Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟེབ་ཀྱི་གསེར་རྡོག

Posted on 2014-04-252014-04-25 By ཁ་བརྡ་ 1 Comment on གཟེབ་ཀྱི་གསེར་རྡོག

སེར་ཤུལ་རིན་ཆེན་དོན་གྲུབ།

unnamed-1

༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་སྐར་ཉེར་ལྔ་བར་ཕུལ།

གྲགས་པས་གླིང་ཁམས་སྒུལ་བའི་སྐད་སྒྲ་དེ།།
བདེན་པའི་བློ་གྲོས་སྟོང་གི་རམ་འདེགས་ལས།།
ཕྱོགས་སུ་འཐོར་བའི་དུས་བཟང་སྟོང་གི་ཆར།།
སྲོག་ཏུ་བརྗེས་པའི་ཁྲི་བདུན་རྡོ་རིང་བཞེངས།།

སྣང་བའི་དཀར་ངོགས་སྒྲིབ་པའི་མཚན་མོ་དེར།།
མིག་ཆུ་ས་ཡ་བསྐྱིལ་བའི་མཐོ་སྒང་ན།།
གདུང་འབོད་རི་ལུང་གང་བའི་འདྲ་རྣམ་ཞིག །
ཡིད་ཁམས་རྒྱ་མཚོ་སྐྱོམ་པའི་གཤེད་ལ་ཞུགས།།

འོད་ཀྱི་དུང་ཟླ་གསར་བའི་སྣང་བ་ཡིས།།
མཐོ་སྒང་འཛུམ་དམུལ་བཞད་པའི་སྐད་ཅིག་མར།།
གྲིབ་ཡོལ་གཅིག་ཏུ་སྤུངས་པའི་འདུ་བྱེད་ལས།།
སླར་ཡང་གདུང་བའི་མིག་ཆུ་མཚོ་ལ་འདྲེས།།

ཉེར་ལྔའི་བགྲང་བྱའི་རེ་སྒུག་རིང་མོ་ལ།།
དུང་ཟླའི་རླབས་གཉེར་སྒྲིབ་མིན་ལ་དོགས་པས།།
སེམས་ཀྱི་མཆོད་སྟེགས་སྟོང་བའི་སྣང་བ་ཡིས།།
གདུང་བ་ཡིད་ལས་འབྲལ་བའི་སྐལ་བ་ཉུང་།།

འོད་ལ་སྣང་བ་སྤྲོ་བའི་བགོ་སྐལ་ཞིག།
དྲང་བདེན་གནམ་གྱིས་སྤྲོད་པའི་རེ་བ་ཡིས།།
བདེན་ལུགས་གསལ་བར་འཆར་བའི་ཞུ་སྙན་སྟོང་།།
རྒྱལ་སྤྱིའི་གར་སྟེགས་རི་མོའི་མཛེས་པར་བཀོད།།

ཁྱོར་བས་གནམ་ལ་བཏེགས་པའི་དད་འདུན་འབུམ།།
སེམས་ཀྱིས་མངོན་པར་བསྟོད་པའི་རིན་ཐང་སྟོང་།།
རིགས་འདིས་ཁྱེད་ལ་ཕུལ་བའི་རྟགས་མ་སྟེ།།
བླ་མེད་ཁྱད་དུ་འཕགས་པའི་རིན་ཐང་དངོས།།

གནམ་ལ་ལག་ཟུང་རྐྱང་བའི་སྤོབས་པ་དང་།།
ལས་ཀྱི་ཁ་ལོ་སྒྱུར་བའི་སྟོབས་ཤུགས་ལ།།
རྒོལ་བའི་ནུས་པས་སྟོང་བའི་བྱིས་པ་ཡིས།།
སེམས་ཀྱི་རེ་སྨོན་བགྲང་ལས་གཞན་དུ་ཅི།།

སྐུ་མཆོག་གསེར་གྱི་ཉི་མ་སྨག་ལས་གྲོལ།།
མཛད་འཕྲིན་འོད་ཀྱི་སྣང་བ་བོད་ལ་ཁྱབ།།
བདེན་སྐྱོང་སྐལ་བའི་མཇུག་མཐུད་ལ་གཞོལ་བའི།།
སྐལ་བཟང་དུས་ལ་མཐོ་སྒང་འགྲོ་བས་སྨོན།།

༢༠༡༤/༤/༢༥/ ལ།

སྙན་ངག

Post navigation

Previous Post: མི།
Next Post: མགོ་བོའི་ནད་ལས་སྐྲ་དཀར་སྐོར་གྱི་ཡིག་ཚང་ཕྱོགས་བསྡུས། དང་པོ།

Comment (1) on “གཟེབ་ཀྱི་གསེར་རྡོག”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-25 at 11:37 am

    ༸པཎ་ཆེན་བཅུ་པ་བཅུ་གཅིག་པ། །
    ཨིརྟི་བསྟན་དགེ་གཉིས་སུ་ངེས། །

    ༸པཎ་ཆེན་བཅུ་པ་བཀྲས་ལྷུན་ལ། །
    དུག་གིས་བཀྲོངས་པའི་ཤོད་ཚུལ་འདུག །

    ཧམ་པས་བསྐོས་པའི་རྒྱལ་ནོར་གྱིས། །
    བོད་རིགས་སེམས་ནང་རྨ་ཁ་གཏོད། །

    ༸པཎ་ཆེན་དགེ་འདུན་ལོ་དྲུག་སྐབས། །
    གར་སོང་ཆ་མེད་སྦས་བཀུང་བྱས། །

    ད་ལྟ་ཉེར་ལྔར་སོན་པ་ཁོང་། །
    ཐག་རིང་ཡུལ་ནས་འཁྲུངས་སྐར་བཏང་། །

    དཔུང་གིས་གཙེས་ལ་བདེན་པས་མཐུས། །
    བདེན་པ་ཉིད་ནི་རྒྱལ་འགྱུར་ཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme