Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་བརྙན་གསར་བར་བསྒུགས་པ།

Posted on 2010-01-182010-01-18 By ཡེ་ཤེས་ 4 Comments on གློག་བརྙན་གསར་བར་བསྒུགས་པ།

ཀླུ་སྨྱོན།
movie
མི་ཧ་ཅང་མང་པོ་ཞིག་གིས།

ཁྱབ་བསྒྲགས་ཤོག་བུ་དེ་བདེན་པ་ཡིན་ཚེ།

གློག་བརྙན་གསར་བ་འདི་ངོ་མ་ཅིག་ཡག་ས་རེད་བསམས་ནས།

ཉི་མ་རྟག་པར་གློག་བརྙན་ཁང་གི་སྒོ་འགྲམ་དུ་བསྒུགས་ནས་བསྡད།

ཁ་བ་འབབ་དུས་དང་ཆར་བ་བྱོ་དུས་གཉིས་ཁར་བསྒུགས་ནས་བསྡད།

དྲན་རྒྱུ་རྒོད་པའི་མི་ལ་ལས།

གློག་བརྙན་གསར་བའི་ནང་དུ་དོན་དག་ཅི་ཞིག་འབྱུང་མིན་ཐད།

རང་གི་ལས་ཀའི་གླ་ཕོགས་ཀྱང་རྒྱན་དུ་བཙུགས་ཡོད་སྐད།

ཉི་མ་རེ་རེ་བཞིན་ཕར་འདས་སོང་།

དུས་ཚིགས་རེ་རེ་བཞིན་ཚུར་བསླེབས་སོང་།

ཤིང་སྡོང་སྐམ་པོ་ཚོར་ཡང་ལོ་འདབ་ལྗིད་ཐག་ཆོད་པ་རེ་འབུས་འདུག

ཡིན་ན་ཡང་།

གློག་བརྙན་གསར་བ་ད་དུང་མ་བསླེབས།

ཁྱབ་བསྒྲགས་ཤོག་བུ་དེ་སྔར་བཞིན་གསར་བ་གསར་རྐྱང་གི་ཚུལ་དུ།

རྩིགས་ངོས་གང་ས་གང་དུ་འོད་འཚེར་བཞིན་སྦྱར་འདུག་ལ།

ལམ་འགྲོ་བ་རེ་ཟུང་གིས་ཡུད་ཙམ་རེར་ལྟ་ཀློག་བྱེད་པ་ཡང་རྒྱུན་ལྡན་ཞིག་རེད།

ད་ནི་དགུན་ཁ་བསླེབས་བྱུང་།

ཁ་བ་བབས་རྗེས་གྲང་ངར་ཆེ་བས།

མི་རྣམས་ཀྱི་ཁ་རླངས་ཀྱང་དཀར་སབ་སིབ་ཏུ་འཕྱུར་བཞིན་འདུག་ཅིང་།

རྒྱང་ནས་བལྟས་ན་ཐ་མག་ཆེན་པོ་རེ་འཐེན་བཞིན་པ་དང་ཡང་འདྲ།

གློག་བརྙན་གསར་བ་དེ་ད་དུང་བསླེབས་མ་བྱུང་།

ཅི་ཞིག་གི་རྐྱེན་ཡིན་ནམ།

མི་རྣམས་ཀྱིས་སུན་སྣང་མེད་པར་འདི་ལྟར་ཕན་ཚུན་ལ་འདྲི་བར་བྱེད་ཅིང་།

དྲི་ལན་ཅི་ཞིག་ལྡོན་མིན་ཐད་སེམས་ཁྲལ་ཅི་ཡང་མེད།

གློག་བརྙན་འཁྲབ་མཁན་དེར་རླངས་འཁོར་བརྡབས་སྐྱོན་བྱུང་བ་ཨེ་ཡིན།

གློག་བརྙན་བཟོ་གྲྭ་དེའི་མ་རྩ་བརྡིབས་སོང་བ་ཨེ་ཡིན།

མི་རྣམས་ཀྱིས་འདི་ལྟར་བསམས་ཤིང་འདི་ལྟར་བརྗོད།

གློག་བརྙན་གསར་བ་དེ་སང་ཉིན་བསླེབ་ངེས་པའི་བརྡ་ཁྱབ་ཅིག་འབྱོར་དུས།

མི་རྣམས་སྔ་མོ་ནས་དམག་འཁྲུག་ལ་གཡོལ་ཆེད།

གྲོང་ཁྱེར་འདི་བཞག་ནས་ས་གནས་གཞན་དུ་ཆས་ཟིན།

དོ་དགོང་གློག་བརྙན་གསར་བ་དེ་སྟོན་བཞིན་ཡོད།

ཡིན་ན་ཡང་།

གློག་བརྙན་འཆར་སའི་ཡོལ་བའི་ངོས་སུ།

སྲིན་བུ་གཤོག་ཐོགས་འགའ་ཡར་འཕུར་མར་འཕུར་བྱེད་པའི་གཟུགས་བརྙན་ལས།

གློག་བརྙན་ཁང་ཡོངས་སུ་མིའི་གྲིབ་མ་ཙམ་ཡང་མི་འདུག

སྙན་ངག Tags:ཨཨཨ

Post navigation

Previous Post: མཛའ་མཐུན་ཆིག་སྒྲིལ་སྔར་ལས་དར་འཕེལ་ཡོང་བར་སྨོན་མདུན།
Next Post: ལམ་ཁ་གཉིས་ལས་གཅིག་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

Comments (4) on “གློག་བརྙན་གསར་བར་བསྒུགས་པ།”

  1. གཅན་བཟོད་རྒྱམ། says:
    2010-01-18 at 4:20 am

    ངས་ཁ་སྔོན་ནས་ཁྱེད་ཀྱིས་གློག་བརྙན་ཁང་ཞིག་སྒོ་ཕྱེ་ས་རེད་བསམ་སོང༌། ངས་རྡ་ནས་ཕོ་སར་མོ་སར་བརྒྱ་ཕག་ཙམ་འཁྲིད་ནས་ཁྱེད་ཀྱི་གློག་བརྙན་ཁང་དུ་ལྟད་མོར་ལྟ་རུ་ཡོང་ཡ།

  2. རྩམ་དགའ་ says:
    2010-01-18 at 5:17 am

    ཨ་ཙི་ཨ་ཙི་དེ་རིང་ཨ་ཁུ་ཀླུ་སྨྱོན་ཐོན་དང་ནོ་ངོ་མས་དགའ་སོང་་་་ངོ་མས་དགའ་སོང་།
    ཤིང་སྡོང་སྐམ་པོ་དེའི་འོག་ནས་སྐད་ངན་རེ་གོ་གྲབས་ཡོད་བསམ་ནས་དགོངས་མོར་གཉིད་ར་ད་བར་ཡག་པོ་མ་ཡོང་ཐལ། ད་དོ་དགོངས་ད་ལྷོད་ལྷོད་བྱས་ནས་ཉལ་གིན་ཡིན་ད།
    ཨ་རོག་རྗེས་ནས་དི་མོ་དི་འབྲི་མི་ཉན་གོ་ ཧ་ཧ་ཧ་་་་་་་

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-18 at 5:29 am

    http://www.youtube.com/watch?v=tDGp5gIbhxs&NR=1
    སྤུན་ཟླ་ཚོ། ཁོམ་པ་ཡོད་ན་འབྲེལ་ཐག་འདི་ལ་གཟིགས་རོགས་ཞུ།

  4. ཀརྨ་་རྡོ་རྗེ་ says:
    2010-01-18 at 2:51 pm

    ལྷ་ཀླུ་གཉེན་གསུམ་གྱིས་བཅུག་པའི་འབྲེལ་ཐག་ལ་དགའ་བསུ་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme