Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་།

Posted on 2014-04-252014-04-25 By ཁ་བརྡ་ 19 Comments on སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་།

མཁོ་གཏོང་བ། དོན་གྲུབ་བཀྲ་ཤིས།

132

གདན་ས་བཀྲིས་ལྷུན་པོར་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དགུང་གྲངས་༢༥ ཕེབས་པའི་གཞུང་འབྲེལ་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་།

དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་སྐྱབས་མགོན་ཆེན་པོ་མཆོག་ནས་པན་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་བའི་པན་ཆེན་སྐུ་འཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༢༥ ལ་ཕེབས་གཞུང་འབྲེལ་སྐུའི་འཁྲུངས་སྐར་དེ་བཞིན་དེ་རིང་ཕྱི་ཟླ་༤ པའི་ཚེས་༢༥ ཉིན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་ཟབ་རྒྱས་ངང་སྲུང་བརྩི་ཞུས་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ཞ་སེར་བསྟན་པའི་གསལ་བྱེད་་ལྡན་ཁྲི་པ་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་དབུ་བཞུགས་་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་་མཆོག་དང་་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་། སྦེང་ལོར་ལྷོ་སྤྱི་ཀརྨ་སེང་གེ་་ས་གནས་གཞི་འགོ་རྣམ་གཉིས་ ལོ་ཆེན་རིན་པོ་ཆེ་། ཆོས་སྡེ་ཁག་གི་མཁན་པོ་ལས་སྣེ། ས་གནས་སྐུ་མགྲོན་ཁག སེར་སྐྱ་མི་མང་བཅས་༡༠༠༠་བརྒལ་བཞིག་མཉམ་ཞུགས་གནང་འདུག
149
སྔ་ཐོག་ཕྱག་ཚོད་དགུ་པ་ཡུལ་ཙམ་་བཀྲིས་ལྷུན་པོའི་ཆོས་རའི་ནང་མཛད་སྒོ་དངོས་གཞིའི་སྐབས་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་་དཔལ་ལྡན་བོད་མི་་མང་སྤྱི་འཐུས་ཚོགས་གཙོ་དང་སྲིད་་སྐྱོང་མཆོག་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་གདན་ས་བཀྲིས་ལྷུན་པོའི་མཁན་པོ་ལས་སྣེ་སོགས་ཕྱི་ནང་གནད་ཡོད་སྐུ་མགྲོན་རྣམས་ནས་རིམ་བཞིན་་པན་ཆེན་སྐུ་ཕྲེང་བཅིུག་པ་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མན་ཏྲལ་རྟེན་གསུམ་འདེགས་འབུལ་ཞུས་པ་དདང་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་གིས་རོལ་ཆ་མཉམ་བཀྲོལ་ཐོག་སེར་སྐྱ་མི་་མང་ཡོངས་ནས་སྐུ་བཞེངས་ཏོག་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་རོལ་དབྱངས་དང་བཅས་ཏེ་གྱེར་འདོན་གནང་བ་དང་སྐར་མ་གཅིག་རིང་མྱང་ངན་གུས་བཏུད་ཞུས་པ་དང་ཆོས་སྡེ་བཀྲིས་ལྷུན་པོའི་ཆོག་གྲ་ནས་གཤི་བརྗོད་གསུང་གནང་རྗེས་་་་་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་སྐུ་ཚབ་པན་ཆེན་ཨིར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་དགའ་སྦག་བློ་བཟང་རྡོ་རྗེ་ལགས་ནས་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་དོན་་་ལྷག་པར་དུ་རྒྱ་གཞུང་གིས་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཐག་གཅོད་དང་པནཆེན་སྐུ་ཕྲེང་བཅིུག་པ་མཆོག་གློད་གྲོལ་མ་བཏང་བར་རྒྱལ་སྤྱིའི་ཁྱོན་དུ་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱ་རྒྱུ་མིན་པ་རྒྱ་གཞུང་ལ་བརྡ་ལན་གནང་སོང་།།
154
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་པན་ཆེན་སྐུ་ཕྲེང་བཅིུག་པའི་མཛད་རྗེས་དང་ལྷག་དོན་པན ཆེན་སྐུ་ཕྲེང་བཅིུག་པ་ཆེན་པོ་མཆོག་གི་དགུང་ལོ་དྲུག་ནས་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གགཞུང་གིས་བཙན་ཁྲིད་བྱས་ཏེ་གང་ཡོད་ཆ་མེད་དུ་གྱུར་བའི་གནས་སྟངས་སོགས་ངོ་སྤྲོད་དང་ཆབས་ཅིག་རྒྱལ་སྤྱིའི་ཐོག་འབོད་སྐུལ་དེ་ལྟར་གནང་སོང་

གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བོད་མི་མང་སྤྱི་འཐུས་གསུང་འཕྲིན་སྒྲོག་སྦྱངས་གནང་དོན་ནང་རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཆབས་ཅིག་པན་ཆེན་སྐུ་འཕྲེང་བཅིུག་པ་ཡབ་ཡུམ་དང་བཅས་ཕྲལ་དུ་གློད་གྲོལ་དགོས་པའི་འབོད་སྐུལ་གནང་སོང་
གཞི་རྩའི་བཀའ་ཤག་དང་སྤྱི་འཐུས་ཀྱི་གསུང་འཕྲིན་ནང་་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པའི་བོད་མི་རིགས་དང་རིག་གཞུང་ལ་ཕུལ་བའི་་རླབས་ཆེན་མཛད་དང་གལ་ཆེེའི་ལམ་སྟོན་གསུང་བཤད་ཁག་ལ་དྲན་གསོ་གནང་ཡོད་པ་མ་ཟད་ལྷག་དོན་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅིུག་པའི་གནས་སྟངས་སོགས་གསལ་སྟོན་དང་ཁོང་གང་མྱུར་གློད་གྲོལ་བྱུང་ཏེ་སྐུ་གོང་མའི་མཛད་པ་རྣམ་ཐར་འཇུག་སྐྱོང་ཐུབ་པའི་གཅིག་མཚུངས་སྨོན་འདུན་ཞུས་གནང་ཡོད་པ་རེད་

ཡང་ཞྭ་སེར་བསྟན་པའི་བདག་པོ་སྐྱབས་རྗེ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་དོན་ནང་་དགའ་ལྡན་ཁྲི་པ་མཆོག་ནས་གསུང་བཤད་གནང་དོན་གཙོ་བོ་ཆོས་ཁས་མི་ལེན་པའི་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཐེ་བྱུང་བྱེད་པ་དེ་འོས་མཚམས་ཤིག་མིན་པ་དང་་་རྒྱལ་བའི་ལུང་ལྟར་རྒྱལ་བ་པན་ཆེན་གཉིས་ནི་ལོ་རྒྱུས་ཐོག་ནས་བླ་སློབ་ཀྱི་འབྲེལ་བ་ཡོད་པ་དང་ཡང་སྲིད་ངོས་འཛིན་བྱ་སྲོལ་སོགས་ངོ་སྤྲོད་གནང་ཡོད་པ་རེད་
མཛད་སྒོ་དངོས་གཞི་གྲུབ་མཚམས་སྤེལ་ཀོབ་ལྷ་མོ་ཚོགས་པ་དང་སློབ་གྲ་ཁག་གི་སློབ་ཕྲུག་བཅས་རིགས་གཞུང་གི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཏེ་མཛད་སྒོ་འཇུག་སྒྲིལ་གནང་ཡོད་པ་རེད་
གཞི་རྩའི་ད་རང་སྔ་ཐོག་ཕྱག་ཚོད་བརྒྱད་པའི་ཐོག་སྐྱབས་རྗེ་དགའ་ལྡན་ཁྲི་པ་མཆོག་གི་དབུས་ཕྱི་ནང་གནད་ཡོད་སྐུ་མགྲོན་རྣམས་ནས་བཀྲིས་ལྷུན་པོ་འདུ་ཁང་ནང་འདུ་འཛོམས་ཀྱིས་པན་ཆེན་སྐུ་ཕྲེང་བཅིུག་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཆེད་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མན་ཏྲལ་རྟེན་གསུམ་འདེགས་འབུལ་དང་ཞབས་བརྟན་་རྒྱའི་བཙོན་འོག་ནས་མྱུར་དུ་གློོད་གྲོལ་ཡོང་ཆེད་ཞབས་བརྟན་དགསོལ་འདེབས་དང་སྨོན་ལམ་མཆོད་འབུལ་གནང་ཡོད་པ་རེད

གསར་འགྱུར།

Post navigation

Previous Post: དྲན་གདུང་།
Next Post: དབུ་མའི་ལམ་གྱི་མི་མང་ལས་འགུལ།

Comments (19) on “སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་།”

  1. སྤོབས་པ་མཐའ་ཡས། says:
    2014-04-25 at 5:38 pm

    བོད་བརྒྱུད་ནང་བསྟན་འདི་རུལ་སུང་གི་གནས་སྟངས་འོག་ཏུ་ཚུད་ཡོད་པའི་དཔེ་མཚོན་ངོ་མ་གཅིག་ནི་པན་ཆེན་ཡང་སྲིད་ཀྱི་གནས་སྟངས་འདི་ཡིན།

  2. གནམ says:
    2014-04-25 at 7:16 pm

    དེ་སང་གྲྭ་རྐྱང་མི་སྐྱ་དཀྱུས་མ་ཞིག་ཡིན་ན་ཡང་། རང་ཚོད་དང་དགའ་ཉེ་ཡོད་མེད་ལ་མ་བལྟས་བར། ཕྱི་ནང་གང་ན་གནས་བའི་བོད་མི་ཡོད་ཚད་ཀྱིས་ཧ་ལམ་སྐྱེས་སྐར་གཏོང་སྲོལ་ཞིག་ཤར་ཡོད་པའི་སྐབས་འདིར། བླ་མ་བཟང་པོ་པཎ་ཆེན་རིན་པོ་ཆེ་མཆོག་ལ་དད་གུས་བླ་མེད་ཀྱིས་སྐུའི་རིམ་འགྲོ་ལ་འཁྲུངས་སྐར་ཞིག་གོང་བཀུར་གྱི་བླ་མ་དང་དམངས་བཀུར་གྱི་དཔོན་པོ་ཚོས་ཟབ་རྒྱས་ཞུས་བ་ལ་བཀྲ་ཤིས་བདེ་ལེགས་ཡོད།

    དེ་མིན་དེང་སང་གི་ལྷ་མེད་ཀླུ་མེད་པ་ཚོས། སྐུ་གོང་མའི་སྐུ་དཔར་མཐོང་གྲོལ་གྱི་ཞལ་སྤྱན་ལ་མཛེར་བ་བརྡབས་པ་སོགས་མི་ལས་དགུ་ལས་བ་དང་མི་བཤད་དགུ་བཤད་པ་དེ་འདྲ་འགའ་ཤས་ཡོད་པ་ཚོས་ཀྱང་བྱས་ཉེས་ལ་དགོངས་དག་ཞིག་ང་ཚོ་དད་ལྡན་ལ་ཞུས་ན་སྤྱི་ཚོགས་མཐུན་སྒྲིལ་དང་རང་ཕྱོགས་གཙང་མར་ཡོང་བའི་འབོད་སྐུལ་ཞུ་བའོ།

  3. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2014-04-25 at 7:52 pm

    རུལ་སུང་རེད་ཟེར་བཤད་ན་ཆེ་འགྲོ་རྒྱུ་རེད་མ་གཏོག ང་ཚོ་བཙན་བྱོལ་བའི་ཆེད་དུ་ཉེས་མེད་བུ་ཆུང་ཞིག་དང་ཁྱིམ་ཚང་དང་བཅས་ནག་ཁུང་དེད་སོང་པ་རེད།

  4. གནམ says:
    2014-04-25 at 8:06 pm

    ༼ང་ཚོ་བཙན་བྱོལ་བའི་ཆེད་དུ་ཉེས་མེད་བུ་ཆུང་ཞིག་དང་། ཁོང་གི་ཁྱིམ་ཚང་དང་བཅས་བ་(དགྲ་བོ་དགྱ་དམར་གཞུང་གིས་)ནག་ཁུང་སུ་དེད་སོང་བ་རེད།༽ ཟེར་འདོད་ཡིན་རྒྱུ་རེད་པ་ཨ། ཁ་གསལ་བོ་རང་མི་འདུག་བསམ་ནས་དག་ཙམ་བཅོས་ཡོད། དགོངས་དག།

  5. ལྷ་སྡེ་གནམ་ལོ་ཡག says:
    2014-04-25 at 9:47 pm

    པཎ་ཆེན་སྤྲུལ་སྐུ་ཐག་གཅོད་གནང་སྟངས་ཐད་བཤད་ཚུལ་སྣ་ཚོགས་འདུག དེའི་ནང་ནས་གསལ་བོ་གཅིག་ནི་སྐབས་དེའི་བཀའ་ཤག་གིས་མགོ་མཇུག་བར་གསུམ་ཧ་གོ་མི་འདུག ཐ་ན་སྐུ་སྒེར་ཡིག་ཚང་དུ་དྲུང་ཆེ་ཡན་འདབས་བསྐོང་འགུགས་ཀྱིས་གསལ་བསྒྲགས་གནང་བའི་ཞོགས་པ་དེར་BBCགསར་འགོད་པ་ཇི་ལྟར་སླེབས་པའང་ཧ་གོ་མི་འདུག དེ་མིན་བཤད་སྟངས་གཞན་ཞིག་འདུག་པ་ནི་ཡང་སྲིད་རིན་པོ་ཆེ་ཡབ་ཡུམ་དང་བཅས་པ་བཀྲ་ཤིས་ལྷུན་པོར་སླེབས་མ་ཐག་ཡང་སྲིད་ཐག་གཅོད་ཕྱི་བསྒྲགས་གནང་འདུག་པས། དོན་རྐྱེན་འདིའི་སྔ་རྗེས་བར་གསུམ་དུ་དྲི་བ་བརྒྱ་ཕྲག་མང་བོ་ལྷགས་ཀྱིན་མི་འདུག་གམ།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-25 at 11:01 pm

    བདེ་ཞིང་གི་མགོན་པོ་འོད་དཔག་མེད།
    སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས།
    དྲིན་རྩ་བའི་བླ་མའི་སྐུར་བཞེངས་པ།
    རྒྱལ་བ་ཡབ་སྲས་གཉིས་ལ་གུས་ཕྱག་འཚལ།།
    ་
    ཁྱད་པར་འཕགས་ཆེན་རབ་འབྱོར་ནས་བཟུང་སྟེ།
    རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་བར།
    མཁས་ཤིང་གྲུབ་པའི་འཁོར་ལོ་སྒྱུར་མཛད་པའི།
    སྐུ་འཕྲེང་རིམ་བྱོན་རྣམས་ལ་གུས་ཕྱག་འཚལ་ལོ།།
    ་
    རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་།
    རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་།
    བློ་བཟང་བསྟན་པའི་སྒྲོན་མ་ས་གསུམ་གྱི།
    འགྲོ་བའི་མུན་སེལ་རྟག་ཏུ་རྟག་ཏུ་གནས་གྱུར་ཅིག །
    ་
    ཕན་བདེའི་འབྱུང་གནས་བསྟན་པ་དར་ཞིང་རྒྱས།
    བསྟན་འཛིན་སྐྱེ་དགུ་ཐམས་ཅད་སྐུ་ཁམས་བཟང་།
    ལུས་ཅུན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས།
    བཀྲ་ཤིས་ལྷུན་པོ་རྟག་ཏུ་རྒྱས་གྱུར་ཅིག །
    ་
    ཉིན་མོ་བདེ་ལེགས་མཚན་བདེ་ལེགས།
    ཉིན་མོའི་དགུང་ཡང་བདེ་ལེགས་ཤིང་།
    ཉིན་མཚན་རྟག་ཏུ་བདེ་ལེགས་པའི།
    དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག

  7. སྤོབས་པ་མཐའ་ཡས། says:
    2014-04-25 at 11:12 pm

    ཨོ་རེད། ནག་ཁུངས་ནང་ལ་དེད་སོང་བའི་ ཉེས་མེད་བུ་ཆུང་འདི་དང་དེའི་ཁྱིམ་ཚང་དེ་ལ་བརྟེན་ནས་བཙན་བྱོལ་བ་ཡིན་ཟེར་མཁན་ཁ་ཤས་ཀྱིས་སྒོར་མོ་མང་པོ་བཟོས་རེད། དེ་ནི་ངས་པན་ཆེན་རྗེས་དྲན་ཞུ་ཚིག་ཡིན།

  8. རྒྱང་མིག says:
    2014-04-26 at 1:03 am

    དངོས་གནས་པན་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་ཁྱད་མཚར་ཞིག་རེད། དགྱ་ཕྱོགས་ཀྱི་བྱེད་སྟངས་ཤེས་བཞིན་དང་། ཆུང་སྲིད་སྐུ་འཁོར་བཅས་པ་བོད་ནང་ཡོད་བཞིན་དུ་ཡང་རྡ་ས་ནས་ངོས་འཛིན་གསལ་བསྒྲགས་སྤེལ་སོང་། དེ་འཕྲལ་དགྱ་གཞུང་གིས་པན་ཆེན་ཆུང་སྲིད་ཙམ་མ་ཡིན་པར་ཁོང་གི་ཕ་མ་གཉིས་དང་། བྱ་བྲལ་རིན་པོ་ཆེ་སོགས་ཀྱང་མཉམ་དུ་འཛིན་བཟུང་བྱས་པ་རེད།
    དེའི་ཚབ་ལ་དགྱ་ཕྱོགས་ནས་དམིགས་ཡུལ་ངེས་ཅན་ཞིག་འོག་བོད་ཀྱི་བླ་ཆེན་མང་པོ་སྐོང་འགུག་བེད་སྤྱོད་བྱས་ཏེ་པན་ཆེན་སྤྲུལ་རྫུན་ཞིག་བདེ་བླག་ངང་ཁྲི་འདོན་བྱས་པ་རེད།

    ཅི་ཞིག་གི་སྟབས་ཀྱིས་རྡ་ས་ནས་ལས་དོན་བྱེད་སྟངས་དེས་ཆུང་སྲིད་རིན་པོ་ཆེ་སྐུ་འཁོར་བཅས་པ་ནག་འདེད་བཏང་བ་ནི་དངོས་ཡོད་རེད། ད་དུང་ཡ་མཚན་པ་ཞིག་ལ། རྡ་ས་ནས་བོད་དགྱ་ཞི་མོལ་གྱི་ཁོར་ཡུག་ཅེས་བརྗོད་ཀྱིན་དགྱ་གཞུང་གི་པན་ཆེན་སྤྲུལ་རྫུན་དེར་སྤྲུལ་རྫུན་ཞེས་ཀྱང་བརྗོད་མ་ཆོག་པ་བཟོས་ཡོད།

    གང་ལྟར་ངེས་བརྟན་དང་ཁུངས་འཕེར་མེད་པའི་སྤྲུལ་སྐུའི་ལམ་ལུགས་འདི་རྙོག་དྲའི་གཞི་ཆེན་ཞིག་ཡིན་པ་ཧ་ཅང་གསལ་བོ་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-04-26 at 1:48 am

    ་་་་་ ད་དུང་ཡ་མཚན་པ་ཞིག་ལ། རྡ་ས་ནས་བོད་དགྱ་ཞི་མོལ་གྱི་ཁོར་ཡུག་ཅེས་བརྗོད་ཀྱིན་དགྱ་གཞུང་གི་པན་ཆེན་སྤྲུལ་རྫུན་དེར་སྤྲུལ་རྫུན་ཞེས་ཀྱང་བརྗོད་མ་ཆོག་པ་བཟོས་ཡོད། ་་་་་་་

  10. ཉི་རྒན་ says:
    2014-04-26 at 9:32 am

    རེད་ཡ་རིན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་འདྲ་ལྷག་གི་ཡོད་པ་གོང་ས་མཆོག་གི་ཐུགས་ལ་འཁོར་ཡོད་ཀྱི་མ་རེད། གང་ལ་ཟེར་ན་དུས་ལ་རན་པ་དང་མ་རན་པ་བོད་ནང་དང་ཕྱི་སོགས་ཆོས་རྒྱལ་ཆེན་པོའི་ཀ་ཀོར་གྱི་བཀའ་ལུང་གསལ་ལ་མ་གསལ་བ་དེ་ཚོ་ཡིན་པ་ཁྱེད་རྣམས་ཀྱིས་མ་མཁྱེན་པ་ཨ་ཡིན་དེའི་སྐོར་བསམ་ཚུལ་མེད་པ་གང་ཡིན།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-26 at 9:57 am

    མིང་ཚིག་ཆད་པ་དག་སླར་བཅོས་པ་ནི།

    བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།
    སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས།
    དྲིན་ཅན་རྩ་བའི་བླ་མའི་སྐུར་བཞེངས་པ།
    རྒྱལ་བ་ཡབ་སྲས་གཉིས་ལ་གུས་ཕྱག་འཚལ།།
    ་
    ཅེས་སོ།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-26 at 10:11 am

    པཎ་ཆེན་ཞེས་པའི་མཚན་ལ་ལོ་རྒྱུས་ཀྱི་སྒོ་ནས་དཔྱད་པ་ནི། བཀྲ་ཤིས་ལྷུན་པོ་ཕྱག་འདེབས་པ་པོ་རྒྱལ་བ་སྐུ་འཕྲེང་དང་པོ་མཁས་པ་ཆེན་པོ་ཡིན་པས། པཎ་ཆེན་ཞེས་ཞུས། ཁོང་གི་རྗེས་སུ་མཁན་པོའི་བཞུགས་ཁྲིར་ཕེབས་པ་མཁན་རྒྱུད་བཅུ་གསུམ་ལ་ཡང་པཎ་ཆེན་ཞེས་འབོད། དེ་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་བཟུང་། ད་ལྟ་བར་དུ། པཎ་ཆེན་རིན་པོ་ཆེའི་མཆོག་སྤྲུལ་ངོས་འཛིན་པ་བྱུང་ངོ་།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-04-27 at 2:01 am

    དགུང་ལོ་ཉེར་ལྔར་སོན་པའི་པཎ་ཆེན་ཡང་སྲིད། སྐུ་འཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་རིན་པོ་ཆེ་མཆོག དངོས་གནས་སྐུ་འཚོ་བཞུགས་ཡོད་ན། ད་དུང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་གྲངས་མེད་ཞུའོ།།

  14. ས་ལེ་སྦྲམ། says:
    2014-04-27 at 11:54 pm

    བོད་གཞུང་མང་གཉིས་ནས་འཁྲུངས་སྐར་ཟབ་རྒྱས་ཞུས་པ་དེ་ཡག་པོ་རེད། ཡིན་ཡང་། གལ་ཆེ་ཤོས་ཆུང་སྲིད་རྩད་གཅོད་ཀྱི་ལས་དོན་ལ་ཤུགས་གནོན་རྒྱག་རྒྱུ་དེ་རེད། བོད་རང་བཙན་ཕར་ཞོག མི་རིགས་རང་སྐྱོང་ཟེར་བའང་ཕར་ཞོག རྒྱ་ནག་གིས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་ལ་དངོས་སུ་འགལ་བའི་བྱས་ཉེས་འདི་འདྲ་བསགས་པ་ལའང་ང་ཚོས་ད་དུང་གནོནཤུགས་ཙམ་ཡང་སྤྲོད་ཐུབ་ཀྱི་མེད་པ་གང་ལ་ཐུག་རེད། དུས་རྒྱུན་རང་དབང་དང་མང་གཙོ། ཐོབ་ཐང་དང་འདྲ་མཉམ་སོགས་ཁ་ནས་འཕྲེད་ཀྱི་འཁྱེར་བཞིན་པའི་ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་མང་གཙོའི་སྤྱི་ཚོགས་རྣམས་ཆབ་སྲིད་དང་འབྲེལ་བ་མེད་པའི་གནད་དོན་འདིའི་ཐད་ལ་ཁ་བཙུམས་ནས་འདུག་མི་བདེ་བ་ཞིག་བཟོ་ཐུབ་བཞིན་དུ་ང་ཚོས་ཅིའི་ཕྱིར་མ་ཤེས་མ་གོ་ཁུལ་གྱི་བརྟུལ་ཞུགས་འཛིན་དགོས་བྱུང་བ་རེད་དམ། བར་འདི་ནས་ཏན་ཏན་ང་ཚོ་གཞུང་མང་གཉིས་ནས་འཐུས་ཤོར་ཆེན་པོ་ཞིག་ཕྱིན་ཡོད་པ་དངོས་ཡོད་ཡིན་པས་རང་སྐྱོན་ཡོ་བསྲང་སྒོས་དེང་ཕྱིན་ཐབས་ལམ་གསར་བ་འཚོལ་བསྙེགས་བྱེད་རྒྱུ་ཁ་ཚ་དགོས་གཏུགས་རེད་འདོད། ཡང་ལ་ལས། ཡང་སྲིད་ཐག་གཅོད་བྱེད་སྟངས་ལ་བཤད་ཚུལ་སྣ་ཚོགས་དང་དྲི་བ་བརྒྱ་ཕྲག་ལྷག་ཡོད་རབས་ཀྱི་ཕན་མེད་དགོས་མེད་ཀྱི་ལབ་གླེང་མང་དུ་བྱས་འདུག་པ་ལའང་བསམ་པར་བྱ་བ་འདི་ཡོད་དེ། འཕུང་དཀྲུག་དབྱེན་དཀྲུག་གི་རྐྱེན་དུ་འགྱུར་བའི་སྐད་ཆ་མང་དག་ཅིག་ང་ཚོས་ཁ་ནས་བཏོན་པ་ལས་ཁོག་ཏུ་མིད་ན་བཟང་བའི་སྐབས་ཀྱང་མང་། ང་ཚོའི་ཐུན་མོང་གི་རྩ་བའི་བསྒྲུབ་བྱའམ་མཐར་ཐུག་གི་དམིགས་འབེན་ལ་གཞོལ་ནས་ཁ་ཕྱོགས་གསར་བ་དང་ཐབས་ལམ་གསར་བ་སྟོན་ཐུབ་ཚེ་ཡག་ཐོག་ཡག་དང་སྒ་ཐོག་ཕྲ་ཡིན་པ་ལ་མནོ་བསམ

  15. ས་ལེ་སྦྲམ། says:
    2014-04-28 at 4:06 am

    ༼ཤུགས་སྣོན༽ ༼མནོ་བསམ་གཏོང་རོགས༽ བཅོས།

  16. lobsang199 says:
    2014-04-28 at 7:49 am

    ‚‚ཡང་ལ་ལས། ཡང་སྲིད་ཐག་གཅོད་བྱེད་སྟངས་ལ་བཤད་ཚུལ་སྣ་ཚོགས་དང་དྲི་བ་བརྒྱ་ཕྲག་ལྷག་ཡོད་རབས་ཀྱི་ཕན་མེད་དགོས་མེད་ཀྱི་ལབ་གླེང་མང་དུ་བྱས་འདུག་པ་ལའང་བསམ་པར་བྱ་བ་འདི་ཡོད་དེ། འཕུང་དཀྲུག་དབྱེན་དཀྲུག་གི་རྐྱེན་དུ་འགྱུར་བའི་སྐད་ཆ་མང་དག་ཅིག་ང་ཚོས་ཁ་ནས་བཏོན་པ་ལས་ཁོག་ཏུ་མིད་ན་བཟང་བའི་སྐབས་ཀྱང་མང་། ང་ཚོའི་ཐུན་མོང་གི་རྩ་བའི་བསྒྲུབ་བྱའམ་མཐར་ཐུག་གི་དམིགས་འབེན་ལ་གཞོལ་ནས་ཁ་ཕྱོགས་གསར་བ་དང་ཐབས་ལམ་གསར་བ་སྟོན་ཐུབ་ཚེ་ཡག་ཐོག་ཡག་དང་སྒ་ཐོག་ཕྲ་ཡིན་པ་ལ་མནོ་བསམ‚‚ འདི་ཡག་པོ་འདུག་མོས་མཐུན་ཡོད། སྐད་ཆ་ཁ་ཤས་མི་ལ་གོ་ན་བདེན་ཆེས་ཡག་རང་ལ་གོ་དུས་ཧང་སང་དགོས་པ་དེ་འདྲ་ཡོད་པ་རེད། འདི་དེའི་ནང་ནས་གཅིག་རེད།

  17. ཨ་ཕྱི་ཆོས་སྒྲོན says:
    2014-04-28 at 9:50 am

    ཁྱེད་རྣམ་པས་པཎ་ཆེན་བཅུ་པ་འདས་ལོ་དང་ཡང་སྤྲུལ་བཅུ་གཅིག་པའི་སྐྱེས་ལོ་གཉིས་ཀྱི་བར་ཐག་ན་ཟླ་བ་གཅིག་དང་ཉི་མ་ཉེར་བརྒྱད་ལས་མེད་པ་དེ་མཁྱེན་སོང་ངམ།

    བོད་མིའི་རླབས་ཆེན་གྱི་གཙོ་འཛིན་པཎ་ཆེན་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཕྱི་ལོ་༡༩༨༩ ལོའི་ཟླ་བ་༠༡ པོའི་ཚེས་ཉེར་བརྒྱད་ལ་དགོངས་པ་རྫོགས་པ་དང་། ཡང་སྤྲུལ་བཅུ་གཅིག་པར་འདོད་པའི་ནག་ཆུའི་པུ་ཕྲུག་དེ་ནི་ཕྱི་ལོ་༡༩༨༩ལོའི་ཟླ་བ་༠༤ པའི་ཚེས་༢༥ལ་སྐྱེས་པ་རེད། དེ་གཉིས་ཀྱི་བར་མཚམས་ལ་ཟླ་བ་གཅིག་དང་ཉི་མ་ཉི་ཤུ་རྩ་བརྒྱད་ལས་སོང་མེད། འོ་ན་ནག་ཆུའི་ཕྲུག་གུ་དེས་པཎ་ཆེན་བཅུ་པ་མཆོག་ཞིང་ལ་མ་གཤེགས་སྔོན་གྱི་ཟླ་བ་བདུན་ལྷག་ཙམ་ནས་ཨ་མའི་ཁོག་པ་ན་བསྒུག་བསྡད་ཡོད་པ་རེད་དམ།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-30 at 10:17 am

    ཨ་ཕྱི་ཆོས་སྒྲོན་གྱིས་བཀོད་པ་ལ་སུས་ཀྱང་ལན་རྒྱབ་མེད་པར་མཐོང་། ཁོང་གི་རྣམ་དཔྱད་ལ་སྣང་མེད་བྱེད་མི་རུང་། དེང་ཡང་། “༡༩༨༩ ལོའི་ཟླ་བ་༠༡ པོའི་ཚེས་ཉེར་བརྒྱད་ལ་དགོངས་པ་རྫོགས་པ་དང་། ་ ་ ་ ༡༩༨༩ལོའི་ཟླ་བ་༠༤ པའི་ཚེས་༢༥ལ་སྐྱེས་ ་ ་ ་ དེ་གཉིས་ཀྱི་བར་མཚམས་ལ་ཟླ་བ་གཅིག་དང་ཉི་མ་ཉི་ཤུ་རྩ་བརྒྱད་ལས་སོང་མེད།” ཅེས་པར་བདག་གིས་རྩིས་པ་ལྟར་ན། ༡༩༨༩། སྤྱི་ཟླ་༠༡ འཕྲོས་ཞག་༣ དང་། སྤྱི་ཟླ་༠༢པའི་ཞག་༢༨། སྤྱི་ཟླ་༠༣པའི་ཞག་༣༡། སྤྱི་ཟླ་༠༤པའི་ཞག་༢༥། དེ་དག་བསྡོམས་པ་ཉིན་ཞག་ ༨༧ ལས། ཟླ་བ་གཉིས་དང་། ཞག་མ་ཉེར་གཅིག་འཐོན། འོན་ཀྱང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་རང་ཅག་སོ་སོའི་སྐྱེ་བའི་སྤྱོད་ཡུལ་དུ་མི་གཤོང་། ས་དང་པོ་ཐོབ་པའི་བྱང་སེམས་ཀྱིས་ཀྱང་རང་ད ང་འདྲ་བ་དུས་མཉམ་དུ་བརྒྱ་ཐམ་པ་སྤྲུལ་ནུས་པ་དང་། དེ་བཞིན་ས་རེ་རེ་ནས་འཕར་ཏེ། ས་བཅུའི་བར་དུ་བྱང་སེམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པ་སྤྲུལ་ནུས་ན། པཎ་ཆེན་རིན་པོ་ཆེ་རྒྱལ་བ་འོད་དཔག་ཏུ་མེད་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ལྟ་ཅི་སྨོས། འོན་ཀྱང་བསྐལ་པ་བཟང་པོའི་རང་གི་ཕ་མེས་ཀྱི་དུས་སུ་ཡོད་པ་ལྟར་བོད་གངས་ཅན་པའི་སྐྱེ་བོ་དག་ལ་དད་པ་དང་དག་སྣང་ཡོད་དགོས་སོ།

  19. ཀརྡོ་གཉེར་ཕྱག་པ་ says:
    2014-04-30 at 4:44 pm

    པཎ་ཆེན་རིན་པོ་ཆེའི་འདས་ཚེས་དང་། འཁྲུངས་ཚེས་ལ་ཉམས་ཞིབ་བྱ་དགོས་པ་མི་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme