Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོང་མཆན་འགྲེལ་བཤད།

Posted on 2014-04-042014-04-04 By ཁ་བརྡ་ 9 Comments on ཡོང་མཆན་འགྲེལ་བཤད།

སྐྱོ་བྲག་དགའ་དབང་།

ངའི་ངོ་ཤེས་སྒྲུབ་བླ་ཞིག་ཡུ་རོབ་ཆོས་ཚོགས་ཤིག་ཏུ་གདན་འདྲེན་ཞུས་ཏེ། ཁོང་ལོ་མང་ཆོས་ཚོགས་སུ་བཞུགས་འཆར་མཛད་ཡོད་ནའང་། རྒྱ་གར་གཞུང་གིས་སྤྲད་པའི་ཡོང་མཆན་ཟླ་བ་གསུམ་ལས་ལྷག་པ་མེད་པར་བསྙད་དེ་ལོ་མང་གི་ཐོངས་མཆན་མ་ཐོབ་པར་བརྟེན་ཟླ་ཤས་རྗེས་ནས་ཚུར་རྒྱ་གར་དུ་ཕེབས་དགོས་པ་བྱུང་ཤག ངས་འདི་སྐོར་ལ་ཅི་དགེ་གང་ལེགས་ཀྱི་སྐད་ཆ་འདྲི་ས་ཡག་ཤོས་རང་གཞུང་དོན་གཅོད་ལས་ཁུངས་རེད་སྙམ་པས། ལྡི་ལི་དོན་གཅོད་ལས་ཁུངས་ལ་ཁ་པར་ཕུལ་ཏེ་བཀའ་འདྲི་ཞུས་པ་ན་ལམ་སྟོན་འདི་ལྟར་གནང་གི་འདུག

ཡུ་རོབ་ཀྱི་རྒྱལ་ཁབ་སོགས་ལ་ཕྱིར་ལོག་ཐོངས་མཆན་ནམ་ཡོང་མཆན་(Return visa)ཞུ་བ་ན་རྒྱ་གར་གཞུང་གིས་ཟླ་བ་གསུམ་ལས་ལྷག་པ་སྤྲོད་ཀྱི་མེད། ཡིན་ནའང་། ཡུ་རོབ་ཀྱི་རྒྱལ་ཁབ་སོགས་ལ་ལོ་མང་རིང་སྡོད་དགོས་པ་དག་གིས་འགྲོ་སའི་རྒྱལ་ཁབ་ཀྱི་གཞུང་ཚབ་ནས་ཐོངས་མཆན་(visa)ཞུ་བ་ན། ང་ལ་ཡོང་མཆན་ཟླ་བ་གསུམ་ལས་ལྷག་པ་མེད་ནའང་། རྒྱ་གར་གཞུང་གིས་ལམ་ཡིག་ལ་ལོ་བཅུའི་ནང་རྒྱ་གར་གཞུང་ཚབ་ནས་ཐོངས་མཆན་ཞུས་ནས་ཚུར་ཡོང་ན་དགག་བྱ་མེད་པའི་ཐེལ་ཙེ་བརྒྱབས་ཡོད་པ་བཞིན་དགག་པ་མེད་པར་ཐོངས་མཆན་གནང་གིན་ཡོད་པས་ངས་ཀྱང་ཐོངས་མཆན་ཞུས་ནས་ཚུར་ལོག་ཡོང་གི་ཡིན། བོད་མི་གཞན་པ་རྣམས་ཀྱང་འདི་བཞིན་ཡུན་རིང་སྡོད་ཀྱིན་ཡོད་པས་ང་ལའང་ལོ་མང་གི་ཐོངས་མཆན་གནང་རོགས་ཞེས་ནན་ཞུ་བྱ་དགོས་པ་ཡིན། ད་དུང་མ་སྤྲད་ན་ཐོངས་མཆན་ཡུན་རིང་སྤྲོད་འདོད་མེད་པའི་ཁག་དཀྲི་ཙམ་རེད། ཅེས་གསུང་གི་གདའ།

ངས་བསྐྱར་དུ། ཐོངས་མཆན་ཡུན་རིང་འཐོབ་པའི་རྒྱབ་གཉེར་ཡི་གེ་ཞིག་དོན་གཅོད་ལས་ཁུངས་ནས་གནང་ཐབས་ཡོད་དམ་ཞུས་པ་ན། ཁོང་གིས། ད་བར་གནང་མྱོང་ཡོད་པ་མ་རེད་ལ། གནང་ཐབས་ཀྱང་ཡོད་པ་མ་རེད། གང་ཡིན་ཟེར་ན། མི་ལ་གནས་ཚུལ་ག་རེ་ཡིན་ནའང་འབྱུང་སྲིད་ཅིང་། གནས་ཚུལ་འདྲ་མིན་བྱུང་ན་དོན་གཅོད་ལས་ཁུངས་ཀྱང་འདྲུད་འགྲོ་ཡི་རེད། ཅེས་ཟེར་བས་ངས་ལགས་སོ་ཞུས་པ་ཡིན།
མི་ཡི་མཉམ་ལས་ནི་ཕན་ཚུན་བརྡ་འཕྲོད་པས་བྱ་དགོས་ལ། བརྡ་སྤྲོད་པ་ན་གནད་དོན་ཤེས་མིན་ནི་བསམ་དོན་འགྲུབ་མིན་གྱི་འགག་རྩ་ཡིན་ཕྱིར། ཡུ་རོབ་ཀྱི་རྒྱལ་ཁབ་སོགས་སུ་ལམ་ཡིག་སེར་པོས་བསྐྱོད་པར་ཐོངས་མཆན་ཞུ་བ་ན། གནད་དོན་འདི་རིགས་ཀྱང་ཤེས་དགོས་པ་ཧ་ཅང་གི་གལ་ཆེན་དུ་མཐོང་ནས་བྲིས་པ་ཡིན་ནོ། །

སྣ་ཚོགས།

Post navigation

Previous Post: བོད་ཀྱི་རེ་བ་དང་རྒྱ་ནག་གི་བསམ་བློ།
Next Post: འབའ་བ་ཕུན་ཚོགས་དབང་རྒྱལ་ལ་རྗེས་དྲན་འདི་ལྟར་བྱེད་ཐུབ་ན་ཡག

Comments (9) on “ཡོང་མཆན་འགྲེལ་བཤད།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-04-04 at 8:56 am

    དགེ་ལུགས་པ་ཡིན་ན་སྤྲད་ཀི་རེད། སྔོན་མ་དོལ་ཚོགས་ལ་ཡིག་ཆ་སྤྲད་པ་དོན་གཅོད་ནས་བཤད་སོང་།

  2. བཙན་བྱོལ་བ་ says:
    2014-04-04 at 12:06 pm

    སྔོན་མ་སྤྲད་མྱོང་མེད་ཟེར་དུས་དེ་ག་རང་རེད། ཆོལ་ཆོས་ཀྱི་མིང་བེད་སྤྱད་ནས་མཉམ་བསྲེ་དགོས་དོན་མེད། གདོན་གྱིས་མྱོས་མེད་ན་མཆན་དང་ལན་དྲང་བཏབ་དགོས་པར་སེམས།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-04-04 at 1:45 pm

    ་་་་་་ ངས་བསྐྱར་དུ། ཐོངས་མཆན་ཡུན་རིང་འཐོབ་པའི་རྒྱབ་གཉེར་ཡི་གེ་ཞིག་དོན་གཅོད་ལས་ཁུངས་ནས་གནང་ཐབས་ཡོད་དམ་ཞུས་པ་ན། ཁོང་གིས། ད་བར་གནང་མྱོང་ཡོད་པ་མ་རེད་ལ། གནང་ཐབས་ཀྱང་ཡོད་པ་མ་རེད། གང་ཡིན་ཟེར་ན། མི་ལ་གནས་ཚུལ་ག་རེ་ཡིན་ནའང་འབྱུང་སྲིད་ཅིང་། གནས་ཚུལ་འདྲ་མིན་བྱུང་ན་དོན་གཅོད་ལས་ཁུངས་ཀྱང་འདྲུད་འགྲོ་ཡི་རེད། ཅེས་ཟེར་བས་ངས་ལགས་སོ་ཞུས་པ་ཡིན། ་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2014-04-04 at 1:47 pm

    ཐོངས་མཆན། ཡོང་མཆན། འགྲོ་མཆན། ་་་་་་་མཆན།

  5. ཤར་པ says:
    2014-04-04 at 4:37 pm

    ༄།གཅེས་པའི་ཤ་རུས་གཅིག་པའི་གྲོགས་མཆོག་ཚོ། དེ་དང་དེ་འདྲ་བའི་དཀའ་ངལ་རྒྱ་ཕྲག་ཡོད་པར་བརྟེན་། རྒྱ་གར་མི་སེར་ལག་འཁྱེར་རག་པའི་གོ་སྐབས་བཟང་་པོ་དེ་དམ་གཟབ་དང་དུས་ཐོག་བཟོ་རྒྱུར་ཤིན་ཏུ་གལ་མི་ཆེ་འམ།

  6. བོད་ཞེན་པ་ནས། says:
    2014-04-04 at 7:37 pm

    ཐུགས་རྗེ་ཆེ། དགའ་དབང་ལགས། ཕན་ཐོགས་བྱུང་། ངའི་གྲོགས་པོ་གུང་སེང་བླངས་པ་ཡིན། ཟླ་བ་གསུམ་ནང་ལོག་དགོས་བྱུང་སོང་། གནད་འགག་དེ་ཤེས་ཡོད་ཟླ་བ་ཁ་ཤས་སྡོད་རྒྱུ་བྱུང་ཡོད་ངེས།

  7. གནམ says:
    2014-04-04 at 9:16 pm

    ༼(གནས་ཚུལ་འདྲ་མིན་བྱུང་ན་དོན་གཅོད་ལས་ཁུངས་ཀྱང་འདྲུད་འགྲོ་ཡི་རེད།)༽ རོགས་པ་གནང་གི་མེད། གནང་མི་སྲིད། ཧ་ཧ་ཧ།
    ལས་ཁུངས་འདིའི་ནང་ན་ཁྱི་རྒན་མང་པོ་ཡོད་པ་གོ་སོང་། བདེན་པ་ཡིན་པ་གསལ་དུ་བྱིན་སོང་། ལས་ཁུངས་ཞིག་དང་ལས་མེད་འགས་ངོ་ཡོད་ངོ་མེད། རང་དོན་ཁུག་མ་བྱས་ནས་བསྡད་ཡོད་པ་འདི། ཡོ་རོབ་སོགས་ཕྱི་ཕྱོགས་ན་ཡོད་པ་ཚང་མས། དོན་གཅོད་ཀྱིས་རང་གི་འགྲོ་ལམ་ལ་བཀག་རྡོ་ག་རེ་སྤྲད་ཡོད་མེད་སོགས། མ་འོངས་བའི་ལས་དང་ལམ་ཕྱོགས་དྲང་བོར་བྱེད་ཐུབ་པའི་དགེ་མཚན་ཆོས་བས། སོ་སོས་འབྲི་མ་ཐུབ་ན་ཡང་། གཞན་ལ་འབྲི་བར་བཅུག་ནས། སྐུ་ངོ་ཁག་ནག་དེའི་ཚོའི་ཕྱི་ནང་གསལ་སྟོན་དང་ངོ་ཚ་མི་མང་ལ་ཤེས་སུ་འཇུག་པ་གལ་ཆེན་ཡིན་ནོ།

    སྒྲུང་སྡུག་རྐྱ་མང་པོ་གོ་ཡ་འདུག་ཐལ།

  8. ཚེ་རིང་ནས། says:
    2014-04-05 at 4:50 am

    ཡཡཡ་་་རང་གཞུང་ལ་རེ་ལྟོས་བཅའ་
    ས་མེད་པ་ངས་སྔར་ནས་ཤེས་ཟིན།

  9. ཏ་ལེ་ལོ་མ says:
    2014-04-05 at 9:08 am

    ལྡི་ལི་དོན་གཅོད་ལ་སྐྱབས་རེ་་མ་དགོས་བར་ཤོག་་དེ་ལས་དངུལ་གྱི་འགྲོ་སོང་ཐོངས་དང་ཡག་ཤེས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme