Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་ལྟར་རྙེད།

Posted on 2014-04-19 By སྤོབས་པ་མཐའ་ཡས། 25 Comments on གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་ལྟར་རྙེད།

སྤོབས་པ་མཐའ་ཡས།

ས་ཆ་འདིར་ངས་གླིང་ཚ་ཚེ་བརྟན་རྡོ་རྗེ་མཇལ་བྱུང་། གངས་ཅན་བོད་ཀྱི་མཚམས་དང་ཁད་ཉེ་བའི་གདོང་མཁར་གྲོང་ཚོ་ནི་འབྲས་ལྗོངས་མངའ་སྡེའི་ཁོངས་སུ་གཏོགས། དེ་གའི་སྔགས་པའི་ཚེས་བཅུ་ལྷ་ཁང་གི་སྔགས་རྒན་ཁ་ཤས་ཤིག་དང་ངའི་གྲོགས་པོ་གྲྭ་བ་ཞིག་གི་བར་ལ་མཐུན་འབྲེལ་བྱུང་། ཁོང་ཚོས་བོད་མི་གྲྭ་བ་ཚོར་འཇོན་ཐང་ཡོད་པས་ཁྱེད་ཀྱིས་ང་ཚོའི་དགོན་པ་བཞེངས་རོགས་བྱས་ན་དགོན་པའི་དབང་ཆ་ཁྱེད་ལ་འབུལ་ཆོག་ཅེས་བཤད་འདུག
ངའི་གྲོགས་པོ་མི་འཇོན་ཐང་ཅན་ཞིག་ཡིན་པས་ས་ཆ་དེར་སོང་ནས་རྒྱུན་སྡོད་ཀྱི་དགོན་པ་རྒྱ་སྐྱེད་དང་། གྲྭ་ཆུང་ཁ་ཤས་བསྡུས་ནས་ཡི་གེ་འབྲི་ཀློག་སློབ་པ། མཚམས་མཚམས་སུ་ཕྱི་རྒྱལ་ལ་སོང་ནས་ཞལ་འདེབས་སྡུད་པ་སོགས་བྱེད། ད་ལོར་ང་ཁོ་ཡོད་སར་གུང་སེང་ལ་སོང་། དགོན་པའི་འགྲམ་ན་ཚོང་ཁང་ཆུང་ཆུང་ཁ་ཤས་འདུག ང་རྒྱུན་དུ་དེར་སོང་ནས་ཉོ་ཆ་ཆུང་ཚགས་རྒྱག་པ་དང་། མཚམས་མཚམས་ལ་ཡུལ་མི་བོད་སྐད་ཤེས་མཁན་དང་འཕྲད་དུས་ཁ་བརྡ་བྱས་ནས་འདུག
ཉིན་འདིར་འཛམ་གླིང་གཙུག་རྒྱན་ལྟ་བུའི་གངས་ཅན་མཛོད་ལྔའི་གངས་རིའི་ཕྲེང་བ་དྭངས་གཙང་བརྗིད་ཆགས་ཀྱིས་གནམ་སའི་བར་དུ་འགྱེངས་འདུག སྨུག་སྤྲིན་གྱི་སྒྲིབ་གཡོག་བྲལ་བའི་ནམ་མཁའི་ངོས་སུ་རྟ་བདུན་དབང་པོའི་དྲོ་སྐྱིད་ཀྱིས་ས་ཆེན་པོ་ཡོངས་སུ་ཞི་བདེ་བག་ཕེབས་ཀྱི་བྱིན་བརླབ་ཅིག་བསྩལ་འདུག ཉིན་དེར་སླར་ཡང་ངས་ཚོང་ཁང་གི་འགྲམ་དུ་ངལ་གསོས་ནས་བསྡད། སྐབས་དེར་ངས་ཡུལ་མི་རྒད་པོ་བོད་སྐད་ཡག་པོ་ཤེས་མཁན་ཞིག་ལ་ཁ་བརྡའི་ཞོར་འཕྲོས་སུ་འདིའི་ཉེ་འཁོར་ལ་བོད་མི་ག་ཚོད་ཡོད་མེད་སྐོར་ཞེག་གླེང་།
རྒད་པོས་ང་ལ། “ན་ནིང་ཞིག་ནས་ས་ཆ་འདི་ལ་བོད་མི་ཕོ་གསར་ཞིག་སླེབས་ནས་མག་པར་བསྡད་ཡོད་རེད། དངུལ་མང་པོ་འདུག མིའི་སྔོན་དུ་ཞེ་དྲགས་ཐོན་མཁན་ཞིག་རེད་མི་འདུག བཟའ་ཟླ་དེ་བུ་མོ་ལོ་གཞོན་ཞིག་རེད། ཕྲུ་གུ་བུ་ཞིག་སྐྱེས་འདུག” ཅེས་བཤད་བྱུང་། དེར་ངས་མི་དེ་གང་ནས་ཡོང་བ་ཡིན་ནམ་བསམ་ནས་ཁྱིམ་ཚང་དེ་གང་ན་ཡོད་སྐོར་དྲིས་པར་ཁོང་གིས་ང་ལ་ཁང་པ་བསྟན་བྱུང་།
ཁྱིམ་ཚང་དེ་དགོན་པ་ནས་ཚོང་ཁང་ལ་འགྲོ་སའི་ལམ་ཟུར་ན་ཐག་ཉེ་སར་འདུག ངས་རྒྱུན་དུ་ལམ་དེ་བརྒྱུད་ནས་འགྲོ་དུས་ཁང་པ་དེའི་ཕྱོགས་སུ་བལྟས་ནས་བོད་མི་ཕོ་གསར་དེ་ཕྱིར་ཨེ་འབུད་ལ་དོ་སྣང་བྱས། ཉིན་ཞིག་ངས་ཕོ་གསར་དེ་མཐོང་བྱུང་། ང་ནི་རྦད་དེ་ཧ་ལས་སོང་། མི་དེ་ནི་སུ་ཡང་མ་ཡིན་པར། ང་ཚོ་བོད་མི་ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་རེད། ངས་ཁོང་ལ་འཚམས་འདྲི་ཞིག་ཞུས་ནས་ཁོང་གི་སྐུ་ཟླ་གསར་པ་དང་སྲས་ཆུང་དེར་ཐུག་དགོས་བསམ་མོད། ངས་ཁོའི་གདོང་ལ་ཞིབ་ལྟ་ཞིག་བྱས་དུས་ཁོང་གིས་དོག་མི་བདེ་བའི་ཉམས་ཤིག་བསྟན་ནས་ཕྱིར་ཁྱིམ་ནང་དུ་འཛུལ་ནས་སྒོ་བརྒྱབ་སོང་།
དེ་མ་ཐག་ང་གཉིད་སྐྱིད་པོ་དེ་ལས་སད་བྱུང་། རྨི་ལམ་རྫུན་གྱི་འཁོར་ལོ། གཅིན་རྡོ་ཐོག་བཏང་ན་བརླ་ཐོག ཟེར་བའི་གཏམ་དཔེ་དེ་ཅི་མ་བདེན་སྙམ། ང་ནི་སྐྱིད་པའི་འབྲས་ལྗོངས་དང་དཔག་ཚད་འབུམ་གྱི་ཕ་མཐར་གནས་པའི་ཉུའུ་ཡོཀ་གྲོང་ཁྱེར་གྱི་རང་གི་སྡོད་གནས་དོག་པོའི་ཉལ་གོས་དྲེག་པ་ཅན་དེའི་འོག་ཏུ་འདུག ཞོགས་པའི་ཆུ་ཚོད་ལྔ་པ་ཟིན་གྲབས་འདུག་པས་ཟས་ཁང་ནང་དུ་ཕོར་བ་བཀྲུ་བར་ཡང་རྒྱུག་རན་འདུག དེ་རིང་ཉིན་གུང་ལས་མཚམས་ལ་དྲ་རྒྱར་ལྟ་དུས་བོད་ཀྱི་དུས་བབ་དྲ་བར་བཀའ་ཤག་སྐུ་ཚབ་ཀྱིས་གླིང་ཚའི་མ་ཡུམ་ལྡོམ་པོ་སྐྱིད་ལ་འཚམས་འདྲི་བྱས་སྐོར་སོགས་ཁོང་གི་སྐོར་ཞིག་བཀོད་འདུག ཡ་མཚན་པོ་བྱུང་སོང་། རྨི་ལམ་འདི་རྫུན་རང་ཡང་རེད་མི་འདུག་བསམ་པ་བྱུང་།

བརྩམས་སྒྲུང་།

Post navigation

Previous Post: མིག་རྒྱངས་རིང་པོའི་ཆོས་ཀྱི་ཉམས་ལེན།
Next Post: རི་ངོགས་གཏམ་རྒྱུད་དང་ཀློག་པ་པོའི་འཕྲིན།

Comments (25) on “གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་ལྟར་རྙེད།”

  1. གནམ says:
    2014-04-19 at 8:22 am

    རྨྱི་ལམ་མ་ཡིན་ན་ཡང་ཡག་པོ་ཞིག་མ་ཆགས། རྨྱི་ལམ་དུ་ཆགས་སོང་ན་ཡང་ཡག་པོ་ཞིག་མ་བྱུང་། ཁོང་འགག་ནི་མ་ཐུབ། འཚོལ་ནི་མ་ཐུབ།
    སྐབས་དེའི་དུས། ཁོང་ལ་སྟོད་གླུ་ལེན་མཁན་དང་། བསུ་མ་བྱེད་མཁན། ཁ་བཏགས་གཡོག་མཁན། སྐུལ་སློང་བྱེད་མཁན། ངར་ཤུགས་སྦྱིན་མཁན། དབའ་བོར་འདོད་མཁན། རྒྱུ་དངུལ་སྤྲོད་མཁན། ཚང་མས་ཡང་བསྐྱར་ནུས་ཤུགས་ཕྱོགས་གཅིག་དུ་བསྡུས་ནས། དགྱ་གར་ཚང་གི་འདྲེ་ལག་ན་ཡོད་མེད་ཀྱི་གནས་ཚུལ་ཞིག་ནི་རྩེད་ཆོད་དགོས་བར་དཔོང་རོགས་ཞིག་གནང་ན་ཡག་པ་མེད་འགྲོ་བསམ་བྱུང་། ཡིན་གཅིག་ཁོ་དགྲ་བོ་དགྱ་དམར་ཚང་གི་ལག་ནང་ལ་འཛུལ་ཐུབ་དགོས་བ་དེ། ཁོ་རང་གླིང་ཚ་ཡིན་པའི་དམ་བཅའ་རེད། གར་སོང་འདིར་ཡོད་མི་ཤེས་བ་དེ་ནི། རྒོད་པོའི་བློ་ཐག་ལ་མཇུག་སྡོམ་མི་ཕོག་པའི་ཆག་སྒོ་ཞིག་དུ་ལྷག་འདུག་བསམ།

    ཨ་མ་མོ་ལ་རྨྱི་ལམ་འདི་འདྲ་ག་ཚོད་མང་པོ་མེད་དམ།

  2. ཆབ་བྲག་ཕོ་ཉ། says:
    2014-04-19 at 9:00 am

    དེ་རྨི་ལམ་རང་ཡིན་པར་ཤོག

  3. བློ་བཟང་རིག་འཛིན། says:
    2014-04-19 at 9:13 am

    འདི་ནི་རྨི་ལམ་མ་ཡིན་པར་ཚོད་དཔག་གྱིས་ལུང་བསྟན་ཞིག་ཡིན་པར་སྙམ། ང་ལའང་རྨི་ལམ་དེ་གཅིག་པ་གཅིག་རྐྱང་ཞིག་རྨིས་བཞིན་ཡོད།

  4. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2014-04-19 at 10:33 am

    ཆབ་བྲག་དང་ཤར་ཁུག་རྣམས་ཀྱིས་སྐར་ལྔའི་དར་ཆ་ཕྱར་ཐུབ་པའི་གྲུབ་འབྲས་རེད། རྨི་ལམ་འདི་མངོན་དུ་གྱུར་འོང་བའི་སྔ་ལྟས་རེད།

  5. ཨ says:
    2014-04-19 at 4:59 pm

    དྲ་འབུ་འདི་ཚོ་སྙིང་རྗེ། ཁོག་ན་སྐྱག་པ་མ་གཏོགས་ཅི་ཡང་ཡོད་པ་མ་རེད། ངོ་ཚ་མི་ཤེས་ན་མུ་མཐུད་ནས་འུར་རྒྱོབ། རྨི་ལམ་གཉིས་པ་གསུམ་པ་་་་་་་་་

  6. BONPO says:
    2014-04-19 at 5:30 pm

    དྲྭ་གྲོགས་རྣམ་པ་ཚོ། །
    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁ་བརྡ་དྲྭ་བར་རྩོམ་ཡིག་མང་པོ་སྤེལ་གནང་ཡོད་རེད། དེ་ཚོ་ག་འདྲ་བྱས་ནས་འཚོལ་དགོས་སམ། ངས་ནི་ཁོང་གི་སྨྱུག་མིང་དེ་བརྗེད་ཚར་འདུག ། དགོངས་དག། །

  7. ཞོལ་གཡག་འབྲོང་རྒྱུད། says:
    2014-04-20 at 12:03 am

    བོན་པོ་ལགས། དཔའ་ཁེར་རྒྱུགས་གླིང་ཚའི་སྨྱུག་མིང་༼བོད་ཤ་ཁྲག་རུས་གསུམ་༽ཡིན་པ་ཡོད། དུས་བབས་ཀྱི་ཟིན་བྲིས་ནང་འདི་ལྟར་རེད།

  8. ཞོལ་གཡག་འབྲོང་རྒྱུད། says:
    2014-04-20 at 12:08 am

    ཁོང་གིས་བོད་སྐྱོད་གོམ་བགྲོད་ཀྱི་ལས་འགུལ་དེ་མ་བརྩམས་གོང་ལས་འགུལ་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་དབུས་སྒྲིག་འཛུགས་གཞུང་གི་འཆར་ཅན་གྱི་ལས་འགུལ་འདོད་བློ་དེ་ཙམ་མེད་པར་ལས་འགུལ་དམིགས་བསལ་བ་ཞིག་ག་རེ་སྤེལ་དགོས་མིན་ཐད་དྲ་གྲོགས་ཚོར་བཀའ་འདྲི་གནང་བའི་རྩོམ་ཡིག་ཞིག་སྤེལ་བ་དྲང་གྱི་འདུག།

  9. སྤོབས་པ་མཐའ་ཡས། says:
    2014-04-20 at 12:25 am

    སྐུ་ཞབས་ཆབ་བྲག་ནི་ལྩོམ་རིག་སློབ་དཔོན་ཡིན་པས་བཤད་རྒྱུ་ཅི་ཡོད། བློ་བཟང་རིག་འཛིན་ཟེར་བ་དེས་ཀྱང་སྒྱུང་ཀློག་ཤེས་འདུག སྒྲུང་འདིས་བརྗོད་སྙིང་གིས་གླིང་ཚ་འགྲེལ་བཤད་གང་འཚམས་ཤིག་བྱས་ཡོད།

  10. བན་དེ་བ། says:
    2014-04-20 at 12:48 am

    སྤོབས་པ་མཐའ་ཡས་ཀྱིས་མི་རིགས་ཀྱི་ལར་ཞེན་ཅན་གླིང་ཚ་ལྟ་བུ་ལ་གདེང་ཚོད་ཀྱི་ཚོད་དཔག་བསམ་བློ་འདི་ཙམ་ལས་མེད་དུས་ཧ་ཅང་གི་བློ་ཕམ་སྐྱེ་གཞི་ཞིག་རེད། བོད་ཀྱི་གཏམ་དཔེར། མིས་བྱེད་དུས་མིག་ཚ། རང་གིས་བྱེད་དུས་སྣ་ཚ། ཟེར་བ་དེ་ལྟ་བུ་ལ་གོ་བ་མིན་ནམ། རྨི་ལམ་རྨིས་ཚུལ་བཤད་ཀྱང་དོན་དུ་སྤོབས་མཐའི་བསམ་བློར་གླིང་ཚ་དེ་ཙམ་གྱི་གནས་སུ་གཞལ་བར་རྩོམ་པ་པོ་ཞིག་གིས་ལྷག་བསམ་ཅན་ལ་ལྟ་སྟངས་དེ་འདྲ་ནོར་བ་རེད་བསམ།

  11. ལ་སྟོད་སྟོབས་རྒྱས། says:
    2014-04-20 at 1:49 am

    སྤོབས་པ་མཐའ་ཡས་ལགས་ནས་དངོས་ཡོད་བདེན་དཔང་གི་གླིང་ཚའི་སྐོར་བཤད་རྒྱུ་ཡོད་ན་ངེས་པར་དུ་དྲང་པོར་ལབ་རོགས་ཀྱིས་མ་གཏོགས།ཚོད་དཔག་འདྲ་བོ་བྱས་ཏེ་བོད་མི་རིགས་ཆེད་ཡོད་ཚད་བློས་གཏོང་གི་དཔའ་བོ་ཅིག་ལ་ངན་སྨད་གང་བྱུང་མང་བྱུང་བྱས་ན་ཡག་པོ་མ་རེད།

  12. གནམ says:
    2014-04-20 at 1:50 am

    བན་དེ་བ། རྨྱི་ལམ་ལ་འདི་འཁོར་དང་འདི་མ་འཁོར་ཟེར་ཐུབ་པའི་ཁ་ལོ་ཞིག་ཡོད་དམ། གདམ་པ་ཞིག་སྩོལ་རྒྱུ་ཡོད་དམ། ང་ལ་ཅིག་དགོས་འདུག་པས། རྟོག་པ་ཅན་ཞིག་ཡིན་ན། སྙིང་རྗེ་ཅན་ཞིག་ཡིན་ན། ང་ལ་གནང་སྦྱིན་སློབ་སྟོན་ཞིག་ཡོད་པར་ཞུ།

  13. ཨ་ཕྱི་ཆོས་སྒྲོན says:
    2014-04-20 at 4:34 am

    དེ་འདྲ་ཞིག་གོ་ཚོར་འདུག རྨི་ལམ་ཅི་ཡིན་ས་མ་རེད། ཉེ་ཆར་ལ་ཕྱི་དང་ཉེ་འཁོར་ཞིག་ན་་་་ད་མང་པོ་བཤད་འདོད་མི་འདུག

  14. བན་དེ་བ། says:
    2014-04-20 at 7:43 am

    གནམ་ལགས་རྨི་བ་ལམ་འཁྱེར་དེ་ཚོར་གཟིགས་གནང་དང་རྨི་ལམ་སྤྲུལ་བསྒྱུར་གྱི་སྐད་ཆ་མང་པོ་འདུག

  15. དབྲ་ནག་ཚང་། says:
    2014-04-20 at 12:14 pm

    སྤོབས་པ་མཐའ་ཡས་པས་གསུངས་པ་བདེན་ཤས་ཆེའོ།

  16. མང་ཐོས། says:
    2014-04-20 at 1:26 pm

    རྨི་ལམ་ཟེར་བ་ཡོང་སྟངས། དུས་རྒྱུན་སེམས་ལ་ཤར་བའི་གནད་དོན་དག་དགོང་མོར་རྨི་ལམ་རྨིས་བཞིན་ཡོད། སྐུ་ཞབས་གླིང་ཚས་ང་ཚོའི་མཐོང་ས་གོ་ས་ནས་བློས་བཏང་མང་པོ་ཞིག་བྱས་ཏེ་ཞི་བའི་གོམ་བགྲོད་ཀྱི་ལས་ལ་ཞུགས་ཡོད། ཡིན་ན་ཡང་། ང་ཚོའི་མི་འགའ་རེས་གླིང་ཚའི་སྐོར་ལ་རྨི་ལམ་འདི་འདྲ་ཞིག་ལས་རྨིས་མི་ཐུབ་པ་ག་རེ་ཡིན་ནམ། དམིགས་བསལ་ནད་ཅིག་གི་དབང་ལས་ཡིན་ནམ།

  17. ཨ says:
    2014-04-20 at 3:32 pm

    རེད། དུས་རྒྱུན་སེམས་ན་ཡོད་པ་དེ། ད་བསྲན་མ་ཐུབ་པར་དེང་འདིར་གོ་སྐབས་རེད་འདོད་ནས། འཕྲུལ་བཤད་རེ་ཅི་ཐུབ་བྱས་པའི་ཟོལ་རེད། སྙིང་རྗེ། དྲ་འབུ་འདི་ཚོ་གང་སར་ཆེད་དུ་ཡིག་ཉོག་བཟོ་བར་བསྐོས་བཞག་པ་འདྲ་ཞིག་ཡོད་རེད། ཧཧཧ། འདི་ཚོ་དང་ལྷན་དུ་བགྲོ་བྱེད་པ་ནི་གླེན་རྟགས་རང་རེད། དུས་ཚོད་འཕྲོ་བརླག་ལ་མ་སོང་བར་ཡོད་ན་འདིར་འོང་ནས་སྨྱོ་ལབ་རྒྱོབ།

  18. སྦྲ་ནག་ཚང་གི་མྱི་ནག says:
    2014-04-21 at 4:54 am

    གླིང་ཚ་འདི་ངོ་མ་བརྩེ་དུང་བ་ཞིག་ཡིན། ཁོ་ལ་ཁག་མེད་དོ

  19. རྟ་བདུན་དབང་བོ says:
    2014-04-21 at 5:26 pm

    གླིང་ཚ་ལགས་སྤོབས་པའི་རྨི་ལམ་བཞིན་མིན་པར་ཤོག དེ་ལྟར་བདེན་སོང་ན་ཞབས་འདྲེན་རང་རེད་ཡ།།

  20. སྟག་སྨྱོན། says:
    2014-04-21 at 9:23 pm

    སྤོབས་པ་མཐའ་ཡས་ལ་གུས་པ་རྒྱུས་མངའ་ཅུང་ཙམ་ཡོད། ཁོང་གིས་སྐབས་རེ་ཚིག་སྦྱོར་ཡག་པོ་འབྲི་གི་རེད། ལྟ་གྲུབ་བརྟན་པོ་ཡོད་མཁན་ཞིག་འདྲ་བོ་མེད་ཀྱང་། སྐད་ཆ་སྦྱོར་མཁས་པོ་དང་བཤད་ཚོད་མི་ཟིན་པར་མཐར་ལྷུང་དྲགས་འགྲོ་བའི་གཤིས་ངན་ཞིག་རེད་སྙམ། གཞི་རྩའི་སློབ་སྦྱོང་བོད་ཡིག་དང་ནང་ཆོས་ཁོ་ནའི་ཕྱོགས་ལ་ཤེས་ཡོན་ཡག་པོ་ཡོད་པའི་སྣང་བ་སྟེར་མྱོང་། འོན་ཀྱང་ཁོ་རང་ཆབ་སྲིད་དང་རྙོག་དྲ་ཚང་མར་མཁས་མདོག་བསྟན་ནས་བཤད་རྒྱུར་དགའ་མཁན་ཞིག་ཡིན། དམིགས་བསལ་ཟམ་གདོང་རིན་པོ་ཆེའི་སྐོར་ལ་མི་གསོན་པོ་ཞིག་གི་སེམས་ལ་དྲན་མི་སྲིད་པའི་གླེང་ཕྱོགས་ཤ་འདར་བ་ཞིག་བཟོས་མྱོང་བ་ངས་ད་དུང་བརྗེད་མི་ཐུབ། དེ་ནི་ཟམ་གདོང་བཀའ་ཁྲིའི་ལས་གནས་ནས་རྒས་ཡོལ་ཟིན་རྗེས། ཟམ་གདོང་ཁོང་མགོ་སྐྱོག་སྐྱོག་བྱས་ནས་དོལ་རྒྱལ་དགོན་པར་ཞུགས་རྒྱུ་ཡིན་ཚུལ་གྱི་གླེང་ཕྱོགས་ངན་པ་ཞེ་འདར་དགོས་པ་ཞིག་དྲ་ཐོག་འདིར་བཀོད་མྱོང་བ་དྲན་གི། འོན་ཀྱང་ད་བར་ཟམ་གདོང་དོལ་རྒྱལ་དགོན་པར་ཕེབས་རྩིས་མེད་པ་ཧ་ལམ་ཕྱི་གསལ་ནང་གསལ་ཡིན་བཟོ་འདུག་པས། སྤོབས་པ་ལགས་མི་ལ་གླེང་ཕྱོགས་བཟོ་རྒྱུར་འཚེར་སྣང་བྱེད་མི་ཤེས་མཁན་ཞིག་ཡིན་པ་འདྲ། ད་ཐེངས་གླིང་ཚའི་སྐོར་གྱི་གླེང་ཕྱོགས་འདི་ཡང་འཚེར་སྣང་བྱེད་མི་ཤེས་པའི་གཤིས་ཀ་དེ་ཇེ་གསལ་དུ་བཏང་བ་ཡིན་འགྲོ་སྙམ། མ་གཞི་ང་ཚོས་མུ་མཐུད་གླིང་ཚའི་གནས་ཚུལ་ལ་ཉན། ཟམ་གདོང་ཚེ་མཇུག་ལ་གང་དུ་འགྲོ་མིན་རྒྱང་སོ་བྱས་ནས་ལྟ་ཆོག་གི་རེད། ངས་སེམས་པར་གླེང་གཞི་འདི་གཉིས་ཀའི་ཐད་ནས་མཐར་སྤོབས་པ་མཐའ་ཡས་མི་གང་འདྲ་ཞིག་ཡིན་མིན་གསལ་བོ་ཆགས་རྒྱུ་ཉག་ཅིག་རེད་སྙམ། གང་ལྟར་ལྟ་ཆོག་གི་རེད།

  21. BONPO says:
    2014-04-21 at 9:57 pm

    ཞོལ་གཡག་འབྲོང་རྒྱུད་ལགས།
    བཀའ་དྲིན་ཆེ། དཔའ་ཁེར་རྒྱུགས་གླིང་ཚ་ཁོང་བདེ་འཚམས་ཡིན་པར་ཤོག །

  22. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 12:23 am

    ་་་་་་ ཟམ་གདོང་ཁོང་མགོ་སྐྱོག་སྐྱོག་བྱས་ནས་དོལ་རྒྱལ་དགོན་པར་ཞུགས་རྒྱུ་ཡིན་ཚུལ་གྱི་གླེང་ཕྱོགས་ངན་པ་ཞེ་འདར་དགོས་པ་ཞིག་དྲ་ཐོག་འདིར་བཀོད་མྱོང་བ་དྲན་གི། འོན་ཀྱང་ད་བར་ཟམ་གདོང་དོལ་རྒྱལ་དགོན་པར་ཕེབས་རྩིས་མེད་པ་ཧ་ལམ་ཕྱི་གསལ་ནང་གསལ་ཡིན་བཟོ་འདུག་པས། ་་་་་་

  23. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 12:25 am

    གླིང་ཚེའི། ཚེ་ལ། བར་ཆད། མེད་པར། ཤོག །

  24. ཨ་ནུ་ཐང་བསོད་ནམས། says:
    2014-04-22 at 9:17 am

    རྨི་ལམ་ཡག་པོ་ཞིག་རྨིས་འདུག

  25. སྒྲོལ་མ says:
    2014-04-22 at 1:52 pm

    ཚང་མ་སྨྱོས་ཚར་ཡོད་ས་རེད སོ་སོར་བྱས་པ་སྣ་གཅིག་མེད་པར་མི་ལ་ཅིག་ལབ་སྡད་ནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme