Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྔོན་དང་ད་ལྟའི་གངས་རིན་པོ་ཆེ།

Posted on 2010-01-202010-01-21 By དབང་ཕྱུག་ 12 Comments on སྔོན་དང་ད་ལྟའི་གངས་རིན་པོ་ཆེ།

མི་རྐང་གླིང་བུ།
kailash_south_side
ཆེས་གདོད་མའི་དུས་སྟེ་གླིང་བདུན་ཅན་གྱི་འཇིག་རྟེན་འདི་ཉིད་ཡོངས་སུ་མ་གྲུབ་པའི་སྔོན་ དེར། རྒྱ་གར་གྱི་ས་དབྱིབས་གྲུ་གསུམ་སོག་པ་འདྲ་བ་དེ་ཉིད་ས་གཞི་ཆེན་མོ་ལས་ཟུར་དུ་ གྱེས། བོད་ཡུལ་གྱིས་གཙོས་པའི་ཡར་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་དྲོ་ཚད་ཆེ་ཞིང་ཤིང་ནག་ འབོར་ཆེན་ཅན་གྱི་ཚ་བའི་ནགས་ཀླུང་ཞིག་ཏུ་གྲུབ་པ་མདོ་དབུས་མཐོ་སྒང་ནས་རྙེད་པའི་ གླང་ཆེན་གྱི་འགྱུར་རྡོ་དང་ ། ཧི་མ་ལ་ཡའི་རིའིརྩེ་མོ་ནས་རྙེད་པའི་ཉ་ཕྱིས་དང་འགྲོན་བུ་ དག་གིས་དཔང་པོར་བྱེད། དེ་ལྟར་བུའི་ཁོར་ཡུག་མཐིང་མདོག་ཅན་དེ་ཡང་གཏན་ དུ་ སྡོད་ དུ་ཐུབ་པ་ཞིག་མ་ཡིན་པས་ས་གཞིའི་སྒུལ་ཤུགས་ཀྱིས་ཡོ་འཁྱམས་རབ་དང་རིམ་པར་སོང་ བའི་མཐར། འཇིག་རྟེན་ན་གྲགས་པ་ཅན་གྱི་གངས་ཀྱི་རི་བོ་ཞིག་རྒྱ་བོད་གཉིས་ཀྱི་བར་དུ་ གསུན་གཙིར་གྱིས་གྱེན་དུ་བསླངས། གངས་རི་དེ་ཡི་ཕ་རོལ་རྒྱ་གར་ཡུལ་དུ་དུས་བཞིར་དབྱེ་ བ་དེ་ཙམ་མེད་པར་ཚ་བས་ནོན་པ་ཙམ་ལས་འགྱུར་བ་ཆེར་མ་བྱུང་ཀྱང་ ། གངས་རི་དེ་ཡི་ཚུར་རོལ་བོད་གངས་ཅན་ལྗོངས་ན་ས་ཡི་འགྱུར་ལྡོག་ཆེན་པོ་འདིས་གནམ་གཤིས་ལའང་ འགྱུར་བ་ཆེན་པོ་ཐེབས་ནས་ཆར་ཆུ་ཉུང་ཞིང་ ། གངས་དང་སད་ཀྱི་དུས་འགོ་ཚུགས། དེའི་ དབང་གིས་ཚ་བའི་ཡུལ་གྱི་སྲོག་ཆགས་སྤུ་མེད་པ། རློན་པ་དེ་དག་ཞིག་པའི་ཤུལ་དུ་རྐྱང་ འབྲོང་སོགས་ཀྱིས་གར་འཁྲབ་པ་སོགས་སྣོད་བཅུད་གཉིས་ཀ་ལ་གངས་ཀྱི་རི་རྒྱུད་འདི་ཡིས་ ཤུགས་ རྐྱེན་ ཕོག འོ་ ན་ གངས་ རི་ དེ་ གང་ ཡིན་ སྙམ་ ན། དེ་ ནི་ གངས་ རིན་ པོ་ ཆེ་ དང། རི་ ཡི་ རྒྱལ་ པོ། དབུས་ ཀྱི་ རི་ བོ་ མཆོག་ རབ། གངས་ ཏི་ སེ། ཀཻ་ ལ་ ཤ་ སོགས་ སུ་ འབོད་ པ་ འདི་ རེད། འདི་ ནི་ འཇིག་ རྟེན་ གྱི་ ཆོས་ ལུགས་ རྙིང་ པ་ ཡོངས་ ཀྱི་ འགོ་ ཁུངས་ ལྟར་ བུ་ དང་ ། ལྷ་ དབང་ ཕྱུག་ ཆེན་ པོ། དཔལ་ འཁོར་ ལོ་ བདེ་ མཆོག བོན་ སྟོན་ པ་ གཤེན་ རབ་ སོགས་ རང་ རང་ གི་ ལུགས་ ཀྱི་ ལྷ་ ཆེན་ པོ་ དང་ ། ཀླུ་ ཆེན་ པོ་ དག་ གི་ གནས་ ཡུལ་ དང་ ། ཕོ་ བྲང་ སོགས་ ཀྱང་ ཡིན། མདོ་ སྡེ་ འགའ་ ཞིག་ དུ་ སྟོན་ མ་ ཤཱཀྱ་ ཐུབ་ པའང་ གནས་ འདིར་ ཕེབས་ པར་ གསུངས། ཆེན་ པོ་ དེ་ དག་ གི་ རྗེས་ སུ་ འབྲངས་ བའི་ འབུ་ གྲོགས་ མ་ འདྲ་ བའི་ སྐྱེ་ བོ་ གྲངས་ ཀྱིས་ མི་ ལངས་ པར་ གནས་ འདིར་ འགྲོ་ ཞིང་ ། གནས་ འདིར་ སྡོད། གནས་ འདིར་ མཆོད། འགའ་ ཞིག་ གནས་ འདིར་ བཀའ་ ཐུབ་ ཀྱིས་ རང་ སྲོག་ བསྐྱལ། དེ་ འདྲ་ བའི་ གནས་ རྩ་ ཆེན་ ཞིག་ ཏུ་ བརྩི།
kailash_lingam1
(འདྲ་ པར་ འདི་ རྒྱ་ གར་ གྱི་ འོ་ མས་ མཆོད་ པའི་ རྡོ་ ཡི་ མཚན་ མ་ དེ་ མི་ འདྲ་ འམ། )
དེ་ རིང་ ། འདི་ ན་ རང་ ཉིད་ ཀྱི་ མིག་ ཟུང་ མ་ གཏོགས་ གང་ ལའང་ ཡིད་ མི་ ཆེས་ པའི་ སྐྱེ་ བོ་ འགའ་ ཞིག་ ལྷགས། དགུང་ ནས་ མར་ བལྟས་ པས་ རི་ བོ་ འདི་ ཉིད་ གཏིང་ དུ་ མར་ ཐིམ་ སོང་ བའི་ སྣང་ བ་ འཁོར་ ཞིང་ མཐའ་ འཁོར་ གྱི་ འོབས་ དོང་ དེ་ ཉིད་ པར་ བླངས། རྒྱ་ གར་ ཧིནྡྷུ་ བ་ རྣམས་ ཀྱིས་ མཆོད་ ཡུལ་ དབང་ ཕྱུག་ གི་ ལིངྒ་ དང་ དབྱིབས་ གཟུགས་ མཚུངས་ པར་ ཤེས། ཁོང་ ཅག་ གིས་ གནས་ འདིར་ གུས་ བཀུར་ ཆེ་ བའི་ ཞེ་ ཕུགས་ ཀྱང་ རྟོགས། དེ་ ལྟར་ འོབས་ སུ་ ལྷུང་ བས་ མཐོ་ ཚད་ ལ་ སྨིས་ ༦༧༡༤ཙམ་ ལས་ མེད་ པས་ རི་ ཡི་ རྒྱལ་ པོ་ སོགས་ ཀྱི་ ཐ་ སྙད་ ཀྱང་ མི་ འདོགས། དེ་ ལྟར་ གཏིང་ དུ་ ནུབ་ འགྲོ་ བ་ ལའང་ ཉེ་ འཁོར་ ཞིག་ ནས་ སྐྱེས་ སྟོབས་ དང་ ཚར་ སྟོབས་ ཅན་ གྱི་ རི་ བོ་ འགའ་ ཞིག་ གྱེན་ དུ་ ལངས་ པས་ དེ་ དག་ གི་ རྗེས་ མ་ ཟིན་ པས་ རང་ ཉིད་ རི་ རྒྱལ་ གྱི་ མིང་ དེ་ ཡང་ དེ་ ཉིན་ ནས་ སུ་ ལ་ དབང་ མི་ ཤེས་ པར་ གྱུར། ཟུར་ ནས་ རྒྱང་ ཤེལ་ གྱིས་ བལྟས་ པས་ གདོང་ ཟུར་ རྣམས་ ལྷགས་ རླུང་ གིས་ བརྡར་ བ་ རྩེ་ མོ་ མྱི་ རྒན་ གྱི་ པུས་ མོ་ ལྟར་ བུ་ དེ་ ཡི་ པར་ ཞིག་ བླངས་ སྟེ་ རི་ བོ་ ཆེས་ རྙིང་ པ་ ཞིག་ ཡིན་ པར་ ཁུངས་ བསྐྱེལ། གངས་ ཤུད་ རིང་ པོ་ ཙམ་ ཡང་ རྒྱུགས་ ས་ མེད་ པས་ འདྲ་ པར་ འགའ་ ཞིག་ བླངས་ ནས་ དབུགས་ རིང་ འཐེན་ བཞིན་ རི་ བོ་ ཇོ་ མོ་ གླང་ མའི་ ཕྱོགས་ སུ་ ཆས་ སོང་ །།

སྣ་ཚོགས།

Post navigation

Previous Post: དྲག་ཏུ་མྱོས་པ།
Next Post: ཟབ་སྦྱོང་ཚོགས་པའི་གོ་རིམ།

Comments (12) on “སྔོན་དང་ད་ལྟའི་གངས་རིན་པོ་ཆེ།”

  1. རྡོ་རྗེ་དྲིལ་བུ་པ་ says:
    2010-01-21 at 8:40 am

    ཕྱི་རོལ་གཏམ་རྒྱུད་ལ་སོགས་བརྒྱུད། །
    རི་རྒྱལ་གླིང་བཞི་གླིང་ཕྲན་བཤད། །
    རི་རྒྱལ་བཙལ་ནས་ཏི་སེ་རྙེད། །
    ཏི་སི་བཙལ་བས་གནས་རི་རྙེད། །

    གནས་རིའི་མཐོ་ཚད་རྒྱ་མཚོ་ནས། །
    སྨིས་གྲངས་དྲུག་བདུན་བཅུ་བཞི་ལ། །
    དད་མོས་ཕྱག་སྐོར་ཡ་རབས་ལུགས། །
    རྡོག་འདོན་འཛེགས་འདོད་རྒྱང་འཕེན་ལུགས། །

  2. རྩམ་དགའ་ says:
    2010-01-21 at 9:04 am

    བོད་ཀྱི་མཁས་པས་ཤམ་བྷ་ལར་ཞེས་སྨྲ། །
    རྒྱ་གར་མཁས་པས་དབང་ཕྱུག་གནས་ཡིན་ཟེར། །
    མཚན་རིག་པ་ཡིས་ཚ་རླབས་འགོག་པ་ལ། །
    གངས་རི་འདི་ནི་གལ་ཆེན་ཡིན་རབས་སྒྲོགས། །

  3. གཞོན་ནུ་ཟླ་མེད says:
    2010-01-21 at 9:14 am

    ཀུན་མཁྱེན་འཇིགས་མེད་དབང་བོས།
    རྨད་བྱང་ཚོགས་གཉིས་གངས་ཀྱི་རི་བོ་རྙིང་རྗེའི་དྲོད་ཀྱིས་བཞུས་པའི་རྒྱུན།།
    ལྷུན་གྲུབ་ཆོས་སྐུའི་འཛིན་མར་ཡོངས་འཁྱིལ་གྲུབ་མཐའ་རྣམ་བཞིའི་ཆུ་ཀློང་འགྱེད།།
    འཕྲིན་ལས་རླབས་ཕྲེང་གནམ་དུ་རྐྱོང་བས་མུ་སྟེགས་བྱིས་པ་སྐྲག་བྱེད་པ།།
    རྒྱལ་སྲས་གདེངས་ཅན་བྱེ་བས་འཇུག་ངོགས་ཐུབ་དབང་མ་དྲོས་མཚོ་ཆེན་རྒྱལ།།
    གསུངས་སོ།

  4. གཞོན་ནུ་ཟླ་མེད says:
    2010-01-21 at 9:19 am

    གནས་འོག་མིན་བདེ་མཆོག་ཕོ་བྲང་ནས།།
    ལྷ་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱིས།།
    ཐུགས་ཉམས་བཞག་བདེ་བ་ཆེན་པོའི་ཀློང་།།
    བུ་རྗེས་འཛིན་བརྩེ་གཟིགས་མ་ལྷོད་ཅིག།

  5. རྩམ་དགའ་ says:
    2010-01-21 at 9:32 am

    གཞོན་ནུ་ཟླ་མེད་ལགས་ཐུགས་རྗེ།
    དེ་སྔོན་ཟིག་ལ་བལྟས་མྱོང་བའི་གྲུབ་མཐའ་རིན་ཆེན་ཕྲེང་བ་དེ། དེ་རིང་མ་བསམ་ས་ནས་སེམས་ལ་དྲན་བཅུག་སོང་།
    དེབ་དེར་ཡང་སྐྱར་ཐེངས་ཤིག་ལྟ་འདོད་སྐྱེས་སོང་ཨ་ཨ།

  6. མི་རྐང་གླིང་བུ says:
    2010-01-21 at 9:38 am

    དད་ལྡན་མི་མང་སེམས་ཁམས་ཆོས་ལ་འདྲེས།། ཆོས་ཀྱི་བྱུང་རབས་གནས་ཀྱི་གངས་ལ་འདྲེས།།
    གངས་རི་དབུ་འཕང་སྤྲིན་དཀར་མདངས་ལ་འདྲེས།། སྤྲིན་དཀར་འདབས་མ་ནམ་མཁའི་དབྱིངས་སུ་འདྲེས།།

  7. གཞོན་ནུ་ཟླ་མེད says:
    2010-01-21 at 9:39 am

    འོ་ད་གྲུབ་མཐའ་རིན་ཆེན་ཕྲེང་བ་ཟེར་ནོ་ད་རུང་ལ་བློ་ན་འཇིགས་བྱེད་དཔའ་བོ་གཅིག་པ་བཞིན་དུ་ཤ་ར་ར་ཡིན་ནི་རེད་ཀོ ཧཧཧ

  8. རྡོ་རྗེ་དྲིལ་བུ་པ་ says:
    2010-01-21 at 9:51 am

    གཞོན་ནུ་ཟླ་མེད་ཀྱིས་ཚིགས་བཅད་བཞིའི་ཆོས་ཚིག་དེ་དག་ཟླ་མེད་དུ་བྲིས་འདུག

  9. གཞོན་ནུ་ཟླ་མེད says:
    2010-01-21 at 10:00 am

    རྡོ་རྗེ་དྲིལ་བུ་བ་ལགས། བསྟོད་པ་གནང་བར་ཐུགས་རྗེ་ཆེ། ཡིན་ཡང་ང་ནི་ཆོས་ཚིག་འབྲི་ཤེས་ནི་མ་རེད། ཁ་གཙོག་བྲིས་ན་ད་ཕུལ་དུ་བྱུང་བ་ཟིག་ཡིན། ད་འདིར་གངས་རིན་པོ་ཆེའི་སྐོར་ཅིག་འདུག ད་ངས་ཚན་རིག་པ་དང་ཕྱི་རོལ་བའི་སྐོར་ཟོ་མང་པོ་ཟིག་ཤེས་ནི་མ་རེད། གནས་འདི་ཤམ་བྷ་ལ་ཡིན་པའི་སྐོར་ལ་དེ་ལས་ཀྱང་རྨོང་བསྡད་ཡོད། ཡིན་ན་ཡང་རྒྱུད་སྡེ་ནས་བཤད་པའི་གནས་ཆེན་ཉེར་བཞིའི་ཡ་གྱལ་ཞིག་དང་། བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་ཡིན་པ་ཅིག་རྒྱུད་སྡེ་དག་ལས་མཇལ་མྱོང་བས། འདི་གར་གུས་ཕྱག་གི་ཚིག་ཅིག་ཕུལ་བ་ཡིན་ལགས།

  10. མགོན་པོ་ཕྱག་གཉིས་པ། says:
    2010-01-21 at 11:33 am

    གངས་དཀར་ཏི་སེ་ཟེར་བ་ཡི། མ་མཐོང་རྒྱང་གྲགས་ཆེ་བ་དེ། མཐོང་ནས་དྲུང་དུ་བཅར་བ་ན།། རི་མགོ་ཁ་བས་གཡོགས་པ་ཞིག ཟེར་ནས་མི་ལ་གཅེར་བུས་གསུངས།

  11. མི་རྐང་གླིང་བུ says:
    2010-01-21 at 12:52 pm

    གཞོན་ནུ་ཟླ་མེད་ལགས། ཁྱེད་ཅག་གསུངས་པར་བདེན། གངས་རིན་པོ་ཆེ་འདི་འཁོར་ལོ་བདེ་མཆོག་གི་གནས་ཡིན་པར་གསུང་རབ་ཞིག་ལས་མཇལ་མྱོང་། ཡིན་ནའང་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་ཡིན་པར་གསུངས་བྱུང་དེའི་ཁུངས་ལུང་འདྲ་སྟོན་རྒྱུ་ཡོད་དམ། དྲི་བ་གཞན་ཞིག་ནི། གངས་རིན་པོ་ཆེའི་དབྱིབས་འདི་རྒྱ་གར་གྱི་ལྷ་དབང་ཕྱུག་ཡབ་ཡུམ་གྱི་མཚན་མ་འདོད་པའི་རྡོ་དེ་དག་འདྲ་བར་འདུག་ན་འདིས་ཧིན་དྷུ་པ་རྣམས་ལ་བག་ཆགས་འདྲ་བཞག་ཡོད་དམ།

  12. gonpo says:
    2010-01-21 at 8:49 pm

    མགོན་པོ་ཕྱག་མ་ལགས་སུ།

    གངས་དཀར་ཏི་སེ་ཟེར་བ་ཡི།
    མ་མཐོང་རྒྱང་གྲགས་ཆེ་བ་དེ།
    མཐོང་ནས་དྲུང་དུ་བཅར་བ་ན།།
    རི་མགོ་ཁ་བས་གཡོགས་པ་ཞིག
    ན་རོ་བོན་ཆུང་ནས་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme