Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་མེ་ལོང་མ་རྩོམ་པ་བོའི་མཚན་ངོ་མ་དེ་ཤེས་མཁན་མེད།

Posted on 2014-05-022014-05-02 By ཁ་བརྡ་ 15 Comments on སྙན་ངག་མེ་ལོང་མ་རྩོམ་པ་བོའི་མཚན་ངོ་མ་དེ་ཤེས་མཁན་མེད།

རྔ་རྒོད།

སྤྱིར་ན་སྙན་ངག་མེ་ལོང་མ་རྩོམ་པ་བོ་༧ སློབ་དཔོན་ཆེན་པོ་༧ དནྜི་མཆོག་གི་ལོ་རྒྱུས་སྐོར་འདི་དག་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་མིན་མོད། སྲོལ་རྒྱུན་སྙན་ངག་ལ་དུངས་ཤིང་། ལྷག་པར་ཁོང་གི་བརྩམས་ཆོས་«སྙན་ངག་མེ་ལོང་མ་»འདི་འཆད་འཁྲིད་བྱེད་མཁན་དང་དེ་ལ་སློབ་གཉེར་གནང་མཁན་ཚོའི་ངོས་ནས་བལྟས་ན། སྡེབ་སྦྱོར་སྙན་ངག་པ་ ༧དནྜི་མཆོག་གི་སྐོར་དེ་མཁྱེན་དགོས་པར་མ་ཟད་དེ་ལ་དགེ་མཚན་ཡང་ཆེན་པོ་ཡོད། འོན་ཀྱང་འཕགས་བོད་མཁས་པས་སློབ་དཔོན་དནྜིའི་སྐོར་ལ་བཞེད་ཚུལ་མི་མཐུན་པ་ཁག་མང་བོ་ཞིག་གསུངས་ཡོད། དཔེར་ན། དནྜིའི་མཚན་དེ་ཇི་ལྟར་ཐོགས་མིན་དང་ཡང་ན་དནྜིའི་འཁྲུངས་འདས་མི་གཅིག་པ་དང་། གཞན་ཡང་། མེས་པོ་དམ་པ་བྷཱར་པིའི་སྲས་དང་ཆུང་མ་ཕན་ཚུན་བསྒྱུར་ནོར་བྱུང་བ་སོགས་རེད། འོན་ཀྱང་། འདིར “རྩོད་པའི་དགག་ཡུལ་མ་ཡིན་འདིར་མི་འཆད”ཅེས་པའི་དགོངས་དོན་ལྟར། དགག་སྒྲུབ་བྱ་ཡུལ་ལ་མཁས་པ་སྒེར་བ་སུ་གང་གི་མཚན་འདིར་གསོལ་འདོད་ཡེ་ནས་མེད། གང་ལྟར། གཞན་གྱི་ཡིད་ལ་འཛིན་བདེ་བའི་ཆེད་དུ་མདོར་བསྡུས་ཏེ་དནྜིའི་སྐོར་ཅིག་བྲི་བར་བྱ།
 

དང་བོ། དནྜིའི་མཚན་ལ་དཔྱད་པ།

བོད་འགྲེལ་ཁག་ཏུ། ཁོང་གི་ཕྱག་ན་འཁར་གསིལ་ལམ་དབྱུག་པ་ཞིག་བསྣམས་ཡོད་པས་མཚན་ལ་དེ་ལྟར་བཏགས་པར་འདོད། རྒྱ་གར་གྱི་ལོ་རྒྱུས་ནང་དུ། དནྜིའི་བརྩམས་ཆོས་«གཞོན་ནུ་བཅུའི་སྤྱོད་པ་ལ་འཇུག་པ་»ཞེས་པའི་སྙན་ངག་དེའི་མཆོད་བརྗོད་དུ། ཤོ་ལོ་ཀ་གཅིག་གི་ནང་ན་དབྱག་པ་དབྱུག་པ་ཞེས་སྒྲ་རྒྱན་གྱི་ཚིག་གཅིག་པ་མང་བོ་ཞིག་སྤུངས་པའམ་བྲིས་ཡོད་པས། དབྱུག་པ་ཅན་ནམ་དནྜི་ཞེས་གསོལ་ཡོད། འོན་ཀྱང་རྒྱ་གར་གྱི་གཞུང་ཚད་ལྡན་གང་ནའང་དནྜིའི་མཚན་དངོས་དེ་བརྙེད་རྒྱུ་མི་འདུག་པ་ནི་ཡོངས་གྲགས་སོ།།
 

གཉིས་པ། དཎྡིའི་འཁྲུངས་འདས་སྐོར།

དཎྡིའི་འཁྲུངས་འདས་ཀྱི་སྐོར་དེ་ལ་བཞེད་ཚུལ་མི་མཐུན་པ་ཧ་ཅང་མང་། ལ་ལས་དུས་རབས་བཅུ་གཉིས་པའི་སྨད་ཅིག་ཏུ་དཎྡི་འཁྲུངས་རབས་དང་མང་བོས་དུས་རབས་བདུན་པའི་ནང་དུ་དཎྡི་འཁྲུངས་ཞེས་བཀོད་པའང་ཡོད། རྒྱ་གར་ལ་མཚོན་ན་ཡང་འདོད་ཚུལ་ཁག་གསུམ་ཡོད། དཔེར་ན། སྤྱི་ལོ་ ༦༥༠ ནས ༧༥༠བར་དང་། ༦༥༥ ནས་༧༠༠ བར་གཞན་ཡང་རྒྱ་གཞུང་ཞིག་ཏུ་དཎྡི་མཆོག་སྤྱི་ལོ་ ༥༠༠ ནས ༦༣༠ བར་བྱུང་ཡོད་ཅེས་དོགས་གཅོད་ཅིག་ཀྱང་ཡོད། འོན་ཀྱང་༦༥༥ ནས་༧༠༠་བར་ཞེས་པའི་དུས་ཚིགས་འདི་ཁོ་བོས་འཐད་པར་འདོད་དོ།།དེའི་ཕྱིར། དམ་པ་དནྜི་མཆོག་ཁོང་གླིང་འདིར་དགུང་ལོ་ཞེ་ལྔ་ལ་བཞུགས་འདུག གང་ལྟར་སློབ་དཔོན་དཎྡི་ནི་རྒྱ་གར་གྱི་བྱང་ནུབ་ས་ཆའི་མིང་ལ་ཨ་ཡཱ་སྒྲེ་ཤུ་འབོད་པ་ཞིག་ནས་སྐྱེས་ཤིང་གནས་དེའི་མིང་ལ་དེང་སང་Gujrat ཟེར་རོ།།
 

གསུམ་པ། དནྜི་ཕྱི་ནང་གང་ཡིན་སྐོར།

སྙན་ངག་པ་སློབ་དཔོན་དནྜིས་ཕྱི་ནང་གི་ལྟ་གྲུབ་སྐོར་དེ་མཁྱེན་གྱིན་ཡོད་མོད། རང་གཞུང་ལྟར་ན། དནྜི་ནི་ལྷ་དབང་ཕྱུག་སྟེན་མཁན་དང་ཕྱི་རོལ་པ་ཞིག་རེད། འོན་ཀྱང་དམ་པ་ཁོང་གིས་རང་ཉིད་ཀྱང་ནང་བའི་ཆོས་པ་ཞིག་ཡིན་པར་དགོངས་ཀྱིན་ཡོད་མོད། འོན་ཏེ་རང་རེའི་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་མ་རེད། རྒྱུ་མཚན། དནྜིའི་བརྩམས་ཆོས་«སྙན་ངག་མེ་ལོང་མ་»དང་«གཞོན་ནུ་བཅུའི་སྤྱོད་པ་ལ་འཇུག་པ»དང་«ཟློས་གར་གྱི་བསྟན་བཅོས་» གསུམ་ལས་ཤེས་སོ།།
གཞན་ཁོ་བོས་རྒྱ་གར་གྱི་པཎ་ཆེན་ཞིག་ལ་དནྜི་ཚང་ཁ་ཆེ་བ་ཡིན་མིན་གྱི་སྐོར་ཅིག་བཀའ་འདྲི་བྱས་པའི་ལན་དུ། ཁོང་གི་ཞལ་ནས་“ཁ་ཆེའི་མཁས་པ་གྲགས་ཅན་གསུམ་གྱིས་དཎྡིའི་བརྩམས་ཆོས་ལ་ཆོས་ལུགས་ཐོག་ནས་དགག་གཞག་མང་བོ་ཞིག་མཛད་ཡོད་པས། དནྜི་ཁ་ཆེ་མིན་པར་རྟོགས་སླའོ།།”ཞེས་གསུངས་སོང་།
 

བཞི་བ། དནྜིའི་རིགས་རུས་སྐོར།

རྒྱ་གར་དུ་རིགས་རྒྱུད་ཆེན་པོ་བཞི་ཡོད་པ་ལས་དནྜི་བྲམ་ཟེའི་རིགས་ཡིན་པར་འདོད་པ་འདི་ལ་རྩོད་པ་མེད། སློབ་དཔོན་དནྜི་དང་། དཔའ་བོ་སྦྱིན་དང་། ཡིད་ཀྱི་ཤིང་རྟ་དང་། བྷཱར་པི་དང་། སྙིང་ཐིག་བདག་པོ་སོགས་རྒྱུད་པ་གཅིག་པས། རུས་རྒྱུད་ཀྱི་གོ་རིམ་གོང་ལྟར་གོ་བ་ལོངས། འོན་ཀྱང་བྷཱར་པི་ལ་སྲས་གསུམ་ཡོད་པ་དེ་ལ་ང་ཚོས་གོ་ནོར་བརྒྱབ་ནས་དེ་ཆུང་མ་གསུམ་ཡོད་པར་བསྒྱུར་པ་འདི་ནོར་བ་རེད། གཞན། དནྜིའི་ཡབ་དཔའ་བོ་སྦྱིན་ལ་སྤུན་བཞི་ཡོད་པ་དང་ཁོང་གི་ཡབ་ཡིད་ཀྱི་ཤིང་རྟ་ལ་སྤུན་གསུམ་ཡོད་མོད། དནྜི་རང་ལ་སྐུ་སྤུན་ཅི་ཡོད་ཀྱི་ལོ་རྒྱུས་དེ་ཁོ་བོས་མ་མཐོང་བས་མེད་པར་མི་འདོད་དོ།།
 

ལྔ་བ། དནྜིའི་སྐུ་གཟུགས་སྐོར།

དང་བོ། སྙན་ངག་བསྟན་བཅོས་མེ་ལོང་མ་ཞེས་པའི་དཔེ་རྙིང་དེའི་ཤོག་ངོས་དང་བོའི་ཟུར་ན། ཕྱི་རོལ་པའི་ཉམས་ཅན་ཁོང་གི་དབུ་སྐྲ་ལ་ཉི་ཟླས་བརྒྱན་ཅིང་སྨ་ར་ཅུང་རིང་བོ་ཅན་ཞིག་ཡོད། རི་མོའི་གཤམ་དུ་མཚན་ལ། འཕགས་ཡུལ་གནས་ལྔ་རིག་པའི་སྒྲ་ཡི་གཙུག་གི་རྒྱུན་གྱུར་དནྜིའི་ཞབས་ཞེས་གསོལ། གཞན་སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་མ་ལ་འཇུག་པའི་ཤན་སྦྱར་དནྜིའི་དགོངས་རྒྱན་ཞེས་པའི་དཔེ་ཆ་སྣ་རིང་ཞིག་ཡོད་པ་དེའི་ཤོག་ངོས་དང་བོའི་ཟུར་ན། ནང་བའི་དགེ་སློང་གི་ཉམས་ཅན། དབུ་ན་གཙུག་ཏོར་གྱིས་བརྒྱན་ཅིང་དཀྱིལ་དཀྲུང་ངང་བཞུགས་པའི་ཞུ་དུལ་ཅན་ཞིག་ཅེས་བྲིས་ཡོད། གཤམ་དུ་མཚན་ལ། མཚོ་བྱུང་མགྲིན་པར་རོལ་བ་དནྜིའི་ཞབས་ཞེས་གསོལ་འདུག གང་ལྟར་རི་མོ་མཁན་གྱི་སྒྱུ་རྩལ་ལས་གང་ཞིག་བྲིས་ན་མཛེས་མོད་ཀྱང་ཁོ་བོའི་མིག་ལམ་དུ་སློབ་དཔོན་དནྜི་དང་གྷན་ངྷི་རྣམ་གཉིས་ཀྱི་སྐུ་གཟུགས་གཅིག་ཏུ་འཁྲུལ་གྱིན་འདུག
 

དྲུག་པ། དཎྡིའི་མཚན་སྙན།

ལེགས་སྦྱར་ལ་ཧ་ཅང་མཁས་པ་༡ བྲམ་ཟེ་གྲོག་མཁར་དང་། ༢ དྲང་སྲོང་རྒྱས་པ། ༣ཀ་ལིའི་ཏ་སོ། བྷ་པི་སོགས་ཀྱི་ཡོན་ཏན་གསུམ་གྱི་ཁྱད་དུ་འཕགས་པ་སློབ་དཔོན་དནྜི་ཡིན་པར་རྟགས་ཚུལ་གསུམ་གྱིས་བསྒྲུབས་ཡོད། དང་བོ་སྙན་ངག་ལ་མཁས་པ། གཉིས་པ་བརྡ་སྤྲོད་ལ་མཁས་པ། གསུམ་པ་ཚད་མ་རིག་པ་མཁས་པའོ།། དང་བོའི་སྒྲུབ་བྱེད་དུ་སྙན་ངག་མེ་ལོང་མ། གཉིས་པའི་སྒྲུབ་བྱེད་ལ་དནྜིས་མ་ཧ་བྷི་ཤའི་གཞུང་ཆེན་མོ་དེར་དགག་པ་ཡང་དག་བགྱིས་པ། གསུམ་པའི་རྟགས་སུ་རིགས་པ་དང་འགལ་བའི་སྐྱོན་བཅུ་ལ་དགག་གཞག་མཛད་པས་བསྒྲུབས་ཡོད། འོན་ཀྱང་སྐབས་དེར་རྒྱ་གར་ནུབ་བྱང་གི་མཁས་པ་ཚོའི་བར་ལ་ལུང་ཚན་གྱི་དབྱེ་འབྱེད་ཡིན་ནམ་དནྜིའི་གཞུང་ལ་འགོག་མཁན་ཡང་བྱུང་ཡོད། ད་དུང་མཁས་དབང་༧ པཱ་མ་ཧ་དེ་སློབ་དཔོན་དནྜི་ལས་ཀྱང་ཡོན་ཏན་ཆེ་རབས་ཤོད་མཁན་ཡོད་པ་འདྲ།
 

བདུན་པ། མཇུག་གི་གཏམ།

རབ་ཏུ་བཀུར་འོས་༧ ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས། ཐོག་མར་སྙན་ངག་མེ་ལོང་མ་འདི་བོད་བསྒྱུར་བྱས་པ་ནས་བཟུང་ད་ལྟའི་བར་རང་རེའི་བོད་ཀྱི་མཁས་པ་རིམ་བྱོན་ནང་འཆད་རྩོད་རྩོམ་གསུམ་ལ་མཁས་པ་ཞིག་ཡིན་ཚེ། སྙན་ངག་མེ་ལོང་མ་འདི་ལ་མ་བསླབས་མཁན་ཞིག་མེད་པར་འདོད། གང་ལྟར་ཁོ་བོའི་ལོ་རྒྱུས་འདི་དག་གི་ཁུངས་གཏུགས་ས་གཙོ་བོ་ནི། རྒྱ་གར་གྱི་གཞུང་སྟེ་«མཛེས་མ་ལ་འཇུག་པའི་གཏམ་»དང་«མཛེས་མ་ལ་འཇུག་པའི་གཏམ་གྱི་སྙིང་བོ་» ཞེས་པའི་གཞུང་གཉིས་དང་། གཞན་རྒྱ་བོད་དབྱིན་གསུམ་ཐོག་ན་ཡོད་པའི་དནྜིའི་སྐོར་ཐར་ཐོར་རེ་བཀླགས་པ་སོགས་ལས་བྱུང་ངོ་།། འོན་ཀྱང་གུས་པས་སྙན་གཞུང་གང་མང་ལ་བལྟས་ཤིང་། དེ་ཚོའི་གོང་འོག་བསྡུར་ནས་དཔྱད་པ་མཐར་ཕྱིན་པ་བྱས་པ་ཞིག་མིན། དྲན་ཐོ་འདི་༢༠༠༢ ལོར་བྲིས་ཀྱང་ད་སྔར་མི་སུ་ལའང་བསྟན་མ་མྱོང་། འོན་ཀྱང་དེ་རིང་བོད་ནང་ན་བཞུགས་པའི་སྙན་ངག་གི་དགེ་རྒན་ཆེན་མོ་ཞིག་དང་མཉམ་དུ་ཁ་བརྡ་ཞིག་ལས་འཕྲོས་ཏེ་དནྜིའི་སྐོར་ཞིག་གླེང་དགོས་བྱུང་། དེའི་ཕྱིར། ཁོང་གི་རེ་སྐུལ་ལྟར། ཁོང་ལ་ལེགས་སྐྱེས་སུ་གྲོགས་པོ་ནང་ཚགས་བགྱིས་ཏེ་དྲན་ཐོའི་བསྐུར་ཡིག་ཙམ་ལས་གཞན་པ་ཅི་ཡང་མིན་པར་ཀུན་གྱིས་ཤེས་པར་མཛོད།

ཅེས་སྤྱི་ལོ་ ༢༠༡༤/༥/༣ ལ་རྔ་རྒོད་ཀྱིས་དབྱིན་ཡུལ་ནས།

དཔྱད་རྩོམ།

Post navigation

Previous Post: སངས་རྒྱས་ཀྱི་ཐག་ཉེར་བཅར་བའི་མི།
Next Post: ང་སྙན་ངག་ལ་དགའ་བའི་རྒྱུ་མཚན།

Comments (15) on “སྙན་ངག་མེ་ལོང་མ་རྩོམ་པ་བོའི་མཚན་ངོ་མ་དེ་ཤེས་མཁན་མེད།”

  1. འཇིགས་མེད་ནུབ་པ་ says:
    2014-05-02 at 4:25 pm

    དགེ་འདུན་རབ་གསལ་གྱིས་བསྒྱུར་བའི་དབྱུག་པ་ཅན་གྱི་སྐོར་འདི་ལ་ཡང་གཟིགས་ཐུབ་ན་ཡག
    http://www.khabdha.org/?p=58172&cpage=1

  2. གནམ says:
    2014-05-02 at 8:24 pm

    གངས་ཆབ་དྲི་མེད་གཡའ་དག་ལས་ཀྱིས་ལུས་ལ་ཞུགས།།
    རིག་པ་ཡེ་ཤེས་ཡང་དག་སྐྱེ་རྒྱུད་ཁྲག་ལས་བབས།།
    གོ་ཐོས་གཞན་ལ་མ་བསྟེན་གནམ་མྱི་ཞིང་འབྲོག་པའི།
    ངག་རིགས་སྒྱུ་སྩལ་རྒྱ་མཚོར་རྣ་བ་གཏད་ཚོད་མེད།

    རྒྱ་གར་ཚང་གི་སྙན་ངག་དད་དཔོན་དབྱུག་པ་ཅན་དང་ཞི་བདེ་དད་དཔོན་དབྱུག་པ་ཅན། དབྱུག་པ་ཅན་ཚོས། བོད་པ་ཚོར་དབྱུག་རྡུང་ཡག་ཙམ་བཏང་ཡོད་ཚོད་འདུག་གི་ཨ། ཧ་ཧ་ཧ།

  3. གནམ says:
    2014-05-02 at 8:25 pm

    ཨོ་ཨོ། དེེད་དཔོན་ལ་བཅོས།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-05-02 at 10:29 pm

    དབྱུག་པ་ཅན་དང་ནག་མོའི་ཁོལ། །

    དབྱུག་པ་ཅན་དང་ནག་མོའི་ཁོལ། །
    སྙན་དངགས་པ་ལ་ཀུན་ཏུ་མཁོ། །
    ཕྱག་ཏུ་དབྱུག་པ་ཡོད་མེད་དང་། །
    ནག་མོས་བཀོལ་མིན་སུ་ཡིས་ཤེས། །

    དབྱུག་པ་ཅན་གྱིས་སྙན་དངགས་ཀྱི། །
    རྒྱན་གྱི་བསྟན་བཅོས་མེ་ལོང་ཙམ། །
    ནག་མོ་ཁོལ་གྱིས་ཚིགས་ལྷུག་སྤེལ། །
    སྙན་དངགས་རྣམ་པ་སྣ་ཚོགས་སྤེལ། །

    དང་པོ་དབྱུག་པ་ཅན་གྱི་རྒྱན། །
    བསྟན་བཅོས་འདི་ལ་ཞིབ་ཏུ་བཀླགས། །
    ཕྱིས་སུ་ནག་མོའི་ཁོལ་པོ་བཞིན། །
    ཚིགས་བཅད་ཚིག་ལྷུག་སྤེལ་མར་སྦྱོར། །

  5. གཅོད་པ། says:
    2014-05-02 at 10:51 pm

    རྒྱུ་མཚན་ཅི་ཡང་མེད་པའི་བབ་ཅོལ་ཙམ་རེད།
    དཎྜཱིའི་ལོ་རྒྱུས་དགེ་ཆོས་ཀྱིས་ཐོག་མར་དག་པ་ཞིག་བྲིས་ཡོད་པ་ལ། པདྨ་འབུམ་ལྟ་རྒྱ་ཁབ་མིག་ལས་དོག་པ་དེས་དགེ་འདུན་རབ་གསལ་གྱིས་བསྒྱུར་ཤེས་ལ་མ་ཤེས་ཀྱིས་བསྒྱུར་བ་དེ། བོད་ཡིག་ཏུ་མཐོང་བ་དང་པོ་ཡིན་ཟེར། རང་ཉིད་མཁས་པར་རློན་པ་ཞིག་གི་ལྟ་རྒྱ་འདི་ལྟར་དོག་པ་ནི་མི་རིགས་ཀྱི་ངོ་ཚ་ཞིག་དང་སྐྱོ་གར་ཞིག་ཅི་ལ་མིན།

    དཎྜཱི་ནི་རྒྱ་གར་མཁས་པ་ཐམས་ཅད་ལ་གྲགས་ཤིང་། ཁོང་གིས་བརྩམས་པའི་སྙན་ངག་གི་གཞུང་འགའ་ཤས་ཤིག་ཡོད་པས། དོགས་པ་འདི་ནི་རི་བོང་གནམ་རྡིབ་ཀྱི་དོགས་པ་རེད། དཎྜཱི་ནི་རྒྱ་གར་བ་ཐམས་ཅད་ལ་དེ་ལྟར་གྲགས་ཤིང་། ལག་ན་དབྱུག་པ་ཡོད་མེད་ནི་སྐབས་སུ་མ་བབ་སྟེ། དཎྜཱི་ཞེས་པ་བོད་འགྱུར་ཞེས་པས་དབྱུག་པ་ཅན་ཞེས་དོན་སྒྱུར་བས་པ་རེད།
    འདི་ཙམ་ཡང་་མི་ཤེས་ན་རྩོམ་བྲིས་པའི་དགོས་པ་ཅི། ངོ་ཚ།

  6. རྔ་རྒོད says:
    2014-05-03 at 4:58 am

    དགེ་ཆོས་ཀྱི་ཕྱག་བྲིས་ངོ་མ་དེབ་དཀར་དེ་དང་གཞན་ཁོང་གི་འཕྲིན་ཡིག་ཅིག་ཡིན་པར་རློམ་པའི་འདོད་ཚུལ་དག་དང་སྙན་འབྲེལ་ཆེན་པོ་གཞན་པ་ཀུན་ཁོ་བོས་མ་མཐོངས་པ་གཏན་ནས་མིན། འོན་ཀྱང་དམ་པ་གོང་མ་ཚོའི་བཀའ་དྲིན་བསམ་བཞིན་༢༠༠༢ ལོའི་ཁ་བོའི་དྲན་ཐོ་འདིའི་ནང་བསམ་བཞིན་སུ་ལ་དགག་པ་བཏངས་མེད། སྤྱིར་ན་ལོ་རྒྱུས་གང་ཞིག་ལ་མཚན་དང་དཀར་ཆག་བསྒྲིགས་པ་ལ་མཁས་བླུན་གི་ཁྱད་པར་དེ་ཙམ་མེད། འོན་ཀྱང་ལོ་རྒྱུས་ཀྱི་ཡིག་ཆ་མང་ཉུང་ལ་མ་བལྟས་པར་དཔྱད་རྗོད་པ་སོ་སོའི་རྣམ་དཔྱོད་ཀྱི་དབང་གིས་བརྗོད་བྱ་གསལ་མིན་ལ་ཁྱད་པར་ཆེན་པོ་ཡོད་དོ།།

  7. ཁང་ཟླ་སྲས། says:
    2014-05-03 at 10:10 am

    རྔ་རྒོད་ལགས་ཀྱིས་ངོ་མ་བྲོ་བ་ཅན་གྱི་སྡོམ་ཚིག་ཅིག་བྲིས་འདུག འོན་ཀྱང་སྡོམ་ཚིག་འདི་དག་ངས་དུས་དེབ་གང་ཞིག་ནས་མཐོང་མྱོང་བ་འདྲ་བོ་འདུག གཅིག་བྱས་ན་སྐུ་ཉིད་ཀྱི་ཟིན་ཐོ་མིས་རྐུ་བྱས་པ་མིན་འགྲོ དེང་སང་གཞན་གྱི་ཤེས་རབ་སྤྱད་ནས་རང་གི་ཆོ་ལོ་སྒྲུབ་མཁན་མང་ནི་རེད།

  8. དགེ་རབ་ says:
    2014-05-03 at 10:35 am

    དེ་རིང་ཁོམ་ལོང་ཞིག་དང་བསྟུན་ནས་ཁ་བརྡ་ལ་ཉུལ་སྐབས་རྩོམ་འདི་མཐོང་ཞིང་། ཕྲན་གྱིས་དབྱུག་པ་ཅན་གྱི་ལོ་རྒྱུས་ཕྱོགས་བསྒྲིགས་ཤིག་བྱས་པ་དེས་ཀྱང་རྐྱེན་བྱས་ཏེ་རོབ་ཙམ་བཀླགས་པ་ཡིན། གསལ་བཤད་ཀྱི་ཚུལ་དུ་ཚིག་འགའ་ཞིག་ཞུ་འདོད་བྱུང་། དང་པོ་དེ་དགེ་ཆོས་ཀྱིས་དབྱུག་པ་ཅན་གྱི་སྐོར་དེ་ཁོང་གི་ལེགས་སྦྱར་བང་མཛོད་དུ་གསལ་ལེར་འདུག དེ་ཡང་ཁ་བརྡ་དྲ་དེབ་ལ་བཀོད་པ་ཡིན། དེའི་འབྲེལ་ཐག་འདི་ཡིན།
    http://www.khabdha.org/?p=58414
    དེ་ནས་གཅོད་པ་ལགས་ཀྱིས་ཕྲན་གྱི་མིང་ནས་སྨྲོས་ཏེ་ཚིག་མཚོན་བཏབ་འདུག ཚིག་མཚོན་དེ་དག་དོན་གྱི་སྟེང་ན་ཡོད་ན་འགྱུར་གྱི་ནོར་བཅོས་གནང་རོགས། ཚིག་མཚོན་དེ་དག་ཁྱེད་ཀྱི་ཚོར་བའི་སྟེང་ཡོད་ན་ང་ལ་ཁྱེད་མགུ་བར་ནུས་པའི་ནུས་པ་ཅི་ཡང་མེད་པས་ཁྱེད་ལ་ལགས་སོ་ཞུ་རྒྱུ་ལས་ཅི་ཡང་མེད། འོན་ཀྱང་རང་གིས་ཅི་ཡང་མ་བྱས་པར་མི་གཞན་གྱིས་བྱས་པ་ལ་མ་རངས་པ་ཁོ་ན་རྒྱུ་མཚན་དུ་བྱས་ནས་གཞི་མེད་ཚིག་མཚོན་འདེབས་པ་དེ་དག་སྤྱི་ཚོགས་ཤིག་གི་སྐྱོན་ཆེན་པོ་ཞིག་རེད། ང་ཚོ་ལ་མཁས་པ་དང་མཁས་པའི་དབང་པོ། ཐམས་ཅད་མཁྱེན་པ་སོགས་གོམས་གོམས་ནས་མི་ཞིག་གིས་ལས་ཀ་བྱས་སྐབས་དེ་ལ་ནོར་འཁྲུལ་ཡོང་བ་ཡང་བརྗེད་འགྲོ་བ་འདི་ཉེན་ཁ་ཞིག་རེད། ཝ་ར་ཎ་སི་ནས་གཅོད་པ་ཞེས་པའི་མི་ཞིག་གིས་དབྱུག་པ་ཅན་གྱི་སྐོར་གྱི་རྩོམ་ཞིག་བྲིས་པ་དེ་འདྲ་ངས་ད་བར་མཐོང་མ་མྱོང་། དེ་བཞིན་རྒན་པད་མ་འབུམ་ལགས་ཀྱི་མཚན་ནས་སྨྲོས་ཏེ་སྐྱོན་བརྗོད་བྱས་པ་དེ་ཡང་ཤིན་ཏུ་ནས་མ་འོས་པ་ཞིག་རེད། ཁོང་ལ་མཁས་པ་ཞེས་བོད་ཀྱི་སྤྱི་ཚོགས་ཀྱིས་ཕར་ཕུལ་བ་ཞིག་རེད་མ་གཏོགས་ཁོང་གིས་ང་མཁས་པ་ཡིན་ཞེས་སྒྲོག་བཞིན་ཕེབས་ཀྱིན་མེད་པ་གསལ་པོ་རེད། ད་མཁས་རློམ་སོགས་ཀྱི་ཚིག་དེ་ཚོ་ཁྱེད་ཀྱི་ཞེ་འདོད་ཙམ་ཞིག་ཡིན་པས་ལན་ཡང་ལྡོན་པར་མ་འོས། འོན་ཀྱང་འདི་རིགས་ལང་ལ་ཤོར་ཚེ། སྤྱི་ཚོགས་ལ་ན་ཚ་ཞིག་ཆགས་འགྲོ་བས་དེ་རིང་ཡིག་ཉོག་འདི་དག་བྲིས་པ་ཡིན། ཐུགས་རྗེ་ཆེ་ཞུའོ།།

  9. བན་དེ་བ། says:
    2014-05-03 at 2:19 pm

    མིས་བྱེད་དུས་མིག་ཚ།
    རང་གིས་བྱེད་དུས་སྣ་ཚ།
    གཏམ་དཔེ་འདི་དགེ་རབ་ལ་ཞལ་འདེབས་སུ་ཕུལ།།

  10. རྔ་རྒོད says:
    2014-05-03 at 6:43 pm

    དགེ་འདུན་རབ་གསལ་ལགས། གཅོད་པས་ཅི་ཟེར་གྱི་སྐོར་ལ་དོན་སྣང་དེ་ཙམ་བྱེད་དགོས་པ་ཞིག མ་རེད། ངེད་གཉིས་ཀྱིས་དཀའ་ལས་བརྒྱབ་པའི་དཎྡི་སྐོར་དེ་སོ་སོས་ལས་གྲུབ་པ་ཞིག་རེད། ཐོག་མར་ཉིད་ཀྱིས་དཎྡིའི་སྐོར་བྲིས་པ་དེ་ལེགས་སོ་དང་གུས་བཀུར་ཡོད། འོན་ཀྱང་ཉིད་ཀྱི་རྩོམ་དེ་ཁ་བརྡ་ཐོག་བཞག་ཡོད་ཀྱང་ཁོ་བོས་བཀླགས་མ་མྱོང་སྐབས་དེར་ང་བོད་ནང་དུ་ཡོད། ངེད་གཉིས་ཀྱི་གླེད་གཞི་གཅིག་རུང་དཔྱད་སྟངས་ཁ་ཁ་སོ་སོ་རེད། སྤྱིར་ན་ངས་དཎྡི་སྐོར་བྲིས་པ་དེ་ལ་ཤོག་ངོས་བཅུ་ཡོད་མོད་དེ་ཐུང་ཐང་སྟབས་བདེ་བཟོས་པ་ཡིན་ནོ།།

  11. ཀརྡོ་གཉེར་ཕྱག་པ་ says:
    2014-05-03 at 11:38 pm

    སྙན་ངག་མེ་ལོང་མ་རྩོམ་པ་པོའི་མཚན་ངོ་མ་དེ་དབྱུག་པ་ཅན་རེད། ཟེར་ན་སྐྱོན་ཅི་ཡོད་དམ།

  12. གསེར་ས་ལེ་སྦྲམ། says:
    2014-05-04 at 12:22 am

    སློབ་དཔོན་དཎྡིའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་པ་འདི་ཡང་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་ང་ཚོའི་ཤེས་རིག་དང་འབྲེལ་བ་དམ་ཟབ་ཡོད་པས་ངེས་པར་དུ་དཔྱད་བསྡུར་བྱེད་འོས་པ་ཞིག་ཏུ་མཐོང་ལ། དེར་མ་ཟད། ང་ཚོས་དགོས་མེད་དོན་ཆུང་དུ་བརྩི་བའི་ཆུར་གནས་སྲོག་དང་། བྱ་བྱེའུ་འབའ་བུ་རེ་རེ་ལའང་ཞིབ་འཇུག་མཐིལ་ཕྱིན་གྱིས་གྲུབ་འབྲས་གཟེངས་སུ་ཐོན་པ་ལེན་མཁན་འཛམ་གླིང་ན་མང་རབས་སྐད། འོན་ཀྱང་། ང་ཚོས་ད་ལྟའི་དཔྱད་བརྗོད་དུ་བསྙད་པའི་མཁའ་དབུགས་བཙོག་པོ་འདིའི་སྣང་ཚུལ་ནི་དངོས་གནས་ཡ་ང་བ་ཞིག་རེད་འདོད། འདི་འདྲའི་སྣང་ཚུལ་ཞིག་གི་འོག་ད་གཟོད་ཡང་དག་པའི་དཔྱད་བརྗོད་སྤེལ་བ་དང་། དོན་ཕན་གྱི་འབྲས་བུ་ལེན་པ་ནི་ཉིན་མོའི་སྐར་མ་རུ་གྱུར་ནས་ཡོད། དཔྱིད་ཉི་འཕུད་བྱེད་ཀྱི་ཚིག་རྙོག་རྫོབ་པོ་དག་རྐུ་འབྲུ་དང་བཤུ་འབྲི། ལད་ཟློས། སྒྲོ་འདོགས་དང་སྐུར་འདེབས་ཀྱིས་རང་ཁེ་ཁོ་ན་ཐོབ་བྱེད་ཀྱི་ལག་ཆར་བཀོལ་རྐྱང་བྱེད་པ་འདི་ང་ཚོ་བོད་པ་ཚང་གིས་ཞིབ་འཇུག་བྱེད་སྟངས་ཀྱི་བརྒྱུད་རིམ་ཟུར་གཅིག་རེད། ལྷག་པར་དུ་ལས་མེད་ཁོམ་སྐབས་དང་བསྟུན་དང་ནས་གཞན་གྱི་ཟེར་སྒྲོས་འགའི་ལྷུ་རྐང་བསྒྲིགས་ཏེ་ཞིབ་འཇུག་གནད་ལ་ཁེལ་བ་བྱས་ཡོད་རབས་གླེང་མཁན་གྱི་མི་བུ་དཔྱོད་བརྗོད་པར་ཁས་འཆེ་བ་དག་གི་ལས་སུ་བྱའང་འདི་ཁོ་ན་ཙམ་རེད། དོན་དངོས་ཀྱི་དཔྱད་བརྗོད་པ་ཞིག་ཡིན་ཕྱིན་གཟུར་གནས་བློ་མིག་གིས་བཏོན་པའི་ལྟ་ཚུལ་གསར་བ། རིགས་པ་གསར་བ། བརྗོད་ཚུལ་གསར་བ་ཞིག་ཡོད་དགོས་ལོས་ཆེ་མོད། བོད་ཀྱི་དཔྱད་བརྗོད་པར་སྐད་པ་དག་ནི་དེ་ལས་ལྡོག་སྟེ་གཞན་གྱིས་བཤད་ཟིན་པའི་གནས་ཚུལ་ཐ་ཐོར་འགའ་ཕྱོགས་བསྒྲིགས་སྒོས་དེ་དག་བསྐྱར་ཟློས་ཡང་ཟློས་ཀྱིས་ད་ཡིན་ན་ཞིབ་འཇུག་མཐིལ་ཕྱིན་པ་དང་གཏིང་ཐག་ཆོད་པོ་བྱས་ཡོད་རབས་ཀྱི་འུར་གཏམ་སྒྲོག་མཁན་ཁོ་ན་རེད།

  13. གསེར་ས་ལེ་སྦྲམ། says:
    2014-05-04 at 12:31 am

    ༼སྲོག་ཆགས༽ ༼རྐུ་འབྲི༽

  14. གཅོད་པ། says:
    2014-05-04 at 10:05 am

    མིང་གྲགས་གཉེར་མཁན་དག་ལ་སྐད་ཆ་དྲང་པོ་འགའ་བཤད་པར་ཕོག་དགོས་ས་དེར་ཕོག་ཡོད་པ་འདྲ།
    མིང་གྲངས་སྐམ་པོ་ཙམ་གྱིས་ཚིམས་ནས་མ་བཞུགས། དོན་ཕན་ལྡན་པའི་ཕྱག་ལས་རེ་བརྩམས་པ་འོས་སུ་ཆེའོ།།
    སེམས་སྐྱོ་བ་ཞིག་ལ་མི་ཚང་མ་སྐད་ཆ་དྲང་པོ་བཤད་མཁན་ལ་ཧ་ཅང་སྡང་བ་འདི་རེད།

    འདི་བོད་མི་ཚང་མ་སྤྲེལ་ལད་ཅན་དུ་འགྱུར་བའི་རྒྱུ་ཁོ་ན་རེད།
    རེད་རེད། ཁྱོད་ཚོ་ཚང་མ་མཁས་དབང་རེད། མཁས་པའི་དབང་པོ་རེད། སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་དོ་ཟླ་མི་འོང་བའི་མཁས་པའི་དབང་པོ་ཤ་གཅིག་རེད་དོ།།

  15. གནམ says:
    2014-05-04 at 10:18 am

    ཧིན་སྐད་དང་དབྱིན་སྐད། དགྱ་སྐད་སོགས་ཀྱི་དཔེ་ཚོགས་ལོ་རྒྱུས་འདྲ་མིན་ནས་ཁ་གསལ་དོན་རྟོག་ཤིག་མ་བྱུང་ན། སྔོ་མོ་དག་གིས་དག་ཙམ་དཔྱད་ཞིབ་བྱས་ཡོད་པ་རྣམས་ན། ཁ་ཚང་ཁུངས་ཐུབ་ཞིག་མེད་དུས། དེ་དག་ཡང་བཤད་དང་བསྐྱར་བཤད་ཀྱི་ཕྱོགས་བཏུས་ཀྱིས་ཞིབ་འཇུག་གི་ཚད་ལ་བརྒལ་ཐུབ་ཡོད་པ་མ་འདོད་པས།
    གང་ལྟར་དབྱུག་པ་ཅན་གྱི་མྱི་ངོ་ཆོད་སོང་ན་ཡང་། ངས་ལ་ནི་དགའ་བའི་གནམ་མཆོང་ཞིག་རྒྱག་མི་ཡོང་དུས། ང་ལ་འདི་འདྲ་ཞིག་བཤད་པའི་སྐད་ཆ་བབས་མེད་ན་ཐང་། དེ་འདྲ་ཡིན་ན། སྐུ་ལས་གནང་མཁན་ཚོས་རླུང་མ་བཞེས་ཞུས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme