Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་འཕྲིན། (བོད་འབྱོར།)

Posted on 2014-04-162014-04-16 By ཁ་བརྡ་ 1 Comment on དཔེ་འཕྲིན། (བོད་འབྱོར།)

ལྷ་རྩེའི་ཁུ་བྱུག

ང་ཚོ་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་བརྒྱུད་ཆེན་མོ་དཔལ་ལྡན་འབའ་རོམ་པ་དར་མ་དབང་ཕྱུག་མཆོག་གི་སློབ་ཆེན་འགྲོ་མགོན་ཏི་ཤྲཱི་རས་པ་ཁོང་གིས་བརྩམས་གནང་བའི་བསྟན་བཅོས་ཡོན་ཏན་འོད་ཅེས་མདོ་མཚན་ཉིད་ཐེག་པ་ནས་སྔགས་བླ་མེད་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བཞི་རིམ་བར་དུ་ཉམས་ལེན་དང་གཞུང་བཤད་རྨད་དུ་བྱུང་བའི་བསྟན་བཅོས་ཤིག་ཡོད། རྗེས་འཇུག་པ་ང་འདྲ་བ་མང་པོས་ཚིག་དོན་གྱི་ཞིབ་ཆ་ལ་ཚིག་འགྲེལ་གྱི་ཡིག་ཆ་སོགས་ཕར་ཞོག གཞུང་བཤད་ཀྱི་སྤྱི་དབུབ་ཙམ་དང་ཉམས་ལེན་གྱི་རིམ་པ་ཙམ་གོ་བས་མ་ཕིག་ནས་ད་བར་ལུས་ཡོད། བར་དུ་ཀུན་གྱིས་མགུར་ཉོབ་མ་ཟེར་གྱིན་རྡུལ་གྱིས་ཟིན་པའི་ཟ་ཆོག་ཙམ་གྱི་གོ་གནས་མེད་པར་རང་དགར་བཞག འབའ་རོམ་མགུར་མཚོ་གསུང་སྐབས་སྒྲུབ་ཁང་ཡིན་ན་དུམ་བུ་གཉིས་ལ་བགོས་པ་སོགས་ཀུན་གྱིས་བཀླག་པར་དཀའ་ལས་བརྩིས་པར་མངོན་གསལ་རེད་པས་དགོངས་པའི་གསང་གནད་ཕར་ཟད་དུ་ལུས་ནས་ད་ལ་ཐུག

unnamed-7

ཉེ་ཆར་སྐྱོ་བྲག་མཁན་པོ་དགའ་དབང་ལགས་ཀྱིས་མདོ་ཡི་དགོངས་པ་གོ་བས་གཏིང་ཕུག་ཅིང་། རྒྱུད་ཀྱི་གསང་གནད་དོན་གྱི་ལམ་སྟོན་པ། ཕྱག་ཆེན་རྣལ་འབྱོར་བཞི་རིམ་ལ་ལུང་གིས་ཟུར་རྒྱན། སྙིང་པོ་ཉམས་ལེན་གྱི་འཇོག་སོ་བྲོ་ཁ་ལག་གཏད་དང་། ཟབ་དོན་ལག་རྐྱངས་ཀྱི་ཚུལ་དུ་ཚིག་གི་འགྲེལ་བ་རྒྱས་བསྡུས་འཚམས་པ། ཐོས་བསམ་པ་ཡིན་ན་རིག་པའི་ན་འཕར་ཞིང་། ཉམས་ལེན་པ་ཀུན་གོལ་ནོར་ཤོར་གསུམ་བྲལ་བའི་སྙིང་པོ་ངོ་སྤྲོད། འཇོག་ཐབས། བོགས་འདོན་སོགས་གནད་ཚང་འདི་དག་སྣང་གིས་དཀྱིལ་སྒྲིབ་རྟོག་གེས་མཐའ་དབྲལ་བ་མ་ཡིན་པར་འགྲོ་མགོན་ཏི་ཤྲཱི་རས་པའི་དགོངས་པ་ཚུལ་བཞིན་བཀྲལ་བའི་མགུར་འགྲེལ་སྙིང་པོ་གསལ་བ་དང་། ཏི་རས་མཆོག་གི་བླ་སྒྲུབ་སེམས་ཉིད་གཅེར་མཐོང་། ཚོགས་འཁོར་གྲུབ་པའི་དགའ་སྟོན། ཚོགས་འཁོར་འདོན་ཟིན། མགུར་མཚོ་སྙིང་བསྡུས། བླ་སྒྲུབ་དྲིས་ལན། མགུར་འགྲེལ་ལོ་རྒྱུས། ཡང་དག་སྨོན་ལམ་བཅས་སྨིན་གྲོལ་ཟུང་ལྡན་གྱི་དཔེ་ཆ་པོད་གཅིག་ང་ཚོའི་བགོ་སྐལ་དུ་བཞག་པ་ནི། ཅི་འདྲའི་ངོ་མཚར་བ་དང་། ཅི་འདྲའི་རྨད་དུ་བྱུང་བ་ཞིག་རེད། པར་དུ་མ་བསྐྲུན་སྔོན་དུ་གུས་པས་ཞིབ་ཏུ་མཇལ་བའི་ཚོར་བ་ཡིན་གྱི་དཔེ་ཆ་མ་མཐོང་གོང་དུ་ཁ་ཚོན་བཅད་པ་གཞར་ཡང་མིན་ནོ། །

རེད་དེ་རྗེ་བཙུན་མི་ལ་རས་པ་མཆོག་གིས་བློ་རྒྱུད་སྡེ་ལ་དྲིས་གསུང་པ་བཞིན་ང་ཚོ་རྒྱལ་བ་འབའ་རོམ་པའི་སློབ་བརྒྱུད་བཅས་པས་བློ་དྲི་སའི་གདམས་ངག་གི་ཟ་མ་ཏོག་སྔོན་མེད་ཡིད་བཞིན་གྱི་ནོར་བུ་འདི་འཆད་ཉན་རྣམ་དག་གིས་བསྟན་པའི་སྲི་ཞུར་འགྱུར་ངེས་སྙམ་ནས་དགའ་བ་འབུམ་གྱིས་བརྟས་ཏེ་ངས་དཔེ་འཕྲིན་གྱི་ཚུལ་དུ་ངོ་སྤྲོད་ཞུས་པ་ཡིན།

2014-04-16

དེབ་ཐེར།

Post navigation

Previous Post: ཡུལ་ཤུལ་དུ་གོས་སྐུ་བཤམས་ནས་ས་འགུལ་བྱུང་སྟེ་ལོ་ངོ་བཞི་འགོར་བར་རྗེས་དྲན་བྱས་པ།
Next Post: རང་སྲེག་གི་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་རེ་སྨོན།

Comment (1) on “དཔེ་འཕྲིན། (བོད་འབྱོར།)”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-16 at 11:09 pm

    འབའ་རོམ་བཀའ་བརྒྱུད་འདི། བཀའ་བརྒྱུད་ཆེ་བཞི། ཆུང་བརྒྱད་ནང་གི་གང་གི་ཁོངས་སུ་བསྡུས་སམ། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme