Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེས་ཕུན་དབང་ལ་ཐུགས་སྨོན་གནང་བ།

Posted on 2014-04-062014-04-06 By ཁ་བརྡ་ 63 Comments on ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེས་ཕུན་དབང་ལ་ཐུགས་སྨོན་གནང་བ།



གསར་འགྱུར།

Post navigation

Previous Post: ཏཱ་ལའི་བླ་མ་དང་ང་ཚོའི་རེ་སྨོན།
Next Post: སྒེའུ་ཁུང་།

Comments (63) on “༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེས་ཕུན་དབང་ལ་ཐུགས་སྨོན་གནང་བ།”

  1. སྙན་བཟང་གཡུང་དྲུང་ཚེ་རིང says:
    2014-04-06 at 4:54 pm

    དེ་རིང་ངས་གློ་བུར་དུ་མཆན་ཐུང་ཐུང་ཞིག་འབྲི་འདོད་སྐྱེས་བྱུང་། ཁ་སང་དེ་རིང་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐོར་ལ་རྩོམ་དང་མཆན་འབྲི་མཁན་མང་པོ་ཞིག་འདུག དེའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་འབའ་བ་ཕུན་ཚོགས་ལ་མི་རིགས་ཀྱི་ལར་ཞེན་ཆེན་པོ་ཡོད་པ་རེད་ཅེས་རྩལ་དུ་བཏོན་ནས་གསུངས་སོང་། ལར་ཞེན་འདི་ཁོང་གི་ཕྱག་རྗེས་གཙོ་བོ་དེ་ཡང་ཡིན་པ་འདྲ། ཡིན་ནའང་གསུང་འདི་ང་ལ་མཚོན་ན་ཡིད་དབང་འཕྲོག་པ་ཞིག་མ་རེད། བོད་མི་ས་ཡ་དྲུག་གི་ནང་དུ་རང་གི་མི་རིགས་ལ་ལར་ཞེན་མེད་པའི་བོད་མི་ཡོད་པ་མ་རེད་ལ། འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་ལར་ཞེན་དེ་ལྟ་བུ་མེད་པའི་བོད་མིའང་ཡོད་པ་མ་རེད། དེས་ན་བོད་མི་ཚོས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་ལར་ཞེན་དེ་འདི་ལྟར་རྩལ་དུ་བཏོན་ནས་གསུངས་དོན་ཅི་ཡིན།

  2. བློ་བཟང་རིག་འཛིན། says:
    2014-04-06 at 5:29 pm

    ངས་བལྟས་ན་ཕུན་དབང་ལ་བོད་མི་རིགས་ཀྱི་ལར་ཞེན་རྩ་བ་ནས་མེད་པ་རེད་སྙམ། གཙོ་བོ་མ་ལེའི་རིང་ལུགས་ཀྱི་གསར་བརྗེའི་ལྟ་གྲུབ་ལ་ཡིད་ཆེས་དང་ངེས་ཤེས་རྙེད་ནས་མ་ལེ་རིང་ལུགས་ཀྱི་ལྟ་གྲུབ་ལར་རྒྱ་འཛིན་པ་མ་གཏོགས་མི་རིགས་ཀྱི་ལར་ཞེར་མེད་པ་རེད། ཐ་ན་པེ་ཅིང་ལ་༧གོང་ས་ཡིད་བཞིན་ནོར་བུ་བོད་ནང་ལ་ཕེབས་བཅུག་དགོས་ཞེས་པའི་འབོད་བསྐུལ་ཡང་བོད་མི་རིགས་ལ་ཤ་ཚ་ནས་མ་ཡིན་པར་དམར་པོའི་སྲིད་གཞུང་ལ་རྙོག་དྲ་མི་འབྱུང་བའི་ཆེད་ཁོ་ན་ལ་དམིགས་མི་འདུག་གམ།

  3. སྤོབས་པ་མཐའ་ཡས། says:
    2014-04-06 at 9:08 pm

    སྙན་བཟང་གཡུང་དྲུང་ཚེ་རིང་ལགས། ངས་འབའ་ཕུན་ལ་བསྟོད་པ་བྲིས་ནས་བཀའ་བཀྱོན་རག་སོང་། ད་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་གཉིས་ཀས་བསྟོད་པ་བྱས་དུས་ཚང་མ་འཇམ་ཅག་ཅག་རེད་འདུག ད་ནི་མ་འོངས་པར་ང་ོའི་སྤྱི་ཚོགས་འདིའི་ནང་དུ་ཁ་ཅི་ལྟར་གྲག་དགོས་པ་ཡང་མི་ཤེས་པའི་ཚད་དུ་བསྐྱལ་སོང་།
    ངས་བསམ་ན། ཁོང་ཚོས་ཕུན་དབང་ལ་གདེངས་འཇོག་དེ་ཕྱོགས་མང་པོ་བྱེད་གི་འདུག ཟམ་གདོང་རིན་པོ་ཆེ་ངུ་གྲབས་འདྲ་ཞིག་བྱས། སྤྱན་གྱི་འོག་གི་སྐྱི་ལྤགས་ཁུག་མ་དེ་ཡང་ལྡབས་གསུམ་ཙམ་ཆེ་རུ་སོང་ནས་འབའ་པ་ཕུན་ཚོགས་དབང་རྒྱལ་ཀྱི་ཤེས་ཡོན། འཇོན་ཐང་། ལར་ཞེན། ལྷག་བསམ་ཟེར་ནས་བགྲངས་སོང་།

  4. ལྷ་སྡེ་གནམ་ལོ་ཡག says:
    2014-04-06 at 9:14 pm

    སྒྲ་ཐག་འདིར་ཉན་འོངས་ན། རྒྱལ་བ་རིན་པོ་ཆེ་མཆོག་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཞེན་པ་ལོག་འདུག་པ་གསལ་བོ་རེད། ཡིན་ནའང་། ཟམ་གདོང་རིན་པོ་ཆེ་ཡིས་དབུ་མའི་ལམ་གྱི་གཏན་འབེབས་གསར་བའམ། རྒྱ་དམར་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་གདམ་ག་ཐད་འབའ་བ་ཕུན་ཚོགས་དབང་རྒྱལ་ཡང་དྲུད་འོངས་དོན་ཅི། གཞན་ཕུན་དབང་མཆོག་གི་སྲིད་དོན་ཞལ་ཆེམས་ཞེས་པའི་དཔེ་དེབ་ནང་འདིའི་སྐོར་མི་འགོད་དོན་ཅི།

  5. སྤོབས་པ་མཐའ་ཡས། says:
    2014-04-06 at 9:20 pm

    ལྷ་སྡེ་གནམ་ལོ་ཡག་ལགས། འབའ་བ་ཕུན་དབང་གི་དེབ་ཉེ་ཆར་དཔར་བ་དེའི་ནང་ལ་འདས་པའི་ལོ་རྒྱུས་ནང་དུ་བོད་རང་བཙན་ཡིན་ཚུལ་ལ་སྒྲུབ་བྱེད་མང་པོ་བཀོད་ནས་བཤད་འདུག མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་ཀྱང་གསལ་ཞིབ་ཀྱིས་བཤད་འདུག ང་ཚོའི་དབུ་ལམ་པ་ཚོས་དེའི་རིགས་ཞེ་དྲགས་གླེང་ཕོད་གི་མི་འདུག་ག
    ནམ་རྒྱུན་ཡིན་ན། ཟམ་གདོང་རིན་པོ་ཆེས་ཆོས་ལུགས་མེད་ན་རྒྱལ་ཁབ་ཡོད་རུང་ཕན་ཐོགས་མེད་ཟེར་མཁན་ཞིག་དང་། མི་རིགས་རིང་ལུགས་དེ་སྤངས་བྱ་ཡིན་པ་མ་གཏོགས་བླངས་བྱ་མ་རེད་ཟེར་མཁན། ཁོ་རང་གིས་ལས་ཀ་གང་བྱས་རྩ་བའི་བླ་མའི་བཀའ་མ་གཏོགས་འབྲེལ་བ་མེད་ཟེར་མཁན་ཞིག་རེད། ཡིན་ན་ཡང་། ད་ཐེངས་འབའ་བ་ཕུན་དབང་ཆོས་མེད་སྨྲ་བ་ཞིག་ལ་མི་རིགས་ཀྱི་ལར་ཞེན་ཡོད་པས་བོད་ཀྱི་ཧེ་རོ་ཡིན་ལུགས་གསུངས་ནས་བསྟོད་བསྔགས་ཆེན་པོ་གནང་བ་དེ་ཡ་མཚན་པོ་འདྲ་བོར་མཐོང་སོང་ལགས།

  6. སྤོབས་པ་མཐའ་ཡས། says:
    2014-04-06 at 9:35 pm

    བརྙན་ཐུང་འདི་ལ་བལྟས་དུས། རྒྱལ་བ་རིན་པོ་ཆེས་མ་ཎི་ཕྲེང་སྐོར་ཞིག་བགྲངས་པའི་རྗེས་སུ་བསྔོ་སྨོན་ཤོ་ལོ་ཀ་ཞིག་གསུངས་སོང་། དེའི་ནང་དུ་བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ།།ཞེས་གསུངས་པ་དེས་འབའ་བ་ཕུན་ཚོགས་དབང་རྒྱལ་བྱང་ཆུབ་སེམས་དཔའ་རེད་གསུང་གིན་ཡོད་པ་འདྲ།

  7. བན་དེ་བ། says:
    2014-04-06 at 9:49 pm

    མི་བུ་ཞིག་མེད་པའི་ཉུན་བྱེད་བྱས་ཀྱི་བསྟོད་བསྔགས་བཟི་དགོས་པ་ཞིག་གཏོང་གི་རེད། ཐ་ན་ཏིང་ཤི་རྗེས་ཀྱང་ཏིང་ལ་བོད་མི་ཚོས་བསྟོད་བསྔགས་མང་པོ་བཏང་སོང། ད་མའོ་ལའང་བསྟོད་བསྔགས་གཏོང་གྲབས་འདུག འབའ་བ་ཕུན་དབང་གིས་གུང་ཀྲན་དམར་དམག་བོད་ལ་གདན་དྲངས་བ་དངོས་བདེན་རེད། དེ་ལ་གཡོལ་ཐབས་ཡོད་པ་མ་རེད། མ་གཞི་བོད་འདིར་ཕྱི་མི་ནང་དུ་འདྲེན་པ་དང་ཕྱི་ཆོས་ནང་དུ་འདྲེན་པ། ཕྱི་དམག་ནང་དུ་འདྲེན་པ་ལ་མཁས་པ་ཞིག་རེད། གོར་དམག་རྒྱ་དམག་སོག་དམག་སོགས་ཐམས་ཅད་ནང་དུ་གདན་འདྲེན་དང་ལམ་འཁྲིད་སྣེ་ལེན་ཞུ་མཁན་ཐམས་ཅད་བོད་མི་རེད། ད་དེ་ཚོ་བཤད་མ་བཤད་གང་ཡོད། སྤྲང་པོས་འཁྲབ་ཚད་ཐལ་སློང་དང། ཕྱུག་པོས་འཁྲབ་ཚད་ཞབས་བྲོ། ཟེར་བའི་དཔེ་ལྟར་རེད།

  8. སྤོབས་པ་མཐའ་ཡས། says:
    2014-04-06 at 9:57 pm

    ཨོ་རེདཡ། བན་དེ་བ་ལགས། སྟོན་པ་གཤེན་རབ་ཀྱིས་ཀོང་པོར་་དམག་དྲངས་བ་ནས་བཟུང་བོད་ལ་ཕྱི་དགྲ་ནང་འཛུལ་གྱི་མགོ་བཙུགས་ཡོད་ས་རེད། ཧཧཧཧཧ

  9. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 10:49 pm

    ་་་་་་་ འབའ་བ་ཕུན་དབང་གིས་གུང་ཀྲན་དམར་དམག་བོད་ལ་གདན་དྲངས་བ་དངོས་བདེན་རེད། དེ་ལ་གཡོལ་ཐབས་ཡོད་པ་མ་རེད། ་་་་་་་

  10. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 10:51 pm

    ་་་་་་་་ གོར་དམག་རྒྱ་དམག་སོག་དམག་སོགས་ཐམས་ཅད་ནང་དུ་གདན་འདྲེན་དང་ལམ་འཁྲིད་སྣེ་ལེན་ཞུ་མཁན་ཐམས་ཅད་བོད་མི་རེད། ་་་་་་་་

  11. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 11:06 pm

    ༸གོང་ས་མཆོག་གིས། རང་དགུན་ན་སྙམ་པའི་ཆབ་སྲིད་ལས་བྱེད་འབའ་ཕྱུན་ལགས་ལ། བསྟོད་བསྔགས་གནང་བ་དོན་དང་བདེན་པ་རེད། དེ་བཞིན་ཟམ་གདོང་རིན་པོ་ཆེས་ཀྱང་གསུངས་པ་ཡང་བདེན་པ་མ་རེད་ཅེས་ཤོད་དཀའ་ཡང་།
    ང་ཚོ་བཙན་བྱོལ་དུ་ཚར་ལོང་བྱུང་བ་ཚོ་ལ་ནི། མའོ་ནི་བདུད་སྡིག་ཆེན་དུ་བཤད་པ་དང་། དེ་བཞིན་ང་ཕོད་སོགས་ཀྱང་སྨོན་ལོག་བདུད་དུ་རྩིས་ནས་སློབ་སྟོན་བྱ་དགོས་དོ་། ཁོང་ཚོས་མའོ་སོགས་དཔུང་མཉམ་ཤིབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་དང་། ཐ་ན་བོད་མི་རིགས་ཀྱང་དམའ་འབེབས་རྩ་གཏོར་བཏང་བ།
    དཔེར་ན། བོད་མི་རིགས་ནི། ཆེས་ཀླ་ཀློ ཆེས་བདུག་རྩུབ། ཆེས་རྗེས་ལུས། ཆེས་མུན་ནགརེད་ཅེས། མི་སྟོང་ཕྲག་མང་པོ་ནས་བསགས་པའི་རྒྱལ་ཁང་། བང་མཛོད། སྐུ་གསུང་ཐུགས་རྟེན། དམག་ཆས། སྐྱ་ཆས། ཐ་ན་ཞིང་ཆས་སོགས་ཀྱང་ཤུལ་མེད་དུ་བཟོ་ལ་ཉེ་བར་བྱེད་མཁན།
    མའོ། ཅའོ་དང་། ང་ཕོད། འབའ་ཕུན་སོགས་བོད་ནང་གི་བཀྲ་མི་ཤིས་པ་དེ་ཚོ། ད་ལྟ་ཤི་ཁ་མར་བཀྲ་ཤིས་པ་ཆགས་འགྲོ་ན། བོད་པ་ཟེར་མཁན་དེ་ཀླད་མེ་རྩ་མེད། རྒྱུགས་ཀྱི་སྤྲང་ཁྱི་ཅིག་མ་འདས་པ་སུས་བལྟས་ཀྱང་མཐོང་བར་ངེས་སོ།། །།
    ངས་འདིར་ནི། ཆོས་ཕྱོགས་ནས་ཤོད་བགྱིད་མེད། སྲིད་དང་འཇིག་རྟེན་གྱི་ཆ་ནས་ཤོད་བགྱིན་ཡོད་གདའ།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 11:13 pm

    བོད་རིགས་ང་ཕོད་དང་། འབའ་ཕུན་བོད་ལ་ཡག་པོ་ཡིན་ན། ལི་ནིན་དང་། སི་ཏ་ལིན་ཡང་ཨུ་ར་སུ་ལ་ཕན་ཐོགས་ཅན་དང་། མའོ་ནི་དེ་བས་ཀྱང་རྒྱ་ནག་ལ་ཕན་ཐོགས་ཅན་དང་། ཧིཊ་ལར་ཡང་རང་ཕྱོགས་ལ་ཡག་པོ་ཡིན་པ་སྨོས་མི་དགོས་པས།་་་་་ དེས་ན། ཛམ་གླིང་སྒང་གི་ལས་བྱེད་ཡིན་ན། ཡག་པོ་ཡིན་པས་ཁྱབ་ཟེར་བ་དང་གཅིག་པ་ཆགས་འགྲོ་བ་མིན་ནམ། ལགས།
    མི་གསོད་ལག་དམར་ཚང་མ་མྱུར་དུ་འཆི་བའི་སྨོན་འདུན་བཅས་བྲིས།། །།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 11:23 pm

    བོད་རིགས་ས་ཡ་གཅིག་དང་གྲངས་ཆུང་གཉིས་ཙམ་རྒྱ་དམར་གུང་བྲན་གྱིས་དམར་གསོད་དང་། སྡུག་ཤི་ཐེབས་བཅུག་སོང་ཟེར་དུས། བོད་རིགས་དེ་དག་ཚང་མ། རྒྱ་ཧེན་མི་རིགས་ལག་དམར་གྱིས་བྱས་པ་མ་གཏོགས། བོད་རིགས་གུང་བྲན་ཏང་ཚང་ཡིན་ན། ལག་དཀར། ལག་གཙང་འཚེ་མེད་ཞི་བ་ཅན་ཤ་སྟགས་རེད་ཅེས་བཤད་ན། དེ་དྲང་པོ་རྩ་བ་ཉིད་ཡོང་ཐབས་ཡོད་མེད་དོ།། །།

  14. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 11:27 pm

    ལོ་རྒྱུས་ནི། ལོ་རྒྱུས་རེད། དེ་ལ་བཅོས་ནས་བཤད་ན། རང་གི་གྲགས་པ་ཉམས་པའི་རྒྱུ་རུ་འགྲོ་བ་ལས། ལོ་རྒྱུས་རང་ལ་འགྱུར་བ་། སུ་གང་གིས་གཏོང་ཐབས་ཡོད་མ་རེད་དོ།། །།ད་དེ་རིང་ཙམ་གྱིས་ཆོག་པར་བྱས་སོ།། །།

  15. ཨ་ཕྱི་ཆོས་སྒྲོན says:
    2014-04-07 at 12:12 am

    ཨ་ཁ་ཁ་མི་ཆེན་པོས་ངོ་ལྐོག་དང་སྐྱག་རྫུན་བཤད་ན་གང་ཕན་ནམ།

  16. རྒྱང་མིག says:
    2014-04-07 at 12:49 am

    ཐུགས་སྨོན་གནང་ཚུལ་དེ་གཉིས་མཐོང་ཐོས་འབྱུང་དུས་ང་ལྟ་བུ་བོད་མི་ཆེས་དཀྱུས་མ་ཞིག་ཀྱང་ཧང་སངས་དགོས་པ་ཞིག་འདུག འབའ་ཕུན་ལ་དེ་འདྲའི་བསྟོད་བསྔགས་གནང་བའི་ཚོད་ཀྱིས་ཁོང་གིས་བོད་ཐད་བཞག་པའི་བྱས་རྗེས་སྐོར་བགྲང་དགོས་གལ་ཆེ་མོད། དེ་ཐད་ནས་ཁོང་གི་བོད་ཀྱི་ལར་ཞེན་ཙམ་ལས་གཞན་ཅི་ཡང་གསུངས་མ་སོང་།
    ༧གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ་གཉིས་ཀྱི་གསུང་སྟངས་དེས། འབའ་ཕུན་ནི་བཙན་བྱོལ་གྱི་ལས་སྣེ་གཙོ་བོ་འགར་དགྱ་འོག་གི་ཕྱོགས་ལ་གོ་སྐོན་བློ་འགུག་ཤུགས་ཆེ་བྱེད་མཁན་ཞིག་ནས་ཁོང་ཚོའི་བསམ་བློར་བསྒྱུར་བཅོས་གཏོང་མཁན་གཙོ་བོ་ཞིག་ཀྱང་མིན་ནམ་སྙམ།

    ཐ་ན་འབའ་ཕུན་གྱིས་༼ཕྱི་ལོ་༡༩༧༦ ལོའི་ཕྱི་ཟླ་དང་པོའི་ནང་ཀྲོའུ་ཨེན་ལའེ་ཚེ་ལས་འདས་པ་དང་། དེ་ནས་ཕྱི་ཟླ་དགུ་པའི་ནང་མའོ་ཀྲུའུ་ཞི་ཚེ་ལས་འདས་པའི་གསར་འགྱུར་གྱིས་ངའི་རེ་བའི་མེ་སྟག་མཐའ་མ་དེ་ཡང་གཏན་མེད་དུ་བཅོམ།༽ཞེས་བརྗོད་ཡོད་པ་དེར་གཞིགས་ཚེ། འབའ་ཕུན་བཙོན་ཁང་དུ་བཅུག་ནས་ལོ་ངོ་བཅོ་ལྔ་ཙམ་འགོར་རྗེས་ཀྱང་། བོད་ཀྱི་ལག་དམར་གྱི་གཏེ་གཙོ་མའོ་དང་ཀྲུའུ་གཉིས་ལ་བཅངས་པའི་ལྷད་མེད་ཡིད་ཆེས་དང་རེ་བ་དེ་ད་དུང་བསྡད་འདུག་པ་མཐོང་ཐུབ།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-04-07 at 12:55 am

    ་་་་་་་ ༧གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ་གཉིས་ཀྱི་གསུང་སྟངས་དེས། འབའ་ཕུན་ནི་བཙན་བྱོལ་གྱི་ལས་སྣེ་གཙོ་བོ་འགར་དགྱ་འོག་གི་ཕྱོགས་ལ་གོ་སྐོན་བློ་འགུག་ཤུགས་ཆེ་བྱེད་མཁན་ཞིག་ནས་ཁོང་ཚོའི་བསམ་བློར་བསྒྱུར་བཅོས་གཏོང་མཁན་གཙོ་བོ་ཞིག་ཀྱང་མིན་ནམ་སྙམ། ་་་་་་་

  18. ཀརྡོ་གཉེར་ཕྱག་པ་ says:
    2014-04-07 at 1:12 am

    འབའ་ཕུན་ལགས་ལ། སྨད་དགོས་ས་དང་། བསྟོད་དགོས་ས་གཉིས་ཀ་ཡོད་དགོས་ཏེ།

    བོད་རིགས་ཡིན་པ་བདེན་པ་རེད།
    ནང་པ་མིན་པ། བདེན་པ་རེད།
    ཆོས་དད་མེད་པ། བདེན་པ་རེད།
    དམར་ལུགས་སྦྱངས་པ། བདེན་པ་རེད།
    བོད་ལ་དམར་པོ་གཏོད་པ། བདེན་པ་རེད།
    དམར་ལུགས་བོད་དོན་ཡིན་པ། བདེན་པ་རེད།
    རྒྱ་དམག་བོད་ལ་དྲངས་པ། བདེན་པ་རེད།
    རང་དོན་སྤྱི་དོན་ཆེད་དུ་བཙོན་ལ་ཤོར་བ། བདེན་པ་རེད།
    བཙོན་གྲོལ་ཐོབ་ནས། གཞན་པར་སྔང་བ། བདེན་པ་རེད།
    རང་རིགས་སྡུག་བསྔལ་མྱངས་པ་མཐོང་བ། བདེན་པ་རེད།
    ཆབ་སྲིད་ལག་རྡུམ་ཡིན་ཡང་། སྐད་ཡིག་རིག་གཞུང་སྤེལ་བ། བདེན་པ་རེད།
    འཆི་ཁར་༸གོང་ས་མཆོག་བོད་ནང་གདན་འདྲེན་དགོས་པའི་དགོས་དོན་བཏོན་པ། བདེན་པ་རེད།
    འཆི་ཁར་༸གོང་ས་མཆོག་ལ་སྐྱེ་བ་ཕྱི་མའི་ངན་སོང་སྡུག་བསྔལ་འཇིགས་ནས། སྐྱབས་འཇུག་ཞུས་པ་ཡང་། བདེན་པ་རེད།

    འདས་པོ་འབའ་ཕུན་ལགས་ཀྱི་བར་དོའི་འཇིགས་པ་ལས་གྲོལ་ནས་དལ་འགྲོའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་དང་བཅས།། །།

  19. ཤར་པ་ says:
    2014-04-07 at 3:21 am

    ༄།་ད་ཡང་འབའ་ཕུན་བོད་མིར་སྐྱེ་ན་དཔེ་བསགས་པ་རེད། མི་ལ་སྐྱེ་ཡག་དེ་ཧ་ཅང་ཁག་པོ་རེད། གལ་སྲིད་མི་ལ་་སྐྱེས་ན་བོད་མ་ི་མ་སྐྱེ་་བར་དམར་ཤོག་གི་ནང་མི་ཞིག་ལ་་སྐྱེ་བར་ཤོག་ཅེས་སྨོན་ལམ་རྒྱབ་བཞིན་ཡོད། ཟམ་གདོང་རིན་པོ་ཆེ་ང་ཚོ་བོད་ལ་བཀའ་དྲིན་ཆེ་པོ་རེད། གྲ་བ་གྲ་ཀྱང་ཡིན་པས་ཁོང་ལ་དགའ་མོས་ཡོད། ཡིན་ན་ཁོང་གི་སྨོན་ལམ་དེ་གོང་ས་མཆོག་གི་རྗེས་སྡུས་ལྟ་བུ་རེད། ལྷག་པར་གོང་ས་མཆོག་གི་དབུ་མའི་ལམ་ཐོག་མར་དོན་ཚན་ལྔ་ཅན་རྫེག་པོ་འདྲ་ཆགཔོ་། འགྲེལ་བཤད་རྒྱབ་ཤེས་མཁན་ཞིག་གིས་རྒྱབ་ན་སྟེང་ཟབ་པོ་ཞིག་ཡོད་ཀྱང། ཟམ་གདོང་བླ་མས་འགྲེལ་བཤད་དེས་ཕྲ་རུ་ཕྲ་རུ་། ཞེན་རུ་ཞེན་རུ་ཙི་ཙིའི་རྔ་མ་འདྲ་པོ་བཟོས་སོང་བས་མཁས་པའི་བཤན་ན་ཅི་ཡང་བདེན་ཞེས་པར་ལྟར་བྱ་ཐབས་བྲལ།

  20. ཞོལ་གཡག་འབྲོང་རྒྱུད། says:
    2014-04-07 at 3:52 am

    སྤྲང་པོས་འཁྲབ་ཚད་ཐལ་བསློང་། ཕྱུག་པོས་འཁྲབ་ཚད་ཞབས་བྲོ། བད་དེ་བས་དྲངས་པའི་གཏམ་དཔེ་དེ་བློ་ལ་ཐད་པོ་བྱུང་།

    བྱས་ཙང་ཕུན་དབང་གིས་བོད་སྐྱོད་བཅིངས་གྲོལ་དམག་གིས་ལམ་སྣེ་འཁྲིད་ནས་བོད་མི་རིགས་ས་ཡ་བརྒལ་བ་དམར་གསོོད་དང་མནར་གཅོད་བཏང་བའི་ནག་ཉེས་དག་ཐབས་ཡོད་པ་མ་རེད་ལ། བོད་དང་བོད་མི་རིགས་འདིའི་ཆག་སྒོ་ནང་འདྲེན་བྱས་པའི་བྱས་ཉེས་དེ་བས་དག་ཐབས་ཡོད་པ་མ་རེད། འོན་ཀྱང་ཕུན་དབང་གི་བློ་མཐུན་༧རྒྱལ་བ་རིན་པོ་ཆེ་དང་བློ་མཐུན་ཟམ་གདོང་ཚང་གིས་ཐུགས་སྨོན་གནང་བ་དེ་སེམས་ཅན་ཞིིག་དང་ལྷག་པར་བོད་རིགས་ཞིག་ཡིན་པའི་ཆ་ནས་ལྷ་ཡོད་སྨྲ་བའི་འགྲོ་སྟངས་འདྲ་ཞིག་རེད་ལ་འགྲིགས་བསྡད་པ་རེད། རེད་དེ་བྱས་ཉེས་མི་གླེང་བར་བྱས་རྗེས་གཅིག་པུ་གླེང་བསྡད་ན་དེ་ཡང་དྲང་བདེན་ཞིག་མ་རེད།

  21. ཅོ་རི་ཉི་མ། says:
    2014-04-07 at 3:58 am

    རིན་པོ་ཆེན་རྣམ་གཉིས་ཀྱིས་ངོས་ནས་བྱས་ན་་
    ༡་་་ཕུན་དབང་དང་མཉམ་དུ་བསླེབས་པའི་རྒྱ་དམག་དེ་དག་གིས་བསད་པའི་ཉམ་ཆུང་བོད་མི་དེ་དག་བསད་དགོས་པ་དང་བསད་འོས་པ་ཞིག་ཨེ་རེད། དེར་ཐལ། ཕུན་དབང་མི་རིགས་ཀྱི་ལར་ཞེན་ཅན་ཡིན་ཕྱིར།

    ༢་་་ཕུན་དབང་རྒྱ་དམག་དང་མཉམ་དུ་བསླེབས་དུས་བོད་པ་བསད་མེད་པའི་དཔང་རྟགས་ཡོད་པ་ཨེ་རེད། དེར་ཐལ། ཕུན་དབང་ལྷག་བསམ་ཅན་ཡིད་པའི་ཕྱིར།

    ༣་་་བོད་མི་རིགས་ཀྱི་མདུན་ལམ་འདིར་གུན་ཁྲན་རིང་ལུགས་ཀྱི་གསར་བརྗེ་བས་ཐབས་སྐྱོ་པོ་འདི་འདྲ་ཞིག་བཟོས་པ་འདིར་འགྲིག་བསྡད་པ་ཨེ་རེད། དེར་ཐལ། ཕུན་དབང་རྣམ་དཔྱོད་ཅན་པའི་ཕྱིར།

    ༤་་་འཛམ་གླིང་ཐོག་ཏུ་ཤཀྱའི་བསྟན་པ་གནས་དང་མ་གནས་ལ་ཁྱད་པ་མེད་པ་ཨེ་རེད། དེར་ཐལ། ཕུན་དབང་ཆོས་མེད་སྨྲ་བ་ཡིན་པའི་ཕྱིར།

    ༥་་་ཡང་བསྐྱར་བོད་ལ་དམག་དྲངས་ནས་བོད་པ་གསོད་མཁན་དང་བོད་ཡུལ་གཏོར་མཁན་ཞིག་དགོས་པ་ཨེ་རེད། དེར་ཐལ། ཕུན་དབང་ཡང་བསྐྱར་བོད་ལ་སྐྱེས་བའི་སྨོན་ལམ་འདེབས་བཞིན་ཡོད་པའི་ཕྱིར། རྟགས་ལྔ་ཀ་ཁེད།།།།།།།།།།

  22. ཅོ་རི་ཉི་མ། says:
    2014-04-07 at 4:03 am

    སྤྲང་པོས་འཁྲབ་ཚད་ཐལ་བསློང་། ཕྱུག་པོས་འཁྲབ་ཚད་ཞབས་བྲོ།་་་་་ཞེས་པ་འདི་དོན་ལ་གནས་སོང་།

  23. སྤོབས་པ་མཐའ་ཡས། says:
    2014-04-07 at 4:45 am

    ཨོ་ད་ཡིན་ན་ང་སེམས་ལྷོད་ལྷོད་ཆགས་སོང་། ད་ནི་ཁྱེད་རང་ཚོ་ལ་དྲི་བ་ཡོད་ན་འདྲ། དགག་པ་ཡོད་ན་འདྲ། སྡུག་ཡུས་ཡོད་ན་འདྲ། ཟམ་གདོང་སྤྲུལ་སྐུ་དང་རྒྱལ་བ་རིན་པོ་ཆེ་རྣམ་པ་གཉིས་ལ་ཤོད།

  24. ཅོ་རི་ཉི་མ། says:
    2014-04-07 at 4:53 am

    ཁྱོད་ནམ་རྒྱུན་བོད་རང་བཙན་ཟེར་ནས་ཏྭ་ལའི་བླ་མའི་གདོང་ལ་མཛུབ་མོ་བཙུགས་མཁན་དང་ཟམ་གདོང་བླ་མར་རིགས་པའི་དགག་མཁན་ཞིག་ཡིན་པ། ཏ་ལའི་དང་ཟམ་གདོང་ཁོ་རང་གཉིས་ཀྱི་ལངས་ཕྱོགས་གསལ་བསྟན་རེད་་་་ཁྱོད་ག་རེ་ཡིན་ཟེར་དགོས་པ་རེད་དམ།

  25. གནམ says:
    2014-04-07 at 5:06 am

    ད་བྱས་ན། འབའ་བ་འདི། མྱི་ཆེན་སྔུན་ན་རྔ་མ་གཡུག་གཡུག་དང་། མྱི་ཆུང་སྒང་ལ་རྡོག་པས་སྤོ་སྤོ་ཡིན་པ་འདྲ། དགྱ་མགོ་མཐོ་དུས་དགྱ་མགོ། བོད་མགོ་མཐོ་དུས་བོད་མགོ་ཡིན་པ་བྱེད་འདོད་ཀྱི་ཁྲམ་པ་བྱེད་འདོད་ཡོད་པ་འདྲ། བློ་གཏོད་བྱེད་ས་མེད་པའི་མྱི་ཟེར་ན་འདི་འདྲ་ལ་བརྫོ་ལེ་རེད། འབུམ་དུམ་པ།
    མྱི་ལུས་བོད་ལུས་ཡིན་པ་ཞིག་ཐོབ་མི་སྲིད་པ་རེད། དཀོན་མཆོག་ལ་ནི་མི་དད། མྱི་རྟ་ནི་མང་པོ་བསད།

  26. གནམ says:
    2014-04-07 at 5:31 am

    བོད་མི་རིགས་ཀྱི་དོན་དུ་ཤི་སོང་བ་དང་བསད་སོང་བ། མྱང་བཞིན་པ་ཚང་མའི་དོན་དུ། མྱིག་གཉིས་བཙུམས་ནས་མཎི་ཕྲེང་སྐོར་གཅིག། བྱིན་རླབས་དང་ནུས་བ་ཚད་མེད་ཅིག་ཡོད་པར་ཡིད་གཅིག་དུ་བཟུང་ནས་ཕུལ་ཡོད་དོ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ།

  27. ཞོལ་གཡག་འབྲོང་རྒྱུད། says:
    2014-04-07 at 5:34 am

    ཟམ་གདོང་བླ་མ་ངུ་གྲབས་བྱས་པ་ཅི་ཁག། ཁོང་གི་བློ་མཐུན་ཏང་ཡོན་གཅིག་གྲོངས་སོང་བས་ཡིན་རྒྱུ་རེད།

  28. བན་དེ་བ། says:
    2014-04-07 at 6:13 am

    སྤོབས་མཐའ་ལགས་རང་ངོར་གཞིག་ཅིང་དཔྱད་རྒྱུ་མི་འདུག་གམ། སྟོན་པ་གཤེན་རབ་བོད་ལ་ཕེབས་དུས་བོད་ལ་བཙན་པོ་མེད་པའི
    པའི་གོང་ན་རེད་དེ་རྗེས་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་རིམ་བཞིན་བཙན་པོ་སྲོང་བཙན་བར་དུ་རྒྱལ་རབས་སོ་གཉིས་ཕྱིན་ཟིམ
    པ་རེད་དེའི་བར་དུ་ཕྱི་དགྲ་ནང་བསུས་པ་གཅིག་ཀྱང་མི་འདུག དེ་རྗེས་བཙན་པོ་སྲོང་བཙན་སྒམ་པོས་བོད་མོ་ལ་མ་དགའ་ནས་རྒྱ་མོ
    བལ་མོ་ཀོང་མོ་སོགས་གནའ་མར་བསུས་ཏེ་ད་ལྟའི་ཨ་ཞང་ཚང་ཟེར་བ་སྐད་གྲགས་ཅན་དེས་བོད་དེ་རྒྱ་མེས་རྒྱལ་གྱི་ཆ་ཤས་ཡིན་རབས་ཀྱི་ལོ་རྒྱུས་དེ་དེ་ནས་བརྩམས་པ་རེད། རེད་དམ་རེད། དབོན་ཞང་གི་འབྲེལ་བ་ཟེར་བ་དེ་ནས་བྱུང
    འདུག དེ་ནས་ད་ལྟ་བོད་མི་རྣམས་དགེ་ཕྲུག་ཆུང་བ་གཞོན་པ་ཡིན་ཟེར་བའང་དེ་ནས་བྱུང་འདུག ད་ཉིན་གཅིག་དགེ་རྒན་གྱིས་བོད་རྒྱ་གར་གྱི་ཁོངས་ཡིན་དགོས་ལབ་ན་དགེ་ཕྲུག་གིས་དགེ་རྒན་ལ་བརྩིགས་མཐོང་གིས་འབུལ་རྐྱང་རེད། མཁས་དབང་ཟམ་གདོང་རིན་པོ་ཆེས་མོན་ཏ་དབང་ནི་དགེ་རྒན་ལ་ཕུལ་སོང་མོན་ཏ་དབང་རྒྱ་གར་གྱི་ཆ་ཤས་ཡིན་པར་སྔོན་མ་བསྒྲགས་ཚར་སོང། ད་དུང་ཁྱོད་ལ
    དགོས་པ་ཡོད་དམ། བོད་ཀྱི་སྣོད་ནི་ཨ་ཞང་ལ་ཕུལ་སོང། བོད་ཀྱི་བཅུད་རིག་གནས་ནི་དགེ་རྒན་ལ་ཕུལ་སོང། ད་རང་དབང་རང་བཙན་གང་ནས་དགོས།།

  29. ཀརྨ་བློ་གསལ་ says:
    2014-04-07 at 7:21 am

    ཧ་ཧ་ཧ། མཁས་དབང་ཟམ་གདོང་ནི་མཁས་དབང་རང་རེད། ཉེ་སྔོན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔར་རྒྱ་གཞུང་ལ་རང་བཙན་བརྩད་པ་ནི་སྐུ་ངོ་འཇུ་ཆེན་གྱི་བསམ་བློ་ཡིན་ཚུལ་ཕྱི་བསྒྲགས་གནང་པར་རྐྱེན་བྱས་ཏེ། མཁས་དབང་ཟམ་གདོང་གིས་ཟིན་྄བྲིས་གནང་པའི་རྒྱ་ནག་རྩ་ཁྲིམས་འོག་ལ་གདམ་ག་གནང་བའི་དབུ་མའི་ལམ་གྱི་ཐག་གཅོད་དེར་རྒྱབ་བརྟེན་བཙལ་བཞིན་པ་མ་རེད་པས། དེ་མ་གཏོགས་ཆོས་ལས་སྲིད་དང་མི་རིགས་མི་དགོས་མཁན་ཞིག་ལ་མི་རིགས་དཔའ་བོ་ཞིག་གྲོངས་པར་སྦྱན་ཆབ་གཏོར་གྱི་མ་རེད་དཱ།

  30. སྤོབས་པ་མཐའ་ཡས། says:
    2014-04-07 at 7:25 am

    རེད་ལགས། སྟོན་པ་གཤེན་རབ་སྟག་གཟིག་ནས་ཀོང་མོ་འཕྲོག་གི་ཡོང་བ་རེད། ཀོང་ཕྲུག་གསོད་དུ་ཡོང་བ་རེད། བོད་མོ་ཕར་ཤོར་བ་ལས་རྒྱ་མོ་ཚུར་རག་ན་དགའ་གི་མ་རེད་པས།

  31. བན་དེ་བ། says:
    2014-04-07 at 7:35 am

    ཀོང་མོ་འཕྲོགས་མི་འདུག་ཀོང་མོ་ཕུལ་འདུག ཀོང་ཕྲུག་བསད་མི་འདུག་ཀོང་ཕྲུག་གཤེན་རྒྱུད་སྤེལ་འདུག ཁ་ནས་བསད་བསད་བཏུབ་བཏུབ་རྐྱང་བཤད་ནས་གླང་དར་བསད་སོང། ཨ་ཀོང་བསད་སོང། མཚན་ཉིད་རྒན་ལགས་བསད་སོང། ད་དུང་མང་གི་ཡ།

  32. ཞོལ་གཡག་འབྲོང་རྒྱུད། says:
    2014-04-07 at 7:39 am

    བན་དེ་ལགས་ཀྱིས་གསུངས་པ་དེ་ག་རང་རེད། གདོད་མའི་བོད་མི་རིགས་འདིའི་ཞག་རྩི་ཐམས་ཅད་ཕྱི་ནས་ནང་འདྲེན་བྱས་རབས་ཀྱི་འགྲེལ་བཤད་རྒྱག་རྒྱུ་མང་སོང་བས་རེད། ཨ་ཞང་ཚང་ལ་ཅི་ཁག། ཁོ་ནི་འདོད་རྔམས་ཅན་གྱི་འཕར་བ་རང་རེད། ང་ཚོ་འཕར་ཚང་གི་འགྲམ་དུ་འགྲོ་རྒྱུ་དགའ་སོང་ལ་མང་ཡང་སོང་བ་རེད་དོ།

  33. ཞོལ་གཡག་འབྲོང་རྒྱུད། says:
    2014-04-07 at 7:48 am

    རེད་ད། སྤོབས་མཐས་བོད་རིགས་ས་ཡ་བརྒལ་བ་བསད་པ་དེ་མཐོང་མེད་པ་རེད་ལ། སོག་པོས་བསད་པ་ཐམས་ཅད་ཁོས་བོད་མིར་་མི་བརྩི་ལ་ད་དུང་སོག་པོར་བཀའ་དྲིན་ཆེན་པོ་ཡིན་རབས་ལུང་པ་གང་བཤད་སྟངས་ལ་བལྟོས་དང་། ཁོས་གཡག་བསད་པ་མི་མཐོང་བར་གཤིག་བསད་པ་མཐོང་སོང་བ་རེད་དོ།

  34. སྤོབས་པ་མཐའ་ཡས། says:
    2014-04-07 at 7:55 am

    ད་ཁྱོད་ཚོས་སྤོབས་མཐའ་ཟེར་ནས་འདེད་མ་འདུག ཟམ་གདོང་བཤུམས་གྲབས་བྱེད་ཀྱིན་འདུག རྒྱལ་བ་རིན་པོ་ཆེས་འབའ་པ་ཕུན་དབང་བྱང་ཆུབ་སེམས་དཔའ་ལ་ངོས་བཟུངས་སོང་། འདི་རྩད་ཡོད་ན་རེད། དོག་སློང་ཡོད་ན་རེད། དགག་པ་ཡོད་ན་རེད། སྡུག་ཡུས་ཡོད་ན་རེད། ཁོང་རྣམ་པ་ཚོ་ལ་ཤོད། ངས་ཧ་མི་གོ། ངས་གོ་ཚོད་དེ་སྔོན་མ་བཤད་ཡོད། ད་ནི་ངའི་རྒྱབ་ཀྱི་འབའ་ཕུན་སྐོར་གྱི་ཁུར་བོ་དེ་ཟམ་གདོང་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེ་གཉིས་ཀར་ཕུལ་ཡོད། ངས་འབའ་པ་ཕུན་དབང་ལ་བསྟོད་ན་རེད། ཁོང་རྣམ་པ་གཉིས་ཀས་བསྟོད་ན་འདྲ། བསྟོད་ཡུལ་འབའ་པ་ཕུན་དབང་མི་གཅིག་ཡིན་དུས་ང་ནག་ཉེས་ཆེ་དོན་ཅི་རེད།

  35. དགེ་རབ་ says:
    2014-04-07 at 8:01 am

    ཁྱེད་ཅག་གིས་འདིར་གླེང་སློང་གནང་བའི་མཆན་བུ་རྣམས་བཀླགས་པ་ཡིན། ང་ཚོའི་ནོར་འཁྲུལ་དེ་གང་ཞིག་ན་ཡོད་པ་དེ་སུས་ཤེས། ང་ཚོའི་སེམས་ནང་སྐྱོན་མེད་པའི་མི་ཞིག་དགོས་ཀྱི་ཡོད་པ་འདྲ། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། སོགས་ཀྱི་གཏམ་དཔེ་ཡོད་ཀྱང་། ད་དུང་སེམས་ཀྱི་ཕུགས་སུ་མི་སྐྱོན་མེད་པ་ཞིག་འཚོལ་གྱིན་ཡོད་པ་འདྲ། ད་ང་ཚོའི་སེམས་ཀྱི་འཁྱེར་སོ་ཞིག་རེད་དྲན། དེ་འགྲིག་གི་མེད་པ་འདྲ།
    མི་ཞིག་འདས་ཟིན་པའི་རྗེས་སུ་སྐྱོན་མི་གླེང་བར་དེའི་ཡོན་ཏན་གླེང་བ་དང་། དེ་ཡང་རང་ཉིད་སྒེར་ལ་འབྲེལ་བ་བྱུང་ཚུལ་གླེང་བ་སོགས་ཀྱི་ལུགས་སྲོལ་ཞིག་འདུག དེ་ཧ་ཅང་ཡག་པོར་མཐོང་། རྗེས་དྲན་བྱེད་པའི་སྐབས་སུ་འདས་པོ་དེས་སྐབས་རེར་དགོད་བྲོ་བ་དང་སྐབས་རེར་ངུ་བྲོ་བའི་འཇིག་རྟེན་ཁམས་ཀྱི་ཟློས་གར་ལ་རོལ་པ་རྩལ་དུ་བཏོན་ནས་བཤད་དེ་མི་དེ་མི་ཞིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་རྗེས་དྲན་བྱེད་སྲོལ་དེ་ལེགས་པར་མཐོང་།

    དེ་ནས། ཕུན་དབང་གི་སྐུ་ཚེ་དེ་བོད་ཀྱི་རླུང་འཚུབ་ཆེན་པོ་དེའི་ནང་ནས་མགོ་བཙུགས་པ་རེད། མི་ལ་རང་དབང་ཡང་ཡོད་མ་རེད། རླུང་འཚུབ་ཆེན་པོ་དེས་དེད་དེད་ནས་ཅིག་ལ་བསྐྱལ་བཞག་པ་རེད། རླུང་འཚུབ་ཆེན་པོ་དེའི་ཁྲོད་ནས་ཁོས་བོད་མི་རིགས་ལ་ལས་ཀ་སྣ་ཚོགས་བྱས་པ་རེད། དེར་བརྟེན་འདི་ཡང་སེམས་ལ་འཛིན་དགོས་པ་ཞིག་མིན་འགྲོ་དྲན།

    གུས་བཅས།

  36. བཙན་པོ། says:
    2014-04-07 at 8:25 am

    ཁ་སང་དེ་རིང་དྲྭ་ཐོག་ན་ཆེས་རྒྱུག་ཆེ་ཤོས་ཕུན་དབང་གི་སྐོར་རེད་འདུག ཁ་ཤས་ཤིག་གིས་ཟེར་སྒྲོས་ཁོ་ན་གནམ་ལ་འཕྱར་ནས་ཅིག་བཤད་བཞིན་འདུག ལ་ཤས་མི་ཞིག་གི་སྐྱོན་ཁོ་ན་གླེང་བར་གོམས་བསྡད་པའི་རིགས་དེའི་གྲས་སུ་འདུ། ལ་བཤད་ལུང་བཤད་ཅི་ཞིག་བྱེད་ཀྱང་མཆན་པ་ཚོའི་ནང་ན་ཕུན་དབང་སྒེར་གྱི་མི་ཚེའི་ལོ་རྒྱུས་གཞི་བྱས་མགོ་འཇུག་བར་གསུམ་གྱི་བྱུང་རབས་ཐ་དག་ལ་རྒྱུས་མངའ་གསལ་བོ་ཡོད་མཁན་དཀོན་པའི་སྣང་བ་བྱུང་། མ་གཞི་བགྲོ་གླེང་བྱས་པ་ཡག་པོ་རེད་དེེ་རང་གི་བློ་མིག་བེད་སྤྱད་ནས་དྲང་བོ་དྲང་བཞག་གི་སྐད་ཆ་བཤད་རྒྱུ་གལ ཕུན་དབང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཁོང་གི་བྱེད་ཕྱོགས་མི་ཉུང་བ་ཞིག་སྔ་ཕྱི་ཡི་དེབ་དེ་གཉིས་ལས་ཅུང་རྟོགས་ཐུབ་ན་ཡང་དེ་ཙམ་གྱིས་སྡོམ་ཚིག་རྒྱག་མི་རུང་། ཕུན་དབང་གི་སྐོར་ལ་ཅིག་བཤད་རྒྱུ་ཡིན་ཟེར་མཁན་ཚོས་ད་དུང་ཁ་གསལ་བྱེད་ཐུབ་པའི་ལམ་ཁ་མང་པོ་ཡོད་རེད་དྲན།

  37. ཆབ་མདོ་ངག་ཕུན། says:
    2014-04-07 at 12:45 pm

    གངས་ཅན་ལྗོངས་ཀྱི་དཔའ་རྒོད།།
    འབའ་པ་ཕུན་ཚོགས་དབང་རྒྱལ།།
    བདག་གི་སྙིང་ནས་བསྟོད་དོ།།
    ཁོང་ལས་བློ་སྟོབས་ཆེ་བ།།
    ཁོང་ལས་བློ་རིག་བཀྲ་བ།།
    ཁོང་ལས་སྤྱང་གྲུང་འཛོམས་པ།།
    ཁོང་ལས་བློ་གྲོས་ཆེ་བ།།
    ཁོང་ལས་ཡིད་བརྟན་ཆེ་བ།།
    ཁོང་ལས་ལ་ཞེན་ཆེ་བ།།
    ཁོང་ལས་རྒྱལ་ཞེན་ཆེ་བ།།
    སུ་ཞིག་མེད་པ་ཡིན་ནོ།།
    གནས་མཆོག་གངས་ཅན་ལྗོངས་སུ།།
    སུ་ཞིག་ཡོད་པ་མེད་དོ།།
    ད་ལྟ་དུས་ལ་མེད་ལ།།
    མ་འོངས་དུས་སུ་མི་འབྱུང་།།
    སྨད་ར་ག་རེ་གནང་ཡང་།།
    ཁ་ལྕེ་ན་རོག་མ་གཏོགས།།
    ཁྱད་པར་སྤུ་ཙམ་མེད་རེད།།
    དངོས་ཡོད་ལོ་རྒྱུས་ཁག་ནས།།
    གསལ་པོ་རྟོགས་ངེས་ཡིན་ནོ།།

  38. ཤར་པ་ says:
    2014-04-07 at 2:42 pm

    ༄།གང་ཅན་ལྗོངས་ཀྱི་ཞབས་འདྲེན།
    འབའ་པ་ཕུན་ཚོགས་དབང་རྒྱ།
    བདག་གིས་སྙིང་ནས་སྨད་དོ།
    ཁོ་ལས་བློ་སྟོབས་ཞེན་པ།
    ཁོ་ལས་སྐྱག་དྲུང་མཛོད་པ།
    ཁོ་ལས་བློ་ནག་བཀྲ་བ།
    ཁོ་ལས་ཡིད་བརྟེན་ཆུང་བ།
    ཁོ་ལས་རྒྱ་ཞེན་ཆེ་བ།
    སུ་ཞིག་མེད་པ་ཡིན་ནོ།
    གནས་མཆོག་གང་ཅན་ལྗོངས་སུ།
    སུ་ཞིག་མེད་པ་ཡོད་དོ།
    ད་ལྟའི་དུས་ལ་མེད་ལ།
    མ་འོངས་དུ་སུ་མི་འབྱུང།
    བརྟོད་ར་གང་ཚོད་བྱེད་རུང་།
    ཁ་ལྕེ་ན་བ་མ་ཏོག།
    དངོས་ཡོད་ལོ་རྒྱུས་ཁག་ནི།
    རྒྱ་རོའི་རྒྱུག་ཁྱི་དངོས་རེད།
    བོད་མའི་སྲོག་བདག་དངོས་རེད།
    རྒྱ་རོའི་ལམ་མཁན་དངོས་རེད།
    བོད་མི་གུང་ཁྲན་དངོས་རེད།

  39. གཞོན་ནུ་ཟླ་མེད says:
    2014-04-07 at 10:58 pm

    འོ་ཡ། ད་ཕུན་དབང་ལ་དྲན་གསོ་བླ་མེད་ཞིག་གཏོང་གི་འདུག ལྷག་པར་ཏུ་ཟམ་གདོང་གི་བྱེད་སྟངས་རྣམ་འགྱུར་དེ་ཚོ་སྐྱུག་བྲོ་བོ་འདྲ་ཞིག་རེད། དེ་ཚོ་གཡུག་ཞོག དྲང་མོར་བཤད་ན་ཁོང་གུང་ཁྲན་ཏང་ཡོན་ཡིན་མིན་དང་། ཆོས་ཁས་ལེན་མཁན་ཡིན་མིན་དེ་གལ་ཆེན་པོ་ཞིག་མ་རེད། ཆོས་ལ་དད་མ་དད་དེ་ཁོང་རང་གི་རང་མོས་རེད། འོན་ཀྱང་བོད་ཀྱི་རིགས་སུ་སྐྱེས་ནས། བོད་ལ་དམག་སྣ་འདྲེན་པ། ཕོ་བྲང་པོ་ཏ་ལར་མེ་སྒྱོགས་བརྒྱབ་ནས་༧ གོང་ས་མཆོག་ལྷ་ས་ནས་བཞུགས་མ་ནུས་པར་བཟོ་བ། ༧གོང་ས་མཆོག་དགོང་ལོ་ཆུང་ཆུང་སྐབས་སུ་བཞུགས་ཁྲི་སྒང་ལ་མཇལ་མྱོང་ཟེར་བ་དེའི་སྐབས་སུ་ཁོ་ལྷ་སར་རྒྱ་མིའི་སོ་ཉུལ་ལ་ཡོང་བ། ༧གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་རྒྱ་གར་རྒྱལ་མཚམས་མ་བརྒལ་བར་ཏུ་རྗེས་འདེད་གཏོང་མཁན་ཚང་མའི་ནང་དུ་ཁོང་གི་བྱས་རྗེས་ཡོད་ཡོད་པ་རེད། དེ་ན་ད་ལྟ་ང་ཚོའི་དྲན་གསོ་དང་ཆེས་བསྟོད་བླ་མེད་ཕུལ་བ་ནི། མ་འོངས་འབྱུང་འགྱུར་གྱི་སྐབས་སུ་མགོ་གཉིས་དྲན་འཕྲུལ་ཅན་དག་ལ་ཁྱོད་ཚོས་ཀྱང་རྒྱ་ཕྱོགས་ཀྱི་སོ་བ་བྱེད་དགོས་པ་གང་ཐུབ་ཐུབ་བྱས་ན་མ་འོངས་པར་ང་ཚོས་འདི་ལྟར་བརྩི་བཀུར་བྱེད་ངེས་ཟེར་ནས་གོ་སྐབས་སྐྲུན་པ་ཞིག་དང་། ང་ཚོ་ནི་དགྲ་གཉེན་གྱི་ངོ་མི་ཤེས་པ་ཞིག་ཡིན་ཟེར་བ་དང་གཉིས་སུ་མེད། དྲང་མོར་བཤད་ན་བཙན་བྱོལ་སྒྲིག་འཛུགས་ནས་ཁོང་བོད་ཞེན་ཅན་དང་བྱས་པ་ཅན་ཞིག་ཏུ་ངོས་བཟུང་ན་ཡང་། གཞི་བྱེས་བོད་འབངས་མི་རེ་ངོ་རེའི་ངོས་ནས་ཁོ་རང་ནི་ང་ཚོའི་ནང་མི་གསོད་པའི་ལག་དམར་གྲས་ན་ཡོད་པ་མི་རབས་མང་པོར་བརྗེད་སྲིད་ཀྱི་མ་རེད། དེ་བས་ན་ད་ཐེངས་ཟམ་གདོང་གིས་བོད་འབངས་ཡོངས་ཀྱི་ཡ་ཆུང་སེམས་ཀྱི་ནང་ལ་མེ་འབུད་པ་རེད་བསམ་གི

  40. ཆབ་ཕུན། says:
    2014-04-07 at 11:17 pm

    གངས་ཅན་བོད་ཀྱི་ཡུལ་ལྗོངས་ལ།། སྙིང་སྟོབས་བློ་གྲོས་ཕུལ་དུ་ཕྱིན།། འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག། ཁྱེད་ཀྱི་བློ་གྲོས་སྙིང་སྙོབས་ལ།། ཟུར་གནས་ཀུན་གྱི་ཡི་རངས་ཀྱིས།། བསྔགས་བརྗོད་མེ་ཏོག་ཡང་ཡང་འཐོར།། ཁྱེད་ལས་སྙིང་སྟོབས་ཆེ་བ་ཞིག། གངས་ཅན་ལྗོངས་ལ་བྱུང་མྱོང་མེད།། ཁྱེད་ཀྱི་ལེགས་བཤད་རྨད་རེ་རེ་ནས།། སྦྲང་རྩི་བཅུད་ཀྱི་འབྲས་བཟང་འཁྲུངས།། དམར་པོ་འགོ་ཁྲིད་མདུན་ངོས་ལ།། བོད་ཀྱི་གནད་དོན་ཞུམ་མེད་བཤད།། གངས་ཅན་བོད་ཀྱི་གནས་མཆོག་ལ།། ༸རྒྱལ་བ་མཆོག་ལས་ལྷག་མེད་པའི།། ༸རྒྱལ་མཆོག་བཞུགས་པའི་དུས་རིང་ལ།། བོད་རྒྱའི་དཀའ་རྙོག་སེལ་དགོས་སོགས།། འཛེམས་ཟོན་མེད་པར་ཡང་ཡང་བཤད།། མི་རིགས་འདྲ་མཉམ་དགོས་པ་དང་།། སྐད་ཡིག་ཐོབ་ཐང་དགོས་པ་སོགས།། འཇིགས་ཞུམ་མེད་པ་ཡང་ཡང་བཤད།། རྒྱ་ནག་དམར་པོ་སྲིད་གཞུང་གི།། བོད་ལ་འཛིན་པའི་ཆབ་སྲིད་དེ།། ནོར་འཕྲུལ་ཚབ་ཆེ་ཡིན་པ་སོགས།། འཇིགས་ཞུམ་མེད་པར་ཐེར་འདོན་གནང་།། དཔའ་བོ་མིན་ན་གང་ཞིག་ཡིན།། རང་དབང་ལུང་པའི་ནང་ལོག་ནས།། སྐད་འབོད་རྒྱབ་ཀྱང་རང་དབང་རེད།། རྒྱ་དམར་མདུན་ལ་སྐད་རྒྱབ་ན།། གང་འདྲ་མནར་གཅོད་གཏོང་གི་ཡོད།། རྣམ་པ་ཚང་མས་ཤེས་གསལ་རེད།། མང་པོ་བཤད་ཀྱང་དགོས་དོན་མེད།། གངས་ལྗོངས་ཡོངས་ཀྱི་མགོན་སྐྱབས་དང་།། ཞི་བདེའི་དེད་དཔོན་ཆེན་པོ་མཆོག། ༸གོང་ས་༸སྐྱབས་མགོན་ཆེན་པོ་ཡིས།། རླབས་ཆེན་ཕུན་ཚོགས་དབང་རྒྱལ་ལ།། འདེང་འཇོག་ཚད་མེད་གནང་བའི་ལ། ཀུན་གྱིས་མཐོང་བས་དགའ་སྤྲོས་ཁེངས།། དེ་བཞིན་མཁས་དབང་ཟམ་གདོང་གིས།། ཕུན་དབང་བསྟོད་ཅིང་ཡི་རངས་ལ།། ཕྲག་དོགས་སྨྱོས་པས་སྐྱེ་བོ་འགས།། དོན་མེད་ཅ་ཅོ་འུར་སྒྲོག་དེ།། ཁ་ལྕེ་ན་བ་ཞིག་ལས་ཅི།། དེ་དོན་ཁྱོད་ཚོས་རྟོགས་པར་ཤོག།

  41. ཤར་ཕྱོགས་ཁུག་རྟ། says:
    2014-04-07 at 11:49 pm

    ༄༅།། སྐུ་གཤེགས་དམ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྗེས་དྲན་གྱི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་འཕྲིན་དེ་གཞན་ཞིག་གིས་ཡིག་ཐོག་ཕབ་འདུག་ཅིང་། ཁོ་བོས་དེ་ཕྲན་བུ་ཞུ་སྒྲིག་གིས་འདིར་བཀོད་ཡོད་པས། ཕན་ཐོགས་ཡོང་བའི་རེ་བ་ཡོད།

    “འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་གོ་ནས་སེམས་ཕམ་པོ་བྱུང་། སྤྱིར་བཏང་ཁོང་རང་དགུང་ལོའི་ཆ་ནས་བྱས་ན། དགུང་ལོ་ཧ་ཅང་མཐོ་པོ་རེད། ཡིན་ནའང་ད་དུང་ལོ་ཁ་ཤས་ཤིག་བཞུགས་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམས་པའི་རེ་བ་ཞིག་ཡོད་པས། གློ་བུར་ཞིག་ལ་སྐུ་ཚེ་མ་ཟིན་པ་བྱུང་འདུག
    འབའ་བ་ཕུན་ཚོགས་དབང་རྒྱལ་བོད་རིགས་ཀྱི་ནང་ནས་ཤེས་ཡོན་དང་། འཇོན་ཐང་། དེ་བཞིན་ལྷག་བསམ་བཅས་ཀྱི་ཆ་ནས་འབུར་དུ་ཐོན་པའི་མི་སྣ་ཞིག་ཆགས་ཡོད། བོད་པའི་སྤྱི་ཚོགས་ནང་གསར་བརྗེའི་ལམ་དུ་འགྲོ་ཐུབ་པ་ཞིག་དང་། ལྷག་པར་དུ་མཀ་སེའི་ལྟ་གྲུབ་སྐོར་ལ་ཆེད་དུ་བཀར་ནས་རྩོད་སྒྲུབ་དངོས་པོའི་རིང་ལུགས་སྐོར་ལ་མཐར་ཕྱིན་པའི་མཁས་པ་བོད་པ་ཙམ་དུ་མ་ཟད། རྒྱ་མི་དང་ཨུ་རུ་སུའི་ནང་ལའང་ཁོང་དང་མཉམ་པ་དེ་འདྲ་དཀོན་པོ་ཡིན་གྱི་རེད། ཡང་སྒོས་མི་རིགས་ཀྱི་ཤ་ཞེན་ནི་བསམ་བརྗོད་ལས་འདས་པ་ཞིག་ཡོད་རེད། དེའི་དབང་གིས་ཁོ་རང་གི་སྐུ་ཚེའི་ནང་ལ་ལོ་མང་བཙོན་ཁང་ནང་བཞུགས་དགོས་པའི་གནས་སྟངས་བྱུང་བ་རེད།
    ༸སྐྱབས་༸མགོན་རིན་པོ་ཆེའི་གསུང་སྒྱུར་གྱི་ཚུལ་དུ་རྒྱ་ནག་ལ་ཕེབས་པའི་སྐབས་ལ་ཧ་ལས་པའི་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཞིག་དང་། མི་སྒེར་གྱི་ཆ་ནས་༸རྒྱལ་བ་རིན་པོ་ཆེས་ཐུགས་བློས་ལིང་འགེལ་གནང་ཆོག་པའི་མི་ཞིག་བྱུང་བ་རེད། ཁོང་རང་༸གོང་ས་མཆོག་ལ་དགའ་ཞེན་ཧ་ལས་པའི་ཤུགས་ཆེན་པོ་ཡོད་མཁན་ཞིག་རེད། ༸རྒྱལ་བ་རིན་པོ་ཆེའི་སྐོར་ལ་བཀའ་མོལ་ཞུས་པའི་སྐབས་ལ་ལམ་སེང་མིག་གཞའ་འཁོར་ཡོང་མཁན་ཞིག་ཡོད།
    ང་རང་སྒེར་ལ་ཆ་བཞག་ནའང་། རྒྱུན་རིང་པོའི་བར་དུ་གྲོགས་པོ་བློས་ཐུབ་བྱས་ནས་བསྡད་པ་རེད། དངོས་སུ་ཐུག་པ་དེ་ཐེངས་གཅིག་གཉིས་ཤིག་མ་གཏོགས་བྱུང་མེད། ཡིན་ནའང་ཐུག་པའི་སྐབས་ལ་ཉིན་མཚན་སྦྲེལ་ནས་སྐད་ཆ་བཤད་དེ་གནས་ཚུལ་མང་པོའི་ཐོག་ལ་གོ་བསྡུར་བྱེད་ཀྱི་ཡོད། མ་ཐུག་པའི་སྐབས་ལའང་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་གོ་བསྡུར་བྱས་པ་ཡིན། ལྷག་པར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཞིབ་ཚགས་གཏན་འབེབས་བྱེད་པའི་སྐབས་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གོ་དོན་དང་། དེ་བཞིན་རྒྱ་ནག་དབུ་ཁྲིད་ཚོའི་དགོངས་པ་བཞེས་ཕྱོགས་དེ་འདྲ་མང་པོ་ཞིག་གི་ཐོག་ལ་ང་ཚོས་དོན་མ་རྟོགས་པ་རྣམས་ཁོང་རང་ལ་བཀའ་འདྲི་ཞུས་ནས་བྱེད་ཀྱི་ཡོད་རེད།
    ཁོང་གིས་ག་དུས་ཡིན་ནའང་བོད་མི་རིགས་ཀྱི་གནད་དོན་འདི་ཐག་གཅོད་ཅིག་ཡོང་ཐུབ་པ་ཞིག་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་༸ཞབས་སོར་འཁོད་ཐུབ་པ་ཡོང་རྒྱུའི་ཆེད་དུ་ཧ་ཅང་གིས་སེམས་ཤུགས་དང་ལྷག་བསམ་ཆེན་པོ་ཡོད་མཁན་ཞིག་རེད། ཐོག་མར་བརྒྱད་ཅུ་གྱ་གྲངས་ནས་བོད་རྒྱ་ཞི་མོལ་འགོ་ཚུགས་དུས་ནས་འབྲེལ་བ་ཡོད་པའི་མི་ཞིག་ཆགས་ཡོད་འདུག དེར་བརྟེན་ཁོང་རང་གི་སྐུ་ཚེའི་རིང་ལ་སྤྱིར་བཏང་མཀ་སེའི་རིང་ལུགས་སྐོར་དང་། དེ་བཞིན་སྤྱིའི་ཚན་རིག་སྐོར། ལྷག་པར་དུ་མཀ་སེའི་ལྟ་གྲུབ་ཐོག་ནས་མི་རིགས་ཀྱི་གནས་བབ་བཅས་ཀྱི་ཐོག་ལ་ཡིག་འཇོག་རྒྱ་ཆེན་པོ་གནང་མཁན་ཞིག་རེད།
    སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཕུན་ཚོགས་དབང་རྒྱལ་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཚོད། དེ་སུ་ལ་ཡིན་ནའང་ཡོང་ཆོག་པ་དང་ཡོང་བཞིན་པ་ཞིག་རེད། འོན་ཀྱང་དོན་དམ་གྱི་ཆ་ནས་ཁོ་རང་གིས་མི་ཚེ་གཅིག་གི་ཕྱག་ལས་གནང་སྟངས་དེ་ཚོ་ཁོ་རང་གི་མི་ཚེའི་ལོ་རྒྱུས་ནང་ཞིབ་ཚགས་པོ་གཟིགས་པ་ཡིན་ན་གནས་ཚུལ་ཆ་ཚང་མཁྱེན་རྟོགས་ཡོང་ཐུབ་པ་ཞིག་རེད། དེར་བརྟེན་དེ་རིང་ཁོང་སྐུ་ཚེ་མ་ཟིན་པ་དེ་ལ་བློ་ཕམ་དང་། ཁོ་རང་གི་བྱས་བསགས་སྡིག་ལྟུང་བྱང་ནས་སླར་ཡང་བོད་མི་ཚད་ལྡན་ཞིག་ལ་སྐྱེ་བ་ལེན་པ་དང་། བོད་མི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཡོང་བའི་སྨོན་ལམ་རྒྱག་གི་ཡོད།” ཅེས་གསུངས་སོ། །

  42. ཤར་ཕྱོགས་ཁུག་རྟ། says:
    2014-04-07 at 11:54 pm

    དེ་རིང་གཞོན་ནུ་ཟླ་མེད་ལགས་ལའང་རྒྱུ་མཚན་མི་དགོས་པ་འདི་ཡ་མཚན་ཡིན་ཁར། ཁུངས་མེད་ལུང་མེད་དེ་འདྲ་གསུང་གི་འདུག གང་ལྟར་འདི་ཚོ་ཁ་རྩོད་རྒྱབ་ནས་ཐག་ཆོད་འགྲོ་བ་ཞིག་མིན་ནའང། གློའུ་བཤད་རྒྱག་གི་བསྡད་ན་སུན་གི་ཡ།

  43. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 12:54 am

    ཁྲི་ཟུར་ཟམ་གདོང་མཆོག་གིས།
    ་་་་་ སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཕུན་ཚོགས་དབང་རྒྱལ་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཚོད། དེ་སུ་ལ་ཡིན་ནའང་ཡོང་ཆོག་པ་དང་ཡོང་བཞིན་པ་ཞིག་རེད། ་་་་་་

  44. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 12:57 am

    ་་་་་་ ཆོས་ལ་དད་མ་དད་དེ་ཁོང་རང་གི་རང་མོས་རེད། འོན་ཀྱང་བོད་ཀྱི་རིགས་སུ་སྐྱེས་ནས། བོད་ལ་དམག་སྣ་འདྲེན་པ། ཕོ་བྲང་པོ་ཏ་ལར་མེ་སྒྱོགས་བརྒྱབ་ནས་༧ གོང་ས་མཆོག་ལྷ་ས་ནས་བཞུགས་མ་ནུས་པར་བཟོ་བ། ༧གོང་ས་མཆོག་དགོང་ལོ་ཆུང་ཆུང་སྐབས་སུ་བཞུགས་ཁྲི་སྒང་ལ་མཇལ་མྱོང་ཟེར་བ་དེའི་སྐབས་སུ་ཁོ་ལྷ་སར་རྒྱ་མིའི་སོ་ཉུལ་ལ་ཡོང་བ། ༧གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་རྒྱ་གར་རྒྱལ་མཚམས་མ་བརྒལ་བར་ཏུ་རྗེས་འདེད་གཏོང་མཁན་ཚང་མའི་ནང་དུ་ཁོང་གི་བྱས་རྗེས་ཡོད་ཡོད་པ་རེད། ་་་་་་་

  45. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 12:59 am

    # 37 ཆབ་མདོ་ངག་ཕུན།་ལགས་ཀྱིས་མཆན་བཏབ་པ།:
    April 7th, 2014 at 12:45 PM
    གངས་ཅན་ལྗོངས་ཀྱི་དཔའ་རྒོད།།
    འབའ་པ་ཕུན་ཚོགས་དབང་རྒྱལ།།
    བདག་གི་སྙིང་ནས་བསྟོད་དོ།།
    ཁོང་ལས་བློ་སྟོབས་ཆེ་བ།།
    ཁོང་ལས་བློ་རིག་བཀྲ་བ།།
    ཁོང་ལས་སྤྱང་གྲུང་འཛོམས་པ།།
    ཁོང་ལས་བློ་གྲོས་ཆེ་བ།།
    ཁོང་ལས་ཡིད་བརྟན་ཆེ་བ།།
    ཁོང་ལས་ལ་ཞེན་ཆེ་བ།།
    ཁོང་ལས་རྒྱལ་ཞེན་ཆེ་བ།།
    སུ་ཞིག་མེད་པ་ཡིན་ནོ།།

  46. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 1:00 am

    # 38 ཤར་པ་་ལགས་ཀྱིས་མཆན་བཏབ་པ།:
    April 7th, 2014 at 2:42 PM
    ༄།གང་ཅན་ལྗོངས་ཀྱི་ཞབས་འདྲེན།
    འབའ་པ་ཕུན་ཚོགས་དབང་རྒྱ།
    བདག་གིས་སྙིང་ནས་སྨད་དོ།
    ཁོ་ལས་བློ་སྟོབས་ཞེན་པ།
    ཁོ་ལས་སྐྱག་དྲུང་མཛོད་པ།
    ཁོ་ལས་བློ་ནག་བཀྲ་བ།
    ཁོ་ལས་ཡིད་བརྟེན་ཆུང་བ།
    ཁོ་ལས་རྒྱ་ཞེན་ཆེ་བ།
    སུ་ཞིག་མེད་པ་ཡིན་ནོ།

  47. ཆབ་ཕུན། says:
    2014-04-08 at 2:02 am

    ཕོ་བྲང་པོ་ཏ་ལ་ལ།། མེ་སྒྱོགས་རྒྱབ་མཁན་དེ་ནི།། ཁྲེལ་གཞུང་མེད་པའི་རྒྱ་དམར།། གུང་ཁྲན་ཡིན་པ་ཞིག་ལས།། མི་རིགས་དཔའ་རྒོད་ཕུན་དབང་།། གཏན་ནས་མིན་ནོ་དྲ་གྲོགས།། བཟང་ངན་མཉམ་དུ་མ་བསྲེས།། དྲ་གྲོགས་རྣམ་གྱི་མཁྱེན་མཛོད།།

  48. ཞོལ་གཡག་འབྲོང་རྒྱུད། says:
    2014-04-08 at 4:47 am

    ནམ་རྒྱུན་ལྷ་ཡོད་སྨྲ་བས་ལྷ་མེད་སྨྲ་བར་ངན་སྨྲས་ཡོད་དགུ་བཏོན་གྱི་ཡོད། ད་རེས་ལྷ་མེད་སྨྲ་བའི་ཏང་ཡོན་ཞིག་གྲོངས་སོང་བས་ངུ་གྲབས་བྱེད་ཀྱི་འདུག་ལ་བསྟོད་གླུ་ལ་ཚོད་མེད་ཅིག་ཨ། ཡ་མཚན་དངོས་བྱུང་རང་རེད། ཨ་ཁུ་སྤོབས་པར་ཡ་མཚན་འདི་སྐྱེས་པར་ཅི་ཁག། ད་དུང་ཏང་ལ་བསྟོད་གླུ་ལེན་རྒྱུ་ལྷག་འདུག། བློ་མཐུན་ཏང་ཡོན་པ་ཚོ་ཡིན་ད།
    ད་ནི་སྡིག་ཆེན་ཤི་སོང་བས་ཐར་ལམ་ལ་འདྲེན་ཐུབ་མཁན་འདྲ་ཡོད་ན་འདྲེན་རོགས་གནང་། བསྟོད་གླུ་བགྱེར་ནས་ཐར་ལམ་ལ་འདྲེན་པའི་ལམ་ལུགས་ཤིག་ཡོད་པ་ཨེ་རེད།

  49. ཆབ་ཕུན། says:
    2014-04-08 at 6:49 am

    ད་ནི་གང་ལྟར་མདོ་བསྡུས་ནས་བཤད་ན། ཕུན་དབང་ཁོང་གི་མི་རིགས་ཀྱི་ལ་ཞེན་གང་འདྲ་ཞིག་ཡོད་པ་དངོས་ཡོད་ཀྱི་ལོ་རྒྱུས་ཁག་ལས་གསལ་པོ་འཁོད་ཡོད་ན་རྩོད་པ་རྒྱབ་དགོས་དོན་མ་མཆིས་ཀྱང་འགའ་ཤས་ཀྱིས་ཤེས་བཞིན་དུ་ཁྱད་བསད་ཀྱིས་ཁོང་ལ་དམའ་འབེབས་བྱེད་བཞིན་འདུག་ཅིང་། དེ་དག་ནི་ཕྲག་དོགས་ཁྲག་གིས་བཟི་བ་ཞིག་ལས་མ་འདས་ཤིང་། བོད་རིགས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་མཆོག་གི་ཕུན་དབང་ལ་གཟིགས་སྟངས་ལས་ལྷག་གཅིག་སུ་གང་ལ་ཡང་བཤད་རྒྱུ་མེད། དེ་དག་ནི་ལྷ་ཡོད་མེད་ཀྱི་སྐད་གཅིག་མ་རེད་འདོད།

  50. ཞོལ་གཡག་འབྲོང་རྒྱུད། says:
    2014-04-08 at 8:02 am

    སྤྲང་པོས་འཁྲབ་ཚད་ཐལ་བསློང་། ཕྱུག་པོས་འཁྲབ་ཚད་ཞབས་བྲོ། དམངས་གཙོ་དང་རང་དབང་འདྲ་མཉམ་གྱི་དུས་རབས་འདིར་འདི་ལྟར་བྱེད་མི་ཉན་ཡ།
    ཕུན་དབང་ལ་དངོས་ཡོད་ཀྱི་མི་རིགས་ལར་ཞེན་བླ་མེད་གཅིག་ཡོད་ན་གུང་ཁྲན་ལ་མགོ་བཏགས་ཞུ་མི་སྲིད་ལ། བོད་སྐྱོད་བཅིངས་གྲོལ་དམག་གི་ལམ་སྣེ་འཁྲིད་ནས་རང་རིགས་ས་ཡ་བརྒལ་བ་དམར་གསོད་དང་མནར་གཅོད་མྱོང་བཅུགས་མི་སྲིད་ལ། མདོར་ན་བོད་དང་བོད་མི་རིགས་ལ་ཆག་སྒོ་ནང་འདྲེན་དང་བྱུར་གྱི་སྣ་འདྲེན་བྱེད་མི་སྲིིད་པ་རེད། བྱས་ཙང་ཕྲག་དོག་གིས་བཟི་དགོས་པའི་རྒྱུ་མཚན་ཡེ་ནས་མེད་ཀྱང་སྡུག་བསྔལ་གྱིས་བཟི་ཡོད་པ་བརྒྱ་ཆ་བརྒྱ་རེད།
    དེས་ན་༧རྒྱལ་བ་རིན་པོ་ཆེས་གཟིགས་ཚུལ་དང་དམངས་དཀྱུས་ཀྱི་བལྟ་སྟངས་ལ་བར་ཐག་ལེ་དབར་སྟོང་ཕྲག་ཡོད་སྲིད། འོན་ཀྱང་རང་བློ་མཐུན་སོང་ན་ཕ་བསད་མ་བསད་ཀྱི་དགྲ་བོ་ཡང་བག་མར་ལེན་པའི་ལམ་ལུགས་ཡོད་པ་རེད།

  51. ཆབ་ཕུན། says:
    2014-04-08 at 9:16 am

    སྐུ་ཉིད་ཕྲག་དོགས་ཀྱིས་མ་བཟི་ན་དེ་གས་འགྲིགས་པ་ཞིག་རེད། ༸གོང་ས་མཆོག་གིས་གང་གསུང་པ་དེར་རྒྱུ་མཚན་ཤེས་པའི་ཐོག་ནས་ཡིད་ཆེས་དང་ཆོས་ཀྱི་རྗེས་དྲངས་བྱེད་མཁན་ཞིག་ཡིན་ནོ། གང་ལྟར་ཕུན་དབང་མཆོག་ཕྱི་ནང་གི་བློ་གཟུར་བོར་གནས་པས་མཁས་དབང་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་གྱི་ཡོད་ཅིང་། ཁོང་ནི་བོད་མི་རིགས་ཀྱི་དཔའ་བོ་ཡང་དག་ཉག་གཅིག་ཡིན་ནོ། རྒྱ་གཞུང་གིས་མནར་གཅོད་ག་ཚད་བཏང་ཡང་ཞུམ་མེད་ཀྱིས་མི་རིགས་ཀྱི་ཐོབ་ཐང་གླེང་ཞིང་མདུན་མཆོང་གནང་མཁན་གྱི་དཔའ་རྒོད་ཡང་དག་གཅིག་ཀྱང་ཡིན་ནོ།

  52. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 9:30 am

    ་་་་་་ ད་ནི་སྡིག་ཆེན་ཤི་སོང་བས་ཐར་ལམ་ལ་འདྲེན་ཐུབ་མཁན་འདྲ་ཡོད་ན་འདྲེན་རོགས་གནང་། ་་་་་་

  53. ཀརྨ་བློ་གསལ་ says:
    2014-04-08 at 10:00 am

    དྲང་པོར་ཞུས་ན། ད་རེས་ཕུན་དབང་གྲོངས་པ་འདི་བཞིན་བོད་རྒྱལ་ཁབ་སྐྱེལ་མཁན་དང་འཕྲོག་མཁན་ཚང་མ་དཔའ་བོ་ཡིན་པར་བསྒྱུར་སོང་། བོད་མི་མང་ལ་ག་དུས་ཀྱང་མགོ་བསྐོར་ཐེབས་མི་སྲིད།

  54. ཆབ་ཕུན། says:
    2014-04-08 at 11:28 am

    ད་ཡིན་ན་ཁྱད་མཚར་འདྲ་བཤད་ཡོང་གི། གངས་ལྗོངས་ཀྱི་དཔའ་རྒོད་བྱོན་སོང་བས། དཔའ་རྒོད་ཁྱེད་ཀྱི་མཚན་སྙན་ནམ་ཡང་བརྗེད་མི་སྲིད་ལ། བོད་མི་རིགས་ཇི་སྲིད་གནས་པ་དང་། དེ་སྲིད་ཁོང་གི་མཚན་སྙན་གནས་ངེས་ཡིན། ཁོང་གི་མཚན་སྙན་ནི་སུ་ཞིག་གིས་ནག་བསུབ་དུས་ནམ་ཡང་གཏོང་མི་ཐུབ་ཅིང་། ཁོང་ལ་དམའ་འབེབས་ག་ཚོད་བྱས་ཀྱང་ཁོང་གི་མཚན་སྙན་ཇེ་ཆེར་འགྱུར་བ་ལས་ནམ་ཡང་ཉམས་དམའ་གཏོང་མི་ཐུབ། མི་རབས་ནས་མི་རབས་ཁོང་གི་མཚན་སྙན་ས་གསུམ་ཀུན་ཏུ་ཁྱབ་པར་འགྱུར་རྒྱུ་རེད། དེ་ཡང་ལེགས་བཤད་ལས། སྐྱེ་བོ་ངན་པའི་ཚོགས་ནང་དུ།། ཡོན་ཏན་ལྡན་ཡང་ག་ལ་འཁུར།། སྦྲུལ་གདུག་གནས་པའི་ས་ཕྱོགས་སུ།། སྒྲོན་མེ་གསལ་ཡང་འོད་མི་འབྱིན།། ཞེས་པ་དང་ཀུན་ནས་མཚུངས་སོ། ད་དེ་ཙམ་གྱི་འགྲིགས་པ་བྱས། བོད་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་དང་། མཁས་དབང་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གཙོས་པས་འབྲེལ་ཡོད་རྣམ་པས་ཁོང་ལ་ཐུགས་སྨོན་ཙམ་དུ་མ་ཟད། ཁོང་གི་བློ་གྲོས་དང་སྙིང་སྟོབས་ལ་བསྟོད་དབྱངས་གནང་བ་ལས་ལྷག་གཅིག་གཞན་དགོས་དོན་མ་མཆིས། ཁུངས་ལུང་མེད་པའི་གཞན་གྱིས་དམའ་འབེབས་ག་ཚད་བྱས་ཀྱང་དབྱར་གྱི་འབྲུག་སྟོང་གྲགས་པ་ལས་མ་འདས་སོ། ད་དེ་ཙམ་གྱི་ཆོག་པ་བགྱིས། མུ་མཐུད་དེ་བཤད་ཆོག་གོ།

  55. སྲིད་པ་རྡོ་རྗེ་ says:
    2014-04-08 at 11:29 am

    རྒྱལ་ཚོང་པ་ཞིག་གྲོང་པ་ལ་དགའ་ཚོར་ཆེ་ ཐོག་མར་རྒྱ་དམར་གྱི་རྒྱུགས་ཁྱི་ཨང་ཀི་དང་པོ་ཡིན་ བར་དུ་རྒྱ་རོས་སྡུག་སྦྱོང་བཀོལ་ ལས་འབྲས་མགོ་བོར་ འཁོར་ དེ་ནས་འགྲོ་ས་མ་བརྙེད་པར་ཡང་བསྐྱར་དགྲ་བོར་མགོ་བཏགས་ཞུས་ ཁོས་འཆི་ཁར་དབུ་ལམ་སྐོར་ཅིག་བཤད་པ་དེར་ཧང་སངས་རྒྱུ་ཅི་ཡོད་ རྡ་རམ་ས་ལ་ཡོད་པ་ཚོ་རྦད་དེ་ར་བཟི་ཚར་བ་འདྲ་ ཨ་ཙི་ འདི་འདྲ་བཟང་ངན་ངོ་མ་ཤེས་པར་ཡིད་རེ་སྐྱོ་ བློ་སེང་ཟེར་པ་འདི་དེ་འདྲས་ཀླ་ཀློ་ཞིག་རེད་

  56. ཆབ་ཕུན། says:
    2014-04-08 at 11:45 am

    གངས་ཅན་ལྗོངས་ཀྱི་དཔའ་རྒོད།། ས་གསུམ་ཀུན་ན་མེད་དོ།། ཁྱེད་ཀྱི་མཚན་སྙན་དེ་དག།། དུས་འགྱུར་ག་འདྲ་འབྱུང་ཡང་།། ནམ་ཡང་བརྗེད་པར་མི་འགྱུར།། དེས་འགྲིགས་པ་བགྱིས་ཤིག།

  57. ཆབ་ཕུན། says:
    2014-04-08 at 11:48 am

    འོ་ཡ་ད་ཁྱོད་ཚོས་ཁོང་ལ་དམའ་འབེབས་བྱེད་པའི་རྒྱུ་མཚན་དེ་རེད་པ། ཨ་ཁ།

  58. ལུང་རྟོགས། says:
    2014-04-08 at 11:54 am

    མི་ལ་ལས་ཕུན་དབང་གིས་རྒྱ་དམག་བོད་ལ་ཁྲིད་ཡོང་ན་རེད་ཟེར། འདི་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་རེད། ཕུན་དབང་གིས་ལྷ་སར་རྒྱ་དམག་ཁྲིད་མ་ཡོང་སྔོན་ནས་བོད་ཤར་ཕྱོགས་ཀྱི་ས་ཁུལ་མང་པོ་རྒྱ་མིས་བཟུང་ཚར སྔ་ཕྱི་མ་གཏོགས་རྒྱ་དམག་ལྷ་ས་ལ་ཡོང་རྒྱུ་ཡིན་པ་གཏན་ཁེལ་ཚར་བ་རེད། ཁྱོད་ཚོས་བསམ་བློ་ཐོང་དང་། གལ་ཏེ་ཕུན་དབང་མེད་ན་རྒྱ་དམག་གིས་བོད་ས་བཙན་བཟུང་བྱས་མེད་པ་ཞིག་སུས་ཁས་ལེན་ཐུབ། ག་རེ་བཤད་ན་མ་བཤད་ན་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་མཁྱེན་རྒྱ་ཅན་དང་ཉམ་མྱོང་ཅན། གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ལས་ལྷག་པ་སུ་ཡང་མེད་པ་ས་རིས་ཐང་གསལ་རེད། དེས་ན་ཁོང་གཉིས་ཀྱི་གསུང་སྟངས་ལ་ལྟས་ན་ཡང་ཕུན་དབང་རྒྱལ་གཙོང་བ་ཞིག་མིན་པ་གསལ་པོ་རེད།

  59. ཚེ་བཀྲ says:
    2014-04-08 at 12:30 pm

    ༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་ད་དུང་ཡང་བོད་རང་བཙན་གལ་ཆེ་ཚུལ་གླེང་གི་ཡོད་ཚེ་ཕུན་ཚོགས་དབང་རྒྱལ་ལ་དཔའ་བོ་དང་བློ་མཐུན་མི་ཟེར་བ་ཐག་གིས་ཆོད་ཐུབ་མོད་། རྒྱ་འོག་ཏུ་སྡོད་གི་ཡིན་ཟེར་བའི་ཉིན་མོ་དེ་ནས་བཟུང་གུང་ཁྲན་དང་ཁ་ཞེ་མཐུན་མཁན་ཚོ་དཔའ་བོ་དང་བྱས་རྗེས་ཅན་ཆགས་བཞིན་པ་འདི་ཡ་མཚན་མིན་ན་ཅི་རེད།

  60. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 4:04 pm

    # 58 ལུང་རྟོགས།་ལགས་ཀྱིས་མཆན་བཏབ་པ།:
    April 8th, 2014 at 11:54 AM
    མི་ལ་ལས་ཕུན་དབང་གིས་རྒྱ་དམག་བོད་ལ་ཁྲིད་ཡོང་ན་རེད་ཟེར། འདི་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་རེད། ་་་་་་་་་་

  61. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 4:06 pm

    # 55 སྲིད་པ་རྡོ་རྗེ་་ལགས་ཀྱིས་མཆན་བཏབ་པ།:
    April 8th, 2014 at 11:29 AM
    རྒྱལ་ཚོང་པ་ཞིག་གྲོང་པ་ལ་དགའ་ཚོར་ཆེ་ ཐོག་མར་རྒྱ་དམར་གྱི་རྒྱུགས་ཁྱི་ཨང་ཀི་དང་པོ་ཡིན་ བར་དུ་རྒྱ་རོས་སྡུག་སྦྱོང་བཀོལ་ ལས་འབྲས་མགོ་བོར་ འཁོར་ དེ་ནས་འགྲོ་ས་མ་བརྙེད་པར་ཡང་བསྐྱར་དགྲ་བོར་མགོ་བཏགས་ཞུས་ ཁོས་འཆི་ཁར་དབུ་ལམ་སྐོར་ཅིག་བཤད་པ་དེར་ཧང་སངས་རྒྱུ་ཅི་ཡོད་་་་་་་་་་་་་་

  62. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 4:08 pm

    # 54 ཆབ་ཕུན།་ལགས་ཀྱིས་མཆན་བཏབ་པ།:
    April 8th, 2014 at 11:28 AM
    ད་ཡིན་ན་ཁྱད་མཚར་འདྲ་བཤད་ཡོང་གི། གངས་ལྗོངས་ཀྱི་དཔའ་རྒོད་བྱོན་སོང་བས། དཔའ་རྒོད་ཁྱེད་ཀྱི་མཚན་སྙན་ནམ་ཡང་བརྗེད་མི་སྲིད་ལ། བོད་མི་རིགས་ཇི་སྲིད་གནས་པ་དང་། དེ་སྲིད་ཁོང་གི་མཚན་སྙན་གནས་ངེས་ཡིན། ་་་་་་་་་་་་་་་

  63. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 4:08 pm

    ཧཧཧཧཧཧཧཧཧཧཧཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme