Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་རྗར་མེ་ནིར་ཞབས་སོར་འཁོད་རྒྱུ།

Posted on 2014-03-132014-03-14 By ཕུན་ཚོགས་ཚེ་རིང་ 1 Comment on ༧གོང་ས་མཆོག་རྗར་མེ་ནིར་ཞབས་སོར་འཁོད་རྒྱུ།

གནས་ཚུལ་གཏོང་མཁན། ཕུན་ཚོགས་ཚེ་རིང་།

03A_tbh_DL_poster_A1_low

༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་རྗར་མེ་ནིའི་མང་གཙོ་དང་རང་དབང་མཚོན་པའི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་ཞབས་སོར་འཁོད་གཏན་ཁེལ་བ།

བོད་ཀྱི་ཤེས་རིག་བསྟི་གནས་”རྗར་མེ་ནི་བོད་ཀྱི་ཁང་པ་”ནས་ཡུན་རིང་དུས་ཀྱི་ཕྲེང་བར་གསོལ་འདེབས་ཞུས་པ་བཞིན། གཞིས་བྱེས་བོད་མིའི་དབུ་ཁྲིད་༧གོང་ས་༧རྒྱལ་བའི་དབང་པོ་མཆོག་འདི་ལོའི་སྤྱི་ཟླ་ལྔ་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་རྗར་མེ་ནིའི་གྲོང་ཁྱེར་ཧྥི་རན་ཧྥོར་ཊིར་ཞབས་སོར་འཁོད་གཏན་ཁེལ་ཞིང་། སྐབས་དེའི་ཆིབས་སྒྱུར་སྐབས་མི་མང་ལ་གསུང་བཤད་བཀའ་དྲིན་ཆེ་རྒྱུ་དང་། གསུང་བཤད་ཀྱི་ནང་དོན་”བྱམས་སྙིང་རྗེ་རྩ་བར་བཟུང་ནས་དེང་དུས་ཀྱི་སྤྱི་ཚོགས་ལ་ཕན་ཐབས་”ཞེས་པའི་བརྗོད་གཞིའི་ཐོག་རེད།
དེའི་ཐོག་ཁུལ་འདིའི་སློབ་གྲྭ་ཁག་ཉི་ཤུའི་སློབ་ཕྲུག་དགུ་བརྒྱ་ཙམ་ལའང་གསུང་བཤད་གནང་རྒྱུ་དང་། སློབ་ཕྲུག་ཚོས་༧གོང་ས་མཆོག་ལ་དྲི་བ་ཞུ་རྒྱུ་བཅས་ཀྱི་མཛད་རིམ་ཁག་རང་རེ་རྗར་མེ་ནི་བོད་ཀྱི་ཁང་པ་དང་། ས་གནས་གྲོང་ཁྱེར་གཉིས་ཐུན་མོང་གིས་གོ་སྒྲིག་ཞུ་རྒྱུ་ཡིན།

ད་དུང་ཆོས་ལུགས་མི་སྣ་དང་། ཤེས་ཡོན་ཅན་ལྷན་དུ་འཇིག་རྟེན་ཀུན་སྤྱོད་བཟང་ཕྱོགས་ཇི་ལྟར་འཕེལ་དང་སྤེལ་ཐབས་སྐོར་བགྲོ་གླེང་ལྷན་ཚོགས་ཤིག་ཀྱང་གནང་གཏན་འཁེལ་སོང་། བགྲོ་གླེང་འདིའི་མཛད་རིམ་གོ་སྒྲིག་ཞུ་མཁན་”བོད་ཀྱི་ཁང་པ་”དང་། ཧྥི་རང་ཧྥོར་ཊིའི་སློབ་གྲྭ་ཆེན་མོ། དེ་བཞིན་ཧྥི་རང་ཁེ་ཧྥོར་ཊིའི་ས་གནས་གྲོང་ཁྱེར་གཞུང་བཅས་རེད།
བགྲོ་གླེང་གནང་ཡུལ་ནི་གྲོང་ཁྱེར་འདིའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ St. Paul Church ནང་དུ་ཡིན་པ་དང་། ལྷ་ཁང་དེ་ལ་རྗར་མེ་ནིའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེ་ཡོད་པའི་གནས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། དེ་ཡང་1848 ལོའི་ཟླ་བ་3 ཚེས་18 ཉིན་རྗར་མན་གྱི་མང་གཙོའི་ཚོགས་འདུ་ཐོག་མ་དེ་ལྷ་ཁང་འདིའི་ནང་ཚོགས་པ་དང་། དུས་དེ་ནས་བཟུང་ལྷ་ཁང་དེ་ནི་མང་གཙོ་དང་རང་དབང་གི་མཚོན་བྱེད་དུ་ངོས་འཛིན་ཞུ་བཞིན་ཡོད་པས། “རྗར་མན་ནིའི་ཞི་བདེའི་གཟེངས་རྟགས་”ཞེས་པལོ་ལྟར་ཐེངས་གཅིག་སྤྲོད་སྲོལ་ཡོད་མུས་་དེ་ཡང་འཛམ་གླིང་དེབ་ཀྱི་ཚོང་འདུས་ཆེན་མོ་དང་སྟབས་བསྟུན་ལྷ་ཁང་འདིའི་ནང་སྙན་གྲགས་ལྡན་པའི་རྩོམ་པ་པོ་དང་། ཞི་བདེ་དང་། རང་དབང་ལ་འཐབ་རྩོད་བྱེད་མཁན་གྱི་མི་སྣ་བྱས་པ་ཅན་ཚོར་འབུལ་སྲོལ་ཡོད་འདུག

ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་ཁང་དེའི་ནང་གསུང་བཤད་དང་། བགྲོ་གླེང་གནང་རྒྱུ་ཡིན་པར་བརྟེན། ཡུལ་མི་རྣམས་ནས་ཆིབས་སྒྱུར་འདི་བཞིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆིབས་སྒྱུར་དམིགས་བསལ་ཞིག་ལ་ངོས་འཛིན་ཞུ་བཞིན་པ་ལགས། ཆིབས་སྒྱུར་སྐོར་གྱི་དྲྭ་ཚིགས། www.dalailama-frankfurt.info
རྗར་མེ་ནི་བོད་ཀྱི་ཁང་པ་འདི་ནི་བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་སྟེ་ 2005 ལོར་དབུ་བརྙེས་པ་ནས་བཟུང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་གདན་འདྲེན་ཞུ་ཐེངས་གཉིས་པ་ཡིན་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྗར་མེ་ནི་བོད་ཀྱི་ཁང་པའི་མཚན་འཛིན་དབུ་ཁྲིད་ཐོག་ནས་མགོན་སྐྱབས་མཛད་བཞིནཔ་རེད། རྒྱལ་སྤྱིའི་ནང་གདེང་འཇོག་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་བསྟི་གནས་འདིར་ལས་རིམ་རྣམ་གྲངས་སྡེ་ཚན་ལྔ་ཡོད་ལ། ལོ་གཅིག་ནང་ལས་རིམ་ཁྱོན་བསྡོམས་སུམ་བརྒྱ་ཙམ་སྤེལ་བཞིན་པ་ལགས།

གསར་འགྱུར།

Post navigation

Previous Post: ཀ་རྩོམ་འགྲིག་མཐུན་མ།
Next Post: རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོཊ་འདུ་ཐེངས་བཞི་བ།

Comment (1) on “༧གོང་ས་མཆོག་རྗར་མེ་ནིར་ཞབས་སོར་འཁོད་རྒྱུ།”

  1. ཅོག་མྱི། says:
    2014-03-13 at 11:08 pm

    ཡེ་ཤུ་ལྷ་ཁང་ཞིག་གིས་རང་དབང་དང་མང་གཙོ་ཇི་ལྟར་མཚོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme