Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོར་གདན་དུ་དྲ་གྲོགས་ཀྱི་བརྩེ་བ་ཚོར་བ།

Posted on 2010-01-192010-01-20 By ཀླུ་ 15 Comments on རྡོར་གདན་དུ་དྲ་གྲོགས་ཀྱི་བརྩེ་བ་ཚོར་བ།
རྡོར་གདན་
རྡོར་གདན་

ཟླ་བ་གཞོན་ནུ།

མ་བསམས་ས་ནས་ཨ་རིག་དགེ་མཐོང་མཇལ་བ།
ཉིན་འདི་འགའི་རིང་གི་རྡོར་གདན་གྱི་གནམ་གཤིས་གྲང་མོ་འདིས་ང་རང་ལ་ཕ་ཡུལ་གངས་ལྗོངས་དེ་ཡང་ཡང་དྲན་དུ་བཅུག་སོང་ལ། ཁ་བ་ཅན་དང་རྒྱང་དུ་གྱར་བའི་གངས་ཅན་པ་གང་མང་ཞིག་ལ་དྲན་གདུང་གི་རྨ་ཁར་ཟུག་འཇོམས་ཀྱི་བྱིལ་བྱིལ་ལན་མང་བྱས་ཡོད་ངེས་སྙམ།
ཕོ་གསར་གྱི་སྣང་བ་ཞིག་ལས་རས་ལྭ་ཐེར་རྐྱང་དེ་གྱོན་ནས་གང་སར་མྱུལ་བ་ཡིན་མོད། མོ་གསར་ཚོའི་བྱེད་སྟངས་འདི་མཐོང་དུས་ཁོང་དགོད་ཅིག་ཀྱང་ཤོར་ཁུལ་བྱས་པ་ཡིན། ང་རང་ཕ་ཡུལ་ན་ཡོད་ཁུལ་གྱིས་གང་སར་ཉུལ་ཞིང་ག་ས་གང་དུའང་འཆར་ཡན་གྱི་སྣང་བ་སྐྲ་རྫོང་ལྟར་སྟུག་པའི་མིག་ཟུང་གིས་ཅེར་ཅི་ཐུབ་བགྱིས་པ་ཡིན།

གསུང་ཆོས་གྲོལ་བའི་རྗེས་ཏག་ཏག་ཏུ་སྲང་ལམ་དང་སྐོར་ལམ་གང་རུང་དུ་ཉུལ་ནས་གནས་ཚུལ་གསར་བ་རེ་ཤེས་རྟོགས་བྱེད་རྒྱུ་ནི་བདག་གི་རིང་ནས་གོམས་པའི་བྱ་བྱེད་ལས་ལོགས་སུ་མ་མཆིས་ཏེ། དེ་ནི་ང་རང་གི་དགའ་ཕྱོགས་ཁྱད་པར་བ་ཞིག་ཏུ་གྲུབ་ནས་ཡོད།
གནས་འདིར་ཆོས་སེམས་ཆེ་ཞིང་སྒྱིད་པ་སྐྱ་ཤིང་ཤིང་དང་ཁ་ཤ་མདོ་མ་ཟོས་པའི་ཚོས་ཀྱིས་དམར་ཧོང་ཧོང་དུ་འདུག་པའི་འབྲུག་པ་དག་དང་ཡང་ཡང་ཐུག་བྱུང་བས་ངས་ཀྱང་འདས་ཟིན་ལྟར་ཁོང་ཚོའི་ཆས་གོས་ལས་འཕྲོས་ཏེ་ཡོད་ཚད་ལ་བསམ་གཞིགས་བསྐྱར་དུ་ཤོར། ད་དུང་སྔོན་མའང་གང་ཞིག་ནས་མཐོང་མྱོང་བ་འདྲ་བའི་རྒྱ་གར་བ་མིང་སྲིང་རྩལ་སྟོན་པ་ཆུང་ཆུང་གསུམ་ཡོད་པ་དེ་དག་ཀྱང་མཆོད་རྟེན་ཉེ་འཁྲིས་ཀྱི་མི་ཚོགས་མང་ས་ཞིག་ཏུ་རྩལ་སྟོན་གྱི་ལས་ལ་བྲེལ་བ་མཐོང་ལ། མཐའ་སྐོར་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་དང་སིལ་ཚོང་བ་དག་གིས་ཀྱང་ངོ་མཚར་དང་སྙིང་རྗེའི་ཉམས་སྣང་གི་གདོང་བ་རེ་བཏེགས་ཏེ་ལོ་ན་ཆུང་བའི་འཁྲབ་སྟོན་པ་དེ་དག་ལ་ཅེར་འདུག་པ་མཐོང་བྱུང་།

ང་རང་ངའི་གྲོགས་པོ་མི་ཞུན་དང་ལྷན་དུ་སྐོར་གཡེང་རེ་བྱས་ནས་ཐང་ཆད་རྗེས། འདུག་སྟེགས་ཟླ་ཚེས་མ་ཐེམ་རིམ་ཁ་ཤས་ཡོད་པ་དེའི་ཕྱོགས་སུ་སྡོད་ས་རེ་འཚོལ་དུ་སོང་བ་ཡིན། གནས་འདི་ནི་ངལ་གསོའི་བསྟི་གནས་ཡག་ཤོས་ཤིག་སྟེ་མི་ཚོགས་ཀྱི་འགྲུལ་བཞུད་དང་། མཛེས་སྡུག་དང་སྒེག་འཆོས་ཇི་དགར་ངོམ་པའི་མོ་གསར་ཚོ་དང་ཟུར་མིག་རེ་འཕེན་རྒྱུའི་གོ་སྐབས་ཀྱང་མི་དམན་པ་རེ་རེག་པས། སྡོད་མཁན་ཤིན་ཏུ་མང་བའང་འདིས་རྐྱེན་གྱིས་ཡིན་སྲིད་བསམས།

ཡུད་ཙམ་ཞིག་ལ་སྡོད་ས་མ་རེག་པས་ངེད་གཉིས་ཟུར་ཞིག་ཏུ་ལངས་ནས་བསྡད་དེ་ཕྲུ་གུ་རྩལ་སྟོན་པ་དེ་དག་ལ་གདུང་སེམས་ཀྱི་མིག་ཞགས་རེ་འཕེན་ཞོར་རང་ཉིད་ཀྱི་བརྗེད་དཀའ་ལ་དྲན་སླ་བའི་བྱིས་དུས་ཀྱི་བྲོ་གར་ལྟ་བུའི་རོལ་རྩེད། བྱིས་དུས་ཀྱི་བུ་རམ་ལྟ་བུའི་འཚོ་བ། བྱིས་དུས་ཀྱི་སྦྲང་རྩི་ལྟ་བུའི་ལོ་ཟླ། ད་དུང་ལྷད་མེད་ཀྱི་རྩེད་རོགས་ཆུང་ཆུང་དེ་དག་ཀྱང་དྲན་གདུང་གི་ཚོར་བ་རྣོ་ཞིང་ཕྱིར་དྲན་གྱི་རྨ་ཁ་རྒོད་པའི་རང་སེམས་ཀྱི་ཡ་ཆུང་ཁོག་ཏུ་ཡང་ཡང་དྲངས།

མཐའ་མར་ངེད་གཉིས་སྡོད་ས་སྟོང་བ་ཞིག་ཏུ་འགྲོ་དུས་ཏག་ཏག་དེ་རུ་སྐུ་གཞོགས་ཞིག་ལྷོད་ཀྱི་ལེར་བཞུགས འདུག་ཅིང་། ངེད་གཉིས་དེར་ཐོན་པ་དང་ཕར་ཅུང་བསྣུར་ཏེ་སྡོད་ས་སྤྲད་ནས་ཁོང་གི་འཁྲིས་སུ་སྡོད་དུ་བཅུག་ཅིང་། མི་ཞུན་ལ་ཇ་འཐུང་མིན་ལས་འཕྲོས་ཏེ་བདག་ལའང་བྱམས་བརྩེའི་འཛུམ་མདངས་དང་བཅས་ཏེ་མངར་ཇ་ཤེལ་ཡོལ་གང་གནང་བྱུང་བ་དེ། ཕ་ཡུལ་དུ་ཡུམ་ཆེན་ཁོ་ནས་གནང་སྲིད་པའི་འབྲི་འོ་དཀར་ཡོལ་གང་དུ་འཁྲུལ་སོང་།

ཐོག་དང་པོར་བདག་གིས་ནི་ཁོང་མི་ཞུན་ལགས་ཀྱི་ངོ་ཤེས་ཤིག་ཡིན་པར་བསམས་ཏེ་རང་ལ་གནང་བའི་གསོལ་ཇ་དེའང་མི་ཆ་མེད་ལ་ཡོད་འོས་པའི་རྫུ་བག་ཙམ་ཡང་མ་བྱས་པར་མྱུར་དུ་བླངས་པ་ཡིན་ལ། རྗེས་སུ་རིམ་གྱིས་ཁ་བརྡར་གློད་ཞོར་དུ་ཁོང་ཨ་རིག་དགེ་མཐོང་ཡིན་པ་ངོ་འཕྲོད་བྱུང་བས། ངའི་སེམས་སུ་མཚར་སྣང་དང་དགའ་སྤྲོའི་ཚོར་འདུ་ཅིག་ཅར་དུ་ཤུགས་ཀྱིས་འཕྱུར་ཏེ་ང་རང་སྤྲོ་དགའི་ཀློང་ཞིག་ཏུ་ངང་གིས་འགྱེལ་སོང་ལ། བདག་ཡིད་ཀྱི་སྣང་བ་ཕྲ་རགས་དགའ་སྤྲོའི་ཚོར་འདུས་བརྟས་སོང་། ང་རང་ལ་མཚོན་ན་ཨ་རིག་དགེ་མཐོང་མཆོག་གི་ཟིན་བྲིས་བཀླགས་མྱོང་བ་ལས་བགྲོ་གླེང་ཡང་དམིགས་བསལ་གྱིས་བྱས་མ་མྱོང་མོད། དུས་བབ་ཟིན་བྲིས་བརྒྱུད་ཕན་ཚུན་གྱི་སེམས་པ་བཀླགས་ཤིང་། གཅིག་གཅིག་གི་མྱོང་བ་བཏོན་མྱོང་བའི་རྒྱུ་མཚན་གྱིས་ཚོར་བའི་སྣང་ངོར་ཡུན་རིང་འགྲོགས་པའི་ངོ་ཤེས་རྙིང་བ་ཞིག་དང་ཀུན་ནས་མཚུངས་ཤིང་། རྒྱུ་མཚན་དེའི་དབང་གིས་ཕན་ཚུན་གྱི་དུངས་ཀའི་བརྩེ་བ་ངོ་ཐུག་པ་ཙམ་ནས་ཚོར་ཐུབ་པ་འདི་བསྙོན་མེད་དུ་གྲུབ་འདུག་པར་ཚོར་བྱུང་།

ང་ཚོས་བོད་ཕྱི་ནང་གི་བོད་ཡིག་དྲ་རྒྱའི་ཁ་ཕྱོགས། རྩོམ་པ་པོ་ཞོགས་དུང་ནས་སེང་རྡོར་བར་དང་།
བོད་ནང་ནས་བོད་ཕྱི་བར་གྱི་སྐྱིད་ལ་སྡུག་པའི་འཚོ་བ་དང་མི་རབས་གསུམ་པའི་སྐོར་གྱི་མཐོང་ཚུལ་ཡང་གང་མང་ཞིག་ཡུན་རིང་གླེང་ཁུལ་གྱིས་ས་ཆེན་གྱི་མིག་ལྕིབས་ཀྱང་བསྒྲིབ་ལ་ཉེ་ན་ཡང་སྐར་ཚོགས་ཀྱི་གྲངས་དང་མཉམ་པའི་གློག་སྒྲོན་དག་གིས་གསེར་འོད་ཆེམ་ཆེམ་གྱིས་མུན་པར་འཐབ་ཚུལ་དང་འདྲ་བར། ང་ཚོའི་གླེང་མོལ་གྱི་མཇུག་བསྡུ་མ་དགོངས་པས། ཁོང་གིས་བོད་རིགས་ཟ་ཁང་ཞིག་ཏུ་ངེད་གཉིས་ཀྱི་ལུས་སེམས་གཉིས་ཆ་ངང་ངམ་ཤུགས་ཀྱིས་འཁྲིད་ནས་བུད་སོང་།
ཟས་རིགས་ཀྱི་སྡེར་ཁའི་བྲོ་བ་དང་གཏམ་གླེང་གི་བྲོ་བ་མཉམ་དུ་མྱངས་རྗེས་ཐོན་ལ་རན་པའི་ངེད་གཉིས།
བོད་ཀྱི་ལུགས་ལྟར་ཁོང་གིས་ཕྱི་རོལ་ཏུ་བསྐྱེལ་ཏེ་ཕན་ཚུན་ལ་གྱེས་བྲལ་ཞུས་ཤིང་ཡང་ཡང་མཇལ་བའི་སྨོན་འདུན་དེ་གདུང་སེམས་དང་བཅས་ཏེ་ཕན་ཚུན་ལ་ཞུས་པ་ཡིན།

འདི་ནི་ངོ་མི་ཤེས་པའི་ངོ་ཤེས་ཤིག་ལ་འཕྲད་པའི་མི་ཚེ་མྱོང་བ་ཐུང་ངུ་ཞིག་ལས་མ་འདས་མོད། འདི་ལས་ང་རང་ལ་ངག་ཏུ་བརྗོད་མི་བཏུབ་ཅིང་ཚིག་ཏུ་འབྲི་མི་ནུས་པའི་སེམས་ཚོར་དམིགས་བསལ་བ་ཞིག་བསྐྱེད་བྱུང་ལ། འདི་ནི་དམིགས་ཡུལ་དང་ལས་དབང་གཅིག་ཅིང་བློ་ཁ་དང་དགའ་མོས་མཐུན་པའི་བོད་རིགས་སྨྱུག་ཐོགས་པས་ཕན་ཚུན་ལ་བརྩེ་བ་སྟོན་སྟངས་དང་ཕན་ཚུན་ལ་འབྲེལ་འདྲིས་བྱེད་སྟངས་རིགས་ཤིག་མ་ཡིན་ནམ་སྙམ་གྱིན་གློ་བ་ཡུན་དང་ཁད་ཀྱིས་མྱོས་འོང་བར་མ་ཟད།
དེ་ལས་ཀྱང་ཁོང་གིས་ཁབ་གསོག་འབིག་གསོག་གི་དངུལ་ལོར་གྱིས་བླུས་ཡོང་བའི་མི་རབས་གསུམ་པའི་སྙན་དེབ་ཅིག་ལེགས་སྐྱེས་སུ་སྤྲད་པ་དེས། ང་རང་བསམ་གཞིགས་ཀྱི་ཕ་མཐར་བསྐྱེལ་ཞིང་། དུང་སེམས་ཀྱི་རེ་བས་གཅུད་བྱུང་།
༢༠༡༠/༠༡/༩ཉིན་གྱི་དགོང་མོར།

རྩོམ་རིག

Post navigation

Previous Post: མཚར་གཏམ་གོ་རྒྱུ་ཅན་ཞིག
Next Post: རྒྱ་ནག་མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ།

Comments (15) on “རྡོར་གདན་དུ་དྲ་གྲོགས་ཀྱི་བརྩེ་བ་ཚོར་བ།”

  1. ལྷགབསམ་རྒྱ་མཚོ། says:
    2010-01-19 at 9:49 pm

    ཁང་བརྩེགས་ཀྱི་ཚེར་མ་རེརེ་མིག་ལ་འཛེར་ཚེ། ངའི་ཡངས་ཤིང་མཛེས་པའི་རང་བྱུང་གི་རྩྭ་ཐང་དྲན།
    ལག་འཛིན་ཁ་པར་གྱི་འོ་དོད་རྣ་བར་ལྷུང་ཚེ། ངའི་གཡང་མོའི་འབའ་སྒྲ་དང་ནོར་ནག་གི་ངུར་སྒྲ་དྲན།
    ཁེ་ཕན་བརྗེ་རེས་ཀྱི་མཛའ་འབྲེལ་སྙིང་ལ་ཤར་ཚེ། ངའི་ལན་དང་རྣམ་སྨིན་ལ་མི་རེ་བའི་བོད་མིའི་ལྷག་བསམ་དྲན།

  2. བློ་བཟང་དབང་ལྡན་ says:
    2010-01-20 at 2:35 am

    ཁང་བརྩེགས་ཀྱི་ཚེར་མ་རེརེ་མིག་ལ་འཛེར་ཚེ། ངའི་ཡངས་ཤིང་མཛེས་པའི་རང་བྱུང་གི་རྩྭ་ཐང་དྲན།
    ལག་འཛིན་ཁ་པར་གྱི་འོ་དོད་རྣ་བར་ལྷུང་ཚེ། ངའི་གཡང་མོའི་འབའ་སྒྲ་དང་ནོར་ནག་གི་ངུར་སྒྲ་དྲན།
    ང་འདི་ད།

  3. ཟླ་བ་གཞོན་ནུ། says:
    2010-01-20 at 3:17 am

    ལྷག་བསམ་རྒྱ་མཚོ་དང་བློ་བཟང་དཔལ་ལྡན་ལགས་ཕེབས་པར་དགའ་བསུ་ཡོད།

  4. ཟླ་བ་གཞོན་ནུ། says:
    2010-01-20 at 3:23 am

    ལྷག་བསམ་རྒྱ་མཚོ་ལགས། ལན་དང་རྣམ་སྨིན་ལ་མི་རེ་བའི་བོད་མིའི་ལྷག་བསམ་དྲན་ཟེར་བ་ནི་ཁྱེད་རང་དངོས་གནས་ནོར་བ་རེད།
    དེ་འདྲའི་དོགས་པ་དེ་ཁྱེད་རང་མི་བདག་ལ་ཆ་རྒྱུས་ཅུང་ཙམ་རེ་ཡོད་ནའང་མི་འབྱུང་ཁོ་ཐག་ཡིན།
    འདི་ནི་ང་རང་གི་དྲ་གྲོགས་སྐོར་གྱི་བརྩེ་བ་ལས་འཕྲོས་ཏེ་བྲིས་པ་ཞིག་དང་། དྲ་གྲོགས་ཕན་ཚུན་གྱི་མཐུན་སྒྲིལ་དང་འཆམ་མཐུན་ལ་དམིགས་གཏད་དེ་བྲིས་པ་ཞིག་ཡིན།
    ལན་དང་རྣམ་སྨིན་ལ་རེ་མིན་ཁྱེད་ཀྱིས་ཁད་ཀྱིས་རྟོགས་ངེས་ཡིན།

  5. ཟླ་བ་གཞོན་ནུ། says:
    2010-01-20 at 3:28 am

    འདིའི་ཁ་བྱང་ངོ་མར་རྡོར་གདན་དུ་དྲ་གྲོགས་ཀྱི་བརྩེ་བ་ཚོར་བ་ཞེས་བྲིས་ཡོད།

  6. ཤ་ཀླན་བུ says:
    2010-01-20 at 5:13 am

    དྲ་གྲོགས་ལགས་ཀྱིས་ཡག་པོ་ཞིག་བྲིས་འདུག ངས་ཀྱང་རྡོར་གདན་ནས་ཨ་རིག་ཐེངས་འགའ་མཐོང་བྱུང་ཡང༌། སྐད་ཆ་བཤད་རྒྱུའི་གོ་སྐབས་མ་རག མ་གཞི་ངས་སེ་ར་ནས་ཁོང་ཐེངས་མང་མཐོང་མྱོང་ནའང་སྐད་ཆ་གཅིག་ཀྱང་བཤད་མ་མྱོང༌། དེ་ནི་ཕལ་ཆེར་ངའི་གཤིས་ཀ་དང་འབྲེལ་བ་ཆེན་པོ་ཡོད་ངེས། ང་ནི་མི་གཞན་དང་ཤིན་ཏུ་འདྲིས་ཁག་པའི་མི་ཞིག་ཡིན་ལ་ལྷག་པར་དུ་ཤ་འདྲིས་པགས་འདྲིས་བྱེད་དགོས་ཟེར་ན་ཕལ་ཆེར་མི་སྲིད་པ་ལྟ་བུུ་རེད་འདུག ངས་ཀྱང་དེ་ནི་ཞན་ཆ་ཞིག་ཏུ་བརྩིས་ཡོད་པ་མ་ཟད་མི་འདྲིས་སླ་བོ་དེ་ཚོར་ཡི་རང་བྱེད་བཞིན་ཡོད། ཡིན་ཡང་རྒྱུན་དུ་ཁ་རྒྱག་པ་བཤད་སྐབས་ངས་འདྲིས་དཀའ་ལ་ཕྱི་ཐག་རིང་བ་ཟེར་བ་ལྟ་བུའི་གཏམ་དག་ཟློ་བཞིན་ཡོད། དོན་དུ་ཕྱིར་ཐག་རིང་བའི་རྒྱུ་མཚན་གཅིག་ཀྱང་བགྲང་དུ་མེད། ཨེ་གཞན་ཞིག་བཤད་རྒྱུར་རྡོར་གདན་ནས་རྡོ་སྐས་དེའི་ཐོག་ནས་ཐེངས་འགའ་བསྡད་མོད་བུ་མོ་ལ་དེ་ཙམ་བལྟས་མེད་དཱ། ཀུ་རེ་ཡིན། ཀུ་རེ་ཡིན།

  7. ཟླ་བ་གཞོན་ནུ། says:
    2010-01-20 at 5:20 am

    དེ་རིང་ལྷ་མོ་དབྱངས་ཅན་མ་དང་འབྲེལ་བའི་ཉིན་མ་གལ་ཆེན་ཞིག་ཡིན་པ་འདྲ། རྒྱ་གར་གྱི་མི་གང་མང་གིས་དབྱངས་ཅན་མའི་སྐུ་པར་གྱི་མཐའ་སྐོར་དུ་འདུས་ཏེ་སྭཧཿདང་སྭཧཿཞེས་མཆོད་པ་བྱེད་ཀྱིན་འདུག
    དྲ་གྲོགས་རྣམས་ཀྱིས་རྗེ་རིན་པོ་ཆེའི་དབྱངས་ཅན་མའི་བསྟོད་པ་རེ་སྐྱོར་དང་བྱིན་རླབས་ངེས་ཅན་ཞིག་ཡོད་ངེས་ཡིན།

  8. རྫ་ཚེ་རིང་བཀྲ་ཤིས། says:
    2010-01-20 at 12:37 pm

    ད་ཡིན་ན་ཨ་རིག་དགེ་མཐོང་ལ་བྱིན་རླབས་ཡོད་པ་འདྲ། ཡིན་ན་ཡང་ངས་ཀྱང་ས་ཆ་དེ་ག་རང་ནས་ཐེངས་གཉིས་ཐུག་བྱུང་སྟེ། བན་རྒན་ནག་ལུག་ལུག་ཅིག་ལས་གང་ཡང་མཇལ་མ་སོང་། ངོ་མ་ང་ལས་མ་དག་པ་འདྲ།
    ཨ་ལ་རྩེད་མོ་ཡིན། དེ་བས་ཁོང་གིས་བྲིས་པའི་གྲྭ་བ་དྲ་ཁང་ནས་གཟི་བ་ཞེས་པའི་རྩོམ་དེ་སྙིང་རྗེ་བོ་འདྲ་ཞིག་ཚོར་སོང་།
    ངོ་མ་བཤད་ན་ཁོང་དང་ང་ནི་ལྟ་བ་མཐུན་པའི་གྲོགས་པོ་ཡིན།

  9. རྩམ་དགའ་ says:
    2010-01-20 at 12:58 pm

    སྦྲིན་དཀར་བོ་ཆིབས་གྲུར་མཛད་དེ། །
    སྙན་ལྷང་ལྷང་ལ་གཞས་འཐེན་བཞིན། །
    ང་འདུག་སའི་ཁང་ཁྱིམ་ཕེབས་ནས། །
    སྙན་ངག་གི་སློབ་ཁྲིད་གནང་མཛོད། །

  10. རྣམ་དག says:
    2010-01-21 at 3:05 am

    སྦྲིན་དཀར་བོ་ཆིབས་གྲུར་མཛད་དེ། །
    སྙན་ལྷང་ལྷང་ལ་གཞས་འཐེན་བཞིན། །
    ང་འདུག་སའི་ཁང་ཁྱིམ་ཕེབས་ནས། །
    སྙན་ངག་གི་སློབ་ཁྲིད་གནང་མཛོད། །

  11. ཟླ་བ་གཞོན་ནུ། says:
    2010-01-21 at 3:51 am

    ཐོག་མར་ཀླུ་འབུམ་ལགས་ཀྱིས་ངལ་བར་མ་འཛེམས་པར་རྩོམ་ཡིག་འདིར་བཟོ་བཅོས་ཀྱིས་བསྐྱར་འགོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌།

    དྲ་གྲོགས་ཤ་གླན་བུ་ལགས་ཕེབས་པར་དགའ་བསུ་ཞུ།
    རང་གཤིས་བསྒྱུར་རྒྱུ་ཁག་པ་དངོས་གནས་རེད། དེ་ཞན་ཆ་ཞིག་ཏུ་བརྩིས་ཡོད་ན་དེ་བསྒྱུར་བའི་ཐབས་ཤེས་ཀྱང་ཡོད་ཀྱི་རེད་འདོད། འདྲིས་བདེ་གཤིབ་བདེ་དག་གིས་འབྲེལ་འདྲིས་བྱེད་དུས་དངོས་གནས་ཕོ་རོལ་པོར་བག་ཡངས་ཀྱི་ཁ་དབུགས་ཤིག་སྤྲོད་ངེས་རེད། ངའི་རེ་བར་ཁྱེད་ཀྱང་མ་འགྱངས་པར་འདྲིས་བདེ་ཞིག་ཏུ་འགྱུར་བར་སྨོན།

  12. ཟླ་བ་གཞོན་ནུ། says:
    2010-01-21 at 3:55 am

    རྫ་ཚེ་རིང་བཀྲིས་ཕེབས་ནས་གཏམ་འགའ་བཀོད་པར་སྤྲོ་བས་བརྟས་ཡོད།
    ཁྱེད་ཀྱིས་བན་རྒན་ནག་ལུག་ལུག་ཅིག་ལས་གང་ཡང་མཇལ་མ་སོང་ངམ། ཧ་ཧ་ཧ དེ་ཁྱེད་ཀྱིས་ཕྱི་ལོགས་གཅིག་བུར་བལྟས་པའི་རྐྱེན་གྱིས་རེད། ཟུར་གཅིག་གི་མཐོང་སྟངས་རེད།
    ཁྱེད་དང་ཁོང་གཉིས་ལྟ་བ་མཐུན་པའི་གྲོགས་པོ་ཡིན་ན་ང་ལས་ཁྱེད་རང་འདྲིས་ཆེ་སྲིད།

  13. ཟླ་བ་གཞོན་ནུ། says:
    2010-01-21 at 4:03 am

    རྩམ་དགའ་དང་རྣམ་དག་གཉིས་ཕེབས་ནས་སྙན་ངག་ཤོ་ལོ་ཀ་རེ་བྲིས་པ་བཀླགས་ཡོད།
    སྙན་ངག་གི་སློབ་ཁྲིད་གནང་དགོས་ན་ཨ་ཁུ་ཁ་བའི་འཁྲིས་སུ་ཕེབས་རོགས། ཁོང་གིས་རོགས་བྱེད་ངེས་ཡིན། ཁོང་གིས་ད་ལྟ་སྙན་ངག་རྐང་ཆག་མ་བྲིས་ནས་མ་ཁོམ་པར་བཞུགས་འདུག

  14. རྩམ་དགའ་ says:
    2010-01-21 at 8:30 am

    ཟླ་གཞོན་ལགས།
    རྣམ་དག་གིས་བྲིས་པའི་ཤོ་ལོ་ཀ་དེ་གར་བར་འདུག་ངས་མཐོང་མ་སོང་།
    ཁོས་ངའི་ཤོ་ལོ་ཀ་དེ་བསྐྱར་བཀོད་བྱས་མི་འདུག་གམ། བདེན་མིན་རྩོམ་ཡིག་དེ་སུས་སྔུན་ལ་བྲིས་འདུག་ལྟོས་ར་གསལ་བོ་རེད་ལགས།
    རྣམ་དག་ལགས་གཞན་གྱི་རྩོམ་ཡིག་རང་གི་ཡིན་འདོད་ཀྱིས་བསྐྱར་བཀོད་བྱས་པ་འདིས། རང་གི་རྩོམ་འབྲི་ཡར་རྒྱས་འགྲོ་བར་འགོག་རྐྱེན་བྱེད་པ་ལས་གཞན་རྩམ་དགའ་ཁོ་བོར་ཅི་ཡང་བྱེད་ཐུབ་ཀིན་མ་རེད།
    དེ་ལས་རང་གིས་རྩོམ་ཡག་པོར་འབྲི་མ་ཐུབ་རུང་ངོ་ཚ་དགོས་ནི་མ་རེད། གང་ཐུབ་ཐུབ་ཀྱིས་བྲིས་ཏེ་འདིར་བཀོད་ན་གཞན་གྱིས་ཡག་བཙོག་འདྲ་མིན་གླེང་བས་རང་ལ་ཕན་ཐོབ་ནི་རེད་ལོ། འདི་ནི་རྩམ་དགའ་ཁོ་བོའི་སྙིང་གཏམ་ཡིན་ད།

  15. ཟླ་བ་གཞོན་ནུ། says:
    2010-01-22 at 5:37 am

    རྩམ་དགའ་ལགས་ཀྱིས་གསུངས་པ་བདེན་པར་འདུག ཕལ་ཆེར་རྣམ་དག་ལགས་ཀྱིས་ཁྱེད་ཀྱི་ཤོ་ལོ་ཀ་དེ་བསྐྱར་འགོད་བྱས་པ་ཙམ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme