Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་བྱེས་སྙན་ངག་ལྷན་འཛོམས།

Posted on 2014-03-252014-03-25 By ཁ་བརྡ་ 5 Comments on གཞིས་བྱེས་སྙན་ངག་ལྷན་འཛོམས།

འབའ་སྲས།

unnamed-2——-སྙན་ངག་གི་ཕ་ཁྱིམ་ལོ་དེབ་ཐོག་མར་བྲིས།

 

གཞིས་དང་བྱེས་ཀྱི་རྣམ་དཔྱོད་ཡངས་པའི་མཁའ།།
སྙན་ངག་ཕ་ཁྱིམ་སྤྲིན་ཕུང་དཀྲིགས་པ་ཡིས།།
ཚོར་བའི་འཇའ་དང་བསྡོངས་པའི་སྙན་ངག་ཆར།།
དབྱངས་འགྲོས་ཟིལ་དང་འགྲོགས་ཏེ་ས་ལ་བབས།།

ཨེ་མ་གངས་དཀར་རི་བོའི་རྒྱབ་མདུན་ན།།
ཚོན་རིས་སྣ་ལྔ་ལྷན་གཅིག་འདྲེས་པ་ཅན།།
སུ་ཡིས་མཐོང་ན་ཡིད་འོང་ཉིད་སྟེར་བ།།
སྙན་ངག་ཕ་ཁྱིམ་ལོ་དེབ་འཇའ་ཡིས་མཚོན།།

མཁའ་དབྱིངས་མཛེས་པ་ཉི་ཟླ་སྐར་མའི་ཚོགས།།
ས་གཞིར་བརྒྱན་པ་རི་ཆུ་མེ་ཏོག་ཤིང་།།
མི་ཡི་སེམས་ལ་མཛེས་པའི་སྙན་ངག་གི །
གཞིས་བྱེས་ལྷན་འཛོམས་དབྱངས་རྟ་དང་པོ་ཐོས།།

གངས་རིའི་མདུན་ནས་འབྲུག་སྒྲ་སིང་སིང་གྲགས།།
གངས་རིའི་རྒྱབ་ཏུ་རྨ་བྱའི་སྒྲོ་མདོངས་མཛེས།།
རྨ་འབྲུག་ཁ་འཕྲོད་རྟེན་འབྲེལ་འགྲིག་པ་ཡིས།།
གཞིས་བྱེས་སྙན་ངག་ཆར་གྱིས་མེ་ཏོག་འཛུམ།།

ཕ་ཡུལ་དྲན་པའི་སྡུག་གཏམ་བྱེས་ལ་མང་།།
ཕེབས་ཤོག་ཕེབས་ཤོག་སྙན་ངག་གཞིས་ལ་མང་།།
གཞིས་བྱེས་གཉིས་ཀྱི་ཚོར་བའི་རྟོག་འགྱུ་ལས།།
སེམས་དང་སེམས་འདྲེས་སྙན་ངག་དང་པོ་ཡིན།།

གཞིས་ཀྱི་རེ་བའི་སྙན་དངགས་བྱེས་ལ་སྤྲིངས།།
མ་ཤི་བྱེས་ཀྱི་རྣམ་ཤེས་གཞིས་ལ་འཁོར།།
གཞིས་བྱེས་ས་ཆུ་འཐིམས་པའི་སྙན་དེབ་འདི།།
གཞིས་བྱེས་ལྷན་འཛོམས་ཐུབ་པའི་རྟེན་འབྲེལ་ཡིན།།

ཁོ་ཡི་རྔུལ་ཆུ་ཐིགས་པས་དེབ་འདི་དཔར།།
ཁྱེད་ཀྱིས་འཚོ་བའི་བརྗོད་བྱ་བདག་ལ་གནང་།།
ང་དང་ཁྱེད་ཀྱི་ལག་འཇུ་དང་པོ་འདི།།
གངས་རིའི་རྒྱབ་མདུན་གཉིས་ན་ཤིན་ཏུ་དམ།།

དེ་བས་ཁྱེད་ཀྱིས་ཡིད་ཆེས་བདག་ལ་གནོངས།།
ང་ཡི་ལྷག་བསམ་གཙང་མ་ཁྱེད་ལ་འབུལ།།
གོ་ལ་ཟླུམ་པོ་འདི་ཡི་གཡས་གཡོན་ནས།།
ང་ཚོ་ཚང་མ་ནམ་ཡང་བསྡོངས་ཏེ་འགྲོ །

༡༤/༠༣/༢༥ མཚན་ནང་དུ་བསླེབས་མ་ཐག

སྙན་ངག

Post navigation

Previous Post: ཡིད་སྐྱོ་བའི་གནས་ཚུལ།
Next Post: དེ་རིང་སྔར་བཞིན་ང་རང་ཁྱོད་ལ་འཁོར།

Comments (5) on “གཞིས་བྱེས་སྙན་ངག་ལྷན་འཛོམས།”

  1. ཆུ་ཐིགས་སྔོན་མོ says:
    2014-03-25 at 2:29 pm

    གཞིས་དང་བྱེས་ཀྱི་རྣམ་དཔྱོད་ཡངས་པའི་མཁའ།།

    ས་གཞིར་བརྒྱན་པ་རི་ཆུ་མེ་ཏོག་ཤིང་།།
    མི་ཡི་སེམས་ལ་མཛེས་པའི་སྙན་ངག་གི །

    གཞིས་བྱེས་སྙན་ངག་ཆར་གྱིས་མེ་ཏོག་འཛུམ།།

    ཁོ་ཡི་རྔུལ་ཆུ་ཐིགས་པས་དེབ་འདི་དཔར།།

  2. བློ་བཟང་རིག་འཛིན། says:
    2014-03-25 at 7:16 pm

    ཧྲ་གི

  3. གཅོད་པ། says:
    2014-03-26 at 11:42 am

    སྙན་ངག་འབྲི་མི་ཤེས་ན་ཚིག་ལྷུག་རང་དུ་འགྲེལ་བཤད་རེ་བརྒྱབ་ནའང་ཅིས་མི་ཆོག

  4. བཅུད་ལེན་རྐང་འཐུང་། says:
    2014-03-26 at 2:54 pm

    འབའ་སྲས་སྙན་ངག་འབའ་འབའ་ལུགས་གུ་གྱི
    འབའ་སྐད་ལྷང་ལྷང་གཞི་བྱེས་བར་ལ་སྙན།
    འབའ་སྲས་འབུ་ཡི་མ་ཟོས་སྔ་རོལ་དུ།
    འབའ་སྒྲ་འབའ་རྫོངས་ཡུལ་གྱི་རྒྱན་དུ་མཛེས།

  5. གླག་རྒོད། says:
    2014-03-27 at 4:19 pm

    དཔེ་མི་སྲིད་པའི་ཡག་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme