Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་སེང་།

Posted on 2014-03-302014-03-30 By ཁ་བརྡ་ 48 Comments on གངས་སེང་།

བསང་ཆུ་འབྲུག་བྷེ།
——སྒོ་ར་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་རྗེས་དྲན་ཞུ།

དེ་རིང་སྔ་དྲོ་ཉལ་ས་ནས་ལངས་མ་ཐག་རྒྱུན་ལྡན་བཞིན་སྐར་འཕྲིན་གྱི་སྒོ་ཕྱེས་དུས་ན། བོད་ནང་གི་གྲོགས་པོ་ཞིག་གི་འཕྲིན་སྟེགས་ལས་བགྲེས་པོ་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་པར་འགའ་མཐོང་བྱུང་། དེ་ནི་རྒྱུན་ལྡན་གྱི་ངོ་སྤྲོད་ཙམ་ལས་གཞན་ཅི་ཡང་མ་སྣང་མོད། འོན་ཀྱང་གྲོགས་པོ་མང་བོའི་འཕྲིན་སྟེགས་སུ་ཁོང་གི་པར་ངོས་སྣ་མང་བསྟུད་ནས་བསྟུད་མར་གསལ་དུས་གཞི་ནས་ངས་བཀྲ་མི་ཤིས་པའི་གནས་ཚུལ་དེ་གོ་བྱུང་།
སྒོ་ར་འབའ་བ་ཕུན་ཚོགས་དབང་རྒྱལ་ནི་དེ་རིང་གི་བོད་ཀྱི་ལས་དབང་འདིའི་གནས་བབ་དང་ཕྱོགས་འབྲེལ་ནས་ཡོང་བའི་ལོ་རྒྱུས་ཀྱི་མདུན་སར་ཡོད་པའི་སྐྱེས་བུ་གལ་ཆེན་ཞིག་ཡིན་ལ། སྐྱེས་བུ་འདི་བས་སྐར་ལྔའི་དར་དམར་དང་འགྲོགས་ནས་བོད་ཡུལ་གངས་རིའི་ལྗོངས་སུ་ལེགས་བཅོས་གསར་བསྒྱུར་གྱི་རྨི་ལམ་གང་མང་ཞིག་བཏང་མྱོང་།
རྨི་ལམ་དེའི་ཆེད་དུ་ན་ཟུག་དང་སྡུག་སྦྱོང་སྣ་ཚོགས་འཁུར་མྱོང་ཞིང་། གཡས་ལྷུང་གཡོན་ལྷུང་གི་རླུང་འཚུབ་སྲིད་འགྱུར་ཁྲོད་མི་ལོ་བཅོ་བརྒྱད་ཀྱི་བཙོན་ཁའི་སྒོ་མོར་འགྲིམས་ནས་ངག་མི་འཁྲོལ་བའི་དཀའ་ངལ་སོགས་བྱུང་།

དེ་རིང་ནི་ཁོང་ཉིད་ང་ཚོ་དང་གཏན་དུ་ཞལ་གྱེས་སོང་བའི་ཉི་མ་ཡིན། དེ་རིང་ལྟ་བུའི་སྡུག་གི་ཉི་མ་མང་བོ་ངའི་ལང་ཚོའི་འགྲོས་དང་ལོ་ནའི་བབ་ལ་ལྟོས་ནས་གང་མང་ཤར་མྱོང་།
2000ལོའི་ཟླ་3 ཚེས་1 ཉིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་མཛད་རྗེས་བླ་ན་མཐོ་བའི་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་།
2004ལོའི་ཟླ་1 ཚེས་7་ཉིན་བོད་གངས་ཅན་གྱི་གཏེར་སྟོན་རྒྱལ་བོ་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་དགོངས་པ་རྫོགས་པ།
2004ལོའི་ཟླ་10 ཚེས24 ཉིན་བོད་ཀྱི་སྙན་ངག་མཁན་པོ་ཡི་དམ་ཚེ་རིང་སྐུ་མྱ་ངན་ལས་འདས་པ།
2006ལོའི་ཟླ་5 ཚེས28 ཉིན་མཁས་དབང་ཟླ་བ་ནོར་བུ་སྐུ་ཞི་བར་གཤེགས་པ།
2009ལོའི་ཟླ12 ཚེས་23 ཉིན་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུའི་བཀོད་པ་རྫོགས་པ།
2011ལོའི་ཟླ་8 ཚེས་31 ཉིན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུའི་འཕེན་པ་རྫོགས་པ།

དེ་རིངསྟེ་2014 ལོའི་ཟླ་3 ཚེས་30 ཉིན་བོད་མི་གསར་བརྗེ་བར་འབོད་པའི་སྒོ་ར་འབའ་བ་ཕུན་ཚོགས་དབང་རྒྱལ་ཉིད་སོགས་སྐུ་གཤེགས་དུས་ཀྱི་གནས་ཚུལ་རྣམས་ནི་ངའི་མི་ཚེ་བརྒྱུད་ལམ་ཁྲོད་གཏན་དུ་བརྗེད་མི་སྲིད་པ་དང་། ནམ་ཡང་སེམས་ཀྱི་རྩིག་ལྡེབས་ངོས་སུ་དྲན་བསླངས་ངེར་འདུག་པ་དེ་ཡིན།

གངས་མཐོན་པོ་དང་མཚོ་ཆེན་མོ་ལྟ་བུའི་བོད་ཡུལ་གྱི་ཉམས་འགྱུར་ཡོངས་སུ་རྫོགས་འདྲའི་སྐྱེས་ཆེན་ཁོང་འདྲ་ང་ཚོའི་མི་ཐོག་འདིའི་བསོད་ནམས་ཀྱི་བགོ་སྐལ་ནས་ཤོར་དུས། ཕ་ཤུལ་བུ་འཛིན་གྱི་རྗེས་རབས་པ་ང་ཚོ་དྭ་ཕྲུག་བཞིན་ཅི་འདྲའི་སྐྱོ་ཨང་།

རྩོམ་རིག

Post navigation

Previous Post: <<སྐར་མདའ>>
Next Post: མདང་དགོང་གི་ཟླ་གཞོན།

Comments (48) on “གངས་སེང་།”

  1. ཀརྨ་བློ་གསལ་ says:
    2014-03-30 at 9:49 am

    གྲོགས་པོ་ལགས། ཁོང་མའོ་ཙེ་ཏུང་ལ་མཇལ་དུ་བསྐྱོད་པ་རེད།
    བོད་ནི་འཕྲོག་ཚར་ཡོད་པ་རེད་ལ། གོང་ས་མཆོག་ཀྱང་ཁྲི་ལས་ཕབ་ཚར་བ་རེད།
    བློ་འགྱོད་རང་བཞིན་གྱི་རྩོམ་འགའ་བྲིས་ཡོད་ཀྱང་ཅི་ལ་ཕན།

  2. གཙན་ནག་པ། says:
    2014-03-30 at 10:11 am

    སྙིང་རྗེ། རྒྱ་ཁྱི་ཞིག་ཤི་བ་རེད།

  3. ཅོ་རི་ཉི་མ། says:
    2014-03-30 at 11:18 am

    དེ་རིང་བཀྲ་ཤིས་པའི་ཉིན་མོ། རྟེན་འབྲེལ་བཟང་བའི་ཉིན་མོ། དོན་པའི་འགྲུབ་པའི་ཉིན་མོ་ཞིག་ཡིན། རྒྱལ་བཙོང་བ་འདི་ཚོས་རྒྱ་དམག་བོད་ལ་ཁྲིད་ནས་བསླེབས་པས་བོད་རིགས་སྤུན་ཟླ་ས་ཡ་ལྷག་གི་ཚེ་སྲོག་ཤོར། དགོན་སྡེ་སྟོང་ཕྲག་མང་པོ་གཏོར། བོད་ཡུལ་དམྱལ་བའི་ཡུལ་ལ་སྒྱུར་མཁན་གྱི་གུན་ཁྲན་ཏང་གི་གསོ་ཕག་ཕུན་དབང་ཤི་བར་དགའ་པོ་བྱུང་། བཀྲ་ཤིས་བདེ་ལེགས་ཡོད། ད་ནི་་་་དམྱལ་ཡུལ་དུ་ཨ་ཁུ་ཆོས་རྒྱལ་རྩ་ནས་ཁྲིམས་བཅོད་ཁུར་ཅིག

  4. ཅོ་རི་ཉི་མ། says:
    2014-03-30 at 11:41 am

    ཨོ་རེད་་་སྐད་ཆ་ཤིག་བཤད་དགོས་ཡོད།
    གསར་བརྗེ་བ་འདི་ཚོ་ལ་མི་རིགས་ལ་རྒྱ་ཡོད་རེད་ད། རིག་གནས་བརྗེ་སྐབས་སུ་ཕྲུ་གུ་ལ་ཕ་མ་བརྡུང་བཅུག དགེ་ཕྲུག་ལ་དགེ་རྒན་བརྡུང་བཅུག སློབ་མ་ལ་བླ་མ་བརྡུང་བཅུག གཡོག་པོ་ལ་རྒྱུ་བདག་བརྡུང་བཅུག་ནས་གྲལ་རིམ་འཐབ་རྩོད་བྱས་པ་རེད། སེམས་ཅན་དུར་འགྲོ་ཡིས་མི་བྱས་པའི་ལས་ཀ་བྱས་མྱངས་བ་རེད། ད་དུང་་་་མི་རིགས་ལ་རྒྱ་ཡིན་ན་ཅིག་་་་་སྙིང་རྗེ་་་མ་བྷན་ཚོ།

  5. བསོད་ནམས། says:
    2014-03-30 at 11:48 am

    ཅོ་རི་མ་ཟེར་བའི་དྲ་འབུ། ཁྱི་ལབ་མ་རྒྱག་ན་ཡག སོ་སོས་སྡོམ་པ་མགོ་མ་མཐོན་ནས་མགོ་སེར་བོའི་རྐུབ་ལྡོག་ནས་རྒྱལ་གཅེས་ཡོད་མདོག་ལས། བོད་ནང་སོང་ནས་འཐབ་རྩོད་བྱེད་དང་། ཕྱི་རྒྱལ
    གྱི་ཁྱེད་ཚོ་སྐྱུགས་མེར་ལངས་སོང་།

  6. གཅོད་པ། says:
    2014-03-30 at 12:25 pm

    རྒྱ་མིའི་ལག་ཆ་ཞིག་ཏུ་གྱུར་མྱོང་བ་རེད།
    མར་ཁི་སི་རིང་ལུགས་ལ་དད་ཅིང་རྒྱ་མིའི་ལྐོག་གཡོ་ལ་ཐེ་ཚོམ་ཙམ་ཡང་ཟ་མ་ཐུབ་མཁན་ཞིག་རེད།
    གང་ལྟར་བཅིངས་འགྲེལ་དམག་ཟེར་བ་དེ་ལྷ་ས་སྣེ་འཁྲིད་མཁན་ཁོང་རེད། ལོ་རྒྱུས་ཀྱི་ནག་ཉེས་འདི་ནམ་ཡང་འདག་སྲིད་ཀྱི་མ་རེད།

  7. ཅོ་རི་ཉི་མ། says:
    2014-03-30 at 12:41 pm

    འབའ་པ་བ་རྣམས་ཁོང་ཁྲོ་མ་ཟ་རོགས་བྱོས། ཕ་ཡུལ་གཅིག་པའི་ཕྱོགས་ཞེན་བྱེད་ནས་རྒྱལ་བཙོང་བ་ཕུན་དབང་ལ་སྐྱོན་བརྗོད་བྱེད་འོང་དུས་ཐུགས་ལ་ཕོག་མི་ཉན། འབའ་པ་བ་རྣམས་ལ་ཞུ་རྒྱུ་ཡིན། ང་ལྟ་བུ་ཡིན་ན་སེམས་བསམ་པའི་གཏིང་ནས་རྒྱལ་བཙོང་བ་འདི་དག་མི་དགའ།

  8. ཉི་འོད་གྲོང་། says:
    2014-03-30 at 12:51 pm

    ཕུ་དབང་ཞེས་པ་རྒྱ་མིའི་དམར་བོའི་རྒྱུག་ཁྱི་ཁོ། ཏང་སྲིད་དམག་གསུམ་བྱུར་གྱི་སྣེ་འདྲེན་ཁོ།
    བོད་མིའི་ལས་དབང་རྒྱ་འདྲེ་འཚོང་མཁན་ཁོ།
    དེ་རིང་འཆི་བདག་བདུད་ཀྱིས་ཁྱེར་བ་དེ།
    བོད་མིའི་མགོ་བོར་ཉི་མ་དེ་རིང་ཤར།
    བཀྲ་ཤིས་ཕྱེ་མར་དཀོན་མཆོག་གསུམ་པོ་མཆོད།

  9. བསོད་ནམས། says:
    2014-03-30 at 2:13 pm

    ཅོ་རི་ཉི་མ་ཁྱི་ལབ་རྒྱག དོན་མེད་ཁྱྱི་སྐད་མ་ཟུག ཐོག་མར་ཁྱེད་རང་པེ་ཅིང་ལ་འགྲོ་ནས་འཐབ་རྩོད་བྱོས

  10. སྡོང་ཆུ་མིག says:
    2014-03-30 at 2:54 pm

    བསོད་ནམས་ཟེར་བའི་དྲ་འབུ་འདིའི་ཁྱི་ལབ་མ་རྒྱག ཁྱེད་རང་མི་ག་འདྲ་ཟིག་ཡིན་མིན་ཤེས་ཀི་ཡོད།

  11. བསོད་ནམས། says:
    2014-03-30 at 4:23 pm

    དྲ་འབུ་ཚོ་ང་ཤེས་ན་བཟང་། རྒྱལ་གཅེས་པ་ཞིག་ལ་དམའ་འབེབ་མ་བྱེད་ན་བཟང་། ་འབའ་བ་ཁོང་ལོ་བརྒྱད་བཙོན་ཁང་དུ་བསྐྱལ་བ་ལས་ཚོནཐུབ། ཏྲེ་ཧོར་ལ་ཅི་ཡོད། དད་པ་ཡོད་ཟེེར་མཁན་མ་གཏོགས་མེད་རེད། ལྟ་བ་དང་ལངས་ཕྱོགས་མེད
    པ༴

  12. སྡོང་ཆུ་མིག says:
    2014-03-30 at 4:49 pm

    བསོད་ནམས་འདྲ་འབུ། ཁྱེད་རང་གི་ཁ་རྒྱག་པ་མ་བཤད་རོག ཁོང་རང་གུང་ཁྲན་ཏིང་གི་རྒྱལ་གཅེས་པ་ཡིན་མིན་ངའི་ཤེས་ཀི་ཡོད། ང་ཅོ་རི་ཉི་མ་ཁྱེད་རང་གི་ཐག་ཉེས་ས་ན་ཡོད། འདྲ་འབུ་ཁྱོད་ངའི་སྔོན་མ་ནས་ཤེས་གི་ཡོད། ཁ་རྒྱག་པ་མ་བཤད་རོག

  13. ཅོ་རི་ཉི་མ། says:
    2014-03-30 at 5:03 pm

    སྔོན་མ་ཕུན་དབང་བཙོན་ཁང་ནང་དུ་ཡོད་སྐབས་ཏན་ཞོ་ཕིང་ཡང་བཙོན་པ་རེད། མའོ་ཤི་ནས་ཏན་བཙོན་གྲོལ་ཐོབ་པ་རེད། དེ་ནས་ལོ་གཉིས་ཀྱི་རིང་་ཧྭ་ཀོ་ཧྥིང་ཟེར་བ་ཞིག་གིས་རྒྱ་ནག་གི་ཀྲུང་ཞིའི་བྱས་པ་རེད། དེའི་རྗེས་ཏན་རེད། ཏན་ཞོ་ཕིང་གི་སྐབས་སུ་མའོ་ཡི་བཟའ་ཟླ་ཅ་ཆིས་གཙོ་བོ་བྱས་པའི་མི་བཞིོ་ཤོག་ཁག་བཙོན་ཁང་ནང་དུ་བཅུག་པ་རེད། འདི་དག་དམར་ཕྱོགས་པ་ཚོའི་ནང་ཁུལ་གྱི་འཐབ་རྩོད་རེད། དེང་སང་ཅང་ཙི་མིང་ཤོག་ཁག་་པོ་ཞི་ལེ་གཙོ་བོ་བྱས་ནས་བཙོན་དུ་བཅུག་ཡོད་རེད། དམར་ཕྱོགས་པ་འདི་དག་གིས་ནང་ཁུལ་འཐབ་རྩོད་བྱས་པ་དེ་དག་གོ་གནས་དང་དངུལ་གྱིས་ཆེད་དུ་འཐབ་རྩོད་རེད་མ་གཏོགས་གཞན་དག་གང་ཡང་མ་རེད།།

  14. དྲན་དཀར་དཔལ་ཡོན་ says:
    2014-03-30 at 5:20 pm

    དོལ་ཅོ་རི་ཏྲེ་ཧོར་པ་མ་རེད།

  15. ཐོས་པ་དགའ། says:
    2014-03-30 at 5:35 pm

    འབའ་པ་ཕུན་དབང་བཙོན་དུ་ལོ༡༨ མྱངས་པ་ནི་རང་གིས་བཟོས་པ་རེད་མ་གཏོགས་བོད་གཞུང་མ་རེད། བོད་གཞུང་སྐུ་དྲག་ཚོ་མ་རེད་མོས་དེ་བས་བོད་མི་ཚོ་ནི་ག་ནས་ཡིན། མི་ཚེ་གང་པོར་དམར་ཤོག་ལ་ཡིད་ཆེས་དང་བློ་སྙིང་བྲང་གསུམ་ལྟས་ནས་བོད་དུ་རྒྱ་དམར་ཁྲིད་ཡོང་ནས་བོད་མི་ཇི་ཙམ་དམར་བསད་བཏང་བ་སོགས་ད་ལྟའི་བོད་ཀྱི་གནས་སྟངས་ཐབས་སྡུག་ཏུ་གྱུར་བ་དེ་ཁོང་གི་ལོ་རྒྱུས་ནང་གི་ཉེས་པ་དག་ཐབས་མེད་པ་ཞིག་རེད། བོད་དང་བོད་མིར་བརྩམས་པའི་སྡིག་ཉེས་བྱ་བ་དེ་ལ་གནོངས་འགྱོད་ཞིག་ཡོད་པར་བརྟེན་ནས་བོད་དོན་སྐོར་བཤད་པ་དང་དེབ་བརྩམས་པ་ནི།་རང་གིས་བྱས་པའི་བྱས་ཉེས་དག་འབུད་བྱེད་དགོས་ངེས་ལས་རླབས་ཆེ་བ་དང་གཟིགས་བརྗིད་དུ་ངོས་འཛིན་བྱེད་མཁན་ནི་ལྐུག་རྟགས་ཡིན་ཞིང། འཆི་ཁར་སླེབས་པའི་རྒས་པོ་ཞིག་ལ་རྒྱ་གཞུང་གིས་བྱེད་རྒྱུ་གང་ཡོད།

  16. ལྷ་སྡེ་གནམ་ལོ་ཡག says:
    2014-03-30 at 8:46 pm

    འབའ་བ་ཕུན་དབང་གཤེགས་པར་མྱ་ངན་ཞུ་བཞིན་ཡོད་ལ། རྒྱ་ཡིག་ནང་ཡང་གནས་ཚུལ་འདིར་འབྲེལ་ནས་ཁོང་གི་མི་ཚེ་ལོ་རྒྱུས་བསྡུས་མ་ཞིག་བཀོད་ཡོད། ཡིན་ནའང་། འདིར་འགོད་པར་ཡིག་བསྒྱུར་གྱི་ཆུ་ཚོད་རེག་གི་མི་འདུག གང་ལྟར་༼བོད་མི་དམར་པོས་རྒྱ་མི་དམར་པོ་ཁྲིད་ཡོང་བ་རེད༽ཟེར་བ་དེར་ཁོང་གིས་རྩོམ་ཡིག་བྲིས་ནས་དགག་པ་བརྒྱབ་འདུག

    དེ་མིན་ཕུན་དབང་གིས་ཁོང་ལ་འཕྲད་དུ་ཕྱིན་པའི་བོད་མི་ཚོར་སྐད་ཆ་གཙོ་བོ་གཅིག་བཤད་ཀྱིན་པ་སྟེ། ༼སྔར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ། ངས་སྐབས་དེའི་ལྷ་སའི་སྡེ་བ་གཞུང་ལ་དམག་མངགས་དགོས་ནི་རེད། དེ་ལྟར་རང་བཞིན་གྱིས་རྒྱལ་ཁབ་གཞན་ཚང་མས་ངོས་ལེན་ཡོང་གི་རེད་ཅེས་ཐེངས་མང་ཞུས་ཀྱང་། ཁོང་ཚོས་ང་ཚོ་ནང་བ་བར་གནས་བྱེད་དགོས་རེད་ཅེས་གོ་སྐབས་དེ་བཏང་བ་རེད། དེ་མ་གཏོགས་བཅིངས་འགྲོལ་བྱེད་དགོས་ཐུག་ཡོད་པ་མ་རེད། ༽

    ངས་བལྟས་ན། འབའ་བ་སྐུ་གཤེགས་པའི་དོན་རྐྱེན་འདི་བརྒྱུད་ནས་བོད་་ཀྱི་ཐོབ་ཤོར་ལ་སྤྱི་བསྡོམས་བྱེད་འོས་པ་ལས་ཤི་བོར་དགག་མི་གནང་བའི་རེ་བ་ཡོད། ཤི་བོར་དགག་རྒྱག་བྱེད་སྟངས་དེ་ཆོས་དད་ཡོད་ཟེར་མཁན་དག་གི་ལས་ཀ་དེ་བས་ཀྱང་མ་ཡིན་པ་བཤད་མ་དགོས་པ་ཞིག་རེད།

  17. ལྷ་སྡེ་གནམ་ལོ་ཡག says:
    2014-03-30 at 8:49 pm

    དགག་མི་གནང་ནོར་འདུག དགག་རྒྱག་མི་གནང་བའི་རེ་བ་ཡོད་ལ་བཅོས་རོགས།

  18. སྤྱང་ཤོག says:
    2014-03-30 at 8:55 pm

    སྒོ་ར་ནང་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་མྱ་ངན་རྗེས་དྲན་ཞུ་བཞིན་ཡོད། ཁོང་ལ་སྟོད་ནས་རྒྱལ་གཅེས་པ་ཟེར་གྱི་མེད་ལ།སྨད་ནས་རྒྱལ་བཙོང་པ་ཟེར་གྱི་མེད། དྲ་གྲོགས་རྣམས་པ་ལགས། རོ་ཐོག་ཏུ་རྟ་མ་རྒྱུག་རོགས།

  19. སྤྱང་ཤོག says:
    2014-03-30 at 9:05 pm

    ནོར་འདུག རྒྱལ་ཚོང་ལ་བཅོས་རོགས།

  20. ཐོས་པ་དགའ། says:
    2014-03-30 at 9:15 pm

    དགོངས་དག་ངན་སྨྲས་ཚ་དྲག་པ་འདྲ། བསམ་བློ་གཞན་ཞིག་ནས་བཏང་ན་ངག་ཕོད་ངག་དབང་འཇིག་མེད་ལས་བློ་སྟོབས་དང་བོད་མི་རིགས་ལར་རྒྱར་ལྡན་པའི་མི་ཞིག་ཡིན་པ་བསམ་གྱི་ཡོད། དེ་ནི་ངག་ཕོད་ལགས་དང་ཁོང་གཉིས་ཀྱི་གནས་བབ་གཅིག་པ་ཡིན་རུང་ཁོང་གིས་བོད་མི་མི་རབས་ཚོར་དཔེ་དེབ་འགས་ཤས་བྲིས་ཏེ་ཕྱག་རྗེས་བཞག་ཡོད་ཀྱང་ངག་ཕོད་ལགས་ཀྱིས་གང་ཡང་བྲིས་ཡོད་ཚོད་མི་འདུག
    ཁོང་གི་འདས་པའི་གནས་སྟངས་ཇི་བྱུང་ཡོད་ཀྱང་འགྲོ་བ་མི་ཞིག་དང་ལྷག་པར་དུ་བོད་མི་ཞིག་གྲོངས་པར་བློ་ཕམ་ཡོད།

  21. གླག་རྒོད། says:
    2014-03-30 at 9:41 pm

    ལོ་མང་རིང་བཙོན་དུ་བསྡད་མྱོང་མཁན་བོད་མི་ཞིག་ཡིན་ཕྱིར་མྱ་ངན་ཞུ་འོས་པ་རེད།

  22. ཁྱི་ནག་ says:
    2014-03-30 at 10:02 pm

    འབའ་པ་ཕུན་དབང་ལགས་ཀྱི་སྐུ་ཚེ་རེ་ཞིག་ཟླ་བ་སྤྲིན་གྱིས་བསྒྲིབས་གྱུར་རུང་། སྔོན་གྱི་དམ་བཅའ་མ་འོངས་བོད་མིའི་ཕུགས་འདུན་བསྒྲུབ་པའི་ཆེད། མགྱོགས་མྱུར་གངས་ཅན་པད་མོའི་ས་ལ་ཕེབས་གྱུར་ནས། ཆོལ་ཁ་གསུམ་གྱི་རང་དབང་འགོ་ཁྲིད་བོད་མིའི་མགོན་དུ་ཕེབས་པར་ཞུ།

    ལ་ལས་རང་བཙན་གྲུབ་ནས་བོད་མིའི་བདེ་སྐྱིད་འཚོལ་བ་དང་། ལ་ལས་དབུ་མར་རེ་བ་བཅོལ་ནས་འཕྲལ་གྱི་བདེ་བ་འཚོལ་ཆོག་ན། ལ་ལས་ལྷ་གསོལ་འདྲེ་གསོལ་བོད་མིའི་བསམ་དོན་གྲུབ་རེ་ན། ཕུན་དབང་འབའ་པས་ཅི་ཡི་ཆེད་དུ་དམར་པོ་གསོལ་མི་ཆོག

    ཕུན་དབང་རྒད་པོ་མི་རིགས་བཙོང་མཁན་སྐུ་དྲག་ནག་པོ་ཡེ་ནས་མིན།
    ཆོས་དང་ལུང་པ་དགྲ་ལ་སྤྲོད་མཁན་བླ་རྫུན་ཐེན་ཁྱེར་གང་ནས་ཡིན།
    ཆོལ་གའི་དུག་གིས་མྱོས་ཆུ་བཏུང་བའི་ནང་རྨེ་དཔོན་ནི་ཤོད་མ་དགོས།
    དོལ་རྒྱལ་བོད་མིའི་སྲོག་ལ་བརྔམས་པའི་གླེན་པའི་རྒྱལ་འགོང་ཅིས་མ་ཡིན།

  23. རྒྱང་མིག says:
    2014-03-31 at 12:59 am

    འབའ་པ་ཕུན་དབང་ནི་བོད་ཀྱི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་པ་ལྟར་ན། ང་ཚོས་ཁོང་གི་བྱས་རྗེས་དང་ནག་ཉེས་ཀྱི་ཆ་གཉིས་ཀ་ནས་ཅིས་ཀྱང་གླེང་དགོས་པ་ཞིག་རེད། ཡིན་ན་ཡང་བསམ་ཚུལ་ནི་འོས་བབ་ཚུལ་མཐུན་གྱི་ངང་ནས་བརྗོད་ན་ལེགས་པ་ལས། ཤི་བོར་ཆེས་ཐལ་ཆེ་བའི་སྡུག་སྨོད་དང་ཚིག་ངན་རིགས་དེ་འདྲའི་མ་སྤྱོ་ནའང་བསམ་ཡོང་།

    ང་ལ་མཚོན་ན། ཁོང་གིས་བོད་ཐད་བཞག་པའི་བྱས་རྗེས་ལས་ནག་ཉེས་དེ་ཆེ་བར་འདོད་མཁན་ཞིག་ཡིན། ཁོང་གིས་མི་ཚེ་ཧྲིལ་བོར་ཞབས་འདེགས་དེ་ཆོས་ལ་དུག་ཏུ་ལྟ་བའི་དགྱ་ནག་དམར་གཞུང་གི་ཕྱོགས་སུ་ཤུགས་ཆེར་ཞུས་ཡོད་པ་ལས། བོད་ཀྱི་གཉན་འཕྲང་དང་གནད་འགག་གི་ཐད་ལ་དམར་གཞུང་ལྟར་གྱི་དཔུང་འདེགས་དེ་ཞུས་མེད་པ་ཀུན་གསལ་ཡིན།
    དཔེར་མཚོན་ཞིག་ཞུས་ན། གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འཇོག་གི་སྐབས་སུ། ཁོང་གིས་༼གྲོས་བསྡུར་འདི་ཐོག་མ་ཉིད་ནས་དཀའ་ཚེགས་ཅན་ཞིག་ཡིན་པ་ནི་ཡ་མཚན་མི་དགོས་པ་ཞིག་རེད། དེའི་རྒྱུ་མཚན་ནི་ཕྱོགས་གཉིས་ཀར་འདས་པའི་ལོ་རྒྱུས་ལ་གོ་བ་ལེན་ཕྱོགས་རྦད་དེ་མི་འདྲ་བ་རེ་ཡོད་པས་ཡིན་ཞིང་། དེ་འདྲའི་མི་འདྲ་བ་རྣམས་ཐོག་མར་སྐད་ཡིག་གི་ཐོག་ནས་མངོན་པར་གྱུར། དཔེར་ན། བོད་དང་རྒྱ་ནག་གི་ཐད་ཐ་སྙད་སྤྱོད་ཕྱོགས་ལ་མི་མཐུན་པ་བྱུང་བ་སྟེ། བོད་ཀྱི་སྐུ་ཚབ་ཚོས་”བོད་གཞུང་”དང་། “རྒྱ་གཞུང་”ཞེས་པའི་ཐ་སྙད་སྤྱོད་ཅིང་། དེས་ཆབ་སྲིད་ཀྱི་དབང་ཚད་འདྲ་མཉམ་ཡིན་པའི་གོང་བུ་གཉིས་སྟོན་གྱི་ཡོད། ང་ཚོའི་ཕྱོགས་ནས་”དབུས་གཞུང་”དང་། ས་གནས་སྲིད་གཞུང་”ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་བོད་དེ། རྒྱ་ནག་གི་གཞི་རྒྱ་ཆེ་བའི་གོང་བུ་གཅིག་གྱུར་གྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་པས་རེད། སྐད་ཡིག་ནི་དཀའ་རྙོག་ཆེ་ཤོས་དེ་མ་ཡིན་པར། རྩོད་གླེང་ཆེ་གྲས་དང་པོ་ནི་བོད་ནང་མི་དམངས་བཅིངས་འགྲོལ་དམག་གཏོང་རྒྱུའི་གནད་དོན་ཐད་བྱུང་སོང་།༽ཞེས་དང་།

    དེ་ནས་༡༩༥༡ ལོར་འབའ་ཕུན་ཁོང་ལྷ་སར་ཡོང་སྐབས་སུ་༼ང་ནི་ཏང་གི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་(gongwei) ཞིག་ཡིན་པའི་ཆ་ནས་སྔོན་བསྐྱོད་དཔུང་སྡེའི་མཉམ་དུ་འབའ་ཐང་ནས་ཡིན་པའི་བོད་རིགས་ལས་བྱེད་པ་བཅོ་ལྔ་ཉི་ཤུ་དང་ལྷན་དུ་བསྐྱོད་པ་ཡིན།༽ཞེས་དང་།
    ༼ང་རང་རྒྱ་ནག་གི་སྲིད་གཞུང་གསར་པའི་གནད་ཡོད་ལས་བྱེད་ཅིག་གི་གནས་བབ་ཐོག་ནས་ལོག་ཡོང་བཞིན་ཡོད་ལ། ངའི་སེམས་ནང་འབྱུང་འགྱུར་གྱི་ཐད་ཕུགས་འདུན་བཟང་པོས་ཁེངས་ཡོད།༽
    ཞེས་དང་། ༼ང་ཚོའི་སྔོན་བསྐྱོད་དཔུང་སྡེ་འདི་བཞིན་ལྷ་སའི་བོད་མིས་ཐོག་མར་མཐོང་རྒྱུའི་མི་དམངས་བཅིངས་འགྲོལ་དམག་མི་ཆགས་རྒྱུ་རེད། དེར་བརྟེན་དམག་སྡེ་ཨང་བཅོ་བརྒྱད་པའི་དམག་མི་སྟོང་ཕྲག་མང་པོའི་ཁྲོད་ནས་དམག་མི་ལེགས་ཤོས་རྣམས་བདམས་སྒྲུག་བྱེད་རྒྱུར་གཟབ་ནན་ཧ་ཅང་ཆེན་པོ་བྱས་པར་བརྟེན། སྔོན་བསྐྱོད་དཔུང་སྡེའི་དམག་མི་ཚང་མ་ན་སོ་དར་ལ་བབ་ཅིང་གཟུགས་བབ་ལེགས་པ། སྒྲིག་ལམ་ཡག་ཅིང་མཚོན་ཆ་ལེགས་ཤོས་ཐོགས་པ་ཤ་སྟག་རེད།༽ ཞེས་སོགས་ལྟ་བུ་རེད།

  24. ཀརྡོ་གཉེར་ཕྱག་པ་ says:
    2014-03-31 at 1:07 am

    འབའ་བ་ཕུན་ཚོགས་ལགས། སྤྱིར་བོད་ལ་ལ་རྒྱ་ཡོད་མཁན་ཅིག་དང་། བཙོན་བཅུག་མྱངས་པའི་རྗེས་ལ། བོད་ཡིག་བོད་སྐད་ལ་སོགས་ལ་ཕྱག་ལས་གནང་བ་གོ་ཐོས་བྱུང་ན་ཡང་། ང་ཆུང་ཆུང་ནས། མའོ་སྡིག་ཆེན་ཁོ་དང་ཁོས་རྗེས་འབྲངས་པ་ཚོས། དང་པོ་ངའི་ཕ་མས་དཀའ་ངལ་ཚད་མེད་མྱངས་པ་མིག་མཐོང་ལག་ཟིན་བྱུང་བ་དང་། ཕྱིས་སུ་རང་གི་རྩ་བའི་བླ་མ་ཚོས་ཀྱང་། དམྱལ་བ་མི་ཡུལ་དུ་མྱངས་པ་གོ་ཐོས་བྱུང་བ་སོགས་ལ་བརྟེན་ནས། སྔར་གྱི་བོད་རིགས་གུང་བྲན་དང་། དེང་གི་གུང་བྲན་ལས་བྱེད་པདྨ་འཕྲིན་ལས་སོགས་གང་མྱུར་འཆི་ན། ཅི་མ་རུང་སྙམ་ནས་བསྡད་ཡོད་ལགས།
    རྒྱ་ནག་གུང་བྲན་ཁྱི་རྒྱན་ཚང་མ་གང་མགྱོགས་ཤི་ན་ལེགས་སོ། སྡིག་ཆེན་ཅིག་ཤི་བས། དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བར་གྱིས་ཤིགུ

  25. བསྟན་པ། says:
    2014-03-31 at 2:16 am

    འབའ་བ་ཕུན་དབང་ནི་རྒྱལ་ཚོང་བ་རེད་ཟེར་ན་མི་ཤེས། ད་ལྟའི་བཙན་བྱོལ་བོད་གཞུང་གི་ལས་ཀ་དང་ཁོ་གཉིས་ལངས་ཕྱོགས་གཅིག་པ་རེད།

  26. ལུང་རྟོགས། says:
    2014-03-31 at 5:52 am

    དཔའ་བོ་ཕུན་ཚོགས་དབང་རྒྱལ་ལ་མྱ་ངན་ཞུ། ད་ལྟའི་བཙན་བྱོལ་ནང་གི་རང་བཙནའཐབ་རྩོད་པ་ཡིན་ཟེར་ནས། རྟག་ཏུ་གོང་ས་མཆོག་དང་སྒྲིག་འཛུགས་ལ་ཁ་གཏོང་མཁན་འདི་ཚོས། ཁོང་གི་སྙིང་སྟོབས་དང་ལྷག་བསམ་གྱི་བརྒྱ་ཆ་སྟོང་ཆ་ལ་ཡང་ཉེ་གི་མ་རེད།

  27. བོད་ཞེན་པ་ནས། says:
    2014-03-31 at 5:56 am

    དམ་པ་ཁོང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ཐོར་ལ་ཉེ་སྐབས་ཁོ་པས་ཡར་རྒྱུགས་མར་རྒྱུགས་བྱས་ནས་མཐར་ཡིག་ཆ་ནག་པོ་དེ་བཞག ཁོ་པས་ངན་བྱུས་གཏིང་ནས་རྡ་ཡང་དཀར་པོ་བོད་ལ་དབོར་ཡོང་ནས་བླ་ཆེན་མི་ཆེན་སྤྲང་པོ་ཚང་མ་རྡ་ཡང་གིས་བླུས། ༧གོང་ས་མཆོག་ལ་དམར་ཤོག་ལྟ་བ་སློབ་གསོ་ཕུལ་ནས་༧གོང་ས་མཆོག་ཏང་ཡོན་ནང་ཞུགས་རྩིས་ཀྱང་གནང་འདུག

  28. ཨ་ཕྱི་ཆོས་སྒྲོན says:
    2014-03-31 at 6:04 am

    འབའ་བ་འདི་རང་གི་རྒྱལ་ཁབ་དང་ཆོས་དང་རིག་གཞུང་མེ་ཆུར་གཡུགས་འཁན་རེད། ཤི་མེད་དེ་ཚོ་ཚེ་རིང་ཐལ་ཡ།

  29. གནམ says:
    2014-03-31 at 6:14 am

    སུ་ཡིན་འདི་ཡིན་ནི་མི་ཤེས།།
    དྲིན་ཡོད་དྲིན་མེད་ནི་མི་ཤེས།།
    སུའི་ཕྱོགས་འདིའི་ཕྱོགས་ནི་མི་ཤེས།།
    སྟོད་སྨད་དབྱེ་བ་ནི་མ་ཤེས།།

    མ་ཎི་ཚར་གསུམ་ཏག་ཏག་ཏོན་ཡོད།

  30. བོད་ཀྱི་གཡག says:
    2014-03-31 at 6:46 am

    ༧གོང་ས་མཆོག་གི་གསུང་འཕྲིན།
    འདོན་སྤེལ། ༢༠༡༤/༠༣/༣༡
    ༸གོང་ས་མཆོག་གིས་འབའ་བ་ཕུན་ཚོགས་དབང་རྒྱལ་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་འདུག

    ཁ་སང་ཕྱི་ཚེས་ ༣༠ ཉིན་བོད་མི་གསར་བརྗེ་བ་འབའ་བ་ཕུན་ཚོཊ་དབང་རྒྱལ་སྐུ་གྲོངས་པའི་གནས་ཚུལ་ཐོན་རྗེས། ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་འདུག་ལ། བོད་མིའི་སྒྲིག་འཛུཊ་ཀྱི་དྲ་རྒྱའི་སྟེང་བཀོད་པའི་༧གོང་ས་མཆོག་གི་གསུང་འཕྲིན་དེའི་ནང་། འབའ་བ་ཕུན་ཚོགས་དབང་རྒྱལ་རྒྱ་ནག་པེ་ཅིང་སྨན་ཁང་ཞིག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་ངོས་རང་ཧ་ཅང་བློ་ཕམ་བྱུང་། དམ་པ་ཁོང་ནི་བོད་མིའི་ཁེ་ཕན་བསྒྲུབ་ཆེད་ལྷག་བསམ་བཟང་པོས་སྐུལ་བའི་གུང་ཁྲན་ཏང་མི་ངོ་མ་ཞིག་ཡིན། དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེས་ང་ཚོར་གྲོགས་པོ་བློས་ཐུབ་གཅིག་མེད་པ་ཆགས་ཡོད། ཕྱི་ལོ་ ༡༩༥༡ ལོར་དམ་པ་ཁོང་གིས་རྒྱ་མིའི་ལས་བྱེད་པ་ཁྲིད་ནས་ལྷ་སར་འབྱོར་སྐབས་ངོས་དང་ཐོག་མར་ཐུག་བྱུང་། སྐབས་དེར་ཁོང་ལ་ཕུན་དབང་ཞེས་འབོད་བཞིན་ཡོད།

    དེའི་རྗེས་ཕྱི་ལོ་ ༡༩༥༤ ལོ་ནས་ ༡༩༥༥ ལོར་ངོས་རང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གིས་གཙོས་གྲོང་ཁྱེར་ཁག་ཏུ་སྐྱོད་སྐབས་དམ་པ་ཁོང་གིས་ངའི་སྐད་བསྒྱུར་གནང་སྟེ་རིམ་བཞིན་ངོས་གཉིས་གྲོགས་པོ་ཡག་པོ་ཞིག་ཆགས་པ་རེད། ལྷག་པར་དུ་གཙོ་འཛིན་མའོ་དང་ངོས་གཉིས་མཇལ་འཕྲད་ཐེངས་མང་སྐབས་དམ་པ་ཁོང་གིས་ངོས་ཀྱི་སྐད་བསྒྱུར་གནང་སྟེ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་། དམ་པ་ཁོང་ནི་མ་ཁེ་སི་རིང་ལུགས་ཐོག་མཁྱེན་རྒྱ་ཡངས་པོ་ཡོད་པ་དང་། ངོས་ཀྱིས་མ་ཁེ་སི་རིང་ལུགས་སྐོར་གང་ཤེས་པ་དེ་དག་དམ་པ་ཁོང་ནས་ཤེས་བྱུང་། སྐབས་དེར་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་རྗེས་ལུས་ཡིན་པར་བརྟེན་དེར་སྐྱོན་ཆ་ཡོད་པར་གཟིགས་ཏེ་གུང་ཁྲན་རིང་ལུགས་ཐོག་ནས་བསྒྱུར་བཅོས་གཏོང་ཐུབ་རྒྱུའི་ཡིད་ཆེས་རྙེད་པའི་བོད་མིའི་གྲས་སུ་གཅིག་དམ་པ་ཁོང་ཆགས་ཡོད།

    ཕུན་དབང་དམ་པ་ཁོང་གིས་གུང་ཁྲན་ཏང་ངོ་མ་ཞིག་ཡིན་བཞིན་དུ་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་ནམ་ཡང་མ་དོར་བར་བོད་མི་རིགས་ཀྱི་ཐུན་མིན་རིག་གཞུང་ལ་དགའ་སྤོབས་བྱས་ཐུབ་པའི་མིག་དཔེ་བཟང་པོ་ཞིག་བཞག་ཡོད། ངོས་དང་ཐོག་མར་ཐུག་སྐབས་དམ་པ་ཁོང་རྒྱ་མིའི་སྐུ་ཚབ་ལྷན་དུ་ཡོད་ཀྱང་ངོས་ལ་ཕྱག་འཚལ་བྱུང་བར་ཧང་སང་བྱུང་།

    ཕྱོགས་མཚུངས་སྐབས་དེར་རྒྱ་མིའི་སྐུ་ཚབ་རྣམས་མའོ་སྒྲིག་ཆས་གྱོན་ཡོད་ཀྱང་། ཕུན་དབང་དམ་པ་ཁོང་གིས་བོད་ཀྱི་ཕྱུ་པ་གྱོན་འདུག་པར་ངོས་ཀྱིས་འདྲི་སྐབས་ཁོང་གིས་གུང་ཁྲན་གསར་བརྗེ་ཟེར་བ་ཆ་ལུགས་གཙོ་བཟུང་བྱས་ན་ནོར་འཁྲུལ་ཡིན་པ་དང་། གཙོ་བོ་བསམ་བློའི་གསར་བརྗེ་དགོས་པ་བརྗོད་བྱུང་། དེར་བརྟེན། བོད་མི་གུང་ཁྲན་ཞིག་བྱེད་དགོས་ན་བོད་ཀྱི་རིག་གཞུང་དོར་དགོས་བསམ་པའི་བསམ་བློ་དམ་པ་ཁོང་ལ་ནམ་ཡང་མེད་པ་དེ་ངོས་ཀྱིས་གསལ་རྟོགས་ཐུབ་བྱུང་།

    དམ་པ་ཁོང་གིས་ལྷག་བསམ་རྣམ་དག་ཐོག་ནས་གུང་ཁྲན་ཡང་དག་པ་ཞིག་བྱས་ཡོད་ཀྱང་བོད་མི་རིགས་ཀྱི་འདུ་ཤེས་གཙིགས་ཆེར་འཛིན་པ་དེས་རྒྱ་ནག་མགོ་ཁྲིད་ཚོར་མཐོང་ཕྱོགས་ཤིག་ཡོད་པར་བརྟེན་ལོ་ ༡༨ རིང་བཙོན་ཁང་དུ་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད་ཀྱང་སྙིང་སྟོབས་ནམ་ཡང་ཞུམ་མེད་པ་མ་ཟད། བགྲེས་ཡོལ་དུ་ཕེབས་རྗེས་སུའང་བོད་མིའི་ཐོབ་ཐང་དང་བདེ་དོན་ཆེད་བློ་ཚབས་ཧ་ཅང་གནང་བ་མ་ཟད། གོ་སྐབས་ནམ་བྱུང་སྐབས་རྒྱ་ནག་དཔོན་རིགས་ཚོར་ཞུ་སྐུལ་གནང་བཞིན་ཡོད།

    དམ་པ་ཁོང་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག་ཤིག་ཡིན་སྟབས། ངོས་རང་ཁོང་དང་ནམ་ཐུག་སྐབས་དགའ་པོ་ཡོད། ངོས་ཀྱིས་དམ་པ་ཁོང་དང་སླར་ཡང་ཐུག་རྒྱུའི་རེ་བ་འཆང་བཞིན་ཡོད་ཀྱང་དེ་ལྟར་ བྱུང་མེད། ངོས་ཀྱིས་དམ་པ་ཁོང་བདེ་འགྲོའི་རྟེན་བཟང་ཞིག་ཐོབ་པའི་སྨོན་ལམ་རྒྱག་རྒྱུ་དང་ཤུལ་ལུས་བཟའ་ཟླ་དང་བུ་ཕྲུག་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

    གསར་འགོད་པ། དོན་གོ

  31. གཡུ་སྒྲོན། says:
    2014-03-31 at 6:54 am

    ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་བ་ཟེར་བ་འདི་འདྲ་ལོས་ཡིན། ད་རྒྱ་ཁུངས་སུ་འདུག་གི་ཡིན་ཟེར་མཁན་ཚོ་སྐྲག་རན་ཚོད་ཡིན།

  32. ལུང་རྟོགས། says:
    2014-03-31 at 9:03 am

    བོད་མི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་རེས་གཟའ་ཉི་མའི་སྔ་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་འདུག་པ་དང་། ཁོང་དགུང་ལོ་ ༩༢ ཡིན་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཚུལ་དེ་གསན་མ་ཐག་གསུང་འཕྲིན་ཞིག་བསྩལ་འདུག་པའི་ནང་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་འདས་གྲོངས་སོང་བའི་གནས་ཚུལ་གསན་པར་ཐུག་ཕམ་ཆེན་པོ་བྱུང་བ་དང་ཁོང་ནི་དམར་ཤོག་ཡང་དག་པ་ཞིག་ཡིན་པ་མ་ཟད། རྟག་ཏུ་བོད་མི་མང་གི་ཁེ་ཕན་བསྒྲུབ་ཐབས་ལ་བསམ་བློ་གཏོང་མཁན་ཞིག་རེད་ཅེས་གསུངས་འདུག དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེ་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་ལ་ འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ཤུལ་ལུས་ནང་མི་ཚོས་༧གོས་ས་མཆོག་ལ་ཐུགས་ སྨོན་སྐྱབས་འཇུག་ཡོང་བའི་གསོལ་འདེབས་སྙན་གསེང་ཞུས་པ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེའི་ཆེད་ཐུགས་སྨོན་གནང་བ་མ་ཟད། ཤུལ་ལུས་ནང་མི་ཚོར་སེམས་གསོའི་གསུངས་འཕྲིན་ཞིག་གནང་ཡོད་རེད་ཅེས་གསུངས་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༥༡ ལོ་ནས་ངོ་ཤེས་གྲོགས་པོ་རྙིང་པ་ཞིག་ཡིན་པ་དང་། ཁོང་ནི་དམར་ཤོག་གི་ལྟ་བར་རྩེ་གཅིག་ཏུ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་དང་གོམས་གཤིས་ལ་རྟག་ཏུ་སྤོབས་པ་བྱེད་མཁན་དཔེ་མཚོན་ཞིག་གཅིག་ཡིན། ཕུན་ཚོགས་དབང་རྒྱལ་གྱིས་དམར་ཤོག་གི་ལྟ་གྲུབ་ལ་རྩ་ཆེར་འཛིན་གྱི་ཡོད་པར་ལྟོས་མེད་ཀྱིས་ཁོང་གིས་བོད་མི་རིགས་ཀྱི་ངོ་བོར་དམ་འཛིན་གནང་གི་ཡོད་པ་དེ་རྒྱ་ནག་གི་འགོ་ཁྲིད་ཚོས་ལྡོག་ཕྱོགས་ལ་ངོས་འཛིན་བྱས་ཏེ་ལོ་བཅོ་བརྒྱད་ཙམ་བཙོན་ཁང་དུ་བཅུག་ཡོད། དེ་ལྟར་ནའང་ཕུན་ཚོགས་དབང་རྒྱལ་གྱིས་བོད་མིའི་ཐོབ་ཐང་དང་བདེ་སྐྱིད་ཀྱི་དོན་དུ་མུ་མཐུད་རྩོད་ལེན་གནང་ནས་གོ་སྐབས་ནམ་བྱུང་ལ་རྒྱ་ནག་གི་དཔོན་རིགས་ཚོར་ཞུ་ གཏུགས་བྱེད་མཁན་བོད་མི་སྙིང་སྟོབས་ཅན་ཞིག་རེད་ཅེས་གསུངས་འདུག
    བོད་མིའི་སྒྲིག་འཛུགས་ཀྱིས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་འདས་གྲོངས་སོང་བར་མྱ་ངན་གུས་བཏུད་གནང་བ་དང་ཆབས་ཅིག རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་སྙིང་སྟོབས་དང་ཁོང་གིས་བཏོན་པའི་ཕུགས་རྒྱང་རིང་བའི་གྲོས་འཆར་ཁག་ལག་ལེན་འགེལ་ཐུབ་རྒྱུར་སྤོབས་སེམས་བརྙེད་རྒྱུའི་རེ་བ་གནང་གི་ཡོད་ཅེས་གསུངས་འདུག ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་འབའ་བ་ཕུན་ཚོགས་དབང་ལགས་ལན་མང་མཇལ་མྱོང་ཡོད་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་གླེང་མོལ་ཡང་མང་པོ་གནང་མྱོང་ཡོད་པ་དང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་ལ་ཁོང་གི་མི་ཚེ་ཀྱག་ཀྱོག་དེའི་ནང་བོད་མི་མང་གི་བདེ་དོན་དང་ཁེ་ཕན་གཏན་ནས་བློས་གཏོང་མ་གནང་བར་མཐའ་མ་འདས་གྲོངས་མ་སོང་བར་དམ་འཛིན་གནང་ཡོད་པ་དང་། རྒྱུན་དུ་བོད་མི་ཚོར་མི་རིགས་འདྲ་མཉམ་གྱི་ཐོབ་ཐབ་རྩོད་དགོས་པ་དེ་ནན་ཏན་གནང་གི་ཡོད་པ་དེ་ནི་རླབས་ཆེན་གྱི་ལམ་སྟོན་ཞིག་ཡིན་པར་དྲན་གསོ་གནང་གི་ཡོད་ཅེས་གསུངས་ཀྱི་འདུག

  33. ནུབ་ཕྱོགས་གངས་ཕྲུག says:
    2014-03-31 at 1:42 pm

    ལོ་ཤས་གོང་དུ་ང་ཕོད་ངག་དབང་འཇིགས་མེད་དང་ད་རེས་འབའ་བ་ཕུན་དབང་གཉིས། འདས་གྲོང་ཕྱིན་པ་ལ་མྱ་ངན་མི་ཞུ། རྒྱུ་མཚན་བོད་མི་ཚང་མས་ཤེས་གསལ་རེད།

  34. ཉི་རྒན says:
    2014-03-31 at 1:51 pm

    ཕྱོགས་ཞེན་པའི་སྐར་ཁུང་ནས་བལྟས་ན་འོད་སྣང་དང་གྲིབ་ནག་ཕོག་ས་དེ་འབའ་རྒན་དང་པན་ཆེན་གོང་མ་གཉིས་ལ་ཁྱད་པར་མེད། ད་དུང་་་་་་་་་་

  35. འཇམ་གཅེས། says:
    2014-03-31 at 2:15 pm

    བོད་རིགས་ཀྱི་ལ་རྒྱ་ནམ་ཡང་སེམས་ནས་བོར་མ་མྱོང་བས་ངེས་པ་དོན་གྱི་དཔའ་བོ་ཕུན་ཚོགས་དབང་རྒྱལ་མཆོག་ལ་ནམ་ཡང་གུས་འདུད་ཞུ། ཁྱེད་འདི་ནས་ཕྱི་མའི་ཡུལ་དུ་གཤེགས་སྐབས་སུ་གཟུར་གནས་མཁྱེན་རྒྱལ་ཡང་པའི་སྐྱེས་བུ་དག་ནི་སེམས་ཁོང་སྡུག་གིས་མནར་གྱིན་འདུག་ལ། རང་རྒྱུད་གདོན་གྱིས་ཟིན་པའི་དབང་གི་གནས་ལུགས་མཐོང་བྱེད་ཀྱི་བློ་མིག་ཞ་ར་ཅན་ཚོས་ནི་རང་མདོག་དམར་ཧྲང་མ་བསྟོན་སྟེ་ལོག་བཤད་སྣ་ཚོགས་བྱེད་ཀྱིན་འདུག །

  36. སྤོབས་པ་མཐའ་ཡས། says:
    2014-03-31 at 2:36 pm

    ང་ཕོད་དང་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་ས་དང་གནམ་གྱི་ཁྱད་པར་འདུག

  37. པདྨ་འཕྲིན་ལས། says:
    2014-03-31 at 3:57 pm

    ད་ངོ་མ་དྲ་འབུ་ནི་ངོ་མ་དྲ་འབུ་རང་རེད་ལེགས། མ་འོངས་པ་གཅིག་བྱེས་ན་དོལ་རྒྱལ་རྗེས་འབྲེང་བ་ཞིག་གྲོང་དུས་ཡང་ཁྱེད་དྲ་འབུ་དག་གི་མྱ་ངན་བྱེད་དགོས་ཀྱི་རེད་འདོད། ཡར་བཤད་དུས་ཡར་མར་བཤད་དུས་མར། ངོ་མ་ཁྱེད་ཚོ་དྲ་འབུ་རྣམས་ལ་རང་བཙིགས་ཞིག་མེད་གི། ཕུན་དབང་དངོས་ནས་དྲངས་ནས་རྒྱ་གཞུང་ལ་དགའ་མཁན་ཞིག་རེད་། ཁོང་བཙོན་ལ་སོང་བ་དེ་ཡང་བོད་མི་རིགས་ཀྱི་ཆེད་དུ་སོང་བ་མ་རེད། ཁོང་ཚོ་ནང་ཁུལ་གྱི་གཙོད་སྙོགས་དང་ལྟ་བའི་དབང་གི་རེད་མ་གཏོགས། ཁོང་བཙོན་ཁང་འགྲོ་དུས་བོད་མི་གྱི་ཆེད་དུ་སོང་བ་མ་རེད་ལོ།

  38. སྡོང་ཆུ་མིག says:
    2014-03-31 at 4:18 pm

    གུང་ཁྲན་ཏང་གི་རྒྱུག་ཁྱི་འདིའི་རིགས་ལ་ནམ་ཡང་མྱ་ངན་མི་ཞུ།

  39. སྤྱང་ཤོག says:
    2014-03-31 at 10:48 pm

    ༧པན་ཆེན་རིན་པོ་ཆེ་སྐུ་གོང་མ་དང་ཕུན་ཚོགས་དབང་རྒྱལ་གཉིས་ཀྱི་གཙོ་བོ་བྱས་པའི་བོད་ནང་ལ་བོད་མི་གུང་ཁྲན་ཏང་གི་ལས་བྱེད་དང་བོད་ཕྱི་ལོག་ཏུ་ཡོད་པའི་བོད་མའི་ལས་མ་མང་ན་ཉུང་གི་མེད་པ་མཁྱེན་གསལ་ལྟར་ཚང་མ་གུང་ཁྲན་ཏང་གི་རྒྱུག་ཁྱི་ཡིན་པ་གཅིག་རེད། མ་ཟད་ལམ་དབུ་མ་པ་ཚོ་གུང་ཁྲན་ཏང་གི་བློ་མཐུན་ཡིན་རྒྱུ་རེད། རྒྱ་གུང་ཁྲན་ཏང་ལ་འབྲེལ་བ་མེད་པའི་བོད་མི་ཞིག་མི་རག་གི།

  40. ཀརྡོ་གཉེར་ཕྱག་པ་ says:
    2014-03-31 at 11:48 pm

    ང་ཕོད་སྡིག་ཆེན་ལས། འབའ་བ་ཅུང་དྲག་ག་ཡོད་ཚོད་འདུག གང་ལྟར་ཡང་མི་དེ་ཚོ་འཆི་རྒྱུ་ཕྱི་དྲག་པ་རེད་དོ།།

  41. ཀརྡོ་གཉེར་ཕྱག་པ་ says:
    2014-03-31 at 11:50 pm

    འབའ་བ་འཆི་ཁ་མར། ༸གོང་ས་མཆོག་བོད་ལ་ཕེབས་བཅུག་དགོས། བཤད་པ་འདི་ཡང་བརྗེད་མི་སྙན།

  42. ལུང་རྟོགས། says:
    2014-04-01 at 12:24 am

    ཆོས་སྲིད་གཉིས་ཐད་ནས་བོད་ཀྱི་ཉེ་རབ་ལོ་རྒྱུས་ལ་ཉམ་མྱོང་དང་རྒྱུས་མངའ་ཆེ་ཤོས་གོང་ས་མཆོག་གིས། འབའ་པ་ཕུན་ཚོགས་དབང་རྒྱལ་མི་རིགས་ཀྱི་དཔའ་བོ་ཡིན་པར་གསུང་སོང་། ཨ་མ་མ་གཏོགས་ངོ་མི་ཤེས། སྒོ་ཐེམ་མ་གཏོགས་ལ་བརྒལ་མ་མྱོང་བའི་སྐྱག་འབུ་ཁྱོད་ཚོས་ཅི་ཤེས།

  43. ཀརྡོ་གཉེར་ཕྱག་པ་ says:
    2014-04-01 at 12:41 am

    ཡང་ན། ང་ཕོད་ཡག་པོ་ཡིན་ན། འབའ་བ་ཡང་ཡག་པོ་རེད། དེས་ན། མའོ་ཡང་ཡག་པོ་ཡིན་དགོས། དེ་ནས་ཏིང་། ཛང་དང་ཧུ་ཡང་ཡག་པོ་མིན་སྟངས་ག་རེ་ཡོད་རེད། ལགས། ད་བར་བོད་རྒྱ་ཡིས་ག་རེ་གནོད་འདུག ལབ་ཡ་དུས་ཚོད་སླེབས་ཟིན་པ་ཡིན་ནམ། ལགས།

  44. འཇམ་གཅེས། says:
    2014-04-01 at 12:59 am

    ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་པན་ཆེན་ཨེ་ཏི་ནི་ཆོས་ཀྱི་རྒྱལ་ཚན་མཆོག་དང་འབའ་པ་ཕུན་ཚོགས་དབང་རྒྱལ་རྣམ་གཉིས་ནི་ཕྱོགས་གང་ཅིའི་ཐད་ནས་གཟེངས་སུ་ཐོན་པའི་རླབས་ཆེན་གྱི་དཔའ་རྒོད་ངོ་མ་གཉིས་ཡིན་ཡིན་པ་ནི་༸གོང་ས་ཡིན་བཞིན་ནོར་བུ་མཆོག་དང་ཟམ་གདོང་པན་ཌི་ཏ་རྣམས་གཉིས་ཀྱིས་གཙོས་བྱས་པས་གཞིས་བྱེས་བོད་མི་བསམ་བློ་བ་དང་། ཤེས་ཡོན་ཅན། རྣམས་དཔྱོད་ཅན། གཟུར་གནས་ཅན། མི་རིགས་ཀྱི་ལ་ཞེན་ཅན་ཀུན་གྱི་ཁོང་ལ་བཀའ་དྲིན་རྗེས་དྲན་དང་། གུས་བཀུར་བསྟོད་སྔགས་གནང་སྟངས་འདིར་གཅིག་པུར་བསམ་ཚེ་ལོང་བ་ཆུའི་ནང་དུ་འཆང་འཆང་ལྟར་མ་ཡིན་པར་འབའ་པ་ཕུན་དབང་མི་གང་འདྲ་ཞིག་ཡིན་མིན་དེ་གསལ་པོ་ཤེས་ཐུབ་ངེས་རེད་དྲན་ཡོད། སྤྱི་ཏང་ནི་བླུན་པོའི་རང་གཤིས་ནི་ལོག་ལམ་ཁོ་ན་ལ་འགྲོ་རྒྱུ་དེ་མ་གཏོགས་གང་ཡང་མེད་པས་ཁག་ཡང་མི་འདུག་སྙམས།

  45. ཀརྡོ་གཉེར་ཕྱག་པ་ says:
    2014-04-01 at 1:13 am

    སྒོ་ར་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་རྗེས་དྲན་མྱ་ངན་མེད།

  46. བསམ་ཤེས། says:
    2014-04-01 at 1:44 am

    སྙིང་མ་རྗེ། ཚེ་གང་རང་གི་མི་རིགས་ཐོག་དཀའ་ལས་བརྒྱབ་ནས་འདས། ད་དབུགས་ཕྱིན་མ་ཐག་རང་གིས་སྙིང་ནས་གཅེས་པའི་ཕྲུ་གུ་དེ་ཚོས་ཆིལ་མ་གཏོར་བར་བྱེད། ཕུན་དབང་རྙིང་མ་རྗེ།

    བསམ་བློ་ཡག་པོ་ཐོངས་དང་། ཅིའི་ཕྱིར་ཕུན་དབང་ལོ་ཅོ་བརྒྱད་བཙོན་ལ་ལུས་པ་རེད། ཅིའི་ཕྱིར་ཕུན་དབང་བཙོན་ལས་ཐོན་མ་ཐག་ད་བར་མི་རིགས་ཅིག་གི་འགན་འཁུར་ནས་སྐད་ཆ་བཤད་ནས་འདས་སོང་།

    ཅིའི་ཕྱིར་ཁོང་གིས་རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་ཡང་དེ་རྒྱ་གཞུང་གི་དཔོན་པོའི་ཚོའི་རྣ་ལ་བླུགས་པར་བྱེད།

    ཅིའི་ཕྱིར་ཁོང་གི་བུ་ཕྲུག་དང་བསད་པ་དང་། སྨྱོན་པར་གྱུར་བ་དང་། རང་ཤི་བརྒྱབ་པ་རས། ཅིའི་ཕྱིར་པན་ཆེན་རིན་པོ་ཆེས་ཕུན་དབང་མེད་ན་ང་ཚོར་མགོ་མེད་གསུངས་པར་རས།

    ཅིའི་ཕྱིར་ཕུན་དབང་དེ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོ་པེ་ཅིང་ལ་ཕེབས་དུས་ངེས་པར་དུ་ཐུག་དགོས་པ་རེད།

    དེ་ཚོ་ཚང་མ་ང་ཚོ་དྲ་འབུ་ཚོའི་ཀླད་པའི་དབང་རྩར་གཤོངས་པའི་བདེན་པ་ནི་མ་རེད།

    ཅིའི་ཕྱིར།

    ཤེས་དགོས་པ་ནི་ཕུན་དབང་བཙོན་ལ་འགྲོ་དུས་༡༩༥༧ཙམ་ལ་རེད། ཁོང་བཙོན་ལ་བསླེབས་ནས་ལོ་གཉིས་མ་སོང་གོང་ལ་ལྷ་སར་མེ་སྒྱོགས་འགོ་ཚུགས་པ་རེད།

    རྒྱ་ནག་གི་དཔོན་རིགས་ནང་ནས་རིག་གསར་གོང་ལ་བཙོན་ལ་བཅུག་པ་དང་། རིག་གསར་ཚར་རྗེས་ལ་བཏོན་པའི་བཙོན་པ་ནི་ཁོང་གཅིག་པུ་རེད་ཟེར།

    རྒྱ་ནག་གིས་ཕུན་དབང་ལ་ཉེས་པ་གཙོ་བོ་གཅིག་བཀལ་ཡོད་པ་ནི་མི་རིགས་རིང་ལུགས་སྤེལ་ནས་རྒྱལ་ཁབ་དུམ་བུར་གཏོང་བའི་དམིགས་ཡུལ་འདུག་ཟེར། དེ་༡༩༥༦ལོར་ཐག་བཅད་པའི་ཉེས་པ་རེད།

    བསམ་བློ་ཐོངས་དང་།

    ང་ཕོད་མ་ཤི་བར་དུ་སྐྱིད་པོའི་ངང་བཞག་སོང་། ཅིའི་ཕྱིར།

  47. པདྨ་འཕྲིན་ལས། says:
    2014-04-01 at 8:44 am

    བསམ་ཤེས་ལགས། སྐུ་མཁྱེན་ཤེས་འདོག་མ་བྱེད་རོགས། ཁོང་གི་བུ་ཤི་བ་དེ་ཡང་བོད་མི་རིགས་ཀྱི་ཆེད་དུ་རེད་དམ། ཧ་ཧ་ཧ་ད་དངོས་གནས་དགོད་བྲོ་བ་ལ། ཁོང་ལ་དགའ་ན་དགའ་ལས་ཆོག། འོན་ཀྱང་བདེན་པ་མིན་པས་དོན་དག་འགའ་ཁོང་གི་བྱེས་རྗེས་རེད་ཟེར་ནས་འདིར་རུ་འཁྱེར་ཡོངས་དུས་དངོས་གནས་དགོད་མ་ལངས་ཟེར་འདོད་བྱུང། ཁོང་བཙོན་ལ་སོང་བ་དེ་བོད་མི་རིགས་ཀྱི་ཆེད་དུ་མ་རེད་ལ་། ཁོང་གི་མི་ཚེ་སྟོད་གྱི་ལོ་རྒྱུས་ནི་ཧ་ཅང་སྐྱིགས་བྲོད་པོ་ཞིག་རེད་ལ། བོད་མི་རིགས་ལ་བརྩེ་བ་རང་ཡོད་པ་མ་རེད། རྗེས་སུ་ཁོང་གི་བསམ་བློ་ལ་འགྱུར་བ་ཐེབས་ནས་བོད་མི་རིགས་ཀྱི་ཆེད་དུ་ཚིག་ཁ་ཤས་ཞིག་བཤད་པ་རེད་དེ་ནི་བདེན་པ་རེད། དེ་མིན་ཚང་མ་ཡག་པོ་རེད་ཟེར་ན་དེ་མི་བདེན་མ་རེད། ཚང་མ་བརྫུན་བཟོ་རེད་ལེགས།

  48. བསམ་ཤེས། says:
    2014-04-01 at 4:46 pm

    པད་མ་འཕྲིན་ལས་ལགས།

    ཁོང་གི་བཟའ་ཟླ་རང་ཤི་བརྒྱབ་པ་རེད་ཟེར་ནས་གང་ལྟར་ཕུལ་དབང་ཐུག་མེད། ད་བར་རང་ཤི་བརྒྱབ་པ་རེད་དམ་ཡང་ན་རྒྱས་བསད་པ་གཉིས་གསལ་ཁ་མེད། ཤེས་ཐུབ་པ་ཞིག་ནི་ཕུན་དབང་ལ་མི་རིགས་རིང་ལུགས་པའི་ཉེས་པ་ཆེན་པོ་ཞིག་བཏང་ནས་ཁོང་གི་བཟའ་མི་བུ་ཕྲུག་ཚོར་མནར་གཅོད་ཚད་ལས་འདས་པ་བཏང་ཡོད་པ་འདི་བཤད་ཀྱི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme