེ་ལྟ་བུ་ཞིག་གིས་ཁ་སོས་ཀྱི་མི་འདུག དེ་ལས་ལམ་བཟོ་རུ་སོང་ན་ཟླ་བ་རེ་ལ་ལྔ་སྟོང་དྲུག་སྟོང་རག་གི་འདུག་ཟེར། ཡིན་ཡང་། ཚབ་ཁྲིད་དགེ་རྒན་དག་གི་ཟླ་ཕོགས་ནི་གསར་དུ་ལས་ཞུགས་སྐབས་མི་དམངས་ཤོག་སྒོར་ ༢༠༠ ནས་ཁ་སང་དེ་རིང་ ༡༢༠༠ ཡོད།

རེབ་གོང་ཐུན་རིན་རྫོང་དུ་ཕྱི་ལོ་ ༢༠༠༤ ལོ་ནས་ལོ་རེར་ཆོད་གན་ངོ་བོར་འཕྲལ་སེལ་དགེ་རྒན་ཁག་ཅིག་ལ་བསྐོ་བཞག་བྱས་ཤིང་། མི་འགྱངས་པར་གཏན་འཇགས་ལས་གནས་སྤྲོད་ཀྱི་ཡིན་པའི་སྔོན་བརྡ་བཏང་ཡོད། སྐབས་དེར་ཁོ་ཚོར་ཟླ་རེར་མི་དམངས་ཤོག་སྒོར་ ༢༠༠ ནས་ ༥༠༠ བར་ཡིན་ཡང་། རང་གི་གཏན་འཇགས་ལས་ཀར་རེ་སྒུག་གིས་ཟླ་ཕོགས་དེས་ཡིད་ཚིམས་པ་བྱས་ཡོད། ཕྱི་ལོ་ ༢༠༠༧ ལོར་སློབ་མའི་གྲངས་ཀ་དང་དགེ་རྒན་གྱི་དཔུང་སྡེའི་ཐད་སློབ་གསོའི་ཅུའུ་ནས་ཞིབ་གཤེེར་གྱི་ལས་འགུལ་ཞིག་སླེབས་ཡོད། སྐབས་དེར་རེབ་གོང་དུ་ཚབ་ཁྲིད་དགེ་རྒན་༣༠༠ ཡས་མས་ཡོད་ཀྱང་། ཞིང་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་སྐབས་ཚབ་ཁྲིད་དགེ་རྒན་ཚང་མ་དགེ་རྒན་དངོས་མ་ཡིན་པར་ལས་བསྡོམས་ཕུལ་ཏེ་རེབ་གོང་ཐུན་རིན་རྫོང་གི་སློབ་གསོའི་ལས་དོན་ལ་ཧ་ཅང་འཐུས་ཚང་གི་རྣམ་འགྱུར་མངོན་དུ་བཅུག་ཡོད། དེའི་རྗེས་ནས་བཟུང་ཞིང་ཆེན་རིམ་པ་ནས་དགེ་རྒན་གྱི་ས་མིག་འཕར་སྤྲོད་བྱས་མེད་ལ། ཚབ་ཁྲིད་དགེ་རྒན་གནང་བཞིན་པའི་ཁོ་ཚོའང་མུ་མཐུད་ཚབ་ཁྲིད་དགེ་རྒན་གནང་ནས་བསྡད་པ་རེད། ཚབ་ཁྲིད་དགེ་རྒན་དག་གིས་སྙན་ཞུ་རིམ་པར་རྒྱབ་པ་ལ་བརྟེན་ནས་ཟླ་རེ་ཕོགས་ཐོབ་༡༢༠༠ ལ་སྤར་ཡོད་ཀྱང་། ཁོ་ཚོ་ནི་ན་ལོ་སུམ་ཅུ་ནས་བཞི་བཅུར་སོན་པའི་ཕ་མ་དང་བཟའ་ཟླ། བྱིས་པ་བཅས་ཀྱི་བདག་པོ་ཤ་སྟག་ཡིན་པས་གྲངས་ཉུང་བའི་སྒོར་མོ་འདིས་འཚོ་བ་འཁྱོལ་ཐབས་མེད།

ཕྱི་ལོ་ ༢༠༡༢ ནས་འཕྲལ་སེལ་དུ་མིང་བཏགས་སྟེ་ཡུན་རིང་ལུས་པའི་ཚབ་ཁྲིད་དགེ་རྒན་དག་ལ་ཡིག་ཚད་བཏང་ནས་ལོ་ལྔའི་ནང་ཚུན་ལ་ཐག་གཅོད་ཀྱིས་དགེ་རྒན་དངོས་མའི་ལས་གནས་སུ་འགྱུར་བ་གཏོང་རྒྱུ་བྱས་ཏེ་ཡིག་ཚད་ཐེངས་གཉིས་བཏང་ཡང་། ད་ལོ་ནས་ཡིག་ཚད་དེའང་མཚམས་འཇོག་བྱས་ཡོད། ཚབ་ཁྲིད་དགེ་རྒན་དག་གིས་རྫོང་དང་ཁུལ་རིམ་པར་ཚབ་ཁྲིད་དགེ་རྒན་གྱི་ལོ་ལྔའི་འཆར་གཞི་དེའི་སྐོར་ལ་སྐད་ཆ་བཤད་དུས་འཆར་གཞི་དེ་ནི་འགོ་ཁྲིད་སྔོན་མ་དག་གི་སྐབས་ཡིན་པས་ད་ལྟ་ཤེས་ཀྱི་མེད་ཅེས་བཤད་འདུག སྐད་ཆ་འདིས་ང་ཚོ་ཧང་སངས་པར་བྱེད་པ་རེད། ང་ཚོས་གནའ་རབས་ཀྱི་ས་གནས་རྫོང་དཔོན་བརྗེ་བསྒྱུར་གྱི་བར་བརྒལ་སྟོན་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་ནས་སྐད་ཆ་འདི་ལྟ་བུ་ཡང་ཡང་ཐོས་ཐུབ། དེ་ནི་བཀས་བཀོད་རྒྱུན་འཛིན་སྐབས་ལ་རེད། འོན་ཀྱང་། ད་ལྟའི་དུས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམངས་གཙོའི་སྲིད་ལུགས་འདི་ལ་མཐའ་མའི་འགན་འཁུར་ཡོད་པའི་ལས་ཁུངས་དང་། ཡང་ན་སྡེ་ཁག་མེད་པ་རེད་དམ།

ཚབ་ཁྲིད་དགེ་རྒན་དག་གིས་ལས་ཁུངས་དང་སྡེ་ཁག་དེ་རྙེད་མེད། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣༠ ཉིན་རེབ་གོང་ཐུན་རིན་རྫོང་གི་གཞི་རིམ་ཚབ་ཁྲིད་དགེ་རྒན་ ༡༦༠ ཡིས་”ཚབ་ཁྲིད་དགེ་རྒན་དང་། ལས་བྱེད་པའི་བདེ་སྡུག་ལ་གཟིགས་རྟོགས་གནང་དགོས་པ་དང་གླ་ཕོགས་སྤར་ནས་ཐོབ་ཐང་ཁག་སྤྱི་མཚུངས་སྤྲོད་དགོས་”སོགས་ཀྱི་དགོས་འདུན་ཡོད་པའི་ཞུ་གཏུགས་ལས་འགུལ་ཡང་བསྐྱར་སྤེལ་ཏེ་ཁུལ་སྲིད་གཞུང་ལས་ཁུངས་མདུན་དུ་འཛོམས། བདུན་ཕྲག་གཅིག་འགོར་ཡང་ཞུ་གཏུགས་ལ་ཨ་ལན་ཅི་ཡང་མ་བྱུང་བས། ཟླ་ ༥ ཚེས་ ༧ ཉིན་དགེ་རྒན་རྣམས་ཡང་བསྐྱར་འཛོམས་ཏེ་རེབ་གོང་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བསྟི་གནས་ཟི་ལིང་གྲོང་ཁྱེར་དུ་གོམས་བགྲོད་ཀྱིས་བསྐྱོད་མགོ་བརྩམས་ཡང་། ཐུན་རིན་རྫོང་དང་གཙན་ཚ་རྫོང་གཉིས་ཀྱི་དབར་དུ་ཡོད་པའི་དགུ་རོང་ཁོག་ཏུ་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ནམ་ཡང་ན་འབྲེལ་ཡོད་ལས་བྱེད་སླེབས་ནས་དགོས་འདུན་ཅི་ཡོད་ལག་བསྟར་བྱེད་རྒྱུའི་སྐད་ཆ་བྱུང་སྟེ་ཕྱིར་ལོག་འདུག ཁས་ལེན་དེ་དག་སྦྱར་ཡིག་ཆེན་པོ་ཞིག་ཏུ་བཟོས་ཏེ་ཁུལ་དཔོན་སྐུ་ངོ་ལགས་ཀྱི་སྤྱན་ལམ་ཏུ་ནམ་རྒྱུན་ཡོད་པ་མ་བྱས་ཚེ། དགོས་འདུན་ལག་བསྟར་དེ་ཡང་ཁོང་གི་གོ་ས་འཕར་བའི་དུས་སྐབས་ཀྱི་བར་བརྒལ་དུ་ལྷག་སྲིད།

གཞི་རིམ་ལས་ཚབ་དགེ་རྒན་འདི་དག་གིས་ཞུ་གཏུགས་ལས་འགུལ་སྤེལ་བ་ནས་ཟླ་གཅིག་གི་རིང་རེབ་གོང་གི་སློབ་ཆུང་སློབ་གྲྭ་ཕལ་མོ་ཆེས་སྒོ་རྒྱབ་ཡོད་པ་དེ་སེར་སྣ་མེད་པའི་བྱ་སྤྱོད་ཅིག་ཡིན་ཡང་། ངས་དུས་ནམ་ཡང་སྙིང་ཉེ་བའི་དགེ་རྒན་དེ་དག་གིས་རང་ཉིད་ཀྱི་ཡོད་ཚད་སློབ་མའི་ཆེད་དུ་བློས་གཏོང་དགོས་པའི་ཧམ་པ་བཤད་མི་ཐུབ། གང་ཡིན་ཟེར་ན་དགེ་རྒན་དངོས་མ་ཚོས་ཉོ་བཞིན་པའི་གྲོ་ཕྱེའི་རིན་གོང་དེ་ཚབ་ཁྲིད་དགེ་རྒན་ལ་ཆགས་ཡངས་གང་ཡང་མེད་པར་གཅིག་མཚུངས་རེད། དགེ་རྒན་དངོས་མ་རེར་ཟླ་ཕོགས་མི་དམངས་ཤོག་སྒོར་ ༤༠༠༠ ནས་ ༦༠༠༠ བར་ཡིན་པ་འདི་ཕལ་ཆེར་ཀྲུང་གོ་ཁྱོན་ཡོངས་ལ་གཅིག་མཚུངས་སུ་སྣང་ཞིང་། མདང་ནུབ་ཞང་ཀང་གི་ངོ་ཤེས་ཤིག་ལ་ཁོ་ཚོའི་ས་ཆའི་དགེ་རྒན་གྱི་ཟླ་ཕོགས་སྐད་ཆ་དྲིས་ཡང་མི་དམངས་ཤོག་སྒོར་དུ་ཛ་བསྒྱུར་བྱས་ན་གཅིག་རེད། འོན་ཀྱང་། ཚབ་ཁྲིད་དགེ་རྒན་ཟེར་བ་ནི་གྲལ་རིམ་གྱི་དབྱེ་འབྱེད་ཅིག་མིན་ཚེ་ང་ཚོས་གོ་བ་ལོན་མི་ཐུབ་པ་རེད། དོན་དངོས་སུ་དགེ་རྒན་གྱི་དཀའ་ངལ་ཡོད་ཚེ་ཁོ་ཚོར་ཅིའི་ཕྱིར་རང་ཉིད་ལ་ཐོབ་ཐང་ཡོད་པའི་ལས་གནས་དེ་མ་རག་པ་རེད། ངས་གནད་དོན་འདི་དང་འདི་ལྟ་བུ་བོད་ཕྱི་ནང་གཉིས་ནས་མཐོང་གི་འདུག

ཕྱི་ལོ་ ༢༠༡༤།༥།༩ ཉིན།

རྩོམ་རིག

Post navigation

Previous Post: <<འཆར་ཡན་དང་ཚོར་རྟོག>>ལས།—ང་འཆི་ཕོད།
Next Post: སྤོབས་ལོ་གཉིས་ལ་བགྲོ་བ་ཁོང་སྐྲན་འབྱིན་བའི་རིན་ཆེན་ཟླ་ཤེལ་གསར་པ།

Comment (1) on “ཚབ་ཁྲིད་དགེ་རྒན་གྱི་དཀའ་ངལ་ནི་སློབ་གསོའི་གནད་དོན་ལ་ཐུག་ཡོད།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-05-09 at 10:24 pm

    ངས་གོ་ཐོས་ཡིན་ན། མགོ་ལོག་སོགས་སུ་གཞི་རིམ་དགེ་རྒན་ཚོས་རང་ཉིད་ཀྱི་ཚབ་ཏུ་ལས་མེད་མཐོ་སློབ་མཐར་ཕྱིན་པ་ཁག་གླས་ནས་སློབ་ཁྲིད་བྱེད་དུ་འཇུག་གི་ཡོད་ཅིང་། དེ་དག་གི་ཕོགས་ཀྱི་འབྱུང་ཁུངས་གཞི་རིམ་དགེ་རྒན་དེ་དག་ཡིན་པ་དང་། དགེ་རྒན་དེ་རིགས་ཀྱི་ཕོགས་ཧ་ལམ་ཟླ་རེར་སྒོར༥༠༠༠ཡན་འདབས་ཡིན་པས། དེའི་ནང་ནས་ཆིག་སྟོང་ནས་ཆིག་སྟོང་ལྔ་བརྒྱ་ཡས་མས་རེ་གླས་གླ་སྤྲོད་ཀྱི་ཡོད་ཚོད་རེད་ལ། དགེ་རྒན་གླས་མ་དེ་དག་ལ་ཟླ་རེར་མིག་སྔའི་རྒྱ་སྒོར་ཆིག་སྟོང་ཡས་མས་མ་གཏོགས་མདུན་ལམ་དང་ལྟ་ས་ཅི་ཡང་ལྷག་མི་འདུག འདི་ལྟར་བལྟས་ཡོང་ན། བོད་ནང་དུ་དགེ་རྒན་གླ་སྟངས་རིགས་ཁ་ཤས་ཡོད་ཚོད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme