Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱར་རྩྭ་དགུན་འབུ།

Posted on 2014-05-052014-05-05 By ཁ་བརྡ་ 2 Comments on དབྱར་རྩྭ་དགུན་འབུ།

སྐྱོ་བྲག་དགའ་དབང་།

དཔལ་ལྡན་ཟླ་བ་གྲགས་པས་འགྲོ་བ་མི་རྣམས་ཀྱི་སེམས་ཁམས་དང་འབད་བརྩོན་ཐད། བསྡོམས་ཚིག་འདི་འདྲ་ཞིག་བཀོད་ཡོད།
སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །
མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །
ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །
ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །

ཚོང་སོ་ནམ་སོགས་དང་སྦྱིན་པ་ནི་འཕྲལ་ཕུགས་ཀྱི་མིག་རྒྱང་རིང་ཐུང་གི་ཁྱད་པར་ཙམ་ཡིན། དོན་འདི་ཉིད་ལ་བརྟེན་ནས་འཛམ་གླིང་ཐོག་སྤྱི་སྒེར་གྱི་གནས་ཚུལ་འདྲ་མིན་མང་པོ་ཞིག་འབྱུང་གི་ཡོད་པའི་དཔེ་མཚོན་ནི། ཉེ་བའི་ལོ་རབས་ནང་ཨ་མི་རི་ཀས་ས་སྣུམ་ལ་དམིགས་ཏེ་དབྱི་རག་ཐོག་དྲག་པོའི་དམག་ཆེན་ཕབ་པ་དང་། ས་འོག་གི་གཏེར་ཁའི་ཆེད་ཉི་ཧོང་དང་རྒྱ་ནག་སོགས་ཞི་བདེ་རྒྱ་མཚོའི་ནང་གི་གླིང་ཕྲན་བདག་དབང་ཐད་སྟག་གཟིག་བཞིན་ཕན་ཚུན་ངར་གྱིན་ཡོད་པ་རེད།

ང་ཚོ་བོད་པ་ཕལ་མོ་ཆེས་བོད་ཡུལ་གྱི་འཁོར་ཡུག་གི་གནས་བབ་དང་གཏེར་ཁ་སོགས་ཅི་ཡང་ཤེས་ཀྱི་མེད་ལ། གལ་ཏེ་ཤེས་ནའང་འགུལ་སྐྱོད་བྱེད་པའི་རང་དབང་དང་ནུས་པ་རྩ་བ་ནས་ཡོད་པ་མ་རེད། གཅིག་ཤེས་པ་དང་ཡོད་པ་ནི་རྩྭ་ས་རྩོད་གླེང་དང་དབྱར་རྩྭ་དགུན་འབུའི་ཆེད་ཙམ་ཡིན། འདི་དག་གི་འཁྲུགས་ལོང་ཐད་མཐོ་བླ་ཆེ་དཔོན་པོ་ནས་དམའ་སྤྲང་པོ་ཉམ་ཆུང་ཡན་གྱི་ཁ་ལག་བདེ་བ་ཚོས་མ་བཤད་པ་དང་མ་བྲིས་པ་ཞིག་མེད་ནའང་དོན་ཕན་མ་བྱུང་བ་ནི་གཉིས་ཕན་གྱི་ཐབས་ལམ་དབེན་པའི་ཁ་ཏ་ཙམ་ཡིན་པས་རེད།

རྒྱུ་མཚན་དེས་ན་ང་ཚོས་གཉིས་ཕན་གྱི་ཐབས་ལམ་ཞིག་འཚོལ་དགོས་པ་སྟེ། དཔེར་ན། དབྱར་རྩྭ་དགུན་འབུའི་ཆེད་འཁྲུགས་ལོང་མི་འབྱུང་བའི་ཐབས་ལམ་འབུ་ས་བཟང་ངན་ལ་དཔགས་པའི་རྐོ་ཁྲལ་རང་གཞན་ཤར་བསྐྱོད་ཡོང་བའི་འོས་འཚམ་ཞིག་གཏན་ཁེལ་བྱུང་བ་ཡིན་ན་གདོད་སྡེ་ཤོག་འཁྲུགས་ལོང་མེད་པ་ཡོང་གི་རེད། གཞན་དུ་མི་རིགས་དང་ལ་རྒྱ་མཐུན་འབྲེལ་སོགས་ཇི་ཙམ་བཤད་ནའང་ཕན་ཐོགས་མེད་པ་ནི་འདས་པའི་གནས་ཚུལ་གྱིས་གསལ་སྟོན་བྱས་ཡོད།

གཉིས་ཕན་གྱི་ཐབས་ལམ་ཡང་ང་ཚོ་བོད་པ་ནང་ཁུལ་གྱིས་མི་རིགས་ཀྱི་ལ་རྒྱ་གཞི་ལ་བཞག་ནས་འཚོལ་དགོས་པ་ལས་གཞན་གོང་རིམ་དག་ནི་བར་འདུམ་གྱི་ཕྱོགས་ལ་བསམ་སྦྱོར་ཡག་པོ་ཞིག་ནམ་ཡང་གནང་མི་སྲིད་པ་ནི་དུམ་བུར་བགོས་ནས་དབང་སྒྱུར་བྱ་བ་ཞེས་པའི་ཀླུང་རྟའི་ཐོག་སོང་བ་ཡིན་པ་ང་ཚོས་ཤེས་པར་བྱའོ། །

རྩོམ་རིག

Post navigation

Previous Post: རྒྱལ་བ་རིན་པོ་ཆེ་དང་བོད་མིའི་རང་སྲེག་ངོ་རྒོལ་བར་གྱི་འབྲེལ་བ།
Next Post: དགེ་འདུན་ཆོས་འཕེལ་དང་རང་གྲོལ་གཤིབ་བསྡུར། ༼དགུ་ཆུ་སྐད་འཕྲིན༽་གྱི་བགྲོ་གླེང་གསུང་བཤད་ཐེངས་དང་པོ།

Comments (2) on “དབྱར་རྩྭ་དགུན་འབུ།”

  1. དུང་སྒ says:
    2014-05-05 at 11:11 pm

    རྒན་སྐྱོ་བྲག་ལགས་ཀྱི་གསུང་ལ་མངོན་པར་བསྟོད་འོས་པ་ཞིག་རེད་སྙམ། གང་ལ་ཞེ་ན་རྩའམ་ས་རྒྱའི་ཁ་གྲངས་ཀྱི་རྩོད་པ་ནི་དུས་བཞིའི་ཡོ་ལངས་སམ་རྒྱུན་གཏན་གྱི་ཞོགས་དགོང་ནངས་འདོན་ལྟ་བུ་ཡིནའང། དབྱར་རྩ་དགུན་འབུའི་གསོད་བརྡུང་གི་བཞུར་རྒྱུན་ནི་གཏན་དུ་མ་ཡིན་པར་དཔྱིད་ཟླ་གསུམ་པའི་ཟླ་སྨད་ནས་དབྱར་ཟླ་བཞི་པའི་རིང་སོགས་ཡིན་མོད། འོན་ཀྱང་དེང་དུས་ཁྱོན་ཡོངས་ནས་དྲག་དོར་ཞི་བའི་རྡོག་སྒྲ་སྒྲིག་བཞིན་་སྔ་མའི་དཔའ་བོ་དག་སྙིང་མེད་དང། སྔ་མའི་སྡར་མ་དག་དེང་སྤྱི་ཚོགས་ཁྲོད་དཔའ་བོ་འགྱུར་བའི་སྒང་ཡིན་སྟབས་བོད་ཡུལ་དག་ལ་ཡང་དེ་ལྡར་ཡིན་པ་ལ་བསྙོན་རིན་མེད་པར་བརྩིས་ན་ཆེས་ཕུ་ནུ་ནང་དམེ་ཡོང་མི་སྲིད་པ་ཡིན་རྒྱུ་རེད། གཞན་སྔ་མ་ལྟར་དུ་བསམ་ན་དབྱར་རྩ་དགུན་འབུའི་སྐབས་འདིར་ཕལ་ཆེར་སྤུ་ཟླ་བསད་པའི་འཆི་ཁྲག་གམ་ཡང་ན་བརྡུང་པའི་གསོན་ཁྲག་གཉིས་གང་རུང་ས་ལ་འཐོར་ངེས་པ་ལྟ་བུ་སོང་ཙང་སྔ་མའི་ཀླ་ཀློའི་བྱེད་སྤྱོད་ལ་བཞེད་རྔམ་སྐྱེས་དྲགས་པའི་རྐྱེན་གྱིས་ད་ལོར་འབུ་རྐོ་སྐབས་འཁྲུགས་རྩོད་མི་ཡོང་བའི་སྨོན་པ་ལག་སོར་སྙིང་ཁར་སྦྱར་ཏེ་རྒྱང་རིང་འདི་ནས་འབུལ་བཞིན་ཡོད། ི

  2. ཀརྡོ་གཉེར་ཕྱག་པ་ says:
    2014-05-06 at 1:05 am

    དབྱར་རྩྭ་དགུན་འབུ་ནད་ཀྱི་གཉེན་པོ་རེད། །
    དབྱར་རྩྭ་བག་མེད་སྤྱད་ན་འཆི་བར་འགྱུར། །
    དགུན་འབུ་མང་དག་བསད་ན་སྡིག་པར་འགྱུར། །
    དེ་བས་དཔལ་འབྱོར་སྡུ་རུབ་གཞན་དུ་འཚོལ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme