Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ།

Posted on 2014-03-292014-03-29 By ཁ་བརྡ་ 27 Comments on རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ།

མཁོ་གཏོང་བ། ཁྲི་གཡུང་དྲུང་།

མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱི་༧གོང་ས་རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ་དཔར་སྐྲུན་ལེགས་འགྲུབ་བྱུང་ནས་སྒོ་འབྱེད་མཛད་སྒོ་ཚོགས་འཆར་ཡོད་པ།

The Great Fifth Dalai Lama and His Circle
Workshop and book launch at Wolfson College, Oxford

གོང་ས་ལྔ་པ་ཆེན་པོའི་རང་རྣམ་“ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་།” ཞེས་པ་དེ་དབྱིན་འགྱུར་དང་དཔར་བསྐྲུན་ལེགས་འགྲུབ་བྱུང་ནས་ཕྱི་ལོ་༢༠༡༤ ཟླ་༥ ཚེས་༢ ནས་༣ བར་དུ་སྒོ་འབྱེད་མཛད་སྒོ་དང་མཁས་དབང་བགྲོ་གླེང་ཞུ་འཆར་ཡོད་པ་རེད།

unnamed-2

མཛད་རིམ་ཕྲ་ཞིབ་གཤམ་གསལ་ལྟར།

 

ཚོགས་གནས།
The Haldane Room, Wolfson College, Oxford

 

ཚོགས་དུས།
2-3 May, 2014

 

སྐུ་མགྲོན་གཙོ་བོ།
Guest of honour:
མཁས་དབང་མཁར་རྨེའུ་བསམ་གཏན།
Samten Karmay

 

ཚོགས་ཞུགས་མི་སྣ་གཙོ་ཁག
Participants:
Anthony Aris, Patrick Booz, Cathy Cantwell, Christoph Cuppers, Janet Gyatso, Amy Heller, Lama Jabb, Matthew Kapstein, Per Kvaerne, Charles Ramble, Jeff Watt

 

ཉིན་དང་པོའི་མཛད་རིམ།
Friday 2 May
5:00 pm: Opening
6:00 pm: Reception and book launch
7:30 pm: dinner

 

ཉིན་གཉིས་པའི་མཛད་རིམ།
Saturday 3 May
9:00 am-1:00 pm: Presentations and discussion
1:00 pm- : Lunch and departure

གསལ་བསྒྲགས།

Post navigation

Previous Post: ང་དང་ཨ་ཕའི་བར་ཐག
Next Post: སྒོམ་ཆེན་ཀརྨ་གྲགས་བཟང་ལགས།

Comments (27) on “རྒྱལ་དབང་ལྔ་པའི་རང་རྣམ་དབྱིན་འགྱུར་མ།”

  1. ཁྲི་གཡུང་དྲུང་། says:
    2014-03-29 at 11:56 am

    If you wish to attend,
    RSVP by 31 March to ulrike.roesler@gmail.com

  2. ཤར་ཕྱོགས་ཁུག་རྟ། says:
    2014-03-29 at 12:06 pm

    ཁ་རྩང་གྲོགས་པོ་ཞིག་གི་སྐད་འཕྲིན་རྒྱབ་ནས་གནས་ཚུལ་འདི་མཐོང་སོང། ངའི་གྲོགས་པོ་ཞིག་གིས་ཀྱང་མཐོང་ནས་ང་ལ་དྲི་བ་འདི་འདྲ་ཞིག་དྲིས་བྱུང།

    དྲི་བ་འདི་རེད། ༼ རང་རྣམ་ཨིན་བསྒྱུར་གནང་ན་བོད་ལ་ཕན་ཐོགས་ཡོད་པ་རེད་དམ། ཕར་བསྒྱུར་རྒྱུ་ལས་ཚུར་བསྒྱུར་ན་ཡག་གི་མ་རེད་དམ། ཕར་མགོ་འབུལ་ལུས་འབུལ། བློ་སྙིང་མཆིན་གསུམ་ཚུན་བསྒྱུར་ནས་ཕུལ་བཞག་ན་མི་ཡག་གམ། ༽ཟེར་པ་འདི་རེད།

    ངས་ལོ་རྒྱུས་ཀྱི་སྐོར་ལ་དེ་ཙམ་ཨེ་སྐྱོན་ཞེས་ལན་བཏབས་པ་ཡིན།

  3. བན་དེ་བ། says:
    2014-03-29 at 12:42 pm

    ད་གང་ལྟར་བོད་པའི་གསང་བ་མང་པོ་ཞིག་གྱར་བའི་ཉེན་ཡོད་དེ་མིན་རྣམ་ཐར་གཞན་སྐད་དུ་བསྒྱུར་ན་མི་ཡག་རྒྱུ་ཅི་ཡོད་རྒྱུ་རེད་དྲན།

  4. མངའ་རིས་འཕྲིན་ལས། says:
    2014-03-29 at 2:21 pm

    རང་རྣམ་ཡིན་ཙང་གསང་བ་ཡོད་མ་རེད། ཡག་ཚད་རྐྱང་བྲིས་ཡོད་ཡོད་རེད། ངོ་མ་བྱས་ན་་་་་་ཧ་ཧ་ཧ་ཧ་ཧ

  5. རང་བྱུང་རིག་པའི་རྡོ་རྗེ says:
    2014-03-29 at 2:58 pm

    བོད་ཀྱི་ཆོས་ལུགས་ནི་བླ་མའི་ཆོས་ལུགས་རེད་ཟེར། དེ་ལ་ཞིབ་ཏུ་བསམ་བློ་བཏང་ན་གོ་རྒྱུ་མང་བོ་ཡོད་ས་རེད། རྒྱལ་དབང་ལྔ་བ་ནི་བོད་བླ་ཚད་ལྡན་ཞིག་ཏུ་ཚང་མས་ཁས་ལེན་པ་རེད། རྒྱལ་དབང་ལྔ་བར་དག་སྣང་གི་ཡིག་ཆའང་མང་བོ་ཡོད་པ་རེད། དག་སྣང་དེ་དག་ཡི་དམ་གྱི་བརྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ས་ལེར་གཟིགས་ནས་མཛད་པ་རྐྱང་ཡིན་ས་རེད། འོན་ཀྱང་བོད་ཀྱི་མ་འོངས་པའི་འདུན་ལམ་གཅིག་ཀྱང་མཁྱེན་ཡོད་པ་མ་རེད་ལ། དེར་མ་ཟད་ལྔ་བའི་སྲས་ཀྱི་ཐུ་བོ་གཅིག་པུའི་འདུན་ལམ་ཀྱང་མཁྱེན་མེད་པ་གསལ་པོ་རེད། དག་སྣང་གི་ཡིག་ཆ་དེ་ཚོར་བློ་གཏད་ཆོག་པ་ཅིག་ཡོད་དམ། ང་ལ་ནི་ཐེ་ཚོམ་མང་བོ་ཞིག་རང་བཞིན་གྱིས་བདོག་ལགས། འོན་ཀྱང་དག་སྣང་ཡོད་ཚད་ལ་སྐུར་པ་བཏབ་པ་མིན་ནོ། །

  6. ཀརྡོ་གཉེར་ཕྱག་པ་ says:
    2014-03-29 at 4:18 pm

    དག་སྣང་ནི། སྔགས་ཀྱི་རྣལ་འབྱོར་བ་འབའ་ཞིག་གིས་སྤྱོད་ཡུལ་ཙམ་ལས། གཞན་གྱིས་གོ་བའི་དོན་ཅིག་མིན་ལ། སྔགས་ལ་དད་མོས་ཙམ་ཡང་མེད་པའི་གཞན་ཚོར་ལ་མཁོ་བའི་དངོས་པོ་ཅིག་ཀྱང་མིན་དགོས།

  7. ཁྱི་ནག་ says:
    2014-03-29 at 8:22 pm

    འདས་པའི་ལོ་བཞི་བརྒྱ་ལྷག་གི་ནང་ལ། བོད་པའི་ནང་ལ་རྒྱལ་དབང་ལྔ་པ་ལྟ་བུ་ཞིག་ནམ་ཡང་བྱུང་མྱོང་མེད། ཁོང་ལ་ཆོས་ཀྱི་ཤེས་བྱ་ཁ་གཏད་མེད་པ་ལྟ་བུ་རེད། སྲིད་ཀྱི་དབང་ཆ་ཁ་གཏད་མེད་པ་ལྟ་བུ་རེད། རང་གི་ཡོན་ཏན་འཕེལ་ཐུབ་མཁན། རང་གི་དགྲ་བོའི་མགོ་གནོན་ཐུབ་མཁན། རང་སྲིད་སྐྱོང་ཐུབ་མཁན། གཞན་དབང་འོག་ལ་བརྟུལ་ཐུབ་མཁན་གྱི་བོད་པ་མཐའ་མ་དེ་རེད།

    ལྔ་པ་ཆེན་པོ་གཤེགས་པ་ནས་ད་བར་ལ་བོད་པ་ཆོས་སྲིད་གཉིས་ཀར་ཁ་ལོ་བསྒྱུར་ཐུབ་མཐན་ཞིག་ས་སྟེང་འདི་རུ་བྱུང་མེད། འདི་བདེན་པ་བདེན་རྐྱང་ཡིན།

    ང་དགེ་ལུགས་པའི་ཆོས་སྲིད་ལ་མི་དགའ་མཁན་ཞིག་ཡིན་ལ། ལྷག་པར་དུ་སྐུ་དྲག་དེ་ཚོར་རྟིང་ནས་ཁྲེལ་མཁན་ཞིག་ཡིན། འོན་ཀྱང་། ལྔ་པ་ཆེན་པོའི་ལོ་རྒྱུས་བསམ་སྐབས། ང་ཚོར་ཁོང་ལྟ་བུའི་ཨ་མའི་བུ་ཞིག་ད་ཡོང་བར་རེ་བ་མེད།

    ལྔ་པ་ཆེན་པོ་ནི་ངའི་མིག་ལྟོས་ཡིན། ཁོང་ལྟ་བུའི་སྲིད་དབང་ཞིག་ཐོབ་ན། ངས་བླ་རྫུན་དེ་ཚོར་བཟོ་ལྟ་རྣལ་མ་ཞིག་སྤྲོད་ཨང་བསམ་གྱི་འདུག ལྔ་པ་ཆེན་པོའི་སྐབས་ལ་བླ་རྫུན་སོགས་དབུས་གཙང་ལ་སྡོད་ས་མེད་པར་ས་མཐར་ཁྱམ་དགོས་ཐུབ། ཨེ་རེད། གནམ་ལ་འཕུར་གྱི་ཡིན། ས་ལ་འཛུལ་ཐུབ་ཀྱི་ཡོད། དངོས་གྲུབ་ཡོད། མཁའ་འགྲོའི་རྟགས་མཚན་མ་ཡོད། ཆོས་སྐྱོང་གི་དཔུང་གཉེན་ཡོད་ཟེར་མཁན་ཚང་མ་མཐར་བསྐྲད་ནས། ད་ཁྱོད་ཚོའི་དོག་སྟོན་ཤོག ངོ་མ་མཐུ་དང་སྔགས་ཡོད་ན། དབུས་གཙང་ལ་ཤོག ངས་བདག་པོ་རྒྱག་ཆོག་ཅེས་བཀའ་ཡིག་བཏང་འདུག

    བཀའ་རྙིང་གི་བླ་མ་མང་པོས་ལོ་ནས་ལོ་བསྟུན་ནས་ལྔ་པར་མཐུ་བརྒྱབ་རུང་ནུས་པ་མེད་ཁོ་ཐག་རེད།

    བླ་མ་ཟེར་ན་འདི་འདྲ་ཞིག་དགོས། དོལ་རྒྱལ་ཡང་ལྔ་པའི་སྐབས་ལ་འགུལ་སྐྱོད་གཏོང་ས་མེད་པ་ཆགས་པ་རེད།

  8. དྲི་མེད་ལྷག་བསམ། says:
    2014-03-29 at 8:27 pm

    རང་བྱུང་རིག་པའི་རྡོ་རྗེ། སོག་པོ་དང་རྒྱ་ནག་གི་དབང་བསྒྱུར་ཅིག་ཡོང་བ་སྔ་མོའི་དུས་ནས་ལུང་བསྟན་མང་པོར་གསལ་བོར་བསྟན་ཡོད། དེ་བཞིན་རྒྱལ་དབང་ལྔ་བའི་སྡེ་སྲིད་ཀྱི་མདུན་ལམ། བོད་ཀྱི་འགྱུར་བ། དེ་བཅོས་ཐབས་མང་པོ་ཞིག་ཤིན་ཏུ་ནས་གསལ་བོར་གསུངས་ཡོད། ས་བཅོས་དང་སྐུ་རིམ་ཕལ་མོ་ཆེ་ལོ་མང་བར་བསྒྲུབ་པ་སྡེ་སྲིད་ཀྱིས་མཛད་པའི་རྒྱལ་དབང་དྲུག་པའི་རྣམ་ཐར་དུ་གསལ། བྱང་ནས་དམག་ཡོང་བ་བཅོས་པའི་གླང་ཐང་གི་ས་གནད་བཅོས་པའི་མཆོད་རྟེན་བརྩིགས་པ་བོད་ཀྱི་བླ་མ་རེ་གཉིས་ཀྱིས་བློ་འདོན་བྱས་ཏེ་ལྷ་བཟང་ལ་ཐོག་མར་བཤིག་བཅུག་པ་རེད། གུ་རུའི་ལུང་བསྟན་ལྟར་ཐང་ལྷའི་མདུན་དུ་མཆོད་རྟེན་བརྩིགས་པ་འཇམ་དབྱངས་བཞད་པས་ལྷ་བཟང་ལ་དེ་མ་བཤིག་ན་གནོད་པར་འགྱུར་ཞེས་བཀའ་བསྩལ་བའི་ལོ་རྒྱུས་རང་རྣམ་དུ་གསལ། ལྔ་བ་ཆེན་པོ་དང་སྡེ་སྲིད་ཀྱིས་བོད་སྤྱི་ལ་ཕན་པའི་ཚོགས་པ། ས་གནད་བཅོས་ཚུལ། ཞི་དྲག་གི་བྱ་བ་མང་པོ་ཞིག་ལམ་དུ་སོང་མི་འདུག དེ་ལམ་དུ་འགྲོ་དཀའ་བ་ཡང་ལྔ་བ་ཆེན་པོ་རང་གི་ལུང་བསྟན་དུ་བཞུགས་སོ། །དེ་བཞིན་གཏེར་ཆེན་ཉི་གྲགས་ཀྱིས་མཏའ་མར་དཔལ་མོ་དཔལ་ཐང་དུ་རྒྱ་སྒར་འབྱུང་བས་དེ་བཟློག་པའི་མཆོད་རྟེན་གུ་རུ་མཚན་བརྒྱད་ཅན་བཞེངས་པ་ཕ་ཝོང་ཁ་པས་གཏོར། གསར་བ་བཞེངས་པ་སྤྱི་ལོ་༤༩་ཡས་མས་སུ་ས་ཡོམ་གྱིས་བཤིག་པ་རེད། ཕྲན་གྱིས་ནི་ཡིག་ཆ་དབང་པོར་བཞག་ཏེ་བཤད་པ་ལས་དགའ་སྡུག་དང་ཕྱོགས་ཞེན་གྱི་གཏམ་མ་ལགས་སོ། །

  9. རང་བྱུང་རིག་པའི་རྡོ་རྗེ says:
    2014-03-29 at 10:01 pm

    དྲང་མོར་བཤད་ན་རྒྱལ་དབང་ལྔ་བ་ནོར་བ་ཞིག་གཞན་སུ་ཞིག་ནོར་ཡོད་པ་མ་རེད། དང་བོ་རྒྱལ་དབང་ལྔ་བས་ཆབ་སྲིད་བཟུང་བ་ནོར། གཉིས་པ་རྒྱལ་དབང་ལྔ་བས་ཆབ་སྲིད་བསྐྱངས་པ་ནོར། ནོར་བ་འདི་གཉིས་ཀྱིས་བོད་འབངས་མ་ལུས་ཕོངས་པར་བྱེད། འོན་ཀྱང་བོད་པ་ཚོས་རྨོངས་དད་ལ་ཡིད་འཁྲུལ་ནས་ནོར་བ་འདི་ཚོ་ནམ་ཡང་ངོས་འཛིན་བྱེད་ཤེས་ཀྱིན་མ་རེད་སྙམ། རྒྱུ་མཚན་ཇི་ལྟར་རྒྱལ་དབང་ལྔ་བ་ནོར་བ་རེད་ཟེར་ན། རབ་ཡིན་ན་རྒྱལ་དབང་ལྔ་བས་ཆབ་སྲིད་བཟུང་མེད་ན་ཤིན་ཏུ་ནས་དགེ་མཚན་ཆེས་མོད། དེ་ལྟར་མ་བྱུང་བ་རེད། ཐ་མ་ཡིན་ན་ཆབ་སྲིད་བཟུང་བ་ནས་དེ་ལ་ཤུགས་རྒྱབ་ནས་མཇུག་སྐྱོང་དགོས་པ་རེད། འོན་ཀྱང་དེ་ལྟར་ཀྱང་མ་བྱུང་བ་རེད། ཕྱོགས་གཅིག་ནས་ཆབ་སྲིད་བློས་མ་ཐོངས་པར་ཆབ་སྲིད་བསྐྱངས་ཁུལ་བྱས། ཕྱོགས་གཅིག་ནས་ཆོས་བློས་མ་ཐོངས་པར་ཆོས་ཀྱི་ཕྱོགས་ལ་རྩོལ་བ་འདྲ་བྱས། དེབ་ཁ་ཤས་ཀྱང་བརྩམས་ནས་དེར་དུས་ཚོད་མང་བོར་བཏངས་ནས་ནོར་བ་ཚབས་ཆེན་དེ་ཤོར་བ་རེད། གལ་ཏེ་རྒྱལ་དབང་ལྔ་བས་ཆབ་སྲིད་ལ་ཤུགས་རྒྱབ་ནས་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ཡོད་ན་ད་ལྟ་ང་རང་ཚོའི་རྒྱལ་ཁབ་འདི་ཡང་འབྲུག་པ་ནང་བཞིན་ལོས་ཡིན། རྒྱལ་དབང་ལྔ་བར་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་པའི་ནུས་པ་དང་དུས་ཚོད་གཉིས་ཀས་འདང་གི་ཡོད་པ་རེད། འོན་ཀྱང་དེ་ལྟར་མ་བྱུང་བའི་སྐྱོན་གྱིས་བོད་འབངས་རྣམས་ཕོངས་པ་རེད། ད་མང་བོ་མི་བཤད། བཤད་ན་བོད་པ་ཚོས་མི་གོ །

  10. ཀརྡོ་གཉེར་ཕྱག་པ་ says:
    2014-03-29 at 10:59 pm

    ཨིན་འགྱུར་འདི་བཟང་ཡང་། བོད་ཡིག་ཁ་བརྡ་དྲ་བའི་ནང་ལ། ཨིན་འགྱུར་ལས་བོད་འགྱུར་རམ། བོད་རྩོམ་མང་ཙམ་མཐོང་ཐོས་ཡོད་ལགས།

  11. ལུང་རྟོགས། says:
    2014-03-30 at 10:52 am

    ངའི་ལྟ་ཚུལ་བྱས་ན། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཁྲོད་ནས་རྣམ་དཔྱོད་དང་བློ་གྲོས་མི་གཞི་སོགས་གང་ཐད་ནས་སྐུ་ཕྲེང་བཅུ་བཞི་པ་ལྟ་བུ་ཞིག་སུ་ཡང་བྱུང་མི་འདུག་

  12. གཅོད་པ། says:
    2014-03-30 at 11:18 am

    ཨིན་འགྱུར་མ་རེད། དབྱིན་འགྱུར་རེད། བྱིས་པ་ཀླད་མེད་འདི་དག

  13. ཉི་རྒན says:
    2014-03-30 at 11:21 am

    ལ་ལས་ལྔ་པ་ཆེན་པོ་ལས་གོང་ན་མེད་ཚུལ་ཞིག་གླེང་ཡང་དོན་དངོས་ཐོག་གོང་མ་ཆེན་མོར་པུས་གཙུགས་ཐལ་སྦྱར་བྱེད་མཁན་གྱི་རྒྱ་བླ་ཐོག་མ་དེ་རེད་ལབ་ན་སྐྱོན་ཨ་ཡོད་ན།

  14. རྟ་བདུན་དབང་བོ says:
    2014-03-30 at 11:48 pm

    རྒྱལ་དབང་ལྔ་བ་དང་སྡེ་སྲིད་གཉིས་ཀས་སྟོབས་ཤུགས་ཡོད་ཚད་བཀོལ་ནས་ཕོ་བྲང་པོ་ཏ་ལ་རྒྱ་ཆེར་བསྐྱེད་པ་རེད། པོ་ཏ་ལ་ནི་འཛམ་གླིང་ན་སྙན་གྲགས་ཡོད་པའི་ཕོ་བྲང་ཞིག་ཏུ་གྲགས། འོན་ཀྱང་བོད་ནི་འཛམ་གླིང་ན་ཆེས་སྐྱོ་བའི་རྒྱལ་ཁབ་ཅིག་ཡིན་པ་སྨོས་མེད་ལགས། རྒྱལ་དབང་ལྔ་བ་དང་སྡེ་སྲིད་གཉིས་ཀས་བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་ལ་འབད་བརྩོན་བྱས་ཡོད་ན་ད་ལྟ་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་སྲིད་པ་རེད་དོ། ལྔ་བ་དང་སྡེ་སྲིད་སོགས་ཀྱིས་ཀླད་པ་ཡོད་ཚད་ཆོས་ལུགས་ལ་དབུ་འཁོར་ནས་ཆབ་སྲིད་ཀྱི་མཁྱེན་རྒྱ་ནི་ཁབ་མིག་ཙམ་རེད་སྙམ། ཕོ་བྲང་རྫིག་པོ་ཞིག་གིས་རྒྱལ་ཁབ་སྲུང་མི་ཐུབ་པ་གསལ་བོ་རེད།།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-03-31 at 1:03 am

    ༸རྒྱལ་དབང་ལྔ་པ་ཆེན་པོ་རྟག་ཏུ་རྒྱལ་གྱུར་ཅིག །
    ༸སྐུ་ཕེྲང་བཅུ་བཞི་པ་ཆེན་པོ་མཆོག ༸སྐུ་ཚེ་ཡུན་དུ་བརྟན་པར་ཤོག །

  16. དྲི་མེད་ལྷག་བསམ། says:
    2014-03-31 at 12:28 pm

    སྡེ་སྲིད་གྱིས་བོད་གོང་བུ་གཅིག་འགྱུར་ཆེད་དུ་འབད་བརྩོན་ཤུགས་ཆེར་གནང་ཡང་ལམ་འགྲོ་བྱུང་མི་འདུག ཆོས་ལུགས་རིས་མེད་ཐད་དགའ་ལྡན་ཕོ་བྲང་གི་དགྲ་བོ་བཀའ་བརྒྱུད་ཕྱོགས་ལ་ཞེ་འཁོན་མེད་པར་ཐོབ་ཐང་ཆེན་པོ་གནང་པ་པ་དང་། ཇོ་ནང་སྔར་བསྒྱུར་ཡོད་པ་ལས་གཉའ་ནོན་མ་བྱས། བོན་པོ་རྙིང་མ་གཉིས་ཀ་ཚུར་ནང་དུ་བཀུགས་ཏེ་མཆོད་གཞིས་སོགས་ཅུང་ཟད་སྤྲད། རྒྱ་ནག་༧གོང་མ་འབྲེལ་བ་བྱས་པ་ལྕང་སྐྱས་ལམ་བཀག དམག་དཔུང་བསྒྲིགས་པའི་འཆར་གཞི་ལ་འབྲས་སྤུང་སོགས་ཀྱི་ལས་སྣེ་རྣམས་ཀྱིས་དམག་སོག་པོའི་དབང་ཡིན་པ་གཞིར་བཟུང་དགོས་པར་བཤད་དེ་ལམ་དུ་མ་སོང་། ཚོང་འབྲེལ་བལ་ཡུལ་དང་། རྒྱ་ནག་གི་ཚྭ་ཚོང་།ཤརབའི་ཇ་ཉོ་སོགས་ལ་ལམ་ཕྱེས། འཛུག་བསྐྲུན་པོ་ཊ་ལ་བྱས། ས་གནས་སོ་སོར་རྫོང་སོགས་གཞུང་ལས་ཁང་བཙུག་པ་སོགས་མང་ངོ། །

  17. བན་དེ་བ། says:
    2014-03-31 at 12:54 pm

    རེད་རེད་་་་པོ་ཏ་ལའི་ལྡེབ་རིས་ལ་ད་ལྟའང་མཐོང་དུ་ཡོད་པ་ནི་འདི་ལྟར་རེད། གསང་སྔགས་འཆང་བ་གཡུང་དྲུང་བོན་གྱི་ལྷ་སྡེ་གཏོགས་སོ་ཆོག ཅེས་པ་ཞིག་ཡོད་འདུག་པས་རྒྱལ་དབང་ལྔ་པས་བཀོད་པ་ཞིག་རེད་འདུག

  18. རྟ་བདུན་དབང་བོ says:
    2014-03-31 at 2:27 pm

    དྲི་མེད་ལྷག་བསམ་གྱིས་ཡག་པོ་བྲིས་འདུག རྒྱལ་རབས་ལ་རྒྱུས་མངའ་ཡོད་ཚོད་རེད། རྒྱལ་དབང་ལྔ་བ་དང་སྡེ་སྲིད་གཉིས་ཀྱི་བྱ་བ་ལམ་ལྷོང་མ་བྱུང་བ་རེད་མ་གཏོགས་ཁོང་རྣམ་གཉིས་བོད་དོན་ལ་ལྷག་བསམ་རྨད་དུ་བྱུང་བའི་སྐྱེས་ཆེན་དམ་པ་རེད་འདུག བྱ་བ་ལམ་ལྷོང་མ་བྱུང་བའི་རྒྱུ་རྐྱེན་ནི་ནང་ཆོས་ཀྱིས་ཤུགས་རྐྱེན་ཐེབས་པས་རེད་འདུག མ་འོངས་པར་བླ་ཆེན་ཚོ་ཆབ་སྲིད་ཀྱི་ནང་དུ་མ་ཞུགས་ན་དགེ་མཚན་ཆེ་བར་མངོན།།

  19. སྤོབས་པ་མཐའ་ཡས། says:
    2014-03-31 at 2:31 pm

    མཁར་རྨེའུ་བསམ་གཏན་གྱིས་བྱ་བ་བཟང་པོ་ཞིག་བསྒྲུབ་འདུག

  20. BONPO says:
    2014-03-31 at 7:12 pm

    འགྲན་བྲལ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གིས་་་་བོད་རིག་པ་་་་ཚན་མ་རིག་པའི་ཞིབ་དཔྱད་གནང་བའི་་ཕྱག་རྗེས་དང་སྙན་གྲགས་འབྲུག་ཆེན་འདིར་བ་འདི་བོད་གངས་ཅན་གྱི་ཕ་ས་དྲོན་མོ་འདིར་ཤོངས་བར་དཀའ་བའི་གནས་སུ་གྱུར་སོང་ཡ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ། མཁས་དབང་མཆོག་གི་དགོངས་དོན་ཡིད་བཞིན་དུ་འགྲུབ་པར་ཤོག བཀྲ་ཤིས་བདེ་ལེགས་ཞུ། །

  21. BONPO says:
    2014-03-31 at 9:09 pm

    མཛད་སྒོའི་སྐབས་སུ་མཁས་དབང་མཁར་རྨེའུ་མཆོག་གིས་བསྩལ་བའི་བཀའ་མཆིད་རྣམས་དྲྭ་རྒྱའི་ལམ་ནས་ཀུན་གྱིས་མཐོང་རྒྱུ་དང་ཉན་རྒྱུ་ཡོད་པ་ཞིག་བཟོ་གནང་དགོས་པར་སེམས་སོ། ང་ལ་ལྟོས་ན་འདི་གལ་ཆེན་པོ་ཡིན། ཡང་ཨ་རི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་བོད་སྐད་རླུང་འཕྲིན་ཁང་དང་ནོར་ཝེ་བོད་སྐད་རླུང་འཕྲིན་སྡེ་ཚན་རྣམས་ཀྱིས་ལོ་རྒྱུས་ཅན་གྱི་མཛད་སྒོ་དེ་མཐོང་ནའང་མ་མཐོང་མདོག་མདོག་དང་གོ་ནའང་མ་གོ་མདོག་མདོག་བྱས་ནས་འཇོག་ཐག་ཆོད་རེད། ལྟོས་ཨ། ངས་ཟེར་སོང་བསམ་པ་བྱོས། །
    འདིར་ཧོར་མོ་མཛེས་མ་ཞིག་གིས་བླངས་བའི་བོད་གླུ་སྙན་མོ་ཞིག་འདུག ། རྣམ་པ་ཚོས་ཅིག་གསན་དང་།
    http://www.youtube.com/watch?v=PbGxG8q-lEM

  22. བཙན་བྱོལ་བ་ says:
    2014-03-31 at 11:30 pm

    ཕྱི་བཞུགས་མཁས་དབང་འཚོ་བཞུགས་ཁྲོད་ནས་ཕུལ་དུ་བྱུང་བ་ནི་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་དང་མཁར་རྨེའུ་བསམ་གཏན་གཉིས་ལ་ངོས་འཛིན་བཞིན་ཡོད།

  23. དྲི་མེད་ལྷག་བསམ། says:
    2014-03-31 at 11:56 pm

    ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ཉི་ཧོང་མཁས་པའི་མཛད་པའི་ཞིབ་འཇུག་མང་པོ་ཞིག་རང་རྩོམ་ཡིན་ཁུལ་གྱིས་བོད་དུ་བསྒྱུར་པ་དང་། ཁྲི་བྱང་ཆཚང་གི་གསུང་བཤད་སྒྲ་ཐག་མང་པོ་ཞིག་ཁོ་ལ་ཐོབ་པ་རང་རྩོམ་ཡིན་ཁུལ་གྱིས་ཉི་ཧོང་སྐད་དུ་ཕབ་པ་རེད། ཁོ་རང་གིས་རྩོམ་བོད་ཀྱི་མ་ཆོས་ཡིག་དྲུག་འགྲེལ་བ་དང་། ལམ་གཙོའི་སྔ་འགྲེལ་ཙམ་དུ་ཟད་པས་དེ་གཅིག་པུས་ཁོ་རང་གི་ཡོན་ཚད་ཧ་གོ་ཐུབ་པོ། ཁོས་གང་བཤད་པ་ཕལ་ཆེར་ཆོས་ལུགས་ལས་གཞན་དུ་འདའ་ཐུབ་མེད། མཁར་རྨེ་ཞིབ་འཇུག་པ་དངོས་རེད། རིག་གནས། འཚོ་བ། གོམས་སྲོལ། ཆོས་ལུགས་གང་གི་ཅ་ནས་སྣ་འཛོམས་རེད། གང་བྲིས་པ་ཏེ་རྒྱུ་མཚན་ཡོད་མིན་ལ་མ་ལྟོས་པར་རྩོམ་རྐུན་བྱས་པ་ཆེར་མེད། བོད་ཀྱི་རྩོམ་རིག་ཞིབ་འཇུག་པ་བྱས་ཀྱང་མི་རུང་པ་ཆེར་མེད། ད་དུང་བཤད་འོས་པ་ཁ་ཤས་གདའ།

  24. ཀརྡོ་གཉེར་ཕྱག་པ་ says:
    2014-04-01 at 12:04 am

    མཁར་རྨེ་དང་། ཁང་དཀར་མཁས་དབང་འདི་གཉིས་ཀྱིས་བོད་མི་རིགས་ལ་ཕན་པའི་ལས་ཀ་ག་ཚོད་ཙམ་གནང་ཡོད་དམ། ལགས།

  25. སྤོབས་པ་མཐའ་ཡས། says:
    2014-04-01 at 3:38 am

    ཁངས་དཀར་གྱིས་བྲིས་པ་མང་ཆེ་བ་དཔེ་བཤུས་རེད། མཁས་པའི་གྲས་སུ་འཇོག་འོས་པ་ཞིག་གང་ཡང་མ་རེད། དེའི་སྟེང་ལ་མི་དགོས་པའི་ཆོས་ལུགས་ཀྱི་ཞེན་ཁོག་ཅིག་ཁྱེར་ནས་རྙིང་མའི་རྫོགས་ཆེན་མི་བཟང་ཚུལ་སོགས་ལུང་པ་གང་བསྒྲགས། མཁར་རྨེའུ་མཁས་པ་རེད། ཡིན་ན་ཡང་། སྔོན་མ་བྲིས་པ་ཁག་གཅིག་ལ་ཆོས་ལུགས་ཀྱི་ཞེན་ཁོག་མ་རུང་བ་ཞིག་ཁྱེར་བསྡད་འདུག དེང་སང་ཡར་རྒྱས་ཡག་པོ་སོང་འདུག ནམ་མཁའི་ནོར་བུས་ནི་གང་བཤད་ཚང་མ་ཧམ་བཤད་རེད། ཞིབ་ཆ་ཞིག་མི་འདུག ཕུག་དེད་ནས་རྩད་བཅད་ན་ཚིག་པ་ཟ་གི་རེད། ད་ཅི་དྲག

  26. བཙན་བྱོལ་བ་ says:
    2014-04-01 at 4:58 am

    ཕྱོགས་ལྷུང་གི་རྩོམ་ཟེར་བ་དེ་ཕྱོགས་གཉིས་ནས་ལྟ་དགོས་པར་སེམས། ཐུན་མོང་དུ་འདོད་པ་ཞིག་གཏན་ནས་མེད། དགེ་ལུགས་པ་ཞིག་གིས་རིས་མེད་མཐོང་བ་བཞིན་དུ་གཞན་གྱིས་མཐོང་གི་མེད། དེ་བཞིན་ཕྱོགས་གཞན་ནས་བསམ་ན་ཡང་གཅིག་མཚུངས་རེད། ཆོལ་ཆོས་ཀྱི་དྲི་ངན་མ་བསླད་མེད་པའི་ཐོག་ནས་ཉམས་ཞིབ་བྱ་དགོས་པར་སེམས།

  27. རྨུ་ཐག་གི་བུ་རྒྱུད། says:
    2014-04-02 at 12:01 pm

    རྒྱལ་དབང་ལྔ་པ་གླེང་ན།།
    ཇུས་ཡག་དར་ཆེན་དྲན་གི།།
    བླ་མ་ཐུ་རབས་བཤད་ན།།
    ཇོ་བཀའི་ཆག་སྒོ་དྲན་གི།།

    ལ་རྒྱ་ཆེ་རབས་བཤད་ན།།
    སོག་པོའི་དམག་དཔུང་དྲན་གི།།
    བཀའ་དྲིན་ཆེ་རབས་བཤད་ན།།
    རྡུང་གཅོག་འཕྲོག་བསྲེག་དྲན་གི།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme