Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་བོད་མདོ་སྨད་རྔ་བར་བྱུང་བའི་རང་ལུས་མེར་སྲེག་གི་གནས་ཚུལ།

Posted on 2014-03-162014-03-17 By ཁ་བརྡ་ 12 Comments on དེ་རིང་བོད་མདོ་སྨད་རྔ་བར་བྱུང་བའི་རང་ལུས་མེར་སྲེག་གི་གནས་ཚུལ།

unnamed-5ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་༢༠ ཡས་མས་ཡིན་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཅན་གྱི་སྲི་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེ་རུ་སྒྲོན་ཡོད་འདུག ཁོང་གིས་ཨ་མདོ་རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ནས་མེར་བསྒྲོན་ཏེ་སྐད་འབོད་༼འབོད་ཚིག་གི་ནང་དོན་ཤེས་རྟོགས་མ་བྱུང་།༽གནང་བཞིན་གོམ་པ་འགར་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་སླེབས་ནས་མེ་བསད་ཅིང་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་ནས་ས་གནས་གང་དུ་ཁྱེར་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད།

unnamed-4

དམ་པ་ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རི་ཆེན་གསུམ་པའི་ཨ་ཤེར་ཚང་ཡིན་ཞིང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཡིན་འདུག མི་ཚང་དེར་རྔ་པ་ཀིརྟི་དགོན་དུ་གྲྭ་པ་སྤུན་གཉིས་ཡོད་པ་ལས་ཆེ་བ་དེ་ཡིན། ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་ད་ལྟ་འཛིན་གྲྭ་བསྡུས་ཆེན་ལ་སླེབས་ཡོད་འདུག དེ་རིང་གནས་ཚུལ་དེ་བྱུང་མ་ཐག་རྔ་པ་རྫོང་མཁར་གྱི་བོད་མིའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབས་ནས་ཁོང་དང་ཁོང་གི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་། སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་བསྟན་ཡོད་པ་དང་། ད་ལྟའི་རྔ་པའི་ཁྲོམ་གཞུང་དུ་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་ཉེན་རྟོག་པ་མང་པོས་དམ་བསྒྲགས་བྱེད་མུས་ཡིན་འདུག

IMG_5143

དེ་རིང་ནི་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༦ ཉིན་ཨ་མདོ་རྔ་པ་ནས་རང་དབང་གི་འབོད་སྒྲོག་མཁན་གྱི་བོད་མི་སྐྱ་སེར་རྒན་གཞོན་མང་པོ་དམར་གསོད་བཏང་ནས་མི་ལོ་དྲུག་འཁོར་བའི་ཉིན་མོ་ཡིན་ཞིང་། ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་། ཕྱི་ལོ་༢༠༡༢ ཟླ་༣ ཚེས་༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཚུལ་ཁྲིམས། ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཐོགས་མེད་བཅས་ཀྱིས་སྔ་ཕྱིར་ཉིན་མོ་དེ་དྲན་གསོ་ལྟ་བུར་མེ་དཔུང་གི་ཁྲོད་ནས་བོད་ལ་རང་དབང་དགོས་པའི་འབོད་སྒྲ་སྒྲོག་བཞིན་མི་ཡུལ་ལ་ཞལ་གྱེས་གནང་ཡོད་ལ། ད་ལོ་ཡང་འདི་ལྟར་ཁོང་ཅག་དང་འདྲ་བར་དཔའ་བོའི་སྲང་ལམ་ནས་ཚེ་སྲོག་གི་མེ་ལྕེས་རང་དབང་གི་འབོད་སྒྲ་སྒྲོག་བཞིན་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༦ ལ།

༼༼གསལ་བཤད། གོང་གི་པར་གསུམ་པ་ཞལ་ཆེམས་དེ་གསལ་བོ་ཞིག་མ་བྱུང་བས་མ་ཕྱི་ཇི་བཞིན་ཟུར་དུ་ཕབ་བཀོད་བྱས་ཡོད།༽༽

༼རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་གྱི་ཞལ་ཆེམས་ཡི་གེ

མ་དང་ཕ་ལ་འབྲེལ་བའི་ཕུ་ནུ་མིང་སྲིང་རྣམས་ལ་བརྗོད་འདོད་པ་ནི། མི་རིགས་ཕན་ཚུན་བར་ལ་མཐུན་སྒྲུལ་དང་ལྷག་བསམ་གཙང་མས་བྱ་བ་སྒྲུབ་ན་འདྲིག་མོད། གཞན་ལ་ཞེར་སྡང་བྱས་ན་ཕམ་ཁ་དང་། གཞན་ལ་ལྷག་བསམ་དཀར་ན་རྒྱལ་ཁ་ཡིན་པ་སྨྲ་མི་དགོས་པ་རེད་མོད། དེ་བཞིན་དུ་བྱ་བ་གང་ཞིག་སྒྲུབ་ན་ཡང་། གླེན་རྟགས་མི་བྱེད་པར་བསམ་གཞིགས་གཏོང་རྒྱུ་ནི་གལ་ཆེ་འདུག སློབ་མ་ཡིན་ན་སློབ་སྦྱོང་དོན་འོངས་པ་ཞིག་དང་། ཕ་མ་ཡིན་ན་བུ་ལ་སློབ་གསོ་ཐོངས་པ་ཞིག་དང་། ཚོང་བ་ཡིན་ན་རང་གཞན་གཉིས་ཕན་ཞིག་དང་། རོང་འབྲོག་གང་ཞིག་ཡིན་རུང་ཕ་མ་བདག་སྐྱོངས་བྱེད་པ་ཞིག་དགོས། དེ་བཞིན་དུ་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་མི། ཁྱིམ་མཚེས་ཕན་ཚུན་ལ་མཐུན་སྒྲིལ་ངེས་པར་བྱེད་དགོས།

རྒྱུ་མཚན་ནི་ཕན་ཚུན་ལ་མཐུན་སྒྲིལ་དང་བརྩེ་བ་ཆེན་པོ་ཡོད་ན་འུ་ཚོའི་བསམ་ཚུལ་ཅི་ཞིག་ཡོད་ན་ཡང་། བཤད་ན་བཤད་ས་འགྲོ་བ་ཞིག་དང་། རྒྱུགས་ན་རྒྱུགས་ས་ཡོད་པ་ཞིག་མ་ཡིན་ནམ། འོ་ངས་ཁྱེད་ཚོ་ལ་བཤད་རྒྱུ་ཞིག་ལ་ནམ་རྒྱུན་སྤྱི་ཕན་དང་སྒེར་ཕན་གཉིས་སོ་སོར་ངོས་ཟིན་ནས་བྱ་བ་གང་ཞིག་སྒྲུབ་ཡང་སྤྱི་ཕན་དང་མཐུན་སྒྲིལ་གྱི་སྒོ་ནས་བྱ་བ་སྒྲུབ་ན་འགྲིག་ཟེར་ནས་ནམ་ཡང་བཤད་རྒྱུ་ཡོང་ངོ་། རྒྱུ་མཚན་བདེ་སྐྱིད་ཀྱི་རྩ་བ་ནི་སྤྱི་ཕན་དང་མཐུན་སྒྲིལ་ཡིན། ཨ་མ་དང་ཨ་ཕྱི་ཨ་ནེ་ཨ་ཞང་སྲུ་མོ་མག་པ་རྣམས་ད་དུང་ང་ལ་འབྲེལ་བ་ཡོད་པའི་ཕུ་བོ་ནུ་བོ་ཨ་ཅེ་ནུ་མོ་ང་ལ་བརྩེ་བའི་སྐྱོངས་མཁན་དགེ་རྒན་རྣམས་དང་སློབ་གྲོགས་རྣམས་ལ་བྱ་བ་ལམ་འགྲོ་འོངས་པའི་སྨོན་ལམ་དང་གང་བསམ་སྤྱི་ཕན་ཡིན་པར་རེ་བ་ཆེ། ངའི་ཨ་མ་ལགས་ཁྱེད་ཀྱིས་བྱམས་བརྩེས་ང་ཚོ་སྐྱོངས་ནས་ཡོང་། ཁྱེད་ཀྱི་རྔུལ་ཁྲག་གི་ཁྲོད་ནས་ང་ཚོའི་ལང་ཚོ་དར།

ཁྱེད་ཀྱི་ལག་ཁུག་ནས་ང་ཚོ་སྤྲོ་སྣང་སྦྱིན། ཁྱེད་ཀྱིས་ང་ཚོར་སྦྱིན་པ་མང་པོ་བྱས་འདུག ཁྱེད་ཀྱིས་བྱམས་བརྩེས་ང་ཚོར་དཀའ་ངལ་མེད་བྱུང་། ཡོད་ཚད་ཁྱེད་ཀྱིས་བསྐྱངས་པ་བཀའ་དྲིན་ཆེ་ཨ་མ་བཀའ་དྲིན་ཆེ་ངོ་མ་ཁྱེད་ལ་བཤད་ན་བཤད་མི་འཚག་པ་ཡོད་མོད་ད་དེ་ཙམ་བྱེད་་་་་་་་་་
ཡིག་སྐྱོན་ངོ་མ་ཡོད་ངེས་་་་་་་ཡིན་ཡང་ངས་ཁྱེད་ཚོ་དགོངས་དག་ཞུ་༼དཔལ་ལྡན་་་་སམ་ཡང་ན་གླག་རྒོད་མཁས་དཔལ་ཡང་ན་དཀར་ཟས་རང་ལུགས་དེ་མིན་ཧཧཧ་སུག་ཐུང་ནས༽གུས་པས་ཕུལ།༽

གསར་འགྱུར།

Post navigation

Previous Post: དེབ་འདི་སྙན་པོ་བྱུང་།
Next Post: སེང་རྡོར་གྱི་སྙན་ངག་དཔྱད་གླེང་། ཁག་གཉིས་པ།

Comments (12) on “དེ་རིང་བོད་མདོ་སྨད་རྔ་བར་བྱུང་བའི་རང་ལུས་མེར་སྲེག་གི་གནས་ཚུལ།”

  1. གནས་ཤིང་དྲུང་བ། says:
    2014-03-16 at 9:52 am

    རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དཔལ་ལྡན་རྒྱལ་གྱུར་ཅིག

  2. རུ་ཤུལ་བུ་ says:
    2014-03-16 at 12:34 pm

    དྲ་ལམ་འགའ་ནས་ཐོན་པ་ཡིན་རྒྱལ་གཅེས་པ་ཁོང་ད་ལྟ་གྲྭ་བ་ཡིན་མ་རེད་ཟེར། གང་ཁྱེད་དང་ཁྱེད་ཚོ་དཔའ་བོ་དག་གི་ཐུགས་བཞེད་འགྲུབ་པར་སྨོན།

  3. ཨ་ཕྱི་ཆོས་སྒྲོན says:
    2014-03-16 at 2:46 pm

    གྲྭ་བ་ཡིན་མིན་ཁྱད་པར་མི་འདུག བོད་བསྟན་སྲིད་དང་རྒྱལ་བ་རིན་པོ་ཆེའི་ཆེད་དུ་མེ་བསྲེག་བཏངས་པ་རེད་འདུག་ག སྙིང་རྗེ་ཡ་རེད། ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས།།

  4. རྒྱང་མིག says:
    2014-03-16 at 3:23 pm

    བོད་ཀྱི་རྩ་དོན་སྤྱི་དང་། ཁྱད་པར་དུ་༧གོང་ས་མཆོག་རང་གི་ལུང་པར་གདན་འདྲེན་ཆེད་དུ་དེ་རིང་གི་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་མཆོག་བར་གཅེས་པའི་ལུས་སྲོག་བརྒྱ་དང་སུམ་ཅུ་ཙམ་ཚ་ཚ་འུར་འུར་གྱི་མེ་ལྕེ་དྲག་པོའི་ནང་མེར་སྲེག་གནང་སོང་བས། སྔོན་ཆད་བཀའ་ཤག་གིས་༧རྒྱལ་བ་བོད་དུ་གདན་འདྲེན་ཞུ་ཐབས་གནང་ངེས་ཡིན་ཞེས་མང་དུ་བསྒྲགས་པ་དང་། ཕྱིས་སུ་རིང་ནས་མཚམས་ཆད་བྱུང་བའི་བོད་དགྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་གཙོར་འདོན་བྱེད་ཀྱི་ཡིན་ཚུལ་བསྒྲགས་པ་སོགས་ཁས་ལེན་གསལ་བསྒྲགས་དེ་ཚོའི་འབྲུ་དོན་ཐད་ད་ཆ་རེ་འབྲས་ཇི་འདྲ་ཞིག་འབྱུང་གི་ཡོད་དམ།

    དེང་སྐབས་རྡ་སར་རང་རེའི་གྲོས་ཚོགས་འཚོགས་བཞིན་པ་དང་དུས་མཚུངས་སུ། དེ་རིང་ཨ་མདོ་རྔ་བར་བོད་ཀྱི་རྩ་དོན་ཆེད་དུ་སྐུ་ལུས་མེར་སྲེག་གི་གནས་ཚུལ་ཐོན་སོང་བས། སྐབས་འབྲེལ་གྱི་གནད་དོན་ཐད་གྲོས་ཚོགས་ར་བ་ནས་དུས་ལྟར་ཇི་དགེའི་གྲོས་གཞི་འདོན་དགོས་གལ་ཆེ་བར་འདོད། རྒྱལ་གཅེས་དཔའ་རྒོད་ཁོང་ཚོའི་ཐུགས་ཀྱི་བཞེད་དགོངས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ།

  5. ལྷ་སྡེ་གནམ་ལོ་ཡག says:
    2014-03-16 at 8:33 pm

    བཙན་རྒོལ་དཔའ་བོའི་ཚོགས་ལ་གུས་པས་འདུད། མི་རེ་གཉིས་ཀྱིས་མེར་བསྲེག་དོན་རྐྱེན་བྱུང་མ་ཐག་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཆེད་རེད་ཅེས་ཁ་ཚོན་བཅད་ནས་སྨྲ་བཞིན་པ་ནི་གཞན་དབང་དུ་གྱུར་བ་ཞིག་ཡིན་པ་གསལ་བོ་རེད། རྒྱ་དམར་གཞུང་གིས་ཀྱང་རྒྱལ་བ་རིན་པོ་ཆེ་ཕེབས་དགོས་ཀྱི་འདུག་བསམ་གྱི་ཡོད་པ་རེད། ཡིན་ནའང་། བོད་མིའི་བསམ་འདུན་དང་ཁ་ཁ་རེད།

    ༡ བོད་མིས་རྒྱལ་བ་རིན་པོ་ཆེ་བོད་ནང་ཕྱིར་ཕེབས་དགོས་ཀྱི་འདུག་ཅེས་པ་ནི་དད་པའི་ཆའང་འདུག་མོད། གཙོ་བོ་ཁོང་ཕྱིར་ཕེབས་ན་ད་ལྟའི་བོད་ནང་གི་གནས་སྟངས་ལ་འགྱུར་བ་ཞིག་འགྲོ་གི་རེད་བསམ་བཞིན་འདུག དཔེར་ན། ངས་མེར་བསྲེག་འབྱུང་རྐྱེན་ཞིབ་འཇུག་བྱེད་སྐབས། ཅིའི་ཕྱིར་རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་དགོས་བརྗོད་ཀྱི་ཡོད་ནི་དྲི་བ་གལ་ཆེན་ཞིག་ཡིན། ལན་ཡང་སྣ་མ་སྣ་ཚོགས་ཤིག་འདུག དེའི་ཁྲོད་ནས་འབྲོག་པ་ཞིག་གིས་ལན་འདི་ལྟར་བཏབ་སོང་། ༼ཁ་སང་དེ་རིང་གོང་རིམ་ལ་དངུལ་ཞིག་གཡར་ནའང་ངོ་ཆེན་དང་རྒྱུ་ཆེན་ལ་མ་གཏོགས་གཡར་ཐུབ་ནི་མ་རེད། རིན་པོ་ཆེ་ཕྱིར་ཕེབས་རྗེས་གནས་སྟངས་འདི་དག་རྦད་དེ་འགྱུར་གྱི་རེད་བསམ་གི ཁྱོས་བལྟས་ན་དེ་འདྲ་ཞིག་ཨེ་རེད།༽ ངས་ལན་འདེབས་ཤེས་མ་སོང་ལ། མེར་བསྲེག་ལས་འགུལ་དཔའ་བོ་རེ་རེ་ཡི་འབོད་སྐད་ཁྲོད་ཀྱི་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཞེས་པར་གོ་བ་ཡང་དག་ཅིག་ལེན་དགོས་ངེས་རེད།

    ༢ ན་ནིང་ལོ་དཀྱིལ་ཙམ་ལ་རྒྱ་དམར་གཞུང་གིས་བོད་དང་ཤིན་ཅང་ཐད་གསང་བའི་ཚོགས་འདུ་ཞིག་བསྐོང་འདུག དེའི་བརྗོད་གཞི་གཙོ་བོ་རྒྱལ་བ་རིན་པོ་ཆེ་ཡི་ཡང་སྲིད་ཐག་གཅོད་དབང་ཆའི་སྐོར་རེད་ལ། རང་བཞིན་གྱིས་རྒྱལ་བ་རིན་པོ་ཆེ་ཇི་ལྟར་བོད་དམ་རྒྱ་ནག་ནང་གདན་འདྲེན་བྱེད་རྒྱུ་ཚུད་འདུག གནས་ཚུལ་འབྱུང་ཁུངས་ཀྱི་འགྲེལ་བརྗོད་ལྟར་ན། སྲིད་དོན་རྐང་གཅིག་གླེང་ཡ་མེད་པ་གཞིར་བྱས་རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུ་དང་། པེ་ཅིན་དང་རི་བོ་རྩེ་ལྔ་ནས་ཆོས་ར་སྤྲད་རྒྱུ་དང་། པོ་ཏ་ལའི་བཀོལ་སྤྱོད་དབང་ཆ་སྤྲད་རྒྱུ་སོགས་རེད་ལ། དེ་བཞིན་རྒྱལ་མཚན་ནོར་བུས་བསུ་མ་གནང་རྒྱུ་དང་། དེ་བཞིན་མ་འོངས་པར་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་ཕན་ཚུན་གྱི་སྤྲུལ་སྐུ་ངོས་འཛིན་རྒྱུན་བསྲིངས་རྒྱུ་ཟེར་བ་སོགས་རེད།

    ད་ལྟ་ཚང་མས་གོང་གི་གནས་སྟངས་གཉིས་ལ་གཞིགས་ནས་བགྲོ་གླེང་གནང་རོགས།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-03-16 at 9:30 pm

    “མ་དང་ཕ་ལ་འབྲེལ་བའི་ཕུ་ནུ་མིང་སྲིང་རྣམས་ལ་བརྗོད་འདོད་པ་ནི། མི་རིགས་ཕན་ཚུན་བར་ལ་མཐུན་སྒྲུལ་དང་ལྷག་བསམ་གཙང་མས་བྱ་བ་སྒྲུབ་ན་འདྲིག་མོད། གཞན་ལ་ཞེར་སྡང་བྱས་ན་ཕམ་ཁ་དང་། གཞན་ལ་ལྷག་བསམ་དཀར་ན་རྒྱལ་ཁ་ཡིན་པ་སྨྲ་མི་དགོས་པ་རེད་མོད། དེ་བཞིན་དུ་བྱ་བ་གང་ཞིག་སྒྲུབ་ན་ཡང་། གླེན་རྟགས་མི་བྱེད་པར་བསམ་གཞིགས་གཏོང་རྒྱུ་ནི་གལ་ཆེ་འདུག སློབ་མ་ཡིན་ན་སློབ་སྦྱོང་དོན་འོངས་པ་ཞིག་དང་། ཕ་མ་ཡིན་ན་བུ་ལ་སློབ་གསོ་ཐོངས་པ་ཞིག་དང་། ཚོང་བ་ཡིན་ན་རང་གཞན་གཉིས་ཕན་ཞིག་དང་། རོང་འབྲོག་གང་ཞིག་ཡིན་རུང་ཕ་མ་བདག་སྐྱོངས་བྱེད་པ་ཞིག་དགོས། དེ་བཞིན་དུ་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་མི། ཁྱིམ་མཚེས་ཕན་ཚུན་ལ་མཐུན་སྒྲིལ་ངེས་པར་བྱེད་དགོས།”
    དམ་པ་གང་གི་ཞལ་ཆེམས་འདི་ལྷག་བསམ་ཆེན་པོས་བཀོད་པ་ཡིན་འདུག་ན། དེ་བཞིན་དུ་ཚང་མས་འབད་བརྩོན་བྱས་ཏེ། དམ་པ་ཉིད་ཀྱི་བཞེད་དོན་མྱུར་དུ་འགྲུབ་པར་ལྷ་མི་ཡོངས་ཀྱིས་གྲོགས་མཛོད་ཅིག

  7. གློག་ཀླད says:
    2014-03-16 at 9:49 pm

    ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ

  8. འཇམ་གཅེས། says:
    2014-03-16 at 11:48 pm

    ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་གནས་ལུགས་ལྡན་པ་བཤད་འདུག།

  9. དབྱངས་ཅན་འབངས says:
    2014-03-17 at 3:15 am

    ཨོཾམཎིཔདྨེཧཱུཾ།

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས།།
    གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བར་མཛོད།།

  10. སྟག་རྒྱལ་པོ། says:
    2014-03-17 at 4:11 am

    ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།ཨོཾམཎིཔདྨེཧཱུཾ།

  11. གནམ says:
    2014-03-17 at 9:04 am

    དཔའ་བོ་ཚོ། ཁྱེད་ཅག་གིས་ལོ་རྒྱུས་མྱེ་ནང་ནས་འཁྲབ་དུས། ཁྱེད་ཅག་གི་ལོ་རྒྱུས་འབྲི་མཁན་ཚོས་འདྲ་མིན་བཅོ་བརྒྱད་བཤད་ན་ཡང་། ཁྱེད་ཅག་གི་ལ་རྒྱལ་དང་སྙིང་སྟོབས། རིགས་ཞེན་སོགས་ཆོད་སེམས་བརྟན་པོས། མ་འོང་བའི་མི་རིགས་ཤིག་གི་དོན་དུ་ཡོད་ཚད་ཕུལ་ཡོད་པ་ཤེས་ཡོད། དགྱ་འདྲེ་ཚང་གི་གཡོན་ལག་གི་གདུག་སྤྱོད་འདི་འདྲ་ཞིག་མེད་རྒྱུ་ན། ཁྱེད་ཚོ་འདི་ལྟར་མཆོང་དགོས་དོན་ཞིག་ག་ལ་ཡོད། དགྱ་འདྲེ་ཚང་། མ་འོང་བའི་དགྲ་བོ། འདས་ཟིན་པའི་ལག་དམར། ད་ལྟ་ཡི་གཤེན་མ་འདི་ཚོ། དགྱ་ཡ་ངན་པ། གྱོད་ཡ་ངན་པ་ཡིན་པ་མི་བརྗེད་ཡ། འདི་ནི་ཁྱེད་ཅག་གི་དུར་ཐོག་ལ་བཞག་པའི་མྱི་གསོན་པོ་ཞིག་གི་དམ་བཅའ་ཡིན།

  12. ལུང་རྟོགས། says:
    2014-03-17 at 9:36 am

    ཨོཾ་མ་ཎི་པདྨེ་ཧཱུཾ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme