Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་དེབ་བཀླགས་པའི་མྱོང་ཚོར།

Posted on 2014-04-292014-04-29 By ཁ་བརྡ་ No Comments on དཔེ་དེབ་བཀླགས་པའི་མྱོང་ཚོར།

ངག་དབང་དབང་མོ། རང་ལོ་༡༤ འཛིན་རིམ་༡༠

དེ་རིང་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་ཡིན་ཙང་གུས་མོ་ངས་ཉིན་བཟང་སྐལ་བཟང་འདི་སྲུང་བརྩི་དང་གུས་བརྩི་མཚོན་བྱེད་དུ་དེ་རིང་བར་དུ་དཔེ་དེབ་བཀླགས་ཟིན་པའི་མྱོང་ཚོར་འདི་ཞུ་འདོད་བྱུང། གུས་མོ་ངས་བཀླགས་པའི་དཔེ་དེབ་ཀྱི་མིང་ལ་(ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་)ཞེས་པའི་དཔེ་དེབ་དེ་རེད། རྩོམ་པ་བོ་ནི་དྷི་ལྷ་ལྡན་ཟེར་མཁན་ཞིག་རེད།
སྤྱིར་དཔེ་དེབ་འདི་བོད་ནང་གི་རྩོམ་པ་པོ་ཞིག་གིས་བརྩམས་པ་ཞིེག་རེད་མོད།་འོན་ཀྱང་དཔེ་དེབ་འདི་བོད་ནང་ནས་དཔར་བསྐྲུན་བྱེད་མ་ཐུབ་པའི་རྐྱེན་རྒྱ་གར་ནང་དཔར་བསྐྲུན་གནང་བ་ཞིག་རེད། རྩོམ་ཡིག་འདིའི་ནང་གི་བརྗོད་སྙིང་གཙོ་བོ་ནི་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་སྒེར་ལངས་ཆེན་མོའམ་ཞི་བའི་ངོ་རྒོལ་ཆེན་མོ་ཞིག་བྱུང་བའི་དུས་དེར་ཁོང་གིས་མཐོང་བས་བོད་མི་དམངས་ཀྱི་དཀའ་སྡུག་དེ་དག་མ་བཟོད་ནས་དཔེ་དེབ་འདི་བརྩམས་པ་ཞིག་རེད།

སྤྱིར་ང་རང་ལ་མཚོན་ན་རྒྱུན་ལྡན་དུ་བརྩམས་སྒྲུང་དང་སྒྲུང་ཐུང་དག་ཀློག་བར་ཧ་ཅང་དགའ་བ་སྐྱེས་མོད། འོན་ཀྱང་ངས་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་འདི་མཐོང་མ་ཐག་ཀློག་འདོད་རང་བཞིན་མེད་པར་སྐྱེས་སོང། གལ་ཏེ་ཁྱེད་རྣམས་དངོས་གནས་ཤེས་ཡོན་ཅན་གྱི་མི་ཞིག་ཡིན་ན་ཚིག་འབྲུ་རེ་རེར་བསམ་བློ་ཐོངས་དང་་ཚེ་སྲོག་ཅེས་པའི་ཚིག་འདི་ཧ་ཅང་ལྗིད་ཁོག་ཚ་བོ་ཞིག་རེད་ལ་རིན་ཐང་ཆེན་པོ་ཞིག་མ་རེད་དམ། མི་ཞིག་གིས་ཚེ་སྲོག་ཅིག་བོད་མི་ས་ཡ་དྲུག་གི་དོན་དུ་བློས་བཏང་ནས་རྩོམ་ཡིག་བྲིས་བཞག་པ་འདི་ང་ཚོས་ཀློག་དགོས་ངེས་རེད། མ་ཟད་དེབ་འདིའི་་ཁྱ་བྱང་གི་་འོག་ཏུ་རང་དབང་གི་ཆེད་དུ་ཞེས་པའི་ཚིག་འདི་མཐོང་མ་ཐག་ཀློག་འདོད་ཆེ་རུ་ཕྱིན།
རྒྱུ་མཚན་ནི་དེང་སང་འཇིག་རྟེན་འདིའི་ཐོག་མིའི་རང་དབང་ཐོག་རྩོམ་ཡིག་འབྲི་མཁན་ནི་ཧ་ཅང་མང་པོ་ཡོད་ནའང། གདུག་རྩུབ་དང་རང་དབང་མེད་ས་ནས་རང་དབང་གི་ཆེད་དུ་རྩོམ་འབྲི་ཡ་དེ་ལས་སླ་བོ་ཞིག་ཁྱོན་ནས་མ་རེད། མ་ཟད་ང་ཚོ་ནི་མ་འོངས་པའི་བོད་ཀྱི་སོན་རྩ་ཞེས་འབོད་པའི་རྒྱུ་མཚན་ནི་ཚང་མས་ང་ཚོར་རེ་བ་ཤིན་ཏུ་ཆེན་པོ་བཅོལ་ཡོད་པ་རེད། ང་ཚོས་རྩོམ་པ་པོ་དག་གི་རེ་བ་མཐའ་དག་སྒྲུབ་མི་ཐུབ་ཀྱང་ཁོང་རྣམས་ཀྱིས་བཤད་པའི་སྐད་ཆའམ་རྩོམ་ཡིག་རྣམས་ཀློག་རྒྱུ་ནི་ང་ཚོས་བྱ་ཐུབ་པའི་བྱ་བ་ཆུང་ཆུང་ཞིག་ཡིན། གལ་ཏེ་ཁྱེད་ཚོས་དཔེ་དེབ་གང་མང་ཀློག་པ་ཡིན་ན་ཁྱེད་རང་གི་གཟུགས་པོ་དེ་དཔེ་སྟོན་སློབ་གྲྭར་གནས་ཡོད་ཀྱང་བསམ་བློའི་ལྟ་བ་དེ་འཛམ་གླིང་ཆ་ཚང་ལ་བསྐོར་བ་རྒྱག་ཐུབ་ཀྱི་ཡོད།

རྩོམ་འདིའི་ནང་དོན་མདོར་བསྡུས་ཤིག་ཞུས་བ་ཡིན་ན་རྩོམ་པ་པོ་ཁོང་གི་གཅེས་པའི་ཚེ་སྲོག་དེ་རྒྱ་ནག་གི་མེ་མདའི་ཁ་ལ་བཞག་ནས་བོད་མི་རིགས་ཀྱི་ཆེད་དུ་བཤད་པའི་སྐད་ཆའམ་རྩོམ་ཡིག་ཧ་ཅང་ཡག་པོ་ཞིག་རེད། རྩོམ་པ་པོས་དྲང་བདེན་དང་བདེན་པ། རང་དབང་མེད་ས་ཞིག་ནས་དེ་དག་བཙལ་གྱི་ཡོད། དེ་ཡང་རིག་གཞུང་དང་སྐད་ཡིག་འགྲོ་བ་མིའི་རང་དབང་དང་ཆབ་སྲིད་ཀྱི་རང་དབང། དྲང་བདེན་གྱི་རང་དབང་བཙལ་ནས་དེའི་སྐོར་ཤ་སྟག་གླེང་གི་ཡོད། དཔེར་ན། སྐྲ་ལོ་ནས་བཟུང་སྟེ་ནན་གྱིས་གསིག་གིན། ཁྱོད་མ་འགུལ་ཟེར་མཁན་དེ་སུ་ཡིན་ནམ། མིག་སྔུན་ནས་སྤུན་ཟླ་དམར་གསོད་གཏོང་བཞིན་ཁ་མ་གྲག་ཟེར་མཁན་དེ་སུ་ཡིན་ནམ། ངས་ཕ་ཡུལ་ནས་ཕ་སྐད་ངོ་མས་སྐད་ཆ་བཤད་ན། དུད་འགྲོ་རེད་ཅེས་གད་མོ་དགོད་མཁན་དེ་སུ་ཡིན་ནམ། ཟེར་བའི་འདི་འདྲ་བའི་ཚོར་བ་དྲག་པོ་ཞིག་བླངས་ནས་དཔེ་དེབ་འདི་བརྩམས་ཡོད།
འདི་ཚང་མ་བྲིས་དགོས་པའི་རྒྱུ་མཚན་ནི་ང་ཚོ་འདྲ་བའི་བོད་མི་མང་བོ་ཞིག་ལ་བོད་དོན་དང་བོད་ཀྱི་སྐད་ཡིག་སྐོར་ལ་ཚོར་བ་ཞིག་སླེབས་ཆེད་དང་འཛམ་གླིང་མི་མང་ཚོར་བོད་ལ་རང་དབང་། དྲང་བདེན་། དམངས་གཙོ་མེད་པ་གསལ་བཤད་བྱེད་ཆེད་རེད།

མདོར་བསྡུས་ན་བོད་ཀྱི་སྡུག་བསྔལ་དང་དཀའ་སྡུག་ངོ་མ་དེ་གསལ་བཤད་བྱེད་ཆེད་རེད། དེའི་དོན་ཁོང་གིས་རང་ཉིད་ཀྱི་རང་སྲོག་བློས་བཏང་། རྒྱུ་མཚན་དེ་བས་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་ཡིན་གཅིག་མིན་གཉིས་དཔེ་དེབ་འདི་བཀླག་དགོས་། གལ་ཏེ་མ་ཀློག་པ་ཡིན་ན་ད་ལྟ་རང་སྲོག་བློས་བཏང་དང་གཏོང་བཞིན་ཡོད་པའི་དཔའ་བོ་དཔའ་མོ་དང་བཙོན་ཁང་ནང་ཡོད་པའི་རྩོམ་པ་པོ་དང་ ཆབ་སྲིད་བཙོན་པ་ཚོར་ངོ་གདོང་ཇི་ལྟར་སྟོན་ཐུབ་བམ། ཁོང་གིས་བདེན་པའི་ཆེད་དུ་ཚེ་སྲོག་བློས་བཏང་བ་དེ་བཏང་འོས་བ་ཞིག་རེད་སྙམ་གྱི་འདུག ཁོང་གིས་སོ་སོ་བོད་མི་ཞིག་ཡིན་པའི་འགན་འདི་བླངས་ནས་བོད་ནང་ཡོད་པའི་་མི་ཚོས་་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་བསམ་བློ་དང་སེམས་ཁམས་འདི་ཧ་ཅང་གསལ་བོ་བསྟན་འདུག

ད་ལྟའི་དུས་རབས་འདིར་འཛམ་གླིང་གི་མི་ཚང་མའི་ཁ་ཕྱོགས་དང་གླེང་ཕྱོགས་དེ་བདེན་པ་དང་རང་དབང་།་དམངས་གཙོ་རེད་མོད།་འོན་ཀྱང་ང་ཚོའི་རྒྱལ་ཁབ་ནང་ད་བར་ཕྱིའི་བཙན་འཛུལ་གྱིས་རང་དབང། དམངས་གཙོ་། བདེན་པ་བཅས་ལ་རྡོག་བརྫིས་བཏང་ཚར་བ་རེད། གལ་ཏེ་སུ་ཞིག་གི་ཁ་ནས་རང་དབང་དམངས་གཙོ་དང་བདེན་པ་གླེང་ན་ཁྲག་དྲི་བྲོ་བའི་ཉེས་བརྡུང་ཚད་མེད་ཕོག་ངེས་རེད། འོན་ཀྱང་མང་པོ་ཞིག་གིས་ང་ཚོར་བདེན་པ་།་རང་དབང། དམངས་གཙོ་རང་དབང་དགོས་པ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། དེར་བརྟེན་མང་བོ་ཞིག་གིས་འུ་ཐུག་ནས་རང་ལུས་མེར་བསྲེགས་བཏང་ནས་མི་གཞན་ལ་ང་ཚོའི་སེམས་ནང་གི་སྡུག་བསྔལ་དེ་མཚོན་ཐབས་བྱེད་ཀྱི་ཡོད།

ཁོང་དང་འདྲ་བའི་ཤེས་ཡོན་ཅན་མང་བོ་ཞིག་གིས་རང་གི་སྙུག་གུའི་རྩེ་ནས་བདེན་པ་བླངས་ཏེ་མི་རིགས་ཀྱི་དོན་དུ་སྐད་ཆ་བཤད་པ་དང་རང་ཉིད་བློས་བཏང་བྱེད་ཀྱི་ཡོད། མདོར་ན་ཁོང་ལ་ཆ་བཞག་ན་མཚན་མོ་གཉིད་ཉལ་དུས་དང་ཉིན་མོ་ཁ་ལག་ཟ་དུས་ཀྱང་བདེན་པ་དང་རང་དབང། དམངས་གཙོ་ཆེད་བསམ་བློ་གཏོང་གི་ཡོད་པ་ཁོང་གིས་དཔེ་དེབ་འདིའི་ནང་དུ་གསལ་འདུག
ང་རང་དཔེ་དེབ་འདི་བཀླགས་རྗེས་ངས་ཀྱང་རང་གི་རྣམ་དཔྱོད་་དང་རང་གི་སྙུག་གུ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆེད་དུ་སྐད་ཆ་བཤད་ཐུབ་པ་བྱེད་ཀྱི་ཡིན་། མ་ཟད་ང་ཚོས་རྒྱུན་དུ་ཕ་མེས་ཡང་མེས་དང་མེས་པོ་ནས་བརྒྱུད་པའི་བོད་སྐད་ཡིག་དང་རིག་གཞུང་དག་མུ་མཐུད་རྒྱུན་འཛིན་དང་ཉམས་པ་སླར་གསོ། མི་ཉམས་ཡུན་གནས་ཐུབ་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེའོ།
ད་དུས་ཚོད་ཀྱི་དབང་གིས་ངའི་དཔེ་ཀློག་གི་མྱོང་ཚོར་འདི་ནས་མཚམས་འཇོག་རྒྱུ་ཡིན། ཐུགས་རྗེ་ཆེ།

གལ་སྲིད་ཀློག་མཁན་རྣམ་པ་ཚོས་གུས་མོ་ང་ཡི་གཏམ་བཤད་ཀྱིི་བརྙན་ལེན་ནམ་གཟུགས་བརྙན་འཕྲུལ་ཆས་ལ་གཟིགས་འདོད་ཡོད་ཚེ། ཐད་ཀར་དཔེ་སྟོན་སློབ་གྲྭའི་ངོ་དེབ་(facebook)ཐོག་ལ་ཕེབས་དང་དགའ་བསུ་ཡོད། ཁ་བྱང་དུ་ཡི་གེ་འདི་བྲི་དགོས___Petoen Lobda
ཡང་ན་གུས་མོའི་ཟིན་བྲིས་དུ་ཕེབས་ནའང་ཆོག___ngawangwangmo.wordpress.com

རྩོམ་རིག

Post navigation

Previous Post: སྤྲུལ་སྐུ་ཡིན་ཚུལ་རང་རིག་མེ་ལོང་ཡེ་ཤེས།
Next Post: རེས་གཟའི་སྐོར་ཀུན་ལ་དོགས་སྣང་བྱུང་ཚུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme