Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལ་ནུས་པ་མེད་ན་འཇིག་རྟེན་ན་སྐྱོབ་མཁན་ཉུང་ལ་བདེན་པ་ཟེར་བ་མེད།

Posted on 2014-04-262014-04-26 By ཁ་བརྡ་ 14 Comments on རང་ལ་ནུས་པ་མེད་ན་འཇིག་རྟེན་ན་སྐྱོབ་མཁན་ཉུང་ལ་བདེན་པ་ཟེར་བ་མེད།

ཨ་ནུ་ཐང་བསོད་ནམས།
 
unnamed-1

ཚན་པ་དང་པོ།

མ་གཞི་ཆེ་ཁི་རྒྱལ་ཁབ་ནི་བོད་དོན་ཐོག་གཞུང་འབྲེལ་གྱིས་རྒྱབ་སྐྱོར་བྱེད་མཁན་གྱི་ལྟེ་བ་དང་སྐུ་མདུན་གཞུང་འབྲེལ་ཐོག་གདན་འདྲེན་ཞུ་མཁན་ཐོག་མ་རེད། ལྷག་པར་དུ་རང་ལུས་མེར་མཆོད་ཀྱི་ལས་འགུལ་ལ་གཞུང་འབྲེལ་གྱིས་རྒྱབ་སྐྱོར་བྱས་ཤིང་། རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོ་དེ་ཡིན་ཡང་། དཔོན་པོ་རྒན་པ་རྣམས་རིམ་བཞིན་རྒས་ཡོལ་དང་འདས་གྲོངས་སུ་ཕྱིན་ཅིང་། ཕྱིས་སུ་གཞོན་སྐྱེས་ཁེ་ཕན་དོན་གཉེར་བའི་ཆབ་སྲིད་པ་མང་པོ་ཞིག་འཚར་ལོངས་བྱུང་ཁར། མི་རབས་རྒན་པ་དང་ལྷག་པར་དུ་དེ་དག་གི་ལྟ་མཐུན་ཕྱོགས་རྣམས་རེ་རེ་བཞིན་གནས་དབྱུང་དང་། ནུས་མེད་དུ་བཏང་ཞིང་། ཁེ་ཕན་དོན་གཉེར་བའི་ཆབ་སྲིད་པའི་ཚོགས་ཁག་ཅིག་ལ་རྐུབ་སྟེགས་ཐོབ་བཞིན་ཡོད། ཁོང་ཚོས་རྒྱ་ནག་དང་འབྲེལ་བ་འཛུགས་རྒྱུར་བྲེལ་ཟིང་སྐྱེ་བཞིན་ཡོད་ཁར། རྒྱ་ནག་གཞུང་གིས་ཀྱང་དེ་དག་ལ་རྒྱབ་སྐྱོར་དང་མཐུན་འགྱུར། ལྷག་པར་དུ་མཛའ་གྲོགས་ཀྱི་འབྲེལ་བ་འཛུགས་པར་ཤུགས་སྣོན་རྒྱག་བཞིན་ཡོད་ཅིང་། ཆེ་ཁིའི་སྲིད་འཛིན་སྔོན་མའི་དཔར་ཡང་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་འགྲེམ་སྟོན་བྱས་ཡོད།

 

ཆེ་ཁི་གཞུང་གི་ཐག་གཅོད།

ཆེ་ཁིའི་སྲིད་བློན་གྱིས་བོད་ཀྱི་གནད་དོན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་ཞིང་། ཆེ་ཁི་གཞུང་གིས་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་གཞན་ལྟར་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་གུས་བཀུར་དང་། ད་ནས་བཟུང་སྟོང་བསམ་རིང་ལུགས་ཀྱི་བསམ་བློ་དོར་ཏེ་དངོས་ཡོད་དང་འཚམས་པའི་རྒྱ་ནག་དང་ཕྱི་འབྲེལ་བཟུང་ཞིང་། འབྲེལ་ལམ་ཡག་ཏུ་བཏང་ཐོག རྒྱ་ནག་དང་ཚོང་འབྲེལ་བྱེད་རྒྱུ་ནི་ཆེ་ཁིའི་ཁེ་ཕན་གལ་ཆེན་ཞིག་ཡིན། ཆེ་ཁི་ལའང་འཇར་མན་དང་དབྱིན་ཇི། ཧྥ་རན་སི་བཅས་ཀྱིས་རྒྱ་དང་ལྷན་གྲོས་མཐུན་བཞག་པ་བཞིན་མཁོ་གལ་ཆེ་ལ། ལྷག་པར་དུ་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་གཞན་ལྟར་རྒྱ་ནག་དང་འབྲེལ་བ་འཛུགས་རྒྱུ་ལས། དེ་ལས་སྡུག་ཅིག་བྱེད་འདོད་མེད། རྒྱལ་ཚོགས་ཀྱི་ཁྲིམས་ལུགས་གཞིར་བཟུང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུ་མིན་པ་ཐག་གཅོད་བྱས་ཚུལ་བརྗོད་པ་མ་ཟད། གཟའ་ཉི་མའི་ཉིན་ཚོང་འབྲེལ་ཆེད་ཉིན་གསུམ་རིང་རྒྱ་ནག་ཏུ་ལྟ་སྐོར་དུ་འགྲོ་རྒྱུ་ཡིན་ཞེས་ཟླ་འདིའི་ཚེས༢༣ ཉིན་སྤེལ་འདུག ཡིན་ཡང་། དེ་ལ་ཆེ་ཁིའི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་བློ་ཕམ་བྱེད་ཀྱིན་འདུག

 

རྒྱ་ནག་དང་ནུབ་ཕྱོགས་པའི་ཕྱི་འབྲེལ་གྱི་ཐབས་བྱུས།

སྤྱིར་སྟངས་ཆེ་ཁིའི་ནང་བོད་ལ་རྒྱབ་སྐྱོར་དང་དོ་སྣང་བྱེད་མཁན་མི་སྒེར་བ་མང་པོ་ཡོད་ལ། དེ་བཞིན་རྒྱ་ནག་ལའང་གྲོགས་པོ་དང་དགའ་མཁན་མང་པོ་ཡོད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཀྱིས་ཀྱང་དེ་དག་ལ་མཐུན་འགྱུར་བྱེད་ཀྱིན་ཡོད། དུས་དང་བསྟུན་ནས་གཞུང་ཚབ་ཁང་གི་ཐུགས་སྤྲོ་ལ་མགྲོན་འབོད་དང་། ལོ་སར་སྐབས་སུ་རྔན་པ་བསྐུར་རྒྱུ། རྒྱ་ནག་ལ་ལྟ་སྐོར་དུ་ཁྲིད་རྒྱུ་དང་རིག་གཞུང་བརྗེ་རེས། ཚོང་འབྲེལ་སོགས་འདུས་ཡོད། གཞུང་ཚབ་ཀྱིས་འབྲེལ་བ་བྱེད་ས་གཙོ་བོ་ནི་ཕྱི་སྲིད་ཀྱི་མི་སྣ་དག་ཡིན་པ་སྨོས་མེད་ཐོག སློབ་ཆེན་ཁག་གི་རྒྱ་ཡིག་སྡེ་ཚན་གྱི་སློབ་མ་ཚོ་དང་། རྒྱ་ནག་ལ་དོ་སྣང་ཡོད་མཁན་གྱི་ཆབ་སྲིད་པ་དང་གསར་འགོད་པ། དགེ་རྒན་དང་སྤྱིར་བཏང་གི་མི་སོགས་ཡིན། དེ་དག་བརྒྱུད་ནས་ཆེ་ཁིའི་སྤྱི་ཚོགས་ནང་གང་ཐུབ་ཀྱིས་རྒྱ་ནག་གི་ནུས་ཤུགས་སྤེལ་བཞིན་ཡོད།
ཐབས་ལམ་དེ་ནི་ཆེ་ཁི་གཅིག་བུ་ལ་བཏང་བ་མིན་པར་རྒྱལ་ཁབ་ཀུན་ལ་བཙུགས་པའི་རྒྱ་ནག་གི་ཕྱི་འབྲེལ་གྱི་ཐབས་ལམ་ཞིག་རེད། ༼ཨ་ཧྥུ་རི་ཁ་དང་ལ་དྲན་ཨ་རི་སོགས་ཀྱི་གཅིག་སྒྲིལ་རིང་ལུགས་པའི་སྲིད་གཞུང་དག་ལའང་ཆབ་སྲིད་དང་དཔལ་འབྱོར་གཉིས་ལོགས་སུ་ཡིན་པས་སྲིད་ལ་ཐེ་གཏོགས་མི་བྱེད་ཟེར་ནས་འབྲེལ་བ་འཛུགས་བཞིན་ཡོད།༽ ཐབས་ལམ་དེ་ལམ་ལྷོང་གང་འཚམས་ཤིག་ཡོང་བཞིན་ཡོད་ཁར་རྒྱ་ནག་ལ་མི་འབོར་མང་པས། དེ་དག་བརྒྱུད་རྒྱ་ནག་གི་ཤུགས་རྐྱེན་ནུབ་ཕྱོགས་སུ་མི་ཉུང་བ་ཞིག་ཡོང་བཞིན་ཡོད།

ནུབ་ཕྱོགས་པ་ནི་དཔལ་འབྱོར་དང་བདེ་འཇགས་གཙོ་བཟུང་གིས་འགྲོ་བཞིན་ཡོད་དུས་བོད་འདི་ནུབ་ཕྱོགས་ལ་མཚོན་ན་བདེ་འཇགས་དང་ཐབས་བྱུས། དཔལ་འབྱོར་ཐོག་ནས་གནད་འགག་ཏུ་མཐོང་གི་མེད་ཁར། བོད་ཀྱི་རྩ་དོན་ཆེད་དུ་འགྲོ་སོང་བཏང་ཡང་། བོད་པ་རྣམས་རང་རྐང་སྟེང་ལངས་ཐུབ་མཁན་ཞིག་ཡིན་པ་ཡིད་ཆེས་བྱེད་ཀྱི་མེད། དེ་ལྟར་མི་བྱེད་པའི་དགོས་དོན་ཡང་བོད་མི་རྣམས་ཀྱིས་ཕར་ལ་ཡིད་ཆེས་སྤྲད་མ་ཐུབ་པས་རེད། འོན་ཀྱང་། ནུབ་མི་མང་པོ་ཞིག་བོད་ལ་དགའ་ཞེན་དང་དོ་སྣང་ཡོད་པས་འགྲོ་བ་མིའི་ཐོབ་ཐང་ཁྲོད་བོད་འདི་གནད་འགག་ཆེ་བའི་ས་ཁུལ་ཞིག་ཏུ་ཆགས་ཡོད། ཡིན་ཡང་། བརྒྱ་ཆ་བྱས་ན་བོད་ལ་དགའ་མཁན་ཧ་ཅང་གི་ཉུང་ཉུང་རེད། དེ་ལྟར་ཡིན་ཡང་སྤོབས་པ་སྐྱེ་གཞི་ཞིག་རེད། བོད་པ་ལྟ་བུ་ལུང་པ་ཆུང་ཆུང་ཞིག་ཤེས་མཁན་དང་དོ་སྣང་བྱེད་མཁན་ལྟོས་འཇོག་གིས་ཡོད་པས་ཡིན། འཛམ་གླིང་ཐོག་གི་རྒྱབ་ཁབ་ཆུང་ཆུང་མང་པོ་ཞིག་ལ་དེ་ལྟར་དོ་སྣང་བྱེད་མཁན་མེད་པས་ཡིན། དེ་ནི་བོད་པ་རྣམས་ཀྱིས་མཚན་སྙན་དོན་གཉེར་བྱས་པའི་བྱེད་ལས་དང་འབྲེལ་བ་ཤུགས་ཆེན་ཡོད། འོན་ཀྱང་། མཚན་སྙན་གྱིས་བོད་པ་སྐྱོབ་ཐུབ་བམ།
མཚན་སྙན་ལ་ཆགས་ཡ་མང་ན་རང་དོན་ཤོར་ཞིང་རྩ་དོན་བརླགས་པའི་ཉེན་ཁ་ཆེ་བས་ཡིན། བོད་པའི་ནང་ནས་ཉམ་ཆུང་གི་མི་སྒེར་བ་ཁག་གཅིག་ལས་ཤུགས་རྐྱེན་ཡོད་པའི་མི་སྣ་གལ་ཆེན་སུ་ཞིག་གིས་ཀྱང་། བོད་ཀྱི་ཆེད་དུ་གནའ་བོའི་རྒྱལ་པོ་ཚོ་དང་། ཨ་རྒྱ་ཨུ་གསུམ་གྱི་སྲིད་འཛིན་ནམ། ཆབ་སྲིད་པ་ཇི་བཞིན་རང་གི་མཚན་སྙན་བློས་བཏང་ནས་སྣེ་ཁྲིད་བྱེད་ཐུབ་མཁན་བྱུང་མེད།

ཡོ་རོབ་པ་འདི་ཚོས་ཡོས་ཁི་རན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཁར། དེ་སྔོན་རྨས་སྐྱོན་ཕོག་པའི་ནད་པ་མང་པོ་ཞིག་ཀྱང་ཆེ་ཁི་ལ་སྨན་བཅོས་ཆེད་བོས་ཡོད། ལྷག་པར་དུ་ཆེ་ཁིས་ཡོས་ཁི་རན་གྱི་སྲིད་གཞུང་གསར་བ་ལ་འཛིན་སྐྱོང་གི་ཉམས་མྱོང་སྤྲད་རྒྱུའི་མགྲོན་འབོད་དང་སྦྱོང་བརྡར་སྤྲད་རྒྱུའི་སྦྱིན་བདག་བྱས་ཡོད། འོན་ཀྱང་། བོད་ཀྱི་ཞི་བའི་འཐབ་རྩོད་ཁྲོད་ཁོང་ཚོ་ལ་ཁེ་ཕན་མེད་པས་རྒྱབ་སྐྱོར་གནང་མཁན་ཉུང་ཁར། ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་སུ་ཡང་མེད། མེད་པའི་གནད་དོན་བོད་མི་རྣམས་ཀྱིས་ངེས་པར་དུ་ཚོར་དགོས་བའི་གནས་ཡིན།
དེ་ལྟར་བསམ་ཚེ། རང་ལུས་མེར་མཆོད་བཏང་ཞིང་གཞན་ལ་རེ་བ་བརྒྱབ་པ་པ་ཡིན་ན་དོན་མེད་ཀྱི་སྡུག་བསྔལ་མྱོང་བ་ཞིག་མ་ཡིན་ནམ། ཡིན་ཡང་། རང་ལུས་མེར་མཆོད་བརྒྱ་དང་སུམ་ཅུ་ལྷག་གི་བྱུང་བ་དང་། སྟོང་ལོ་བརྒྱད་ཀྱི་ལས་འགུལ་གྱིས་བོད་མི་རྣམས་སྔར་ལས་གཅིག་སྒྲིལ་དང་གོ་རྟོགས་གསར་བ་ཞིག་སད་བཅུག་་ཡོད། དེ་ནི་དེ་དག་གི་བཀའ་དྲིན་རེད། ད་ནི་དེ་ལས་མང་བ་གཅིག་སྟོང་ངམ་གཅིག་ཁྲི་བཏང་ཡང་རང་ཉིད་ཀྱི་སྡུག་གྱོང་ལས་འདི་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་གྱིས་བོད་འདི་སྐྱོབ་མཁན་མེད་པ་གསལ་བོ་རེད། ཡིན་ཡང་། གཡོ་མཐའ་ཆེ་བའི་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་མ་བཏང་ཚེ། ལ་རྒྱ་དང་སྙིང་སྟོབས་ཅན་མང་པོས་ཞི་རྒོལ་དང་། མེར་མཆོད་ཀྱི་ལས་འགུལ་སྤེལ་མཚམས་ཆད་དཀའ་ངེས་རེད།

དེ་སྔོན་བོད་པ་རྣམས་ཀྱིས་མེར་མཆོད་ཕུལ་ཡ་དེ་ངོ་རྒོལ་ཞིག་ཏུ་སེམས་ཀྱི་མེད་ཀྱང་ད་ནི་ངོས་ཟིན་ཚར་བས་ཉུང་དུ་འགྲོ་ཡ་ལས་མཚམས་ཆད་རྒྱུ་ཁག་པོར་འདོད། རྒྱུ་མཚན་ནི། དྲག་རྒོལ་བྱས་ན་རྒྱ་བོད་གཉིས་ཀྱི་རྒྱབ་སྐྱོར་མེད་པས་ལམ་ལྷོང་ཡོང་ཐབས་མེད་ཁར། དེ་ལྟར་བྱས་ན་སྐུ་མདུན་དང་ཟམ་གདོང་གཉིས་ཀྱིས་ཀྱང་བོད་ཀྱི་རྩ་དོན་ནས་དགོངས་པ་ཞུ་ཚུལ་བསྒྲགས་པས། བྱེད་མཁན་ཚོ་ལ་རྒྱབ་སྐྱོར་ལས་ལྡོག་སྟེ་བོད་མི་མང་པོས་ཁ་རྡུང་ཕོགས་པས། དྲག་རྒོལ་ནི་ད་ལྟ་བོད་ལ་མི་འཚམས་པ་གཏན་འཁེལ་ཞིང་། བོད་མི་མང་ཚོགས་ཀྱིས་རྒྱབ་སྐྱོར་མེད་ཁར་སྲོག་གཅོད་བྱས་ན་ཉེས་པ་ཡོད་པའི་ཆོས་ལུགས་ཀྱི་བཀག་རྒྱ་ཡོད་པས་ལམ་ལྷོང་ཡོང་ཐབས་མེད་པ་ཞིག་རེད། དྲག་རྒོལ་མ་བྱས་པར་ཞི་རྒོལ་བྱས་པ་ཡིན་ན་རྒྱ་ནག་གིས་བཙོན་ནས་མནར་གཅོད་དང་། ཐ་ན་སྡུག་གསོད་ཀྱང་བྱེད་སྲིད་པས་རང་སྲོག་གཅད་ཡ་ནི་འུ་ཐུག་གི་བོད་ཀྱི་ངོ་རྒོལ་པ་ལ་མཚོན་ན་ཐབས་ལམ་ཡག་ཤོས་དེ་རེད། གང་ལྟར་བོད་མི་རྣམས་ཀྱིས་གནས་སྟངས་ཀུན་གསལ་པོ་རྟོགས་ནས་བསམ་བློ་ཡང་སྐྱར་གཏོང་དགོས་པའི་དུས་ལ་སླེབས་འདུག

༼མུ་འགོད།༽

རྩོམ་རིག

Post navigation

Previous Post: པཎ་ཆེན།
Next Post: དེ་རིང་ཨ་མདོ་རྔ་བར་བྱུང་བའི་གནས་ཚུལ།

Comments (14) on “རང་ལ་ནུས་པ་མེད་ན་འཇིག་རྟེན་ན་སྐྱོབ་མཁན་ཉུང་ལ་བདེན་པ་ཟེར་བ་མེད།”

  1. ས་ལེ་སྦྲམ། says:
    2014-04-26 at 10:34 am

    རང་ཉིད་ལ་ནུས་པ་མེད་ན་འཇིག་རྟེན་ན་སྐྱོབས་མཁན་ཉུང་བ་བདེན་པ་རེད། འོན་ཀྱང་། རང་ཉིད་ལ་ནུས་པ་མེད་ན་གཞན་ཞིག་གིས་སྐྱོབས་པར་རེ་བ་འདི་ཡང་ནོར་འཁྲུལ་རེད། དུས་ནམ་ཡིན་ཡང་རང་ཉིད་སྐྱོབ་མཁན་རང་ཉིད་ཡིན་པའི་བསམ་བློའི་འདུ་ཤེས་ཀྱི་ཁ་ཕྱོགས་མ་ནོར་བ་བྱེད་རྒྱུ་གལ་ཆེ།

  2. ཅོ་རི་ཉི་མ། says:
    2014-04-26 at 2:58 pm

    ག་རེ་བཤད་བརྩིས་ཡིན་པ། ཨ། རྩོམ་ཡིག་འདིའི་འགོ་བརྗོད་རྫིག་པོ་ཞིག་བྲིས་འདུག་་ཧཧ ང་ཚོའི་བོད་ཀྱི་བདེན་པའི་སྟོབས་ཤུགས་ནི་རྒྱའི་མེ་མདའི་སྟོབས་ཤུགས་ལས་ཀྱང་ཆེ་བ་ཡོད་ཟེར་བསྡད་མཁན་ཚོ་ལ་འགྲམ་ལྕག་ཞིག་གཞུ་འདོད་ཀྱི་ཡོད་པ་མེད་དམ།་་་་ཧཧཧ མུ་མཐུད་ནས་ཡིན་ད།

  3. བསམ་ཤེས། says:
    2014-04-26 at 4:36 pm

    དཔེ་མཚོན་ལ་ལྟ་དུས། རྒྱལ་སྤྱིའི་ཁྱོན་གྱི་གོམས་སྟབས་བཞིན། ཆེག་རྒྱལ་ཁབ་ཀྱང་རྒྱ་ཕྱོགས་ལ་དཔལ་འབྱོར་ཁེ་ཕན་ལ་བལྟོས་ནས་མགོ་བོ་བཏགས་ཟིན་པས། བློ་ཕམ་ཡིན་རུང་། དེ་ཆུ་བོ་ཐུར་ལ་འབབ་པ་བཞིན། སྤྱི་ཡོངས་ཀྱི་ཁྱད་ཆོས་ཡིན་པས་དམིགས་བསལ་ཅང་མ་རེད། མི་མང་པོས་སྔོན་ནས་མཐོང་བ་བཞིན། ད་ལྟ་ངོ་རྒོལ་དང་རང་བསྲེགས། ཁྲོམ་སྐོར་བྱེད་པའི་དུས་ཚོད་མ་རེད། དེ་དག་ལ་ནུས་པ་མེད། ད་ལྟ་ཐད་ཀར་རྒྱ་དང་སྐད་ཆ་བཤད་ཨེ་ཐུབ། འབྲེལ་བ་འཛུགས་ཨེ་ཐུབ་བལྟས་ནས་ཐབས་ཤེས་ཡོད་མེད་གཅིག་དང་། དེ་མིན་ཐབས་ཤེས་གཞན་པ་འཚོལ་བའི་སྐབས་རེད།

  4. ཅོ་རི་ཉི་མ། says:
    2014-04-26 at 5:31 pm

    དྲ་གྲོགས་བསམ་ཤེས་ལགས། གནད་དོན་འདི་དག་གི་ཐོག་ཏུ་བསམ་ཚུལ་མི་འདྲ་ང་ལ་ཡོད། ཡུང་རོབ་དང་ཨ་རི་སོགས་ཀྱིས་རྒྱ་ནག་ནས་ཚོང་གི་ཁེ་ཕན་ལེན་དགོས་དུས་བོད་འདི་གནད་འགག་ཆེན་པོ་ཆགས་ཡོད། རྒྱ་གཞུང་གིས་ཅ་དངོས་ལ་གོང་མཐོ་པོ་བརྒྱབས་ན་ཡུང་རོབ་དང་ཨ་རི་སོགས་ཀྱིས་བོད་རང་བཙན་ངེས་ལེན་བྱེད་འོང་མདོག་མདོག་དང་བོད་མི་ལ་འགྲོ་བ་མིའི་ཐོབ་ཐང་མེད་པས་་རྒྱ་གཞུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་འགལ་ཡོད་མདོག་མདོག་གི་ཟོལ་སྟོན་ནས་བཤད་ཀྱི་རེད། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མེད་མདོག་མདོག་སྟོན་འོང་དུས་་་རྒྱ་གཞུང་གིས་སྐྱག་པ་ཤོར་འོང་གི་རེད། ཅ་དངོས་ཀྱི་གོང་ཚོད་ཡུང་རོབ་དང་ཨ་རི་སོགས་ཀྱིས་ག་རེ་རྒྱག་རྒྱག་རེད། གོང་ཁེ་པོ་བྱས་ནས་བཙོང་གི་རེད།
    དེར་དུས་་་ཡུང་རོབ་དང་ཨ་རི་སོགས་ཀྱིས་ཚོང་གི་ཁེ་ཕན་ཐོབ་ཚར་དུས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ལ་ངོས་ལེན་བྱེད་ཀྱི་ཡིན་ཟེར་གི་རེད། ཡིན་ཀྱང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གང་མཐོ་གཏོང་ཤོག་ཨ་་་ཟེར་གྱི་རེད། དེ་ནི་མ་འོང་པའི་ཚོང་གི་མདུན་ལམ་རེད།་་་ཧཧ

    རྒྱ་བོད་གཉིས་གྲོས་མོལ་ཡོང་མི་བཅུག་མཁན་ཨ་རི་རེད། དོན་ངོ་མའི་ཐོག་ནས་བོད་རྒྱ་ཁུངས་ཕྱིན་པ་ཡིན་ན་ཨ་རིའི་ཚོང་གི་ཁེ་ཕན་བརླགས་པ་རེད། རྒྱ་བོད་གཉིས་ཞི་འགྲིག་ཡོང་ས་རེད་བསམས་བསམས་ཀྱི་དུས་ཚོད་ལ་བསླེབས་དུས་ཨ་རིའི་གྲོས་ཚོགས་ཀྱིས་དམངས་གཙོའི་གསེར་གྱི་རྟགས་མ་ཞིག་ཏྭ་ལའི་བླ་མའི་སྐེ་ལ་བསྐོན་པ་རེད། དེ་ནས་བཟུང་འབྲེལ་མོལ་ཆད་པ་རེད།

    མ་འོང་པ་ཡང་་་ཨ་རིའི་གཞུང་གིས་བོད་དང་རྒྱ་འགྲིག་བཅུག་གི་མ་རེད་བསམས་ཀྱི་འདུག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་བོད་ལ་སྤྲོད་པ་ཡིན་ན་་་་དེ་ནས་བཟུང་ཨ་རིའི་ཚོང་གི་ཁེ་ཕན་བརླགས་པ་རེད། རྒྱ་མིའི་ཅ་དངོས་གོང་ཁེ་པོ་བྱེད་ནས་ཉོ་ཡི་རག་གི་མ་རེད། ངས་ངོས་ནས་དེ་འདྲ་བསམས་ཀྱི་ཡོད། བཙན་བྱོལ་སྒྲིག་འཛུགས་ཀྱིས་ཨ་རི་ལ་བོད་རྒྱ་ཞི་མོལ་ལ་རོགས་བྱེད་རོགས་བྱོས་ཟེར་ནས་རེ་བ་རྒྱག་གི་འདུག་་་ཧཧཧ འབྲེལ་མོལ་གཏོར་མཁན་ཨ་རི་རེད་བ། ད་འགྲིག་བཅུག་རེདཔེ།་་་ཧཧ

  5. ཅོ་རི་ཉི་མ། says:
    2014-04-26 at 5:44 pm

    ད་དུང་་མ་འོང་པ་བོད་རྒྱ་གཉིས་ཞི་འགྲིག་ཡོང་ས་རེད་བསམ་བསམ་གྱི་དུས་ཚོད་འདྲ་བྱུང་ན་དེར་དུས་སེང་གེའི་སྐེ་ལ་ཡུང་རོབ་གྲོས་ཚོགས་ཀྱིས་དམངས་གཙོའི་གསེར་གྱི་རྟགས་མ་ཞིག་བསྐོན་གི་རེད་དོ་་་་་མི་བདེན་བསམས་ན་་་ལྟོས་སྡོད་ཨ།

  6. ཨ་ནུ་ཐང་བསོད་ནམས། says:
    2014-04-26 at 5:54 pm

    གྲོགས་པོ་ཅོ་རི་ལགས། ད་ཐེངས་འབྲི་ཡ་དེ་གསལ་བཤད་ཅིག་དང་སྡུག་གཏམ་ཞིག་ཡིན་ད།

  7. ཅོ་རི་ཉི་མ། says:
    2014-04-26 at 6:06 pm

    ཨོ་རེད། ཀྲུང་གོའི་དམག་མི་ལ་དྭགས་དང་ཨ་རི་ཅ་ན་སོགས་ས་མཚམས་ཁག་ནས་མར་འཛུལ་འོང་དུས་རྒྱ་གར་བས་དཔོན་རིགས་ཚོས་རང་བཙན་ཡིན་མདོག་མདོག་དང་། རྒྱའི་ལྕགས་རི་ཡན་ཆན་བོད་ཀྱི་ས་ཁུངས་ཡིན་མདོག་མདོག་བཤད་འོང་གི་རེད།

    དེ་དུས་ཀྲུང་ཡ་སྲིད་གཞུང་གིས་ལ་དྭགས་དང་ཨ་རི་ཅ་ན་སོགས་ནས་དམག་ཕྱི་འཐེན་འགྲོ་གི་རེད། ག་སྲིད་ལ་དྭགས་དང་ཨ་རི་ཅ་ན་སོགས་རྒྱ་གར་བས་ཟ་ཡ་མ་རག་ན་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། དེ་གཉིས་ཟ་ཡ་རག་ན་བོད་ཁུངས་ཡིན་མདོག་མདོག་དང་རྒྱ་དཀར་ནག་སྤུན་ཆེད་ཡིན་མདོག་མདོག་བྱེད་ནས་བསྡད་ཀྱི་རེད།

    མདོ་དོན་བོད་མི་རིགས་ཀྱི་ཐོབ་ཐང་བདག་དབང་འདི་འཛམ་བུ་གླིང་གིས་་ཟ་བཞིན་ཡོད། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་ཐོག་ནས་ཟ་གི་ཡོད་རེད། ཡིན་ཀྱང་་་་ག་རེ་བྱ་དགོས་སམ་་་ཞེས་པ་ནི་དྲི་བ་ཆེན་པོ་རེད།

  8. སྤོབས་པ་མཐའ་ཡས། says:
    2014-04-26 at 8:57 pm

    རྒྱ་ནག་གིས་བོད་ཟ་གི་ཡོད་རེད། ཡར་རྒྱས་ཕྱིན་ཟིན་པའི་སྤྱི་ཚོགས་ཚོས་རྒྱ་ནག་ཟ་གི་ཡོད་རེད། ཁྲ་ཡིས་བྱིའུ་ཟ། བྱེའུ་ཡིས་འབུ་ཟ་ནས་འགྲོ་གི་ཡོད་རེད། འདི་འཇིག་རྟེན་གྱི་ཆོས་ཉིད་རེད།

  9. ལྷ་སྡེ་གནམ་ལོ་ཡག says:
    2014-04-27 at 12:42 am

    གནད་དོན་འདི་ཧ་ཅང་གི་ཛ་དྲག་རེད། བོད་ཙམ་མ་ཟད་རྒྱ་ནག་དམངས་གཙོ་ལས་འགུལ་བ་དང་གཞན་དག་ལའང་རྐྱེན་འདིར་བརྟེན་ནས་ལམ་ཁ་འགག་ཀྱིན་པ་རེད། དེ་བས། རྒྱ་མི་ཁག་ཅིག་གིས་རྒྱ་དམར་གཞུང་གིས་ཇི་ལྟར་ཕྱི་རྒྱལ་བ་ཚོ་དངུལ་དངོས་ཀྱིས་བསླུ་བཞིན་པར་ཁྱོན་ཡོངས་ནས་ཞིབ་འཇུག་བྱེད་རྒྱུ་རེད། ཐབས་ལམ་གཅིག་རང་ཡོད་པའང་འདི་ལྟར་ཞིབ་འཇུག་གིས་གང་མང་ཕྱི་བསྒྲགས་བྱེད་ཐུབ་པ་བྱུང་ན་ཕན་ཐོགས་ངེས་རེད། རྒྱུ་མཚན་ནི་དངུལ་དངོས་ཀྱིས་བསླུ་བཞིན་པ་ཚོ་ནི་འགོ་ཁྲིད་མཁན་དང་ཚོང་བ། ཡོན་ཏན་པ། གསར་འགོད་པ། ཆོས་ལུགས་མི་སྣ་སོགས་ཡིན་པས། མང་ཚོགས་ལ་འདི་དག་ངོ་འཕྲོད་རྒྱུ་ནི་གནད་འགག་ཆགས་ཡོད།

  10. ཀརྨ་བློ་གསལ་ says:
    2014-04-27 at 8:35 am

    ཨ་ནུ་ཐང་གིས་རྩོམ་ཡག་ཅིག་སྤེལ་འདུག

  11. བསམ་ཤེས། says:
    2014-04-27 at 1:11 pm

    ཅོ་རི་ལགས་ཀྱི་བཤད་པའི་སྐད་ཆ་འགའ་ཤས་ལ་གནད་འགག་དང་བདེན་ཁ་འདུག ཨ་རིས་གཙོས་བདག་གཅེས་པར་འཛིན་པའི་རྒྱལ་ཁབ་མང་ཆེ་བས། རང་གི་ཁེ་ཕན་གཙོ་བོར་འཇོག་པ་དང་། འདི་ནི་དམངས་གཙོའི་ལམ་དང་ཡང་ཡོངས་སུ་མཐུན་པར་བྱེད་པས། སྐྱོན་མིན་འདུག གཙོ་བོ་ཅོ་རིས་བཤད་པ་བཞིན། གཞན་གྱི་ཁེ་ཕན་ཆེད་དུ་བོད་འདི་བེད་སྤྱོད་ལོག་པར་གཏོང་སྐབས། བོད་གཞུང་གི་དབུ་ཁྲིད་ཚོས་དེ་མཁྱེན་པར་བྱས་ནས་དེའི་འོག་ལ་ཤོར་མི་ཉན་བསམས།

    ཇི་སྲིད་སྐལ་བ་མི་སྟོང་བར་ལ་དེ་སྲིད་བོད་དང་རྒྱ་གཉིས་མཉམ་གཤིབ་བྱས་ནས་སྡོད་དགོས་སྟབས། བོད་དོན་དེ་རྒྱ་ནག་ནས་མ་ཡོང་ན་ཡོང་ས་མེད་པས། རྒྱ་ལ་སྐད་ཆ་དང་འབྲེལ་གཏུགས་བྱ་རྒྱུ་ནི་བོད་དོན་འདིའི་སྲོག་ལྟ་བུ་ཡིན་པ་ནི་གསལ་པོ་རེད། འོན་ཀྱང་། ང་རང་གིས་གཙོས་བོད་མི་མང་པོ་ཞིག་ལ་རྒྱ་ལ་སྐད་ཆ་ཤོད་འདོད་མེད་པ་དང་། ཐབས་གཞན་མ་རྙེད་པས་ངོ་རྒོལ་བྱ་རྒྱུ་གཅིག་པུར་ཟད་ནས་བསྡད་པ་འདིར་ད་ཆ་བསམ་བློ་བཏང་ནས། ང་ཚོའི་ངོ་རྒོལ་གྱིས་འཚོ་བར་བྱེད་པའི་བོད་དོན་འདིའི་ཁ་ཕྱོགས་སྒྱུར་དགོས་སྙམས།

  12. གནམ says:
    2014-04-27 at 6:18 pm

    བསམ་ཤེས་ཀྱིས་ཅིག་ཤེས་སོང་མདོག་མདོག་བསྟན་འདུག། ཤེས་ཡོད་ན། ཟུར་ཙམ་ཤེས་བས་ཅང་ཡོང་ནི་མ་རེད། རྒྱལ་ཁབ་ཞིག་གི་ཆགས་འཇིག་ལ་སྐད་ཆ་བཤད་དགོས་དུས། གཞུང་ལུགས་ལ་འཇུ་ས་ཡོད་པ། ལྟ་བ་ལ་ནང་འཛོལ་མེད་པ། སང་ཉིན་གྱི་བོད་མདུན་དུ་བསུ་ཐུབ་པ། འདས་བྱུང་ལ་ནག་སུབ་མེད་པ། དགྱ་ཚང་གི་ལྐོག་ཇུས་ཁ་གསལ་ཤེས་བ། བོད་ཚང་ལ་རྒྱབ་སྐྱོར་ཅི་ལྟར་རག་པ་སོགས། ཕྱོགས་བཞི་ལ་འཁོར་ནས་ཚིག་རྐང་གཅིག་བཤད་ནས་འགྲོ་ཐུབ་ན། ཁྱོད་ཨ་མའི་བུ་ཡིན། བོད་ལ་དགོས་བའི་བུ་ཡིན།

    དེ་མིན། ༼གཞན་གྱི་ཁེ་ཕན་ཆེད་དུ་བོད་འདི་བེད་སྤྱོད་ལོག་པར་གཏོང་སྐབས། བོད་གཞུང་གི་དབུ་ཁྲིད་ཚོས་དེ་མཁྱེན་པར་བྱས་ནས་དེའི་འོག་ལ་ཤོར་མི་ཉན་བསམས།༽
    བོད་གཞུང་གིས་ཤེས་བཞིན་དུ་བེད་སྤྱོད་ལོག་པར་གཏོང་དུ་བཅུག་པ་ཅི་ཡོད། མ་ཤེས་བར་ལོག་པར་བཏང་བཞག་པ་ག་རེ་ཡོད། རེ་རེ་བྱས་ནས་གསལ་ན་བཟང་། གཞན་དུས་རབས་གསར་བའི་མྱི་སྙིགས་ཚོའི་ཁར་རྒྱུག་ནས་རང་མགོ་བཅད་ན་ཡག་པ་ཞིག་ཅང་མ་རེད།

  13. ཨ་ར་དཀར་པོ says:
    2014-04-28 at 1:29 am

    རང་ཉིད་ལ་ལྟ་ཚུལ་ངེས་ཅན་རེ་ཡོད་བ་འདིར་ཁྱེར་ཤོག དེ་མིན་འགོ་ཚོད་ལ་མ་ཚོད་ཚང་མས་ཡིན་ཅིག་བཤད་དགོས་པའི་ཁྱབ་པ་ཡོད་མ་རེད། ད་རེས་སྟབས་ཡག་ནས་ཀ་རྡོ་ཟེར་བ་ཁོ་སླེབས་མི་འདུག

  14. ཀརྡོ་གཉེར་ཕྱག་པ་ says:
    2014-04-28 at 2:16 am

    ད་རེས་སྟབས་ཡག་ནས་ཀ་རྡོ་ཟེར་བ་ཁོ་སླེབས་མི་འདུག ་་་་་་ཟེར།
    ཧཧཧཧཧཧཧཧཧ། ང་སླེབས་ཡོད་དོ།། །།ཨ་ར་ནག་པོ་ཀྭ ཀི་ཧི་ཧི།།།།།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme