Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

Posted on 2014-03-242014-03-24 By ཁ་བརྡ་ 14 Comments on རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

འཇམ་དབྱངས་སྦྱིན་པ།
————-
001-1ཉེ་ཆར་སྤྱི་ལོ་༢༠༡༤ ལོའི་ཟླ་༣ ཚེས་༡༩ ཉིན་རང་ཁྱིམ་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ནི། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་དབལ་བཎ་ཚང་གི་རྒྱུ་ཚ་སྡེ་བ་རུ་སྐྱེས་ཤིང་རང་ལོ་༤༢ ཡིན། སྤྱི་ལོ་༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་སློབ་གྲྭར་ཞུགས། ལོ་ཤས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འབྲོག་པའི་འཚོ་བ་བསྐྱལ།

དགུ་བཅུ་གོ་གྲངས་ནང་རྨ་ཆུའི་ས་ཁུལ་གང་སར་བོད་དོན་སྐོར་གྱི་སྦྱར་ཡིག་གང་མང་སྤེལ་བའི་ལས་འགུལ་ནང་དུ་མཉམ་ཞུགས་བྱས་རྐྱེན་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་གཅར་རྡུང་བཀག་ཉར་བྱས་ཀྱང་ཁོས་ཅི་ཡང་ཁས་མ་བླངས། དེ་རྗེས་རང་ཡུལ་དུ་རྒྱ་གཞུང་གི་གནོན་ཤུགས་ཀྱིས་སྡོད་མ་ཐུབ་སྟབས་ལྷ་ས་སོགས་སུ་འཁྱམས་ཉུལ་བྱས་ཏེ་ལོ་འགར་བསྡད།
IMG_6044-1
ཕྱིར་ཕ་ཡུལ་དུ་ལོག་ནས་དུས་ཐུང་འཛིན་གྲྭ་དང་དོན་གཉེར་ཅན་གང་མང་ལ་དབྱིན་ཡིག་སློབ་ཁྲིད་བྱས།

སྤྱི་ལོ་༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་དུ་༼ས་བྱི་ཞི་རྒོལ་ཆེན་མོ།༽ བྱུང་སྐབས་ཁྲོ་ཁོ་དབལ་བཎ་སྡེ་བའི་ཡུལ་ཚོ་རུ་ཡང་གསུམ་པའི་ཚེས་༡༧ ༡༨ ༡༩ བཅས་ཉིན་གསུམ་རིང་ཞི་བའི་ངོ་རྒོལ་ཡར་ལངས་ཀྱི་སྣེ་ཁྲིད་གཙོ་བོའི་གྲས་ཡིན། དུས་སྐབས་འདི་འདྲ་ཞིག་ནས་ཁོང་གིས་རང་ཁྱིམ་གྱི་སྦྲ་ནག་ཀླད་དུ་བོད་ཀྱི་རྒྱལ་དར་མཐའ་ཤན་དར་ཚོན་སྣ་ལྔས་བྱས་པ་ཞིག་རྒྱུན་རིང་དུ་བསྒྲེངས་འཛུགས་བྱས་འདུག


སྤྱི་ལོ་༢༠༠༩ ལོའི་ཟླ་དང་བོའི་ནང་དུ་དབལ་བཎ་སྡེ་བའི་ཡུལ་ཚོ་དང་སྡེ་དགོན་སོ་སོར་བོད་ཀྱི་ལོ་སར་རྒྱས་སྤྲོས་ཅན་གཏོང་མི་རུང་བའི་འབོད་སྐུལ་སྦྱར་ཡིག་༼འབོད་སྐུལ་ངང་མོའི་སྐྱོ་དབྱངས།༽ ཞེས་པ་དང་། ས་གནས་ཀྱི་རྒྱ་ནག་དང་མཉམ་འབྲེལ་གྱིས་རང་མི་གཡོ་ཚོང་བྱེད་མཁན་དག་ལ་བྱ་ངན་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་སྦྱར་ཡིག་༼དྲན་སྐུལ་གསེར་གྱི་དྲུལ་ཆུང་།༽ ཞེས་པ་གཉིས་སྦྱར་སྤེལ་གྱི་གནས་ཚུལ་བྱུང་སྐབས་སྒོ་ཤུལ་བློ་བཟང་སོགས་ཀྱིས་ས་གནས་ཀྱི་གནས་ཚུལ་གླེང་མོལ་(qq)བརྒྱུད་དེ་བོད་ཕྱིའི་གསར་ལམ་ཁག་ལ་བརྒྱུད་སྤྲོད་བྱས། སྤྱི་ལོ་༢༠༠༨ ལོ་ནས་དབལ་བཎ་ཡུལ་ཚོར་རྒྱ་དམག་གིས་དམངས་ཚོགས་ལ་བཙན་གཉོམ་ཐུབ་ཚོད་བསྟུད་མར་བྱེད་ཀྱིན་ཡོད་སྟབས་སྤྱི་ལོ་༢༠༠༩ ལོའི་ཟླ་༤ ཚེས་༡༠ ཉིན་སྒོ་ཤུལ་བློ་བཟང་སོགས་ཀྱིས་རྒྱ་དམག་ལ་བདེན་པའི་གནས་ལུགས་དང་རྒྱུ་མཚན་བཤད་དེ་ཁ་རྩོད་བྱེད་སྐབས་མཐར་ཛ་དྲག་ཏུ་གྱུར་ནས་རྒྱ་དམག་གིས་སྒོ་ཤུལ་བློ་བཟང་དང་། གྲགས་པ་གཉིས་ལ་གཅར་རྡུང་ཚབ་ཆེན་བྱས་ཏེ་ལག་ལྕགས་བརྒྱབ་ནས་ཁྲིད་འགྲོ་རྩིས་བྱེད་སྐབས་ས་གནས་མི་དམངས་༤༠༠ ལྷག་གིས་རྒྱ་དམག་ལ་ངོ་རྒོལ་དང་རྡོ་ཁ་བྱས་པས་སྒོ་ཤུལ་བློ་བཟང་དང་གྲགས་པ་གཉིས་ལག་ལྕགས་བརྒྱབ་བཞིན་དུ་བྲོས་བྱོལ་ཐུབ། དེ་ནས་བཟུང་སྟེ་རྒྱ་དམག་སྡོད་མ་ཐུབ་པར་གནས་སྐབས་ཕྱིར་འཐེན་བྱ་དགོས་ཐུག སྤྱི་ལོ་༢༠༠༩ ལོའི་ཟླ་༤ ཚེས་༡༢ ཉིན་རྨ་ཆུ་རྫོང་གིས་དབལ་བཎ་སྡེ་བའི་རི་ཆེན་ཁག་གི་སྡེ་དཔོན་རྣམས་སྐད་བཏང་སྟེ་སྒོ་ཤུལ་བློ་བཟང་སོགས་ས་བྱི་ཞི་རྒོལ་གྱི་སྣེ་ཁྲིད་པ་མི་ལྔ་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་དང་། གལ་སྲིད་ཁོང་ཚོ་རྩིས་སྤྲོད་མ་བྱས་ན་ས་གནས་ལ་ཛ་དྲག་བཙན་གནོན་གྱི་ལས་འགུལ་སྤེལ་རྒྱུའི་འཇིགས་སྐུལ་བྱས། འོན་ཀྱང་སྒོ་ཤུལ་བློ་བཟང་སོགས་མི་མེད་ལུང་སྟོང་གི་རི་མགོ་སོགས་ལ་བྲོས་བྱོལ་བཀབ་སྦས་བྱས་ཏེ་ལྟོག་སྐོམ་གྲང་སྡུག་གི་ངང་ནས་ཟླ་ངོ་མང་བོ་བསྐྱལ་ཏེ་བསྡད།
ཆཆཆཆཆཆཆཆཆ
སྤྱི་ལོ་༢༠༡༠ ལོའི་ལོ་མགོ་ཞིག་ནས་སྒོ་ཤུལ་བློ་བཟང་ལགས་ཀྱིས་འདི་ལྟར་ལོ་དང་ཟླ་བ་བསྟུད་དེ་མི་མེད་ལུང་སྟོང་སོགས་སུ་སྦས་ཏེ་བསྡད་ན་དོན་སྙིང་ཅི་ཡང་མི་འདུག དེ་ལས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ལ་ཕན་ཅུང་ཟད་ཙམ་རེ་ཐོགས་སོང་ན། ང་ལྟ་བུ་བཙོན་ཁང་དུ་སྡོད་དགོས་བྱུང་ན་ཡང་འགྱོད་རྒྱུ་མི་འདུག རང་ཉིད་གཅིག་པུ་མི་སུས་ཀྱང་མི་མཐོང་ས་ཞིག་ནས་ལྐོག་ཏུ་འཛིན་བཟུང་བྱ་འགྲོ་བ་ལས་རྒྱ་ཆེས་མི་མང་གིས་རིག་ས་མཐོང་ས་ནས་བཟུང་སོང་ན་དེའི་དགའ། ཞེས་དབལ་བཎ་ཡུལ་ཚོ་སོགས་སུ་མངོན་གསལ་དུ་འགྲོ་སྡོད་བྱས།
IMG_6045-1
སྤྱི་ལོ་༢༠༡༠ ལོའི་ཟླ་༦ ཚེས་༢༩ ཉིན་རྨ་ཆུ་རྫོང་གི་ཉེན་རྟོག་པས་སྒོ་ཤུལ་བློ་བཟང་ལགས་དོན་དག་གནས་ཚུལ་གཞན་རེ་ལ་ཁ་གཡར་ཏེ་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་མ་ཟིན་ཙམ་ལ་རྨ་ཆུ་རྫོང་དུ་བཀག་ཉར་གྱིས་གཅར་རྡུང་ཚ་འདྲི་ཚད་ལས་བརྒལ་བ་བྱས་ཤིང་ཐ་ན་ཟས་དང་གཉིད་བཀག་པ་དང་། ཟུག་གཟེར་གཏོང་བའི་དུག་ཁབ་བརྒྱབ་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་།
IMG_4950-1
སྤྱི་ལོ་༢༠༡༠ ལོའི་ཟླ་༡༡ ཚེས་༢༦ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྒོ་ཤུལ་བློ་བཟང་ལགས་ལ་ལོ་བཅུ་ཐམ་པའི་ཁྲིམས་ཐག་བཅད་དེ་ལན་ཀྲུའུ་ནས་སྤྱི་ལེ་བརྒྱ་ཡས་མས་ཤིག་ཏུ་ཡོད་པའི་ཏེན་ཤན་གྲོང་ཁྱེར་གྱི་བཙོན་ཁང་དུ་བཙོན་འཇུག་བྱས། བཙོན་ཁང་དེ་ནས་ཀྱང་དགོས་ངེས་ཀྱི་སྨན་བཅོས་དང་བཟའ་བཏུང་མ་སྤྲད་སྟབས་ནད་མནར་གྱིས་ཁོང་གི་ཤ་སྐམ་ཞིང་ལུས་རུད་པར་གྱུར་པ་མ་ཟད་སྔར་དུག་ཁབ་བརྒྱབ་པའི་རྐྱེན་གྱིས་བཟོད་དུ་བྲལ་བའི་ཟུག་གཟེར་ཧ་ཅང་ཆེན་པོ་ཡོད་ནའང་དེ་མུར་ལོ་གསུམ་ལྷག་ལ་སྨན་བཅོས་སོགས་ཀྱི་ལྟ་སྐྱོང་གང་ཡང་མེད་པར་ལུས།

7aca6b0b-ac0c-4-1

སྤྱི་ལོ་༢༠༡༣ ཟླ་༡༡ ནང་དུ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་རུ་སོང་སྟེ་གསོན་གནས་མི་ཐུབ་པའི་མཚམས་ལ་སླེབས་དུས་བཙོན་ཁང་དུ་འདས་གྲོངས་སུ་སོང་བའི་ངན་ཁག་གཡོལ་ཆེད་ཟླ་དེའི་ཚེས་༢༩ ཉིན་ཕྱིར་རང་ཁྱིམ་དུ་བཏང་། དེ་ནས་ཁོང་གི་ནང་མི་གཉེན་ཉེ་ཚོས་སྨན་བཅོས་དང་ཞབས་རིམ་གང་ཐུབ་ཅི་ནུས་བྱས་ཀྱང་ཕན་ཐོགས་ཆེར་ཐོན་མི་འདུག ཉེ་ལམ་ཁོང་གི་དབུགས་རྒྱུན་མ་ཆད་པའི་ཟླ་གཅིག་ལྷག་གི་རིང་ལ་བཟའ་བཏུང་སོགས་ཅི་ཡང་མ་སོང་སྟེ་ལྟོག་སྐོམ་དང་ཟུག་གཟེར་དྲག་པོ་མི་གཞན་གྱིས་མཐོང་ན་བལྟ་མི་བཟོད་པ་ལྟ་བུའི་གསོན་སྡུག་མྱོང་འདུག སྐབས་རེར་ཁ་ཅུང་ཟད་རེ་གྲག་ཐུབ་དུས་ཁོང་གིས་སྔར་བཞིན་རང་གི་སེམས་ཀྱི་དམ་བཅའ་དང་ཡིད་ཆེས་ལ་འགྱུར་བ་ཅུང་ཟད་ཀྱང་མེད་པར། ངས་སྡུག་ཅི་འདྲ་མྱངས་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་དང་། བོད་མི་ས་ཡ་དྲུག་གི་དོན་ཡིན་པས་འགྱོད་པ་སྤུ་རྩེ་ཙམ་ཡང་མེད་ཅེས་དང་། ཡང་ཐེངས་གཅིག་ཁོང་གིས་གྲོགས་པོ་ཞིག་ལ་རང་ཉིད་པར་ལེན་དུ་བཅུག་ནས་བཤད་དོན། ངའི་པར་འདི་རྒྱ་གར་ལ་བསྐུར་ནས་༸རྒྱལ་བ་རིན་པོ་ཆེའི་སྤྱན་ལམ་ལ་འབུལ་ཨེ་ཐུབ་ཞིག་ལྟོས། ལྷག་པར་ང་ལྟ་བུའི་སྡུག་དང་མནར་གཅོད་ཀྱི་འོག་ན་གནས་པའི་བཅོན་མ་དག་གི་བདེ་སྡུག་གི་གནས་སྟངས་སྙན་ལ་འཇོག་ཨེ་ཐུབ་བལྟ་རོགས། འདི་ངའི་སྒེར་དོན་ལྟ་བུ་ཞིག་ཡིན་ནའང་འབྲོག་གླེན་ཉམས་ཆུང་ནུས་མེད་ཅིག་གི་འཆི་ཁའི་རེ་བ་ཆུང་ཆུང་ཞིག་ཡིན། ཞེས་བརྗོད་འདུག་ལ་སྐད་ཆའམ་ཁ་བརྡ་འདི་དག་ཁོང་གི་མི་ཚེའི་ནང་གི་ཆེས་མཐའ་མའི་རེ་བ་དང་ཁ་ཆེམས་དག་ཡིན་འདུག

གཞན་ཡང་སྤྱི་ལོ་༢༠༡༤ ལོའི་ཟླ་༣ ཙེས་༡ ཉིན་ཁོང་གིས་སྔར་བཙོན་ཁང་དུ་ཡོད་སྐབས་བྲིས་པའི་ཁ་ཆེམས་ལྟ་བུའི་རྩོམ་ཡིག་༼འགྱོད་སེམས་མེད་པའི་ཁྲིམས་པ།༽ཞེས་པ་ཡང་ཉམས་ཐག་པའི་རང་གི་འདྲ་པར་གཤམ་ལ་འབྲི་འགོད་བྱས་ཏེ་གྲོགས་པོ་ཁ་ཤས་ལ་སྤྲད་འདུག

མཐར་སྤྱི་ལོ་༢༠༡༤ ལོའི་ཟླ་༣ ཚེས་༡༩ ཉིན་གྱི་སྔ་བོ་ཆུ་ཚོད་གཅིག་ཡས་མས་ཤིག་ལ་ཚེ་ལས་འདས་འདུག་ལ་ཚེས་༢༦ ཉིན་ཕུང་བོ་ཞུགས་འབུལ་བྱ་རྒྱུ་ཡིན་འདུག

ཁོང་གི་ཤུལ་ལུས་ནང་མི་ནི། ཁོང་གི་ཨ་མ་ཏཱར་སྒྲོན་ལོ་༧༣ ཅན་དང་། བཟའ་ཟླ་ཏཱར་པེ་ལོ་༣༩ ཅན། བུ་ཤེས་རབ་ལོ་༡༨ ཅན། བུ་མོ་སྒྲོན་མ་ལོ་༡༤ ཅན་བཅས་ཡོད་འདུག་པའི་གནས་ཚུལ་དང་། རྒྱལ་གཅེས་དཔའ་བོ་ཁོང་གི་མཛད་རྗེས་མདོར་བསྡུས་ཏེ་ཁོང་དང་ཕ་ཡུལ་གཅིག་པ་འགས་ཆེད་དུ་སྤེལ་བ་ལགས་སོ།།
IMG_6017-1

ཟུར་ཞུ། ཁོང་གིས་སྤྱི་ལོ་༢༠༠༨ ལོ་ནས་བགྲེངས་འཛུགས་བྱས་པའི་བོད་ཀྱི་རྒྱལ་དར་གྱི་པར་དང་། ཁོང་གི་རྩོམ་ཡིག་འགྱོད་སེམས་མེད་པའི་ཁྲིམས་པ་ཞེས་པའི་པར། ཁོང་གི་པར་བཅས་འདི་མཉམ་བསྐུར་ཡོད།

གཞན་ཡང་ཁོང་གི་གནས་ཚུལ་མདོར་བསྡུས་འདི་སྐུར་དགོས་དོན་ཉེ་ཆར་དྲ་ལམ་ལ་སྤེལ་བཞིན་པའི་ཁོང་གི་གནས་ཚུལ་རྣམས་ལ་ཅུང་ཟད་རེ་ནོར་བ་དང་། ཁ་མ་ཚང་བ་ལྟ་བུ་ཅུང་རེ་འདུག་སྟབས་ཕ་ཡུལ་གྱི་འབྲེལ་ཡོད་མི་ལ་སྐད་ཆ་དྲིས་ཤིང་། ༢༠༠༨ ལོར་རང་གིས་ཕབ་པའི་ཚིག་ཐོ་དག་ལ་བསྡུར་ཏེ་བྲིས་པ་ཡིན་པས་ལྟོས་འཇོག་གིས་འདི་ཅུང་ཟད་དག་པས་ཡིན་ལགས། མཐར་འཕྲིན་ཐུང་འདི་དེ་གར་འབྱོར་བ་ན་ཅིས་ཀྱང་འབྱོར་ལན་ཙམ་ཡོད་པར་ཞུ་རྒྱུ་དང་། ད་དུང་གནས་ཚུལ་འདིའི་སྐོར་ལ་མི་གསལ་བ་ཡོད་ན་ཕྲན་ལ་ཁ་པར་གཏོང་རོགས་ཞུ། ངའི་ཁ་པར་ཨང་། ༩༩༨༦༤༧༦༦༧༠

གསར་འགྱུར།

Post navigation

Previous Post: གོམ་བུ་གཅིག་འགྱུར་གྱི་ནུས་པ་དེ་རང་བཞིན་ཚང་མར་དགོས།
Next Post: གདུང་བའི་མིག་ཆུས་ཁྱེད་ལ་སྐྱེལ་མ་བྱེད།

Comments (14) on “རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།”

  1. གནམ says:
    2014-03-24 at 8:42 am

    མཐོ་སྒང་གི་རྩྭ་ཐང་ན། བུ་རྒོད་ཁྱེད་ཀྱིས་བསྒྲེངས་བའི་རྒྱལ་དར། བུ་རྒོད་ཁྱེད་ཀྱིས་བསྒྲགས་པའི་དམ་ཚིག། ཅི་སྲིད་ལོ་རྒྱུས་མ་ཉམ་པར་དུ་དེ་སྲིད་བདེན་རྟགས་དུ་ནུབ་པ་མི་སྲིད། ཞུགས་ལུས་ན་ཡོད་པའི་ནང་མི་སྤུན་གྲོགས་ཚོ། དེ་རིང་ཁྱེད་ཅག་དང་ང་ཅག་མེད་པར། ང་ཚོ་ཚང་མས་གདུང་སེམས་མཉམ་དུ་མྱང་།

  2. ཡ་མ་ཚེ་རིང says:
    2014-03-24 at 8:58 am

    བོད་མི་རིགས་ཀྱི་ཆེད་དུ་ཅི་ཡང་བྱེད་ཕོད་ལ། གང་ཡང་ལས་ཐུབ་པའི་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ཁྱེད་ཉིད་འདྲ་བོད་མི་རིགས་ལ་འབུམ་ཕྲག་འགའ་ཡོད་ནའང། ཉུང་དྲགས་པ་རེད། ཁྱེད་ཀྱི་མཛད་རྗེས་ལ་ཡི་རངས་ཡོད། གདུང་སེམས་མཉམ་བསྐྱེད་ཡོད། ཁྱེད་ཉིད་སླར་ཡང་བོད་ཁ་བ་གངས་ཅན་དུ་འཁྲུངས་པའི་སྨོན་འདུན་ཤུགས་དང་བཅས་ཞུ།

  3. དྲན་དཀར་དཔལ་ཡོན་ says:
    2014-03-24 at 10:54 am

    བཙན་པོའི་རྒྱལ་ཁབ་ཀྱི་མདང་གི་ཡུ་བ་བློ་བཟང་ལགས།
    མདོ་སྨད་རྟའི་ཆོལ་ཁའི་རྟ་དམག་ཆེན་མོ་ལགས།
    ཐུགས་བདེ་བར་གཤེགས་པར་མཛོད་ལགས།
    སྐུ་ཉིད་ཀྱི་ཐུགས་རེ་ལྟར་ཉིད་ཀྱི་སྐུ་པར་ང་ཚོར་འབྱོར་བྱུང་ལགས།
    ནམ་སང་ནམ་སང་༧གོང་ས་མཆོག་གི་བཟང་སྤྱོད་འཆི་བླུ་འདོན་དུས་དྲན་བྱུང་།
    ང་ཚོའི་མེས་པོ་སྟེ་སྲིད་ཟུར་ཀླུ་ཁང་པར་ཡང་སྣང་ཚུལ་འདི་ལྟ་བུ་གཅིག་ཡོད་ཤག་ཡིན།
    དེ་ནི་རང་ཉིད་སྐྱེས་པ་སྔ་དྲག་ཤིང་་་་་གུང་ཁྲན་འོངས་པ་ཕྱིས་དྲག་པར་ངང་གིས་ཚོར་བ་དེ་རེད།
    ཇ་མ་ཁོལ་གོང་བུད་ཤིང་བཟད་མི་འོས་ཤིང་རང་ཉིད་བོད་དོན་འཐབ་རྩོད་ཆེད་ངེས་པར་ཡོད་དགོས་པའི་བུད་ཤིང་དུ་ཚོར་བ་དེ་རེད།
    ང་ཚོ་ང་ཚོའི་རྩ་དོན་ཆེད་བུད་ཤིང་བཞིན་དུ་འབར་དགོས་པ་ཤེས་བྱུང་ལགས། ཨེ་རེད།
    སྐུ་ཉིད་ཀྱི་མིག་གི་ཐན་ཀོར་ནས་འདས་ཟིན་གྱི་བུད་ཤིང་རྣམས་ལྟར་འབྱུང་འགྱུར་གྱི་ཆེད་ང་ཚོས་ང་ཚོ་བེད་སྤྱོད་དགོས་པར་ཚོར་བྱུང་ལགས།

  4. རུ་ཤུལ་བུ་ says:
    2014-03-24 at 11:23 am

    གསར་བུ་གླག་སྒྲོ་འདྲ་བོ་འདི་ཁྱི་རྒན་ཚང་གིས་འདི་ལྟར་བཅོམ་ནས་འདི་ལྟར་བཞུད་སོང་། སེམས་ན་གི

  5. མགོན་པོ says:
    2014-03-24 at 11:58 am

    གདུང་སེམས་མཉམ་སྐྱེད་སྨོན་ལམ་འདོན་ངོས་སོ

  6. ཀརྡོ་གཉེར་ཕྱག་པ་ says:
    2014-03-24 at 12:21 pm

    རྒྱ་གཞུང་གིས། བོད་ནང་ལ། བོད་མི་ལས། འབྲོག་ཁྱི། དེ་ཚོ་ལ། མཐོང་ཆེ་བ། བྱེད་བགྱིད། ཡོད་པ་འདྲ། སྤྲང་རྒན། རྒྱ་རིགས་ཚོ། ཧཧཧཧཧཧཧཧཧ། ཁྱེད་ཚོ། མི་ལུས། ཐོབ་པ་ཙམ། མ་གཏོགས། བོད་པའི། ཁྱི་ལས། སྡུག་ག ཡོད་ཚོད་། འདུག ཧ་ཧ། ཧི་ཧི།། །།

  7. སྤོབས་པ་མཐའ་ཡས། says:
    2014-03-24 at 3:21 pm

    “ངའི་པར་འདི་རྒྱ་གར་ལ་བསྐུར་ནས་༸རྒྱལ་བ་རིན་པོ་ཆེའི་སྤྱན་ལམ་ལ་འབུལ་ཨེ་ཐུབ་ཞིག་ལྟོས། ལྷག་པར་ང་ལྟ་བུའི་སྡུག་དང་མནར་གཅོད་ཀྱི་འོག་ན་གནས་པའི་བཅོན་(བཙོན)མ་དག་གི་བདེ་སྡུག་གི་གནས་སྟངས་སྙན་ལ་འཇོག་ཨེ་ཐུབ་བལྟ་རོགས། འདི་ངའི་སྒེར་དོན་ལྟ་བུ་ཞིག་ཡིན་ནའང་འབྲོག་གླེན་ཉམས་ཆུང་ནུས་མེད་ཅིག་གི་འཆི་ཁའི་རེ་བ་ཆུང་ཆུང་ཞིག་ཡིན། ཞེས་བརྗོད་འདུག་ལ་སྐད་ཆའམ་ཁ་བརྡ་འདི་དག་ཁོང་གི་མི་ཚེའི་ནང་གི་ཆེས་མཐའ་མའི་རེ་བ་དང་ཁ་ཆེམས་དག་ཡིན་འདུག”
    ཚིག་འདི་ལ་བལྟས་ན་རྒྱལ་བ་རིན་པོ་ཆེའི་’འཇིག་རྟེན་ཡོངས་ཁྱབ་ཀྱི་མཛད་པ་རླབས་ཆེན’་དེ་ཚོ་རེ་ཞིག་བཏང་སྙོམས་སུ་བཞག་ནས་རང་རྩ་ན་གནས་པའི་བོད་སྤྱི་ཚོགས་ཀྱི་དཀའ་རྙོགས་འདི་ལ་ཤི་འཐམ་རོ་འཐམ་ཞིག་བྱེད་པའི་དུས་ལ་བབ་འདུག་སྙམ།

  8. ཅོ་རི་ཉི་མ། says:
    2014-03-24 at 3:43 pm

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་བ་མིའི་རིགས་ལ་ཁྲིམས་གཅོད་འདི་འདྲ་གཏོང་གི་རེད། འདི་དང་འདི་འདྲ་བའི་བོད་མི་སྟོང་ཕྲག་མང་པོ་ལ་ཁྲིམས་གཅོད་འདི་འདྲ་བཏང་མྱོང་བ་རེད། རྒྱལ་གཅེས་པ་རྟའུ་ཉི་མ་གྲགས་པ་ལགས་ཁྲིམས་གཅོད་བཏང་ནས་བསད་སྟངས་དེ་ལ་མཐོང་དུས་་་་སེམས་པ་བདུད་ལ་འགྱུར་བསྡད་ཡོད་པའི་མི་ཞིག་ཡིན་ནའང་མིག་ནང་ནས་མཆུ་མ་ཤོར་གི་རེད། ཡ་ང་བའི་བོད་མི་རིགས་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ནས་མ་ཐར་ན་་་མུ་མཐུད་ནས་ཁྲིམས་གཅོད་འདི་འདྲ་བྱེད་ཀྱི་རེད་དོ།།།

  9. ལུང་རྟོགས། says:
    2014-03-25 at 12:01 am

    ཨ་རོག་སྤོབས་པ་མཐའ་ཡས། དེང་སང་ཡང་རྒྱལ་བ་རིན་པོ་ཆེ་ལ་ཅིག་བཤད་རྒྱུ་མ་སྙེད་ནས་སྡད་འདུག རྒྱལ་བ་རིན་པོ་ཆེས་ཁྱོད་ཀྱི་དགོངས་པ་ཅི་ཞིག་དཀྲུག་སོང་བ་རེད། དོན་ངོ་མ་བཤད་ན་བོད་དོན་ཐོག་དཀའ་ལས་མང་ཤོས་རྒྱག་མཁན་ནི་རྒྱལ་བ་རིན་པོ་ཆེ་ཡིན་པ་ཀུན་གསལ་རེད། ད་དུང་ཟུར་ཟ་འདི་འདྲ་བྱེད་ཕོད་པ་ནི་མི་ཞིག་གི་ཀུན་སྤྱོད་ཨེ་ཡིན་ན།

  10. བུ་རྫི་མ says:
    2014-03-25 at 10:00 pm

    རྡ་སའི་སྤྱི་ཚོགས་ནང་འཁྱོག་གཤིས་སུ་གྲུབ་པའི་བསམ་བློ་ནད་རོ་ཅན་དེ་དག་འཁྱེར་ནས་ཕྱིར་བོད་ལ་ལོག་རྗེས། བྱིས་པ་བསམ་མེད་གླེན་ཕྲུག་དེ་ཚོར་འཁྱོག་གཤིས་གྱི་བསམ་བློའམ་ལྟ་བ་དེ་བསྒྲགས་ནས་མི་སྤྱོད་ལས་འདས་པའི་རང་ཤི་ཡི་ལས་ལ་སྦྱོར་བར་མངོན་ལྐོག་གང་རུང་ནས་སྐུལ་བ་ནི་བརྒྱུད་ནས་མི་བསད་པའི་ལག་དམར་མ་ཡིན་ནམ། སྦྱོར་བ་འདི་དང་བསམ་བློ་འདི་ལྟ་བུ་ལ་བསམ་བློ་ནད་རོ་ཅན་སྐོར་ཞིག་གིས་རང་དབང་དང་མང་གཙོ་དང་འདྲ་མཉམ་སོགས་ཀྱི་མིང་གདགས་ཐུབ་པ་ནི་ཅི་འདྲའི་ཡ་མཚར་བ་ཞིག་རེད་ཨང་། བྱིས་པ་རང་ཤི་རྒྱག་པ་སྐུལ་བ་དེ་ཞི་བདེ་རེད་དམ། འདྲ་མཉམ་རེད་དམ། མང་གཙོ་རེད་དམ། རང་དབང་རེད་དམ།
    བོད་ཟེར་བ་འདི་གཞན་དང་མ་འདྲ་བ་ཞིག་རེད་ཟེར་བའང་མ་གཞི་འཁྱོག་གཤིས་དང་ཡ་མ་བརླ་རུ་གྲུབ་པའི་བསམ་བློ་དང་ལྟ་བ་འདིའི་རིགས་ལ་གོ་དགོས་བ་ཨེ་ཡིན་ནམ། བསམ་བློ་རེ་ཐོངས་དང་།

  11. གནམ says:
    2014-03-25 at 10:54 pm

    བུ་རྫི་མ། ཤི་མགོ་ཁྲག་ལ་སྐོར་རྒྱུ་མ། ཁྱོད་ལ་ཅི་བྱུང་སོང་། ཁྱོས་སུ་ཞིག་ལ་མཐོང་ཆུང་བྱེད་བཞིན་ཡོད། ཁྱོས་བཙན་བྱོལ་ལ་ཁ་གཏང་། དཔའ་བོ་རྣམས་གླེན་པར་བསྒྲགས། བོད་མིའི་གཤེས་སྤྱོད་འཁྱོག་འཁྱོག་ཡིན་ཟེར་ན། རང་སུ་ཟིག་ཡིན། སུ་ཞིག་གི་དོན་དུ་གང་ཞིག་བདེན་པར་སྒྲུབ་བཞིན་ཡོད།
    དོན་ངོ་མར་ཁྱོད་སུ་ལ་གཅེས། བོད་མི་རིགས་ཡིན་ནམ། དཔའ་བའི་ཤུལ་གྱི་ནང་མི་ཡིན། དཔའ་བོ་ཚོའི་ཚེ་སྲོག་ཡིན་ནམ། ཡང་ན་དོན་གཞན་ཞིག་ཡོད།
    ཁྱོས་ལོ་རྒྱུས་ནི་གསང་དགོས་བ་རེད་ཟེར་རམ། གོང་ཀྲན་ནི་དྲིན་ཅན་རེད་ཟེར་རམ། དགྱ་ལག་ནས་འཕག་མི་ཆོག་ཟེར་རམ། བོད་དོན་ལ་ཤི་མི་ཆོག་ཟེར་རམ། ཁྱོད་མྱོས་མེད་ན། རང་ཤི་ཟེར་བ་ལ་སྐུལ་མ་ཞིག་ཅི་ལྟར་ཐོབ། སྐུལ་བའི་གནད་དོན་ཡོད་ན། རང་ཤི་མ་རེད། སྐུལ་ཤི་རེད། བཤད་མི་ཤེས་ན། ཁྱོད་ལ་ཁ་ཁྲལ་བཞག་སོང་རེད་དམ། འདི་རང་ཤི་དང་སྐུལ་གང་ཡང་མ་རེད། འདྲེ་མོ་མ། འདི་དགྱ་གདོན་ཚང་གིས་བོད་མི་རིགས་ལ་ཚད་ལས་འདས་བའི་ཉེས་སྤྱོད་དང་བཙན་གནོན། ཁྲིམས་མེད་ལུགས་མེད་སྤྱང་ཀི་བཞིན་ཉེས་ཉེས་གཙེས་གཙེས་བྱས་བའི་སྡུག་སྤྱོད་ལ་ཐབས་ཟད་པའི་ངོ་རྒོལ་རེད། མྱེ་ལ་སྲེག་ན་འདྲ། བཙོན་ལ་བཟུང་ན་འདྲ། འབབ་ས་སྲོག་ཡིན་པ་མ་ཤེས་སམ། མི་རིག་གམ། བོད་མའི་བླ་སྒུལ་མ། ཁྱོས་དགྱ་སྐྱག་ཟོ་ལ། དགྱ་གཅིན་འཐུང་ནས་སྡོད་ཨ།

  12. ལུང་རྟོགས། says:
    2014-03-25 at 10:59 pm

    བུ་རྫི་མ་འདི་རྒྱ་དམར་ཚང་གི་རྒྱུག་ཁྱི་ཡིན་པ་ནི་འདིས་སྐད་ཆ་ཚང་མ་རྒྱ་དམར་ཚང་དང་ཨ་ན་མ་ན་ཡིན་པ་འདིས་སྟེང་ནས་གྲུབ་ཡོད། འདི་རིག་ལ་ཡ་མེད་བཏང་ན་ཡག་ཤོས་རེད། ཁྱི་རྒན་འདི་ཚོ་ལ་དངུལ་བྱུང་ན་ཕ་མགོ་བཅོད་རྒྱུ་ལ་ཡང་ཐེ་ཚོམ་བྱེད་ཀྱི་མ་རེད།

  13. ལུང་རྟོགས། says:
    2014-03-25 at 11:04 pm

    གཞན་གྱིས་སྐུལ་མ་བྱས་ནས་རང་ལུས་གསོན་པོ་མེ་ལ་སྲེག་ཕོད་མཁན་གྱི་མི་ཞིག་ཡོད་མེད་སྨྱོན་པ་མིན་ན་ཚང་མས་ཤེས་ནི་རེད། སྐུལ་མ་བྱེད་ངོ་མ་ནི་ཁུང་ལུང་མེད་པའི་སྐྱག་བཤད་འདི་ཚོ་སྐུལ་མ་བྱས་ནས་བྱུང་བ་ཞིག་རེད།

  14. དྲི་མེད་ལྷག་བསམ། says:
    2014-03-26 at 4:03 am

    ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག ། ང་ལ་ནི་ཆབ་སྲིད་དུ་ཞུགས་པའི་ཤེས་རབ་མེད། སྐད་འབོད་བྱེད་པའི་སྤོབས་པ་མེད། རང་བསྲེག་བྱེད་པའི་སྙིང་སྟོབས་མེད། ཤི་བ་ལ་རྗེས་སུ་ཡི་རང་ཡང་བྱེད་མི་ཕོད། བསམ་བློ་ཡང་སྐྱེ་མ་མྱོང་། ངའི་གང་ནུས་ཚོད་ཀྱི་བྱ་བ་ནི་མ་ཎི་འདོན་རྒྱུ་འདི་ཙམ་མོ། །ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ། ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།ༀ་མ་ཎི་པདྨེ་ཧཱུྃ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme