Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམིགས་བསལ་ཚོགས་ཚེན་ཐེངས་དང་པོ་བསྐོང་ཚོགས་གནང་རྒྱུ

Posted on 2008-09-19 By དགེ་རབ་ 3 Comments on དམིགས་བསལ་ཚོགས་ཚེན་ཐེངས་དང་པོ་བསྐོང་ཚོགས་གནང་རྒྱུ

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཕེབས་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཚེན་ཐེངས་དང་པོ་བསྐོང་ཚོགས་གནང་རྒྱུ་ཐུགས་གཏན་འཁེལ་བ།
ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་བཀའ་ཤག་ལྷན་རྒྱས་ལ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོའི་ཕྱི་ཟླ་ ༡༡ དང་ ༡༢ གང་རུང་ནང་བསྡུ་བསྐོང་དགོས་རྒྱུ་དང་། ཚོགས་མི་དང་ཚོགས་དུས་གཉིས་ཀྱི་འཆར་གཞི་གང་མྱུང་བཀོད་ནས་སྙན་འབུལ་ཞུ་དགོས་ཞེས་འཁོད་པའི་བཀའ་སྤྱི་ཕེབས་ཡོད་པ་བཞིན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ཚོགས་དུས་ཉིན་བདུན་པ་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ རེས་གཟའ་ཟླ་བ་ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཞེས་པའི་ཚོགས་ཆེན་བསྡུ་བསྐོང་གནང་རྒྱུའི་ལས་རིམ་གྲོས་འཆར་ཞིག་ཕུལ་ཡོད་པ་རེད།
?? ? གྲོས་ཚོགས་ནང་བཀའ་སྤྱི་གཉིས་ནས་ཕུལ་བའི་ཚོགས་འདུའི་ལས་རིམ་གྱི་གྲོས་འཆར་ལ་གོ་བསྡུར་སྦྱང་བཤད་གནང་བའི་མཐར་ཚོགས་འདུའི་མིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༢༠༠༨ ཅེས་དང་། ཚོགས་དུས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཟླ་བ་ནས་ཚེས་ ༢༢ སྤེན་པའི་བར་ཉིན་དྲུག་རིང་སྔ་དྲོ་ཆུ་ཚོད་ ༩་༣༠ ནས་ཕྱི་དྲོ་ཆུ་ཚོད་ ༥་༠༠ བར། ཚོགས་ཡུལ་རྡ་སྟེང་བོད་ཁྱིམ་སློབ་གྲྭ། ཚོགས་མིའི་ཡོང་ཁུངས། སྤྱི་འཐུས་ཡོངས་རྫོགས་དང་། སྤྱི་ཟུར་ཡོངས་རྫོགས། བཀའ་བློན་དང་བཀའ་ཟུར་ཡོངས་རྫོགས། རྡ་སར་གནས་འཁོད་གཞུང་ཞབས་ཟུང་དྲུང་ཡན་ཡོངས་རྫོགས། དྲུང་གཞོན་མན་གྱི་འཛིན་སྐྱོང་དང་ལས་བྱའི་སྡེ་ཚན་སོ་སོའི་འཐུས་མི་གཉིས་རེ། ༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས། སྐུ་ཚབ་དོན་གཅོད་ཡོངས་རྫོགས། ས་གནས་འགོ་འཛིན་ཡོངས་རྫོགས། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་གཉིས་རེ་དང་། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་སྐུ་ཚབ་གཉིས་རེ། སློབ་གྲྭ་ཁག་གི་འགན་འཛིན་སྐུ་ཚབ་རེ། ཆོས་ལུགས་དང་ཆོས་བརྒྱུད་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་དྲུག་རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ནས་དང་བླངས་ཕེབས་མཁན་གྲངས་རྒྱ་བལ་འབྲུག་གནས་ནས་ ༢༥ དེ་མིན་ནས་ ༢༥ ལས་མ་མང་བ་བཅས་དང་། ཆེས་མཐོའི་ཁྲིབས་ཞིབ་པ་རྣམས་དང་རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཚོགས་འདུའི་དབུ་འབྱེད་དང་མཇུག་བསྡོམས་ལ་གདན་ཞུ་བྱ་རྒྱུ། ཚོགས་ཆེན་གྱི་གྲོས་གཞི་༸གོང་ས་མཆོག་གི་བཀའ་ཕེབས་དགོངས་དོན་ལྟར་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་གནང་རྒྱུ་བཅས་སོགས་ཐག་གཅོད་ཀྱིས་མགྱོགས་མྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་འབུལ་ཞུ་རྒྱུ་ཡིན་འདུག

?? ? ཚོགས་ཆེན་འདི་ལྟ་བུ་ཞིག་བསྐོང་ཚོགས་གནང་རྒྱུ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབ་ཟིན་པའི་རྗེས་ལ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།།
Source: www.tibet.net

གསར་འགྱུར།

Post navigation

Previous Post: རོང་པོ་ཤར་ཚང་གི་གསང་རྣམ་ཡ་ཡི་མ།
Next Post: ཛ་དྲག་དང་འགྱུར་བ།

Comments (3) on “དམིགས་བསལ་ཚོགས་ཚེན་ཐེངས་དང་པོ་བསྐོང་ཚོགས་གནང་རྒྱུ”

  1. kunchok says:
    2008-09-19 at 10:05 pm

    ཁ་ཉིན་༧གོས་ས་མཆོག་གིས་ལོ་འདིའི་ལོ་མཇུག་ཏུ་བོད་དོན་ཆེད་དམིགས་བསལ་གྲོས་བསྡུར་བྱེད་དགོས་པའི་བཀའ་གནང་བ་ནས་བཟུང་ང་རང་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་དེའི་སྐོར་ལ་བསམ་བློ་མང་ཙམ་བཏང་བ་ཡིན། ངས་རང་ལ་འགན་ལྕི་མོ་ཞིག་ཡོད་པ་ཤེས་རུང་འགན་དེ་ཇི་ལྟར་ལེན་དགོས་མིན་ཁྱོན་ནས་ཤེས་མ་སོང་། བདུན་ཅུ་དོན་གྲངས་ནང་དུ་རང་བཙན་བློས་བཏང་ནས་ནོར་འཁྲུལ་ཤོར་བ་དེས་ལོ་ངོ་ཞེ་དགུ་འདི་ལྟ་ཟད་སོང་བ་རེད། དེའི་དུས་ཕར་ལ་དགོས་འདུན་འདྲ་བཏོན་ནས་རང་བཙན་བཞག་ཡོད་ན་ཡང་སྐད་ཆ་གཞན་ཞིག་རེད། དེ་ཡང་བྱུང་ཡོད་མ་རེད། ད་ཡང་དབུ་མའི་ལམ་གཡུག་ནས་རང་བཙན་ལ་འཇུས་ན་ག་འདྲ་ཡོད་དམ། དབུ་མའི་ལམ་གྱི་རེ་བ་ཆུང་ཆུང་འདི་འདྲར་ཡང་དུས་རབས་ཕྱེད་ཀ་མ་ཟིན་ཙམ་ལ་འགྲུབ་མ་ཐུབ་ན་རང་བཙན་ལ་ད་དུང་དེ་བས་ཀྱང་ཐག་རིང་བོ་ཡོད་པ་བཤད་མ་དགོས་པ་རེད། གལ་ཏེ་ད་ནས་རང་བཙན་ལ་ཡིན་ཟེར་ན་དེ་ལ་དཔག་པའི་གྲ་གྲིག་དང་དཀའ་ངལ་མང་བོར་གདོང་ལེན་བྱེད་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། འདི་ལྟར་བསམས་ཡོང་དུས་ཕྱི་ལོགས་ནས་སྡོད་མཁན་གྱིས་ཁུངས་འཁྱོལ་རུང་གཞིས་ལུས་མི་མང་གིས་བསྲན་ཐུབ་ཨེ་ཡོང་འདོད་ནས་སེམས་འཁུར་ཡང་ཆེན་པོ་འདུག ད་གང་བྱས་རུང་བསམ་བློ་གཏོང་ས་གཉིས་གསུམ་ཞིག་མ་གཏོགས་ལྷག་ཡོད་མ་རེད་དྲན་གི། དཔེར་ན། རབ་གསལ་དང་འགྲན་ནག མགོན་པོ་སོགས་ནི་ཁ་བརྡ་དྲ་བའི་ནང་གི་བསམ་བློ་ཡོད་མཁན་གྲངས་རེད། གོང་གི་མི་རེ་ངོ་རེ་ལ་བསམ་བློ་མ་འདྲ་བ་རེ་འཁྱེར་ཡ་འདུག ད་ཡིན་ན་བོད་མི་ཐམས་ཅད་ཁ་ཙུམ་ནས་མ་བསྡད་པར་སྐད་ཆ་ཤོད་པའི་དུས་ལ་སླེབས་འདུག་པ་མ་ཟད་ཐབས་ཤེས་གང་ཡོད་འདོན་པའི་དུས་ལ་བབ་འདུག་དྲན་གི།

  2. མགོན་པོ་ཕྱག་གཉིས་པ། says:
    2008-09-20 at 12:01 am

    ཛ་དྲག་གི་ཚོགས་འདུ་ཞིག་འཚོགས་རྒྱུའི་ཁྱབ་བསྒྲགས་སྔོན་ཚུད་ནས་བྱས་པ་འདིར་ཕྱོགས་གཅིག་ནས་བསམ་བློ་བཏང་ན་འདི་ཆབ་སྲིད་ཅིག་རེད། སྐུ་ཚབ་ཐེངས་བརྒྱད་པ་ཕར་ཕྱིན་སྐབས་རྒྱ་ནག་གིས་ལན་ཡག་པོ་ཞིག་སྟེར་དགོས་པའི་ཉེན་བརྡ་ཞིག་བཏང་བ་མ་ཡིན་ནམ། གལ་སྲིད་རྒྱ་ནག་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བསྟན་པ་ཡིན་ན་དབུ་མའི་ལམ་ལ་འགྱུར་བ་འགྲོ་མདོག་ཁ་པོ་མ་རེད། གལ་སྲིད་རྣམ་འགྱུར་སྡུག་ག་ཅིག་བསྟན་པ་ཡིན་ན། གཅིག་བྱས་ན་དབུ་མའི་ལམ་ལ་འགྱུར་བ་འགྲོ་མ་སྲིད་པ་མ་རེད། གལ་སྲིད་འགྱུར་བ་ཕྱིན་པ་ཡིན་ན། ལོ་དགའ་རབས་ཤིག་ལ་ཕྱི་ལོགས་སུ་ཟང་ངེ་ཟིང་ངེ་དེ་འདྲ་བྱས། ངོ་རྒོལ་འདྲ་མི་འདྲ་སྤེལ། ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད་དེ་འདྲ་བྱེད་ཀྱི་རེད། རྒྱ་ནག་གིས་དེ་ལ་སྣང་དོགས་བྱེད་ཀྱི་མ་རེད། གལ་སྲིད་བོད་ནང་དུ་ལངས་པ་ཡིན་ན་དེ་ལ་རྒྱ་ནག་ཞེད་ཀྱི་རེད་ལ་དེ་འདྲ་མ་བྱུང་བར་ཆུ་མ་ཡོང་སྔོན་ནས་རགས་རྒྱག་པར་འབད་ཀྱི་རེད། ཡང་དེ་འདྲའི་རྐྱེན་བྱས་རྒྱ་ནག་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བསྟན་ན་ཡང་སྐྱར་དབུ་མའི་ལམ་ལ་འབབ་རྒྱུ་ཡིན་པ་རེད། མདོར་དེད་ན་ང་ཚོའི་རྩ་དོན་དེ་ཕྱོགས་གང་འདྲ་ཞིག་ལ་བསྒྱུར་མིན་དེ་རྒྱ་མིའི་ལག་པར་ཡོད་པ་རེད། མཐར་ཐུག་གི་སྐད་ཆ་བཤད་ས་དེ་རྒྱ་མི་ཆགས་བསྡད་ཡོད་པ་རེད། རྒྱ་སྤྱིའི་ཐོག་ནས་ང་ཚོར་རང་བཙན་ལེན་པར་ནུས་པ་འདོན་གྱི་རེད་དམ། ག་ཚོད་ཅིག་འདོན་གྱི་རེད།

  3. ÇtôzÅ-q- says:
    2008-09-20 at 12:30 am

    ཕྱག་གཉིས་པས་གསུངས་པ་བཞིན་ང་ཚོའི་བཞི་བརྒྱ་ནད་ཀྱི་རྩ་བ་དེ་རྒྱ་ནག་ལ་ཐུག་ཡོད་པ་ཞིག་རེད། བཙན་བྱོལ་བོད་གཞུང་གིས་རྒྱ་གར་ལ་ཡང་བསྟུན་དགོས་ཀྱིན་འདུག རྒྱ་རི་བློ་གྲོས་པ་འདི་ལམ་དབུ་མའི་སྐོར་འགྲེལ་བཤད་རྒྱག་ཆེད་རྒྱ་ག་ཏུ་འགྲོ་གི་ཡོད་པ་རེད། ཁོས་སྐྱབས་མགོན་རིན་པོ་ཆེའི་དགོང་པ་གང་ཡིན་མིན་འགྲེལ་བཤད་གསལ་ཞིབ་བྱས་ཡོད་གྱི་རེད། རྒྱ་ནག་གི་ཕྱོགས་ནས་ཀྱང་ཏཱ་ལས་བཏོན་པའི་དབུ་མའི་ལམ་དེ་ང་ཚོར་གོ་བརྡ་གསལ་ཐག་ཆོད་འཕྲོད་བྱུང་ དེ་ནི་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་རེད་འདུག་ཅེས་ཁྱབ་བསྒྲགས་བྱས་འདུག་ག དེའི་སྐོར་ལ་རྒྱ་རི་བློ་གྲོས་པ་འདིར་སྐྱོན་བརྗོད་བྱ་རྒྱུ་དེ་ཙམ་ཨེ་ཡོད། ཁོ་ལ་མཚོན་ན་ཉག་རོང་ཁོག་གི་ཚོ་དཔོན་ཆུང་ཆུང་ཞིག་གི་བུ་ཕྲུག་ཅིག་ལ་རྒྱལ་བ་རིན་པོ་མཉེས་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་བྱས་པ་ཞིག་ལས་ཁོ་རང་གིས་བཙན་ཤེད་ཀྱིས་གོ་ས་དེར་འཛེགས་སོང་བ་ཞིག་མ་རེད། གལ་སྲིད་དབུ་མའི་ལམ་གྱི་སྲིད་ཅུས་འདི་རྒས་ཡོལ་ལ་ཕེབས་སོང་ན་རྒྱ་རི་བློ་གྲོས་པ་འདི་རྒས་ཡོལ་ལ་མ་ཕེབས་རུང་ལས་ཡོལ་ལ་མི་ཕེབས་རང་ཕེབས་རེད། དེ་འདྲ་མིན་ན་ང་ཚོས་རྒྱ་བློ་གྲོས་པ་འདི་རྒས་ཡོལ་ལ་གཏོང་ཐུབ་ཀྱང་རྒྱ་མི་གུང་ཁྲན་གྱི་འཐབ་ཕྱོགས་གཅིག་གྱུར་འདི་རྒས་ཡོལ་གཏོང་མི་ཐུབ་པ་འདྲ་བས་སྒེར་ནད་རེ་སེལ་ཐུབ་མཁན་ཡོད་ན་མ་གཏོགས་སྤྱི་ནད་སེལ་རྒྱུར་ད་དུང་བསྐལ་ཆེན་གྲངས་མེད་དུ་མ་འགོར་གྱི་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme