Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་ཆེན་བྱམས་པ་ཤེས་རབ་རྒྱལ་མཚན་མཆོག་དགོངས་པ་རྫོགས་འདུག

Posted on 2014-04-232014-04-23 By ཁ་བརྡ་ 4 Comments on མཁན་ཆེན་བྱམས་པ་ཤེས་རབ་རྒྱལ་མཚན་མཆོག་དགོངས་པ་རྫོགས་འདུག

དགོན་མཚེར་གྱིས་སྤེལ།

unnamedདགུང་ལོ་གྱ་གསུམ་ལ་ཕེབས་པའི་མཁན་ཆེན་བྱམས་པ་ཤེས་རབ་རྒྱལ་མཚན་མཆོག་ཟླ་འདིའི་ཚེས་༡༤ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་འདུག། མཁན་ཆེན་བྱམས་པ་ཤེས་རབ་རྒྱལ་མཚན་མཆོག་ནི་སྤྱི་ལོ་1931 ལོར་བོད་ལྗོངས་གཞིས་རྩེའི་ཁོངས་ཀྱི་ས་སྐྱ་རྫོང་གི་བྱང་ངོས་ཏེ་དཔལ་ས་སྐྱའི་གདན་ས་ཆེན་པོའི་ཉེ་འདབས་སུ་ཡབ་རྡོ་རྗེ་དང་། ཡུམ་བཀྲ་ཤིས་དབང་མོ་གཉིས་ཀྱི་སྲས་སུ་ངོ་མཚར་ལྟས་བཟང་དུ་མ་དང་བཅས་སྐུ་འཁྲུངས་པ་དང་། དགུང་ལོ་བདུན་གྱི་སྟེང་དཔལ་ས་སྐྱའི་གདན་ས་ཐུབ་བསྟན་ལྷ་ཁང་ཆེན་མོའི་ཆོས་སྒོར་ཞུགས་ཏེ་མཁན་ཆེན་འཇམ་དཔལ་བཟང་པོའི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་ཤེེས་རབ་རྒྱལ་མཚན་ཞེས་གསོལ།

མདོ་སྔོགས་བསྟན་པའི་བདག་པོ་མཁན་ཆེན་ཡོངས་འཛིན་སངས་རྒྱས་རིན་ཆེན་མཆོག་གི་མདུན་ནས་བོད་ཡིག་འབྲི་ཀློག་བློ་འཛིན་སོགས་སློབ་གཉེར་གནང་འགོ་བརྩམས་ཏེ་རིམ་བཞིན་༸གོང་ས་རྒྱལ་དབང་མཆོག་གི་ཡོངས་འཛིན་མཁན་ཆེན་སངས་རྒྱས་བསྟན་འཛིན་མཆོག་དང་། མཁན་ཆེན་ཐམས་ཅད་མཁྱེན་པ་འཇམ་དཔལ་བཟང་པོ་མཆོག མཁན་ཆེན་ཁྲི་བ་ཐམས་ཅད་མཁྱེན་པ་མང་ཐོས་མཆོག་སོགས་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་མང་པོའི་ཞབས་ལ་གཏུགས་ནས། མདོ་སྔགས་རིག་གནས་སྤྱི་ལ་གསན་བསམ་ལེགས་པར་གནང་སྟེ་ཐུགས་སུ་ཆུད་པར་མཛད། ལྷག་པར་དུ་ས་སྐྱ་༸་གོང་མ་བདག་ཁྲི་རྡོ་རྗེ་འཆང་ངག་དབང་མཐུ་སྟོབས་དབང་ཕྱུག་མཆོག་དང་༸སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་གཉིས་ཀྱི་སྐུ་དྲུང་ནས་དཔལ་ས་སྐྱ་པའི་ཟབ་ཆོས་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་བཀའ་ཁྲིད་དང་། འཇམ་དཔལ་དབྱངས། མཁའ་སྤྱོད་ལ་སོགས་པའི་ཡི་དམ་ལྷ་ཚོགས་ཀྱི་རྗེས་གནང་དང་བཀའ་དབང་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་སྟེ་དཀའ་བཅུ་བ་དང་དགེ་བའི་བཤེས་གཉེན་དྲུང་རབ་འབྱམས་པ། མཁན་ཆེན་སོགས་ཀྱི་གོ་ཐོབ་བདག་གིར་བཞེས།

སྤྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་བརྟེན། སྤྱི་ནོར་༸་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་གྲུབ་མཐའ་ཁག་གི་བླ་ཆེན་རྣམ་པ་དང་། བོད་མི་སེར་སྐྱ་ཁྲི་ཕྲག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་བཞིན། དམ་པ་ཁོང་ཡང་ཆོས་གྲོགས་ཁག་ཅིག་དང་ལྷན་དུ་འབྲས་ལྗོངས་བརྒྱུད་དེ་རྒྱ་གར་ལ་ཕེབས་དགོས་བྱུང་ཞིང་། རྒྱ་གར་ལ་འབྱོར་འཕྲལ་རྡོར་གླིང་གུམ་དགོན་དུ་བཞུགས་ནས་དམ་པ་གོང་མ་རྣམ་གྱི་ཤུལ་བཞག་རྒྱུད་འཛིན་དང་། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་བའི་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱི་དོན་དུ་སྲིད་ཞུ་གང་ལེགས་བསྒྲུབས། དུས་སྐབས་དེར་བོད་གཞུང་གིས་རིས་མེད་བླ་སྤྲུལ་རྣམ་པའི་ཆེད་དུ་དྷ་ལ་ཧོ་སིར་བཙུགས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུའང་དམ་པ་ཁོང་གིས་སློབ་གཉེར་གྱི་འཕྲོ་ལ་སྦྱང་བརྩོན་གནང་འདུག

སྤྱི་ལོ་1967 ལོའི་ཟླ་དྲུག་པར་༸གོང་ས་མཆོག་དང་བོད་གཞུང་གི་བཀའ་དགོངས་ལྟར་ཆོས་རྒྱུད་ཆེན་པོ་ཁག་གི་དགེ་བཤེས་དྲུག་སུད་སི་གཙོས་ཡུ་རོབ་ཡུལ་གྲུ་ཁག་ཏུ་བོད་ཀྱི་ཡབ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་ངོ་སྤྲོད་དང་། ཞོར་དུ་སྐལ་ལྡན་ལས་འཕྲོ་ཅན་དག་རྗེས་སུ་འཛིན་པའི་སླད་དུ་ཆེད་ཕེབས་གནང་། སྤྱི་ལོ་1968 ལོར་༸གོང་ས་མཆོག་གི་བཀའ་དྲིན་དང་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ཀྱིས་རོགས་སྐྱོར་བརྟེན་ནས་སུད་སི་རི་ཀོན་ཆོས་འཁོར་དགོན་རིས་མེད་བསྟན་པའི་གཙུག་ལག་ཁང་གསར་བཞེངས་གནང་ཞིང་། དེ་གར་ལོ་མང་རིང་བཞུགས་ནས་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་སྤེལ། ཆོས་ཕྱོགས་ཀྱི་མཛད་པའི་ཞོར་དུའང་དབྱིན་ཡིག་དང་འཇར་མན་སོགས་ཀྱི་སྐད་ལ་སྦྱང་བརྩོན་གནང་སྟེ། སྔ་རྗེས་སུ་དཔལ་ས་སྐྱའི་ཆོས་འབྱུང་དང་བོད་ཀྱི་ཕྱག་དཔེ་གང་མང་ཞིག་དབྱིན་སྐད་སོགས་ཡོ་རོབ་ཀྱི་སྐད་ཡིག་འདྲ་མིན་ནང་དུ་ཕེབས་བསྒྱུར་དང་། ཕྱི་རྒྱལ་བ་རྣམས་ཀྱིས་བོད་ཡིག་སྦྱོང་སླ་བའི་ཆེད་དུ་བོད་ཡིག་སློབ་དེབ་ཅིག་ཀྱང་གསར་རྩོམ་གནང་བར་༸གོང་ས་མཆོག་གིས་ཀྱང་བསྔགས་བརྗོད་མཛད།

ནང་ཆོས་ལ་དོ་སྣང་ཅན་དག་གིས་ཡང་ཡང་གདན་ཞུ་གནང་བ་བཞིན། ཡོ་རོབ་ཀྱི་ཡུལ་གྲུ་ཁག་ལ་ཆེད་ཕེབས་ཀྱིས་ནང་ཆོས་ཀྱིས་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་ཐད་ལ་བཀའ་སློབ་ཟབ་མོ་ཕེབས་པ་ལྟར་ཡུལ་མི་མང་པོས་དགའ་བསུ་དང་དད་གུས་ཚད་མེད་བྱས། རིམ་བཞིན་ཞལ་སློབ་མང་དུ་ཕྱིན་ནས་ཁོང་རྣམས་ཀྱི་རེ་སྐུལ་དང་བསྟན་པ་སྤྱི་ཡི་དགེ་མཚན་ལ་གཟིགས་ཏེ། 1976 ལོར་ཧྤ་རན་སི་རུ་ས་སྐྱ་བརྩེ་ཆེན་གླིང་ཆོས་ཚོགས་དང་། 1977 ལོར་ནེ་དྷར་ལན་ཊི་རུ་ས་སྐྱ་ཐེག་ཆེན་གླིང་ཆོས་ཚོགས་དང་འཇར་མན་ནེ་རུ་ཡེ་ཤེས་ཆོས་གླིང་ཆོས་ཚོགས། 1979 ལོར་སུད་སིའི་གྲོང་ཁྱེར་ལོ་གྷ་ནོ་རུ་ཐུབ་བསྟན་བྱང་ཆུབ་གླིང་ཆོས་ཚོགས་དང་། གྲོང་ཁྱེར་རྫུ་རིག་ཏུ་ས་སྐྱ་བརྩེ་ཆེན་གླིང་ཆོས་ཚོགས། 1980 ལོར་སུད་ཀྲན་དུ་ས་སྐྱ་བྱང་ཆུབ་གླིང་སོགས་ཡོ་རོབ་ཡུལ་གྲུ་ཁག་ཏུ་ཆོས་ཚོགས་གང་མང་གསར་འཛུགས་གནང་བ་མ་ཟད། མཁན་ཆེན་དམ་པ་ཁོང་ཉིད་སྐུ་ཚེ་མ་རྫོགས་པའི་བར་དུ་ཆོས་ཚོགས་འདི་དག་ལ་ཟླ་རེ་བཞིན་ཆེད་ཕེབས་གནང་སྟེ། ཞལ་སློབ་མང་པོར་གསུང་ཆོས་དང་བཀའ་དབང་སོགས་འཆད་ཁྲིད་ཀྱི་རིམ་པ་མ་ཉམས་པར་གནང་འདུག་ལ། ད་ལྟའི་ཆར་ཆོས་ཚོགས་འདི་དག་གི་ནང་དུ་སྐལ་ལྡན་གྱི་སློབ་མ་མང་པོས་སློབ་གཉེར་ལ་འབད་བརྩོན་བྱས་དང་བྱེད་མུས་སུ་གནས་འདུག
ལྷག་པར་དུ་མཁན་ཆེན་དམ་པ་ཁོང་གི་ཐུགས་གཤིས་འཇམ་པོའི་མཛད་བཟང་དང་། གུང་གསེང་གི་དུས་ལ་ཡང་ལན་རེར་མ་གཏོགས་སྐུ་ངལ་མི་གསོ་བར་ཞལ་སློབ་རྣམས་ལ་བཀའ་ཆོས་གསུང་བ་འདི་ནི་དད་ལྡན་རྣམས་ཀྱི་དང་བ་འདྲེན་པའི་གཞི་རུ་གྱུར་ཡོད།

གཞན་ཡང་མཁན་ཆེན་དམ་པ་ཁོང་གིས་ཐུགས་འགན་གཙོར་བཞེས་ཀྱིས། 1983 ལོ་ནས་བཟུང་བོད་ཕྱི་གཉིས་སུ་ནང་དུ་བཤད་གྲྭ་ཀྱི་མཐུན་རྐྱེན་དང་། དགོན་སྡེ་ཉམས་གསོ་སོགས་ཀྱི་ཐད་ལ་ཐུགས་འགན་ཆེས་བཞེས་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སུ་གནས་པའི་སློབ་གྲྭ་ཁག་དང་དགོན་པ་ཁག གཞིས་ཆགས་ཁག སྨན་ཁང་། ཡུལ་མི་དཀའ་ངལ་ཅན་རྣམས་ལ་འཚོ་བའི་མཐུན་རྐྱེན་གང་ཐུབ་སྦྱར་ཏེ་སྤྱི་ཚོགས་ཞབས་ཞུ་གང་ལེགས་བསྒྲུབས་འདུག་ལ། ༸སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་དང་། ས་སྐྱའི་སྐྱབས་མགོན་༸གོང་མ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་གང་མང་ཞིག་ཡུལ་འདིར་གདན་ཞུ་གནང་མཁན་ཞིག་ཀྱང་ཡིན་འདུག
སྤྱིར་དམ་པ་ཁོང་ནི་ནང་ཆོས་ཙམ་མ་ཡིན་པར། བོད་ཀྱི་རིག་གནས་དང་རྒྱལ་རབས་ལོ་རྒྱུས་སོགས་ལའང་མཁྱེན་རྒྱ་ཧ་ཅང་ཆེ་སྟབས་ཡུ་རོབ་རྒྱལ་ཁབ་ཁག་གི་ཆེས་མཐོའི་སློབ་གཉེར་ཁང་སོགས་ལ་ཆིབས་བསྒྱུར་གྱིས་བོད་ཀྱི་རིག་གཞུང་དང་ཡུལ་ལུང་གོམས་གཤིས་སོགས་ངོ་སྤྲོད་གནང་བ་ལ་བརྟེན་ནས། བོད་དང་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་དོ་སྣང་བྱ་མཁན་དང་ཞིབ་འཇུག་བྱ་མཁན། རྒྱབ་སྐྱོར་བྱ་མཁན་སོགས་ཉིན་རེར་ཇེ་མང་དུ་ཕྱིན་ཡོད་པ་ནི་སྨོས་ག་ལ་དགོས།

འདི་ལྟར་བསྟན་འགྲོར་སྨན་པའི་དོན་ཆེན་མཛད་བཞིན་པའི་ངང་ཟླ་འདིའི་ཚེས་བཅུའི་ཉིན་མགུལ་ཆམ་བཞེས་པར་ཛ་དྲག་ངང་སྨན་བཅོས་བྱས་ནའང་ཡིད་ཕངས་པ་ཞིག་ལ་སྤྱི་ལོ་2014.ལོའི་ཟླ་04.ཚེས་14 ཉིན་སུད་སི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ལྔའི་སྟེང་དགོངས་པ་རྫོགས་ཏེ་ཐུགས་དམ་ལ་བཞུགས། མཁན་ཆེན་དམ་པ་ཁོང་ཉིད་སྐུ་གཤེགས་འཕྲལ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གིས་ཐུགས་སྨོན་གནང་འདུག་ལ། སྐྱབས་མགོན་གདུང་སྲས་རིན་པོ་ཆེ་དབུ་བཞུགས་ཐོག་ཞལ་སློབ་རྣམས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱ་ཆེར་གནང་འདུག
ཉིན་གསུམ་རིང་དད་ལྡན་མང་ཚོགས་ལ་སྐུ་གདུང་མཇལ་ཁ་དང་། ཚེས་༡༦ ཉིན་ཡུལ་ཁྲིམས་ལ་བརྩི་སྲུང་བྱ་དགོས་བྱུང་བས་ཀླུ་ལྟིང་མཁན་རིན་པོ་ཆེའི་བཀའ་གནང་བཞིན་༸སྐྱབས་མགོན་གདུང་སྲས་རིན་པོ་ཆེ་མཆོག་གིས་ཐུགས་དམ་ལས་གྲོལ་གནང་མཛད་དེ་ཕྱི་ཚེས་༡༧ ཉིན་སུད་སིའི་ཆུ་ཚོད་དང་པོའི་ཐོག་ཞུགས་འབུལ་གནང་འདུག།སྐུ་གདུང་ཞུགས་འབུལ་མཛད་སྒོའི་སྟེང་༸སྐྱབས་མགོན་གདུང་སྲས་རིན་པོ་ཆེ་གཙོས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་པ་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཞལ་སློབ། དད་ལྡན་མང་ཚོགས་སོགས་མཉམ་ཞུགས་གནང་འདུག
མཛད་སྒོའི་སྟེང་ཆོས་ཚོགས་ཀྱི་གནད་ཡོད་མི་སྣ་ཚོས་མཁན་ཆེན་དམ་པ་བྱམས་པ་ཤེས་རབ་རྒྱལ་མཚན་མཆོག་གི་མཛད་རྣམ་དང་འབྲེལ་བའི་གཏམ་བཤད་དང་ཞལ་སློབ་རྣམས་ཀྱིས་བླ་མའི་མཛད་རྣམ་ལ་རྗེས་སུ་ཡི་རང་དང་། ཤུལ་བཞག་གི་ལས་དོན་མཐའ་དག་སྔར་བཞིན་རྒྱུན་སྐྱོང་བྱ་རྒྱུའི་དམ་བཅའང་ཕུལ་སོང་།

གསར་འགྱུར།

Post navigation

Previous Post: འཛམ་གླིང་སྤྱི་བཤད།
Next Post: ལོ་མའི་བསྟན་བཅོས།

Comments (4) on “མཁན་ཆེན་བྱམས་པ་ཤེས་རབ་རྒྱལ་མཚན་མཆོག་དགོངས་པ་རྫོགས་འདུག”

  1. རྒྱུས་ལོན་པ། says:
    2014-04-23 at 10:02 am

    སྐྱེས་ཆེན་དམ་པ་འདི་འདྲ་དགོངས་པ་དབྱངས་སུ་འཐུམ་པ་ལ་ཡིད་སེམས་གཏིང་ནས་སྐྱོ་སོང་།

  2. སྤོབས་པ་མཐའ་ཡས། says:
    2014-04-23 at 4:12 pm

    དཔེ་བསག་འདུག བླ་མ་ཐུགས་དམ་ལ་ཞུགས་བཞིན་དུ་ཞུག་འབུལ་ བྱ་སྲོལ་ཞིག་ག་ལ་ཡོད། མ་གཞི་ཀླུ་ལྡེངས་མཁན་པོས་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པ་སོགས་སོ་ཐར་ནས་གསང་སྔགས་བར་ལ་ཁྲིམས་མེད་ལེགས་མེད་བྱེད་གི་ཡོད་པ་གོ་ཐོས་བྱུང་།

  3. པདྨ says:
    2014-04-23 at 4:23 pm

    སུད་སི་སོགས་ཡུ་རོབ་ནུབ་ཕྱོགས་རྒྱལ་ཁབ་ནས་ཉིན་གསུམ་བཞག་པ་ཟེར་བ་རྫུན་རེད། ཁྲིམས་འགལ་དངོས་ཡིན་པས་སྤོབས་པས་གསུངས་པ་བདེན། མཚམས་མེད་པའི་ལས་ངན་བསགས་ཡོད་ས་རེད། ཨ་ཁ་ཁ

  4. བདེན་སྨྲ་ says:
    2014-04-23 at 8:38 pm

    ཨོ་ཨོ། བལྟས་ཡོང་ན་དབུགས་མ་ཆད་གོང་བསྲེག་བཞག་འདུག་ཨ་ཁ་ཁ། ལས་ངན་ཚབ་ཆེན་བསགས་ཡོད་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme