Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་བཟང་རྡོ་རྗེ་དབུ་དཀར་ཚང་འདི་འདྲ་རེད།

Posted on 2014-03-152014-03-15 By ཁ་བརྡ་ 24 Comments on ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་བཟང་རྡོ་རྗེ་དབུ་དཀར་ཚང་འདི་འདྲ་རེད།

ཤར་ཕྱོགས་ཁུག་རྟ།

སྐུ་ངོ་སྤྱན་བསལ་སྐལ་བཟང་རྡོ་རྗེ་མཆོག་གི་མཚན་ཐོག་ཏུ་ཚེས་༧ དང་༩ བཅས་སོ་སོར་ཡིན་ལུགས་ཚུལ་མཐུན་གྱི་སྙན་ཞུ་འདི་གཉིས་སྔ་ཕྱིར་ཕུལ་བ་དང། དེ་བཞིན་ཨ་རིའི་དོན་ཁང་གི་ངོ་དེབ། ཁ་པར་ཨང་གྲངས་བཅས་སུ་སྔ་ཕྱིར་ཐེངས་༥ ཙམ་འབྲེལ་གཏུག་གིས་དོན་གནད་འདི་བཞིན་སྙན་གསེང་སྒྲོན་འབུལ་ཞུས་ཀྱང། སྙན་ཞུར་ཡ་ལན་མ་གནང་བ་ཙམ་དུ་མ་ཟད་བཟང་སྤྱོད་དང་ལྡན་པའི་འབྱོར་ལན་ཙམ་ཡང་མ་གནང་ཁར་ཁ་པར་ཁྱོན་ནས་མ་བཀྱག་པ་བཅས་བྱས་སོང་བས་སྐུ་ངོ་དོན་མཆོག་གི་སྤྱོད་པ་འདིར་ཀུན་གྱིས་བསམ་གཞིག་ཅིག་ངེས་པར་དུ་བྱེད་དགོས་པར་མཐོང་སྟེ་འདིར་བཀོད་པ་ཡིན།

 

༄༅།། མཚུངས་མེད་ཨ་རིའི་དོན་གཅོད་མཆོག་གི་ཞབས་དྲུང་དུ།

གུས་ཞུ། ཐེངས་འདིའི་༸གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཕྲིན་སྐབས་དོལ་རྒྱལ་དྲག་སྤྱོད་ཚོགས་པས་ངོ་རྒོལ་གྱི་ཉེན་ཁ་ཧ་ཅང་ཆེ་བའི་གནས་ཚུལ་ཐབས་རྡུག་དེ་འདྲ་བྱུང་བར་བློ་ཕམ་ཚིག་གིས་མཚོན་མི་ནུས་པ་དང་སྦྲགས་འདིའི་ཐད་འགན་བབ་འབྲེལ་ཡོད་ས་གནས་སྐུ་ངོ་དོན་གཅོད་མཆོག་ཆགས་ཡོད་སྟབས། གནད་དོན་ཁ་ཤས་ཐད་དོགས་འདྲི་མི་ཞུ་ཐབས་མེད་ཆགས་སོང་ན་གང་མགྱོགས་ལན་གསལ་ཡོད་པ་ཞུ།

༡ རྒྱ་གར་དང་ཨ་རི་གཞུང་གཉིས་ཀས་དོལ་རྒྱལ་ཚོགས་པས་༸གོང་ས་ཆེན་པོའི་སྐུ་ཕྱྭར་བདོ་འཆར་ཡོད་པ་གསལ་གསུངས་ཟིན་པ་མ་ཟད། དོལ་རྒྱལ་ཚོགས་པ་ནི་དོལ་རྒྱལ་ཁ་ལ་ཁྱེར་པའི་འཇིགས་སྐུལ་དྲག་སྤྱོད་པ་དང་བོད་མི་རིགས་ཀྱི་བསྟན་སྲིད་ལར་ཞེན་ལ་རྨ་འབྱིན་མཁན་ཡིན་པ་མཁྱེན་བཞིན་དུ། ད་ཐེངས་༸གོང་ས་ཆེན་པོའི་བཞུགས་གནས་གསོལ་མགྲོན་ཁང་དུ་དྲག་སྤྱོད་པའི་ཚོགས་མི་ཨ་ནེ་དེ་ཅི་ལྟར་སླེབས་པ་རེད་དམ།

༢ དྲག་སྤྱོད་པའི་ཚོགས་མི་ཨ་ནེ་དེའི་རྒྱལ་ཁོངས་དང་མིང། ལོ་གྲངས། བོད་ཀྱི་ཆོས་པའི་མནའ་བཟའ་གྱོན་ཡོད་སྟབས་ཨ་ནེ་སྡོམ་ལྡན་ཡིན་མིན་སོགས་ཀྱི་གནས་སྟངས་གང་འདྲ་རེད།

༣ དྲག་སྤྱོད་པའི་ཚོགས་མི་ཨ་ནེ་དེ་མགྲོན་ཁང་དུ་དུས་ནམ་ཞིག་སླེབས་པ་རེད་དམ། ཡང་ན་མགྲོན་ཁང་དུ་སྔོན་ནས་བསྡད་ཡོད་མཁན་རེད་དམ། དེའི་ཉིན་གློ་བུར་དེ་གར་འཛུལ་ཡོང་བ་རེད།

༤ མགྲོན་ཁང་ནང་འདུག་མཁན་ཡིན་ན། ག་དུས་ནས་མགྲོན་ཁང་ནང་བསྡད་ཡོད་པ་དང་ཡོང་ལུགས་ཡོང་སྟངས་གང་འདྲ་རེད།

༥ དོན་གཅོད་མཆོག་ནས་བཞུགས་གནས་མགྲོན་ཁང་ལ་ཉེན་ཁ་མེད་པའི་སྲུང་སྐྱོབ་ཚུལ་ཅི་ལྟར་བྱས་ཡོད།

༦ སྐུ་ཕྱྭར་བདོ་བ་ནི་བོད་ཀྱི་དགྲ་བོ་ཡིན་པ་ཤེས་གསལ་ལྟར། དོལ་རྒྱལ་ཚོགས་པས་གནོད་འཆར་ཡོད་པ་ཨ་རི་གཞུང་གིས་གསུངས་པ་ལྟར། ད་ཐེངས་དོན་གཅོད་དང་འབྲེལ་ཡོད་ཨ་རི་གཞུང་གི་སྲུང་སྐྱོབ་སྡེ་ཚན་གྱིས་མགྲོན་ཁང་དེར་སྲུང་སྐྱོབ་བྱེད་སྟངས་དང་གང་འདྲ་ཡིན། གདེང་སྤོབས་ཅི་འདྲ་ཞིག་གི་ཐོག་ནས་དེར་༸གོང་ས་ཆེན་པོ་གདན་དྲངས་པ་ཡིན་ནམ།

༧ སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་འགྲོ་ལུགས་ནང་སྲོག་ཉེན་ཐད་ཀར་སྲུང་བ་དང་སྲུང་སྐྱོབ་ཞུ་ཡུལ་གྱི་ངོ་ཚ་སྲུང་བ་གཉིས་ནི་གསང་བའི་ཚན་པ་དང་སྐུ་སྲུང་གཉིས་ཀའི་འོས་འགན་ཡིན་པ་འཛམ་གླིང་ཀུན་གསལ་ལྟར། དཔེར་ན། ཐའེ་ཝན་ནས་མ་ཡན་ཅུག་ལ་མཆིལ་ཞགས་འཕངས་བས་སྐུ་སྲུང་དང་གསང་བའི་ཚན་པའི་ལས་བྱེད་ལ་ཉེས་པ་བཏང་བ་ལྟ་བུ་མང་པོ་བྱུང་ཡོད་ན། ཐེངས་འདིར་དེའི་ཉིན་གྱི་ཨ་རིའི་སྐུ་སྲུང་ཚོར་ཨ་རིའི་གཞུང་ནས་ཉེས་པ་ཅི་ཞིག་བཏང་འཆར་ཡོད་མེད་དང། སྐུ་ངོ་དོན་གཅོད་མཆོག་ལ་གྲ་སྒྲིག་དང་གསལ་བཤད་ཅི་ཞིག་ཡོད་དམ།

༨ མ་འོངས་པར་དེ་འདྲ་མི་འབྱུང་བའི་གདེང་སྤོབས་ཡོད་དམ། མེད་ན་ཅི་ཞིག་གནང་རྩིས་ཡོད། ཡོད་ན་གདེང་སྤོབས་ཡོད་སྟངས་གང་འདྲ་ཡིན།

གོང་གསལ་དོན་ཚན་རྣམས་ལ་ཅི་ནས་ཀྱང་ལན་གསལ་གནང་སྐྱོང་ཡོང་བ་ཞེས་ངྷ་རམ་སཱ་ར་ལ་ནས་བཀའ་ཤག་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཟུར་པ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་གུས་བས་ཕུལ།།

༢༠༡༤། ༣། ༧། ཉིན།།

 

 

༄༅།། བཀུར་འོས་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་དབུ་དཀར་ཚང་ལགས་ཀྱི་དྲུང་དུ།།

ཆེད་ཞུ། ཁ་སང་ཕྱི་ཚེས ༧ ཉིན་སྐུ་ངོ་དོན་གཅོད་མཆོག་གི་མཚན་ཐོག་ཏུ་དྲི་བ ༨ ཅན་གྱི་སྙན་ཞུ་ཞིག་ངོ་དེབ་འདི་དང་ཨིས་མལ་ཁ་བྱང་དབུས་སྒྲིག་འཛུགས་ཀྱི་དྲ་རྒྱར་ཡོད་པ་དེ་གཉིས་བཅས་སོ་སོར་འབུལ་ལམ་ཞུས་ཀྱང་ད་བར་ལན་གསལ་གང་ཡང་མ་བྱུང། གཞན་ད་བར་ལན་མང་ཁ་པར་ཐེངས་མང་བཏང་སྟེ་སྐད་འཇོག་སར་སྐད་བཞག་སྟེ་རེ་སྐུལ་ཞུས་ཀྱང་ལན་གང་ཡང་མ་འབྱོར་བས་དེ་ནས་དགོངས་བཞེས་གནང་སྟེ་མི་མང་དཀྱུས་མ་ཚོའི་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭར་སེམས་ཁྲལ་བྱེད་པ་འདི་ལ་དབུ་ཁྲིད་ཀྱི་གནས་རིམ་འདོར་མེད་ཀྱིས་ཅི་ནས་ཀྱང་ཞལ་གསལ་བཀའ་ལན་གནང་སྐྱོང་བ་ཡོང་བ་ཞེས།།

སླར་ཡང་ ༢༠༡༤། ༣། ༩། ཉིན་གྱི་དགུང་མོར་ངྷ་རམ་སཱ་ལ་ནས་བཀའ་ཤག་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཟུར་པ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས།།
ཟུར་སྦྱར། སྙན་ཞུ་ཨ་མ།

འཕྲིན་ཡིག

Post navigation

Previous Post: རྗེ་བཙུན་མི་ལའི་འདས་མཆོད་ལ་ཕུལ་བའི་རྣམ་ཐར།
Next Post: སྒྲ་སྒྱུར་མར་པ་ལོ་ཙའི་འདས་མཆོད་ལ་ཕུལ་བའི་རྣམ་ཐར།

Comments (24) on “ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་བཟང་རྡོ་རྗེ་དབུ་དཀར་ཚང་འདི་འདྲ་རེད།”

  1. ཤར་ཕྱོགས་ཁུག་རྟ། says:
    2014-03-15 at 9:01 am

    ༄༅།། བཀའ་ཤག་དང་དོན་གཅོད་སུས་དགོངས་པ་ཞུ་རྒྱུ་ཡིན་ནམ།

    http://www.khabdha.org/?p=58818

  2. བོད་ཀྱི་བུ་ says:
    2014-03-15 at 9:18 am

    ཤར་ཕྱོགས་རྒྱ་འདྲེ་ནག་པོ་ཁྱོད་རྒེར་ནད་མ་འཁྱོག་པའི་སྨྱོ་ལབ་མང་པོ་རྒྱབ་མ་ཡོང་རོག་
    ཨ་རི་རང་དབང་ལུང་པའི་ནང་དེ་འདྲའི་གནས་ཏང་ཡང་ཡང་ཡོང་གི་རེད་སྨྱོན་པ་ཁྱོད་རང་གི་རྒྱལ་ཁབ་རྒྱ་གུང་དྲན་དང་འདྲ་གི་མ་རེད་
    ཨ་རིའི་སྲིད་འཛིན་ལས་སྐུ་བསྲུང་བ་ལེགས་པ་ཞིག་འཛམ་བུ་གླིང་འདིར་ཡོད་པ་མ་རེད་ཅེས་ལབ་ཆོག་པ་ཞིག་རེད་འོན་ཀྱང་སྲིད་འཛིན་གོང་མ་སྦུ་ཤུའི་མགོ་ལ་ལྷམ་གཉིས་ཞུས་པ་སོགས་དྲ་ལམ་ཁག་ནས་ཁྱོད་ལོང་བ་མིན་ན་མཐོང་ཡོད་ཀྱི་རེད་
    མ་ཟད་དེའི་རྒན་དེ་སྐུ་ཚབ་དོན་བཅོད་ལ་ཡོད་པ་ཞིག་མ་རེད་དེ་ནི་རང་གཞུང་བདེ་སྲུང་ལས་ཁུང་དང་ཨ་རི་གཞུང་ལ་ཡོད་པ་ཞིག་རེད་བདེ་སྲུང་གི་ལས་གསལ་བཤད་དེ་བདེ་སྲུང་བཀའ་སློན་མཆོག་ནས་སྤྱི་མཐུས་གྲོས་ཚོགས་ནང་ལ་གནང་ཟིན་པ་ཁྱོད་འོན་པ་མིན་ན་གོ་ཡོད་ཀྱི་རེད་
    སྨྱོན་པ་ཁྱོད་ནི་ཁྲག་དར་དམར་པོ་དེ་མགོ་ལ་གོན་ཏེ་རང་རེ་གངས་ཅན་པའི་མང་བསྐུར་དབུ་འཁྲིད་ཚོ་ལ་སྐྱོན་བརྗོད་ཞིག་གང་ནས་བྱེད་དགོས་ཡིན་ནམ་སྙམ་ཏེ་རྨི་ལམ་ཚུན་ཚད་ལ་དྲན་བཞིན་པ་དེ་རེད་དེས་ཁྱོད་ལ་རྒྱ་གུང་དྲན་གླ་སྔན་ག་ཚོད་རག་གི་འདུག་གམ
    ངས་ནི་གཙན་བྱོལ་སྤྱི་ཚོགས་འདིའི་ནང་ལ་༧གོང་ས་མཆོག་གི་སྐུ་ཆ་ལ་ཉེན་ཁ་ཆེ་བའི་མི་ཞིག་ཡོད་དགོས་ན་དོལ་རྒྱལ་ཚོགས་པའི་མི་དང་ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་ངན་དེ་ཡིན་
    སྨྱོན་པ་ཁྱོད་ཀྱི་བྱ་སྤྱོད་དེ་ཚོར་བོད་མི་དམངས་ཀྱི་ངོས་ལེན་གང་འདྲ་ཞིག་ཡོད་མེད་དེ་མདོ་སྨད་ཀྱི་སྔོན་འགྲོའི་འོས་བསྡུ་ནས་གསལ་པོ་ཆག་ཟིན་པ་རེད་ད་ད་དུང་སྨྱོ་ལབ་རྒྱག་རྒྱུ་ཞིག་གང་ལྷག་ཡོད་དམ་

  3. ཀརྨ་བློ་གསལ་ says:
    2014-03-15 at 10:07 am

    རྒྱ་མིའི་གཞུང་ནི་འདི་འདྲ་རེད། མི་ཁག་ཅིག་ལ་དར་དམར་ཕྱར་དུ་བཅུག མི་ཁག་ཅིག་ལ་ངོ་རྒོལ་བྱེད་དུ་བཅུག མཐའ་མར་ཁག་དེ་གཉིས་ཀ་ཕན་ཚུན་བར་དུ་རྙོག་དྲ་ཡོད་ཁུལ་གྱིས་བཙན་བྱོལ་ནང་དཀྲུགས་འདོད་འདོད། ད་དུང་མི་ཁག་ཅིག་ལ་ཚོགས་པ་འཛུགས་སུ་བཅུག་ཡོད་པས། ་་་་ལྟད་མོ་ཤིན་ཏུ་ནས་མང་པོ་འདུག ཆོས་འབྱོར་དཔལ་འབྱོར་ལྟ་བུ་སྟེ། ་་་་་་་འབྱོར་བ་གཉེར་མཁན་ཤ་སྟག་ཡིན་ནམ།

  4. ཁྱུང་ཆེན། says:
    2014-03-15 at 11:25 am

    རུལ་སུངས་རེད། སྲིད་སྐྱོང་གི་གྲོགས་མཆོག་ཡིན་པས་ནག་འགེབས་བྱེད་ཀྱི་འདུག

  5. ཁྱུང་ཆེན། says:
    2014-03-15 at 11:26 am

    ཨ་མདོ་ཁམས་པ་མ་ཟེར། མིག་ལ་བཤམས་འདུག

  6. ཅོག་མྱི། says:
    2014-03-15 at 11:28 am

    ལན་འདེབས་རན་མི་འདུག དོན་གཅོད་མ་དགོས་ལས་བྱེད་ཞིག་གིས་ཀྱང་ལན་འདེབས་རྒྱུ་མ་རེད། མང་གཙོ་ཡིན་ན་བྱིས་བློའི་དྲི་བ་ཐམས་ཅད་ལེན་འདེབས་དགོས་པས་མ་ཁྱབ། འུར་ལངས་རྒྱུ་ཡོད་པ་མ་རེད། མ་ཧ་གན་དི་ཡང་རྒྱ་གར་གྱི་མིས་བསད་པ་རེད། ནེ་རོ་བསྐལ་བ་ནས་བསྐལ་བར་སྲིད་འཛིན་ལ་བསྡད་སོང་ང་། ང་རང་ཚོ་དགྲ་བོ་ལ་མི་སྐྲགས་ཞིང་དོགས་དགོས་ཟོན་དགོས་པ་དང་ནང་ཁུལ་དུ་མཐུན་སྒྲིལ་དང་བརྩི་བཀུར་ཞིག་དགོས་པ་དེ་ཡིན།

  7. བློ་བཟང says:
    2014-03-15 at 12:53 pm

    གནས་ཚུལ་སྤྱི་ཐོག་ནས་བསམ་ན། སྐབས་རེ་དཔོན་རིགས་ཚོར་སྐྱོན་སངས་བྱེད་དགོས་པའང་གལ་ཆེན་པོ་འདུག
    བོད་མིའི་སྒྲིག་འཛུགས་ཡིན་ནའི་རེད། དགའ་ལྡན་ཕོ་བྲང་ལས་བྱེད་པ་ཡིན་ནའི་རེད། གང་ལྟར་མིའི་ངོ་གདོང་ལ་ལྟས་ནས་ཕྱག་ལས་གནང་བ་མང་པོ་ཡོད། གཞན་ལ་སྣང་ཆུང་ཁྱད་གསོད་གནང་བ་ཡང་མང་། དེ་ཚོའི་རིགས་ང་ཚོ་སྤྱི་སྒེར་གང་ལའང་མི་དགོས་པ་རེད་འདུག

  8. མངའ་རིས་འཕྲིན་ལས། says:
    2014-03-15 at 12:58 pm

    ཤར་ཕྱོགས་ཁུག་རྟ་ཟེར་བའི་རྒྱ་འདྲེ་འདི་མདོ་སྨད་སྤྱི་འཐུས་འོས་མ་ཐོབ་པ་ཡིན་ཙང་ཡང་ཁོས་ཚང་མར་བྱུས་གཏོགས་བྱས་ནས་དཀྲུག་དགོས་བསམ་རེད། དགྲ་དགའ་གཉེན་སྡུག་བྱེད་མཁན་མི་འདི་འདྲ་སྐུ་ངོ་ཟམ་གདོང་ཚང་ལ་དགོས་ཡག་རེད། ད་དུང་་་་་་

  9. བསྟན དབང་ says:
    2014-03-15 at 2:29 pm

    ༄། མངའ་རིས་འཕྲིན་ལས་ཁྱོད་ཀྱང་ ཟམ་གདོང་རིན་པོ་ཆེར་མ་དགའ་ནས་ དམ་པར་སྐུར་འདེབ་དང་སྤྱི་ཚོགས་དཀྲུག་ཤིང་སློང་མཁན་རང་རེད་འདུག་ ངས་གཏས་ན་ཤར་ཁུག་ནས་ལབ་པར་རྒྱུ་མཚན་འདུགས་།

  10. གངས་རི་རྒྱང་མཐོང says:
    2014-03-15 at 3:29 pm

    ཨ་ཅོག་མྱི། རྒྱ་མིས་དོལ་ཚོགས་ལ་ཨ་སྒོར་འབོག་རས་གཅིག་སྤྲད་ནས་སྤྲོ་སྐྱིད་གཏང་གི་འདུག་ཟེར།ཁྱེད་ལ་མ་རེག་ན་སྡུག་རྒྱོང་རེད།
    ཡོས་བཤད་ས་འདིར་མ་རེད་འདིར་ཁྱེད་ལ་ཅི་གང་རེག་གི་མ་རེད། དངོས་སུ་དོལ་ཚོགས་ཞུགས་ནས་བྱས་དང་ཅིག་རེད་འདོག་ཁ་བོ་རེད། ཨ་རིར་དོལ་ཚོགས་ཀྱིས་མ་འཐེན་ན་ཡང་སྡུག་རྒྱོང་རེད་ལོ།

  11. ཁ་བའི་བུ། says:
    2014-03-15 at 3:30 pm

    ཧཧཧ། ཡང་བསམ་ཐུབ་ཅིང་བཤད་ཐུབ་པའི་ཕོ་རྒོད་དེ་སླེབ་འདུག་པས་དགའ་བསུ་ཞུ།

  12. ཀློང་ཆུང་ says:
    2014-03-15 at 4:30 pm

    དོན་གཅོད་ལ་འདྲི་བ་འདི་འདྲས་ལ་ལན་རྒྱག་མི་ཆོག་པའི་བཀའ་ཡོད། བྱས་ཙང་ལན་ངས་རྒྱག་གི་ཡིན།
    དོན་གཅོད་དང་སྐུ་སྲུང་ལས་ཁུངས་མི་གཅིག
    གོང་ས་མཆོག་གི་དྲུང་ལ་སུ་བཅར་མ་བཅར་དབང་ཆ་ཨ་རིའི་གཞུང་ལ་མ་གཏོགས་མེད།
    ཨ་རིའི་མི་མང་ལ་ཞི་བའི་ངོ་རྒོལ་བྱེད་པའི་དབང་ཆ་ཡོད་སྟབས་གཞུང་ནས་རང་འདོད་དང་དོགས་པ་གཅིག་པུས་བཙན་དབང་གཏོང་མི་ཆོག
    ཁུག་རྟས་མ་ཤེས་པ་གཅིག་ནི་ཨ་རིའི་གཞུང་གི་ཁྲིམས་ལྟར་ན་སྒེར་གྱི་མིང་དང་གནས་ཚུལ་དོ་བདག་གི་ཆོག་མཆན་མེད་ན་སྤྲོད་མི་ཆོག སྤྲད་ན་དོན་གཅོད་ཁྲིམས་ལ་སྦྱོར་བར་བྱེད།
    ཁྱེད་ཀྱི་འདྲི་བ་དེར་ལན་སྤྲོད་པའི་འགན་དེ་སྐུ་སྒེར་སྐུ་སྲུང་འགོ་ཁྲིད་ལ་ཡོད།
    གལ་ཏེ་མི་དོགས་པ་ཡོད་པ་གཅིག་ལ་དོ་སྣང་བྱེད་དགོས་ན་འདི་སྐུ་སྒེར་སྐུ་སྲུང་བས་ཨ་རིའི་གཞུང་ལ་ཞུ་དགོས།

  13. ཁ་བའི་བུ། says:
    2014-03-15 at 4:51 pm

    གནས་ཚུལ་བྱས་ཉེས་བྱུང་བ་དེ་༧གོང་ས་མཆོག་གདན་ཞུ་བྱེད་མཁན་དང་ཧ་ཅང་འབྲེལ་བ་ཡོད་སྟབས། བཟང་ཕྱོགས་ཁོ་ན་བྱས་རྗེས་དང་འཇོན་པར་བརྩི་བ་ལས། རྐྱེན་ངན་དང་དཀའ་ངལ་འཕྲད་པར་གདོང་ལེན་མི་བྱེད་པ་མ་ཟད། ཁས་ལེན་མི་བྱེད་པ། ད་དུང་མང་ཚོགས་ཀྱི་བསམ་ཚུལ་ལ་ངོས་ལེན་མེད་པ་ནི་དཔོན་ངན་ཞིག་གི་ངོ་གདིང་གསལ་པོར་མཚོན།

  14. བོད་ཁམས་སྡེ་ says:
    2014-03-15 at 5:32 pm

    དུས་རྒྱུན་དུ་སྤྱི་དོན་ཁ་ལ་འཁྱེར་་ནས་རང་དོན་ཀྱང་པ་སྒྲུབ་སྡོད་མཁན་གྱི་མི་དེ་ཚོ་ལ་ཨ་རིའི་དོན་གཅོད་དང་སྲིད་སྐྱོང་ནས་ཡ་མ་གནང་བ་དེ་དོན་དངོས་དང་མཐུན་འདུག་ མ་འོང་པ་ཡིནའང་མི་དེ་ཚོའི་གྲས་ལ་ཡ་ལེན་མ་གནང་རོག་ཞུ་གི་ཡོད་

  15. ཚ་ཕྲུག་རྒྱལ། says:
    2014-03-15 at 6:32 pm

    དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་བྱེད་པ་དང་ཤར་ཁུག་གིས་སྲིད་སྐྱོང་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོར་སྐྱོན་འདོགས་བྱེད་པ་དེ་གཉིས་དབར་རྣམ་པ་ཙམ་ལས་ངོ་བོ་དང་དམིགས་ཡུལ་གཅིག་པར་འགྱུར་བཞིན་འདུག། བྱེད་བབ་དེ་གཉིས་ཀས་བོད་ཀྱི་མཛད་གཙོ་རྣམ་པའི་མཛད་སྤྱོད་ལ་སྒྲོ་འདོགས་ངན་སྐུལ་དང་འགོ་དམངས་བར་དབྱེན་སྦྱོར་སོགས་ཀྱིས་བོད་མིའི་སྤྱི་ཚོགས་སུ་མཐུན་སྒྲིལ་གཏོར་བཤིག་བཏང་བའི་བྱ་ངན་ཞིག་ཡིན་པར་ཅིག་མཚུངས་རེད། ༡༽ དམངས་གཙོ་དང་ཁྲིམ་ལྡན་གྱི་རྒྱལ་ཁབ་ཨ་རི་འདིར་སྨྲ་བརྗོད་རང་དབང་གི་ཁྲིམ་སྒྲིག་དང་མ་འགལ་བའི་ཐོག་ནས་མི་སོ་སོའི་བསམ་ཚུལ་སོགས་མཐོ་དམའ་གང་སར་འགྲོ་ཆོག་གི་ཡོད་པར་མཁྱེན་དགོས། གལ་སྲིད་ཁྲིམ་སྒྲིག་དང་འགལ་བའི་བྱ་སྤྱོད་རིགས་བྱུང་ཚེ་ཁྲིམ་སར་སྐྱེ་དགོས་རྒྱུ་དེ་རེད། ༢༽ ༧གོང་ས་མཆོག་གི་སྐུའི་ཉེས་སྲུང་དང་འབྲེལ་བའི་འགན་དབང་གཙོ་བོ་ཡོད་མཁན་ནི་སྐུ་འཁོར་ལྷན་དུ་དགའ་ལྡན་ཕོ་བྲང་གི་ལས་བྱེད་དང་སྐུ་སྲུང་བ་དེ་ཚོ་ཡིན་པར་མཁྱེན་དགོས། ༣༽ དེང་སྐབས་ཤར་ཁུག་གི་བཤད་རྒྱུ་དང་ལས་རྒྱུ་རྫོགས་ནས་དམར་དར་སྒྲེང་ནས་རྒྱར་ལོག་རྒྱུ་ལས་ཁོང་ལ་ལམ་ཁ་གཞན་ཞིག་མེད་པའི་མཚམས་སུ་སླེབས་འདུག། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ཞུ་བ་འགྱུར་བཞིན་བར་དོལ་ཚོགས་དང་ཤར་ཁུག་བར་ཆོས་འབག་དང་སྲིད་འབག་ཙམ་མ་རེད་དམ།།

  16. གཡུ་ཐོག་རྒྱལ་པོ། says:
    2014-03-15 at 6:37 pm

    ད་ཡིན་ན། ཁུག་རྟ་དངོས་གནས་འཐེན་བྱ་ཆགས་པ་འདྲ། གནས་ལུགས་དང་རྒྱུ་མཚན་སྤུངས་ནས་རྩོམ་ཡིག་བྲིས་ན་རིན་ཐང་ཡོད་པ་དང་ཕན་ཐོག་ཡོད་ངེས་པ་རེད། དེའི་ཐད་ངས་སྔོན་ཚུད་ནས་བཤད་ཟིན་པ་ཡིན། འོན་ཀྱང་། ད་རེས་ཀྱི་རྩོམ་འཆལ་འདི་ལ་རིན་ཐང་ཅི་ཡང་མི་འདུག ཁྱོད་རང་གི་དྲིས་པའི་དྲི་བ་དེ་རིགས་ལ་ལན་འདེབས་དགོས་ན། རྒྱུད་ལམ་ངེས་ཅན་ཞིག་དང་། འབྲེལ་ཆགས་མི་སྣར་ལན་འདེབས་བྱེད་པ་ལས། ངོ་དེབ་ཀྱི་ཡིག་ཁྱམས་དོན་སྤྱོད་ཀྱིས་བདག་པོ་རྒྱག་དགོས་བྱུང་ན། ཚར་བ་རེད། དེར་བརྟེན། སྤྱི་ཚོགས་དཀྲུག་པའི་ལས་ཀ་འདི་རིགས་ལ་ནམ་ཡང་རྒྱབ་སྐྱོར་མེད།

  17. བསམ་ཤེས། says:
    2014-03-15 at 8:25 pm

    ཤར་ཁུག་ལགས་ཀྱི་ཞལ་ཁུག
    སྤྲེའུ་རྐུབ་ལས་དམར་བ།
    ཡར་ལ་བཀའ་སྐྱོན་ཤ་སྟག
    མར་ལ་བཀའ་སྐྱོན་ཤ་སྟག

    ཤར་ཁུག་ལག་ཀྱི་ལག་ཁུག
    འཚེར་མའི་རྣོ་ལས་ཚ་བ།
    ཡར་ལ་རྐུབ་ལ་བཙུགས་སོ།
    མར་ལ་སྙིང་ལ་བཙུགས་སོ།

  18. ལོ་མ་ལྗང་ཁུ་། says:
    2014-03-15 at 8:32 pm

    ཤར་ཁུག་ནི་རེད་ལབ་ན་མ་རེད་ལབ་ནི་རེད་། མ་རེད་ལབ་ན་རེད་ལབ་ནི་རེད་། ད་དུང་རང་གིས་རང་ཆེན་པོ་བཟོ་ནི་རེད་། དེ་ནི་ཁོའི་གཤིས་ཀ་རེད་།

  19. ལུང་རྟོགས། says:
    2014-03-16 at 7:07 am

    དྲི་བ་འདི་གཏོང་ས་ངོ་མ་ནི་ཨ་རི་གཞུང་རེད། འོན་ཀྱང་རྒྱ་ཁུག་འདིས་གཟུགས་མེད་སར་གྲིབ་མ་བཟོ་རྩིས་རེད།

  20. དོན་དགའ། says:
    2014-03-16 at 10:43 am

    ཤར་ཕྱོགས་པེ་ཅན་མཁར་ནས།
    ཤར་མར་དངུལ་ལོ་སྟེར་ན།
    ཤར་ཁུག་དར་དམར་ཁྱེར་ནས།
    ཤར་ནས་བྱང་ལ་རྒྱུག་འགྲོ།

  21. ཅོག་མྱི། says:
    2014-03-16 at 11:34 am

    ཤར་ཁུག ང་ཁྱེད་ལ་དྲི་བ་ཞིག་ཡོད་ལ་ལན་ཞིག་བྱིན་དང་། ཆབ་བྲག་ལྷ་མོ་སྐྱབས་ཁྱེད་ཀྱིས་རྒྱ་ནག་ལ་བསྐྱལ་དང་ཟིག་པ། གྲག་རྒྱུ་མེད་ནོ་ཅི་རེད།

  22. ཉི་རྒན says:
    2014-03-17 at 10:08 am

    ཡ་ཤར་ཁུག་སེམས་པ་ལྷོད་ལྷོད་གྱིས་སྡུག་ནད་མ་ཐེག་པ་སྙོ་ཡོང་། ང་ལ་གཏམ་བཟང་ཞིག་ཡོད་ཨ་ནེ་དེ་ལ་ཨནེའི་སྡོམ་པ་ཡོད་མི་འདུག་ལ་ད་ཆ་ཁྱོ་ག་ཡང་ཡོད་མ་རེད་ཟེར། མགྱོགས་པོ་གྱིས་ཧ་ཧ་ཧ་ཧ་

  23. འཇམ་བཟང་ says:
    2014-03-17 at 11:50 pm

    སྤྱིར་དོན་ཁ་ལ་ཁྱེར་ནས།།
    དམངས་ཀྱི་སེམས་པ་དཀྲུག་སོང་།།
    ཕྱིར་དགྲ་རྒྱབ་སུ་་གཡུག་ནས།།
    ཕུ་ནུ་ནང་འཁྲུག་བྱས་སོང་།།

  24. གཡག་རིན་པོ་ཆེ། says:
    2014-09-08 at 6:50 am

    ཧ་ཧ་ད་ཡིན་ན་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme