Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།

Posted on 2014-04-052014-04-05 By ཁ་བརྡ་ 18 Comments on འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།

ར་ས་ཕོ་ཉས་དཔར་བཅས།

IMG_7590-1འདས་མ་ཐག་པའི་ཟླ་བ་༣ པའི་ཚེས་༨ སྟེ་བོད་མི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་གཉིས་ཀྱི་སྔ་ལོགས་སུ། མ་ལེ་ཤའི་རྒྱལ་ས་ཀོ་ལ་ལམ་པུར་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་བར། རྒྱང་ཐག་སྤྱི་ལེ་ཐུང་གྲས་༤༣༩༩ སར་འཕུར་བསྐྱོད་བྱེད་མཁན་གྱི་MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་བརླགས་པའི་གནས་ཚུལ་འཐོན་ཡོད། MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་དེ་མ་ལེ་ཤ་ནས་འཕུར་ནས་ཆུ་ཚོད་གཅིག་མ་སོང་ཙམ་གྱི་མཚམས་བརླག་འགོ་ཚུགས་ཡོད་པ་དང་། གནམ་གྲུའི་ནང་དུ་མ་ལེ་ཤའི་ལས་མི་༡༤ དང་རྒྱལ་ཁབ་འདྲ་མིན་༡༤ ཁུངས་ཀྱི་འགྲུལ་མི་༢༢༧ དེའི་ནང་ནས་རྒྱ་ནག་གི་མི་སེར་དུ་གྱུར་པ་༡༥༣ བཅས་ཡོད།

འབྲེལ་ཡོད་ཚན་པས་ཐའི་ལན་དྲའི་དང་རྒྱ་ནག་གི་ལྷོ་རྒྱ་མཚོ་བཅས་སུ་བཙལ་བས་མ་རྙེད་སྟབས། རིམ་པའི་འཚོལ་ས་རྒྱ་བསྐྱེད་དེ་མ་ལེ་ཤའི་ཉེ་འཁོར་གྱི་ Strait of Malaccaམ་ལ་ཀ་དང་Andamanཨན་དྷ་མན་རྒྱ་མཚོ་བཅས་སུ་བཙལ་ཅིང་། ད་དུང་མ་རྙེད་སྟབས་ཚེས་༡༥ ཉིན་འཚོལ་ཡུལ་ད་དུང་རྒྱ་བསྐྱེད་དེ་རྒྱ་གར་རྒྱ་མཚོ་བཅས་སུ་འཚོལ་འགོ་བཙུགས་ཡོད། རྒྱ་གར་རྒྱ་མཚོའི་སྟེང་འཚོལ་དོན་ནི་ཞིབ་འཇུག་པས་གནམ་གྲུ་དེ་དང་པོ་ནུབ་ཕྱོགས་སུ་འཕུར་བ་དང་དེ་ནས་ལྷོ་བྱང་གང་རུང་དུ་ཚོད་༧ རིང་འཕུར་སྲིད་པའི་ཚོད་དཔག་བྱས་པས་ཡིན། ཚེས་ ༡༦་དང་ ༡༨་ཉིན་མཁའ་དབྱིངས་སྟེ་འཛམ་གླིང་གི་ཕྱི་རོལ་ནས་རྒྱ་གར་རྒྱ་མཚོའི་ངོས་ཀྱི་དོགས་གཞི་ཅན་གྱི་དཔར་རིས་གཉིས་ལེན་པར་དོགས་གཞི་བྱས་ཀྱང་། དཔར་རིས་ནང་གསལ་གྱི་དངོས་པོ་རྣམས་གནམ་གྲུའི་ཆ་ཤས་ཡིན་པ་ད་བར་རྭ་འཕྲོད་མེད་སྟབས་ད་དུང་མུ་འཐུད་འཚོལ་བཞིན་པ་ཡིན། ཚེས་༢༨ ཉིན་ཞིབ་འཇུག་ཚན་ཁག་གིས་གནམ་གྲུའི་བརྡ་འཕྲིན་བརླག་པའི་རྗེས་གནམ་གྲུའི་སྣུམ་འཁོར་ལ་སྐྱོན་ཆ་ཤོར་བར་ཚོད་དཔག་བྱས་ནས་སྔར་གྱི་འཚོལ་ས་དེ་གར་འཚོལ་མགོ་བཙུགས་ཡོད།

ཉེ་ཆར་གནམ་གྲུའི་སྒམ་ནག་འཚོལ་ཕྱིར་མཚོ་འོག་ཏུ་བསྐྱོད་མགོ་བཙུགས་ཡོད། དེ་ལྟར་གནམ་གྲུ་དེ་བརླག་ནས་ད་བར་ཟླ་ངོ་ཧྲིལ་པོ་གཅིག་ཙམ་འགྲོ་གྲབས་ཡོད་ཅིང་། ཟླ་བ་གཅིག་ལྷག་པ་སོང་རྗེས་གནམ་གྲུའི་Black boxསྒམ་ནག་ནང་གི་མེ་དེ་རྫོགས་ཀྱི་ཡོད་པས་རྙེད་རྒྱུའི་རེ་བ་ཆུང་དུ་འགྲོ་སྲིད་པ་རེད། དེ་ལྟར་གནམ་གྲུ་བརླགས་པའི་གནས་ཚུལ་དེ་ནི་ད་བར་བྱུང་མ་མྱོང་བའི་གནམ་གྲུ་བརླག་ཡུན་རིང་ཤོས་དང་འཚོལ་ཞིབ་ཀྱི་འགྲོ་སོང་ཆེ་ཤོས་དེ་ཡིན། ༢༠༠༩། ༦། ༡ ཉིན་འབར་འཛིལ་ནས་ཧྥ་རན་སིར་བསྐྱོད་མཁན་༤༤༧ ཨང་རྟགས་ཅན་གྱི་གནམ་གྲུ་ཞིག་རྒྱ་མཚོའི་ནང་བརྡབ་སྐྱོན་བྱུང་ནས་ཉིན་ལྔ་རིང་མ་རྙེད་པར་ལུས་ཡོད་ཀྱང་། དེའི་རྗེས་རིམ་པའི་འདས་པོའི་ཕུང་སོགས་རྙེད་ཡོད་ཅིང་གནམ་གྲུའི་སྒམ་ནག་༢༠༡༡ ལོར་གཞི་ནས་རྙེད་ཡོད།

art-plane_TAB-620x349ད་ཐེངས་ཀྱི་གནམ་གྲུ་དེ་འཚོལ་བར་འགྲོ་འགྲོན་ཨ་སྒོར་བྱི་བ་༢༨ ལྷག་པ་འགྲོ་ཡོད་ལ། ད་དུང་འཚོལ་མཚམས་མ་བཞག་ན་མུ་འཐུད་འགྲོ་གྲོན་ཆེན་པོ་དེ་ལས་ལྷག་པ་འགྲོ་རྒྱུ་ཡིན། ད་བར་གནམ་གྲུ་བརླག་པའི་དོན་རྐྱེན་དེའི་ཐད་ཚོད་དཔག་དང་དོགས་གཞི་ཞེ་དྲག་མང་པོ་བྱས་ཡོད་ལ། ལྷག་པར་འགྲུལ་མི་རྒྱ་རིགས་མང་པོ་ཞེ་དྲག་ཡོད་པར་བརྟེན་ནས་རྒྱ་ནག་དང་ལངས་ཕྱོགས་མི་མཐུན་པའི་སྒྲིག་འཛུགས་མང་པོ་ཞིག་གིས་འཇིགས་སྐུལ་བྱས་པར་དོགས་པ་ཡང་བྱས་ཡོད། རང་རེ་མི་མང་པོ་ཞིག་གི་སེམས་ནང་འཛམ་གླིང་འདི་ནི་ཆུང་ཆུང་ཞེད་པོ་ཡིན་པ་དང་། ཚན་རིག་གི་ལག་རྩལ་ནི་ཤིན་ཏུ་ཡར་འཐོན་ཡིན་པར་ངོས་འཛིན་ཡོད་པ་དེར་ད་ཆ་དྲི་རྟགས་ཤིག་ངམ་ཤུགས་ཀྱིས་ཐོབ་ཡོད། འཛམ་གླིང་ནི་ས་བཀྲའི་ནང་ཐིགས་རྒྱབ་པ་ནང་བཞིན་འཕྲུལ་ཆས་ཀྱི་མིག་ལམ་དུ་མེད་ལ། གློག་བརྙན་གྱི་ནང་དུ་བསྟན་པ་ནང་བཞིན་ཆུང་ཆུང་དང་གང་དགར་འགྲོ་བསྐྱོད་བདེ་བ་ཞིག་མེད།

དེར་མ་ཟད། ལོ་རྒྱུས་སོགས་ཀྱི་ནང་དུ་སྦས་ལུང་དེ་འདྲ་ཡོད་པ་རྟག་ཏུ་བཤད་ཀྱི་ཡོད་ལ་མཐོང་རེག་བྱས་པའི་མི་མང་པོ་བྱུང་དེ་དག་ཀྱང་མཐའ་གཅིག་ཏུ་བརྫུན་མཁན་དང་འཕྲུལ་སྣང་ཅན་ཡིན་པར་ཡང་བཤད་དཀའ་བ་ཡིན།
མདོར་ན། འཛམ་གླིང་ཆུང་ཆུང་འདིའི་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ་ཟླ་ངོ་གཅིག་ཙམ་སོང་ཀྱང་ཚན་རིག་པ་དང་འཕྲུལ་ཆས་ཀྱིས་མ་རྙེད་པ་དེས། ད་བར་ང་རང་ཚོས་ཚན་རིག་དང་འཕྲུལ་ཆས་ལ་འདེང་འཇོག་བྱེད་ཆེ་དྲག་པའམ། ཡང་ན་འཛམ་གླིང་དེ་ཚན་རིག་པས་བཤད་པ་ནང་བཞིན་ཆུང་ཆུང་ཞིག་མིན་པར་བརྗོད་ཐུབ།

༢༠༡༤། ༤། ༥ ཉིན་ར་ས་ཕོ་ཉས།

གསར་འགྱུར།

Post navigation

Previous Post: འབའ་བ་ཕུན་ཚོགས་དབང་རྒྱལ་ལ་རྗེས་དྲན་འདི་ལྟར་བྱེད་ཐུབ་ན་ཡག
Next Post: འཇུ་ཆེན་ལོ་རྒྱུས་པར་སྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་འདུ་འཛོམས།

Comments (18) on “འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།”

  1. བན་དེ་བ། says:
    2014-04-05 at 9:24 am

    དེ་རིང་བྷི་བྷི་སི་ནས་བཤད་གསལ་རྒྱ་ནག་གི་འཕྲུལ་རིག་ནས་མཚོ་འོག་ཏུ་ཤོར་བའི་གནམ་གྲུའི་ནང་གི་སྒྲ་བཅུག་འཁོར་ལོའི་འབྲེལ་འཐུད་ཀྱི་ནུས་པ་ཞིག་ཤེས་ཚོར་བྱུང་འདུག་ཟེར་་་་གང་ལྟར་སྒྲ་བཅུག་འཕྲུལ་ཆས་ཀྱི་གློག་རྫས་ཀྱི་ནུས་པ་མ་རྫོགས་པའི་སྔོན་ཙམ་དུ་རྙེད་ཐུབ་ཐབས་བྱེད་ཀྱི་ཡོད་འདུག་དེ་མིན་གློག་རྫས་ཀྱི་ནུས་པ་རྫོགས་རྗེས་སྒྲ་བཅུག་འཕྲུལ་ཆས་རྙེད་ཁག་པོ་རེད་ཟེར།

  2. བན་དེ་བ། says:
    2014-04-05 at 9:31 am

    ད་ལྟར་རང་བྷི་བྷི་སི་ནས་བཤད་གསལ་རྒྱ་ནག་གི་འཕྲུལ་རིག་ནས་མཚོ་འོག་ཏུ་ཤོར་བའི་གནམ་གྲུའི་ནང་གི་སྒྲ་བཅུག་འཁོར་ལོའི་འབྲེལ་འཐུད་ཀྱི་ནུས་པ་ཞིག་ཤེས་ཚོར་བྱུང་འདུག་ཟེར་་་་གང་ལྟར་སྒྲ་བཅུག་འཕྲུལ་ཆས་ཀྱི་གློག་རྫས་ཀྱི་ནུས་པ་མ་རྫོགས་པའི་སྔོན་ཙམ་དུ་རྙེད་ཐུབ་ཐབས་བྱེད་ཀྱི་ཡོད་འདུག་དེ་མིན་གློག་རྫས་ཀྱི་ནུས་པ་རྫོགས་རྗེས་སྒྲ་བཅུག་འཕྲུལ་ཆས་རྙེད་ཁག་པོ་རེད་ཟེར།

  3. ཞུས་ཆེན་པ says:
    2014-04-05 at 12:14 pm

    དེ་རིང་རྒྱལ་སྤྱིའི་གསར་འགྱུར་ཁག་ནས་བསྒྲགས་གསལ་ལྟར་ན་ད་ཉིན་གཅིག་གི་ནང་ཚུན་དུ་གནམ་གྲུ་མ་རྙེད་ན་རྗེས་སོར་རྙེད་རྒྱའི་རེ་བ་ཧ་ཅང་ཆུང་བར་བཤད། དེ་ནི་གནམ་གྲུའི་ནང་གི་འཕྲུལ་ཆས་ཨ་མའི་གློག་རྫས་རྫོགས་པའི་དུས་ཡུན་ལ་སླེབས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ལ། འཕྲུལ་ཆས་ཨ་མའི་གློག་རྫས་རྫོགས་པ་ཡིན་ན་གནམ་གྲུ་འཚོལ་ཐབས་དཀའ་བ་མ་ཟད། གལ་ཏེ་རྙེད་པའི་དབང་དུ་བཏང་རུང་དོན་རྐྱེན་ཅི་ཞིག་བྱུང་ནས་བོར་བརླགས་སོང་བའི་གནད་དོན་ཐད་རྟོག་ཞིབ་བྱེད་ཐབས་མེད་པ་བརྗོད། ད་དུང་མུ་མཐུད་དུ་འཚོལ་དགོས་ན་རྙོག་འཛིང་ཆེ་ལ་དཀའ་ཁག་ཆེ་བ་སྨྲོས་མེད་ཐོག འགྲོ་གྲོན་ཐད་ཨ་རིའི་སྒྲོ་ལོར་ས་ཡ་མང་བོ་འགྲོ་རྒྱུ་ཡིན་པར་བརྟེན་གྲོན་དངུལ་ལ་དཀའ་ངལ་འཕྲད་ཡོད་པར་བཤད།

  4. བཀྲ་ཡེ་ཚང་། says:
    2014-04-05 at 12:52 pm

    བརྒྱ་བཤད་ཚིག་གི་རྩ་བ་ད་དུང་མ་རྙེད་པ་རེད་བ།

  5. གནམ says:
    2014-04-05 at 2:35 pm

    དགྱ་ནག་ཚང་གིས་ས་སྒང་འདི་ལས་མ་ཚད་ཉི་ཟླ་སྐར་གསུམ་སོགས་ལ་ཁོང་ཁས་ཅིག་འབྲེལ་གཏུག་བྱེད་ཐུབ་རབས་ཟེར་ནས། ངར་ངར་རྫིག་རྫིག་མང་པོ་བཤད་པ་རེད། ད་ཡིན་ན་ངོ་ཚ་བ་ལ། ཆག་སྒོ་ཉོ་མཁན་མང་ཤོས་རེད། ནུས་བ་ཆུང་ཤོས་རེད།

    མཚོ་འོག་ལ་བདེ་འཇགས་ཀྱིས་འཕུར་སོང་བ་ཞིག་ལ་ཆག་རོ་ཞིག་བརྙེད་རྒྱུ་གང་ན་ཡོད། རྡབ་བཞག་པ་དེ་འདྲ་ཞིག་ག་ལ་ཡིན། གནམ་གྲུའི་ནང་གི་སྐུད་ལམ་རེ་རེ་བྱས་ནས་བསད་ཡོད་པའི་ཤེས་རྟོག་གསལ་པོ་ཡོད་པ་ཡོངས་བསྒྲགས་བྱས་བ་རེད།
    ད་དུང་དོགས་པ་གཞན་ཞིག་བྱས་ན་འགྲིག་པ་ནི། གཅིག་བྱས་ན་ཁ་ཆེ་རྒྱལ་ཁབ་གཞན་ཞིག་ལ་འཕུར་ནས། གནམ་གྲུ་འགད་རྫས་ཞིག་ལ་བཏང་ནས། ང་ཚོའི་ཆེས་བདེ་སྐྱིད་བདེན་པའི་གྲོང་ཁྱེར་ཞིག་འགད་གཏོར་བྱེད་གྲབས་ཡོད་འགྲོ། སུས་ཤེས།
    སྙིང་ནད་སེམས་གཏིང་ལ་རུམ་ནས། བློ་ཁོག་རུས་གསེང་ལ་འཐུམ་ན། ཅི་བྱེད་བྱེད་དང་བྱས་བྱས་ཡིན་ནི་རེད། ཤ་ཉེས་ཚོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-04-05 at 3:03 pm

    འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ་ཡིན་ནམ། གནམ་གྲུ་ཆུང་ཆུང་ཅིག་ཛམ་གླིང་ཆེན་པོ་ཅིག་གི་ནང་ལ་བརླགས་པ་རེད། ཛམ་གླིང་གི་ས་གཞི་ལས། རྒྱ་མཚོའི་ཆུ་བོ་མང་བ་ཡོད་པ་དེ་ཡང་། མརྙེད་པའི་རྐྱེན་ཅིག་ཡིན་སྲིད་པ་རེད།

  7. ངག་དབང་སྟོབས་ལྡན། says:
    2014-04-05 at 3:19 pm

    ཚན་རིག་གིས་བཟོས་པའི་འཕྲུལ་ཆས་ཤིག་ཚན་རྩལ་ལ་བརྟེན་མ་རག་པ་དེ་ཐབས་སྐྱོ་བོ་ཞིག་རེད་བསམ།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-05 at 9:13 pm

    འཕགས་པ་ཐོག་མེད་དུས་འཐུང་ཙམ་དགའ་ལྡན་དུ་བཞུགས་ནས། སླར་མི་ཡུལ་དུ་ལོག་པ་ན། མི་ལོ་ལྔ་བཅུ་འདས་པ་ལྟར། གནམ་གྲུ་སྟོར་བརླག་ཏུ་སོང་བ་དེ་་ཁམས་གཞན་དུ་སོང་ནས། སླར་བདེ་བར་ཚང་མ་ལོག་ཐུབ་ན། དགའ་བ་ལ་ཞེས་གཏམ་གླེང་བྱུང་ངོ་།

  9. ཀ་ཁའི་རྫི་བོ། says:
    2014-04-05 at 9:41 pm

    http://m.bbc.com/news/world-asia-26902127#FBM356107

  10. ས་སྒོ་བསམ་གཏན་སྒྲོལ་མ། says:
    2014-04-06 at 1:39 am

    “ འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།
    ཟེར་་
    བརླགས་ནི་བྱེད་པ་པོ་དང་འབྲེལ་བའི་ལས་ཚིག་འདས་པ་རེད།
    སུས་བརླགས་པ་རེད།
    ཚིག་ལ་གཟབ་གཟབ་གནང་རོགས།
    ར་ས་ཕོ་ཉ་ལགས།

  11. གང་བ་བཟང་པོ་ says:
    2014-04-06 at 3:03 am

    འཕགས་པ་ཐོག་མེད་ཅེས་པ་འཕགས་པ་ཐོགས་མེད་ཅེས་འབྲི་དགོས་སོ།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 3:26 am

    སངས་རྒྱས་ཀྱིས། མ་ཡུམ་དྲན་གསོ་ཕྱིར་དགའ་ལྡན་དུ་ཕེབས། འཕགས་པ་ཐོགས་མེད་ཀྱིས། དགའ་ལྡན་དུ་བྱམས་པས་དྲུང་དུ། རྫུ་འཕྲུལ་གྱིས་འཕུར། གྲུབ་ཆེན་དྲིལ་བུ་པས། རང་གི་རིག་མ་དང་བཅས་བར་སྣང་ལ་འཕུར། ཨརྱ་དེ་བས། མུ་སྟེགས་ཐུབ་དཀའ་ནག་པོ་དེད་ནས། བར་སྣང་གནམ་གྱི་སྤུ་གྲིའི་བར་འཕུར། རྒྱལ་སྲས་ཆེན་ཞི་བ་ལྷས་ཀྱང། སྤྱོད་འཇུག་གསུངས་མཐར། རི་བོ་གཞན་དུ་འཕུར། བོད་དུ་གྲུབ་ཐོབ་མི་ལ་རས་པ། རི་བོ་ནས་ཕར་ཚུར་བར་འཕུར་བར་གྲགས། ད་མི་འཕུར་མཁན་ཅིག་གིས་གནམ་གྲུ་དེ་འཚོལ་ཐུབ་ན་ཅི་མ་རུང་ཨང་། ཧཧ། ཧོཧོ།། །།

  13. ར་ས་ཕོ་ཉ། says:
    2014-04-06 at 3:54 am

    བསམ་གཏན་སྒྲོལ་མ་ལགས། ཁྱེད་རང་གིས་ཁོ་བོས་རྩོམ་ཡིག་གི་ཁ་བྱང་ལ་ཞུ་དག་བྱས་པ་ཡི་རང་ཡོད། ཡིན་ནའང་། ཁྱེད་རང་གིས་གསུངས་པ་དེར་ངས་ངོས་ལེན་ཞུ་གི་མིན།

  14. སྤོབས་པ་མཐའ་ཡས། says:
    2014-04-06 at 4:40 am

    གནམ་གྲུ་དེ་འཇིགས་སྐུལ་རིང་ལུགས་པས་མཚོ་ནང་དུ་འཕང་སོང་། དེ་ནས་མ་ལའེ་ཤི་ཡའི་བདེ་སྲུང་གསང་བའི་ལས་ཁུངས་ཀྱིས་ཡར་བསྒྲུགས་ནས་སྦས་སོང་། མ་ལའེ་ཤི་ཡའི་གསང་བའི་ལས་ཁུངས་ཀྱི་གད་རྙིགས་བླུག་སྣོད་ནང་དུ་ལྟོས་དང་རྙེད་ཐག་ཆོད་རེད། ང་ལ་ཏག་ཏག་བཤད་རྒྱུ་ཡོད།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-04-06 at 4:58 am

    གད་རྙིགས་བླུག་སྣོད་ནང་རྦེ་ལེག་སྒམ་ཆུང་ངམ། གནམ་གྲུའི་བརྙན་འཕྲིན་དེ་ངས་རྙེད་ན། ངས་དེ་ཚོང་ནས་ང་ཕྱུག་པོ་ལམ་སང་ཆགས་བགྱི་རེད། ནོར་ལྷ་སྒྲུབ་རྒྱུ་བཞག་ནས་གད་སྙིགས་བླུག་སྣོད་འཚོལདུ་འགྲོ་དང་། ཧཧ།

  16. ར་ས་ཕོ་ཉ། says:
    2014-04-06 at 10:59 am

    གནམ་གྲུའི་་སྒམ་ནག་རྙེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སྒམ་དེ་རྙེད་ན་གནམ་གྲུ་ཇི་ལྟར་སྐྱོན་ཤོར་མིན་སོགས་བཤད་ཐུབ་ཀྱི་ཡོད། ད་ཆ། རྒྱ་ནག་གི་ཧུ་ཤིན་༠༡ ཟེར་བའི་གྲུ་གཟིངས་དེས་ལྷོ་རྒྱ་གར་རྒྱ་མཚོ་ནས་བརྡ་འཕྲིན་ཞིག་རྙེད་ཡོད་པ་དེར་རེ་སྙེགས་དང་དེར་ཁུལ་ལ་འཚོལ་གྱི་ཡོད་འདུག

  17. ཞུས་ཆེན་པ says:
    2014-04-07 at 5:17 am

    དེ་རིང་ཡང་རྒྱ་ནག་དང་ཨོ་སི་ཏྲི་ལའི་ཡས་གསལ་བསྒྲགས་སྤེལ་གསལ་ལྟར་ན་ཁ་སང་ཧིན་རྡུའི་རྒྱ་མཚོའི་ཤར་ངོས་དང་ཨོ་སི་ཏྲི་ལའི་ཡའི་ལྷོ་ཤར་རྒྱུད་ཀྱི་རྒྱ་མཚོའི་སྟེང་དུ་འཚོལ་བཞིན་པའི་རྒྱ་ནག་གི་འཚོལ་ཞིབ་པ་ཁག་ཅིག་དང་། དེ་བཞིན་ཨོ་སི་ཏྲི་ལའི་ཡའི་འཚོལ་ཞིབ་པ་ཁག་ཅིག་གིས་གཅིག་མཚུངས་ཀྱི་རྒྱ་མཚོའི་གཏིང་རིང་ཞིག་ན་བོར་བརླགས་སོང་བའི་ཅ་དངོས་ཤིག་ཡོད་པའི་བརྡ་རྟགས་འཐོན་ཡོད་པ་བསྒྲགས་སོང་། དེར་བརྟེན་ཁོང་ཚོས་བརྡ་རྟགས་འཐོན་པའི་ཁུལ་དེར་མུ་མཐུད་དུ་འཚོལ་ཞིབ་བྱ་་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། black box སྟེ་གློག་མཛོད་སྒམ་ནག་གི་གློག་རྫས་རྫོགས་པའི་དུས་ལ་སླེབས་ཡོད་པར་བརྟེན་གལ་ཏེ་རྙེད་པའི་དབང་དུ་བཏང་རུང་དོན་རྐྱེན་ཅི་ཞིག་གིས་བོར་བརླགས་སོང་བའི་རྒྱུ་རྐྱེན་འཚོལ་ཐབས་མེད་པ་ཆགས་ཡོད། ད་དུང་འཚོལ་ཞིབ་ཀྱི་དཀའ་ཚེགས་དང་འགྲོ་གྲོན་ནི་བརྗོད་དུ་མེད་པ་ཞིག་རེད། དེ་ལས་འགྲོ་གྲོན་མེད་པའི་ལྷ་བ་མོ་བ་ཚོར་མཆོད་བསྟོད་རེ་དབུལ་ཏེ་དོན་རྐྱེན་ཅི་བྱུང་དང་གང་དུ་ཟགས་ཡོད་མེད་ལུང་བསྟན་ཞུས་ན་མི་དགའ་འམ། དེང་སང་གི་ཚན་རིག་འཕྲུལ་ཆས་སོགས་བཀོལ་ཏེ་མ་ཤེས་པར་ཨུ་ཐུག་ན་ལྷ་བ་མོ་བར་མི་བརྟེན་རང་བརྟེན་ཆགས་སོང་། འཛམ་གླིང་ལག་མཐིལ་ན་ཡོད་ཟེར་བའི་ཁེངས་དྲེགས་ཅན་གྱི་ཚན་རིག་པ་དང་ས་ཡི་གོ་ལ་མིག་ནང་ན་ཡོད་ཟེར་བའི་ཆེས་དེང་རབས་ཅན་གྱི་འཕྲུལ་ཆས་ཚོར་ད་ནི་དོགས་པ་མི་ཟ་རང་ཟ་ཆགས་སོང་། དོན་ངོ་མའི་གནམ་གྲུ་དེ་གང་ན་ཡོད་སྐད་གྲགས་ཅན་གྱི་འཛམ་གླིང་གི་གསང་བའི་ལས་ཁུངས་ཚོ།

  18. ར་ས་ཕོ་ཉ། says:
    2014-04-07 at 9:38 am

    ཞུས་ཆེན་པ་ལགས། སྒམ་ནག་དེ་རྙེད་སོང་ན་དེའི་ནང་གི་མེ་དེ་རྫོགས་ཟིན་ནའང་སྐྱོན་མེད། ཡིནའང་། གློག་མ་རྫོགས་བར་སྒམ་ནག་དེས་བརྡ་འཕྲིན་ཞིག་གཏོང་བསྡད་ཀྱི་ཡོད་པས་རྙེད་རྒྱུའི་རེ་བ་ཆེ་བ་ཡོད། དེ་ཁུལ་གྱི་རྒྱ་མཚོའི་གཏིང་ཚད་མི་ཏར་བཞི་སྟོང་ལྷག་པ་སྟེ། སྤྱི་ལེ་རིང་བ་གསུམ་ལྷག་ཡོད་འདུག་པས། རྙེད་རྒྱུ་ཁག་ཙམ་ཡོད་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme