Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྟགས་ཏེ་བཤད་ན་ཀུན་གྱིས་དེ་ཁས་ལེན་རུང་ངོ་།།

Posted on 2014-03-122014-03-12 By ཁ་བརྡ་ 3 Comments on བརྟགས་ཏེ་བཤད་ན་ཀུན་གྱིས་དེ་ཁས་ལེན་རུང་ངོ་།།

༼སྤྱིར་བཏང་བཟོ་བ་རིག་པ་དེ་དར་མིན་ནི་དེས་བསྐྲུན་པའི་བྱ་དངོས་ཡོད་ཚད་ལ་བརྟགས་ཏེ་བཤད་ན་ཀུན་གྱིས་དེ་ཁས་ལེན་རུང་ངོ་།།༽
རྔ་རྒོད
——-

དེའི་ཕྱིར། རང་རེའི་གངས་ཅན་པའི་ལྗོངས་འདིར་བཟོ་བ་རིག་གནས་འདི་ཧ་ཅང་དར་བའི་རྟགས་དང་མཚན་མ་བདེན་དཔང་སོགས་མང་བོ་ཞིག་ཁོ་བོས་མ་མཐོང་ཡང་། དུང་ཞེན་གྱིས་”ངན་པས་རང་བསྟོད་བྱེད་སྲོལ་”ཙམ་ལས་ཅུང་བརྒལ་ཏེ་རིག་གནས་ཆེ་བ་ལྔའི་ནང་གསེས་ལྷག་པར་བཟོ་བ་རིག་པའི་སྐོར་ཅིག་གླེང་ན། སྤྱིར་བཏང་བཟོ་བ་རིག་གནས་འདི་ལ་གནའ་དེང་གི་ངོས་འཛིན་ཚུལ་ཅུང་མི་འདྲ་བ་རེ་ཡོད་དེ། དཔེར་ན། གནའ་བོའི་ལུགས་སུ་ལུས་བཟོ་ཁོ་ནར་འཇོག་པ་གྲགས་ཆེ་ཞིང་། དེང་སང་ནུབ་ཕྱོགས་ཀྱི་རྩོམ་འགྲོས་དང་བསྟུན་ནས་ལུས་སེམས་ཟུང་དུ་འབྲེལ་བའི་བྱ་དངོས་ཀུན་བསྐྲུན་པའི་རིག་གནས་ཤིག་ཏུ་ངོས་འཛིན་གྱིན་ཡོད།

དེ་ཡང་ཁ་ཇེ་གསལ་དུ་བཏང་ན། གསུམ་སྟེ། ལུས་བཟོ་དང་། ངག་བཟོ་དང་། ཡིད་བཟོ་བཅས་རེད། དང་བོ་ལུས་བཟོ་རིག་པ་ནི་རིག་རྒྱུ་བསྟན་རྒྱུ་ཡོད་པའི་རྡོ་བཟོ་དང་ཤིང་བཟོ་གསེར་བཟོ་སོགས་དེ་དག་བཟོ་བའི་རིག་གནས་ཡོད་ཚད་ལ་གོ་དགོས་སྙམ།
གཉིས་པ། ངག་བཟོ་རིག་པ་ནི། མཐོང་རྒྱུ་མེད་ཀྱང་ཐོས་རྒྱུ་ཡོད་པའི་དབྱངས་ཀྱི་ངོ་བོར་གྱུར་པའི་གསུམ་རྡུང་དང་བཞི་རྡུང་དང་བདུན་རྡུང་སོགས་ཀྱིས་མཚོན།
གསུམ་པ། ཡིད་བཟོ་རིག་པ་ནི། ལྐོག་གྱུར་གྱི་རིག་གནས་ཤིག་སྟེ་དེ་ལ་མཐོང་ཐོས་མེད་མོད། འབྲས་བུ་འབྱུང་སྲིད་པའི་ས་བཅུའི་རྣམ་བཞག་དང་སྐྱེས་བུ་གསུམ་གྱི་ལམ་རིམ་སྐོར། གཞན་ཡང་འཇིག་རྟེན་གྱི་བདེ་སྡུག་གང་རུང་བསྐྲུན་ནུས་པའི་བསམ་བློའི་རིག་གནས་ཡོད་ཚད་འདིར་བསྡུ་ཆོག་མོད། གཙོ་བོར་ལུས་ལ་བརྟེན་ནས་བཟོ་དགོས་པའི་རིགས་ལ་ལུས་བཟོ་དང་གཙོ་བོར་ངག་དང་ཡིད་ལ་བརྟེན་ནས་བཟོ་དགོས་པའི་རིགས་སོ་སོར་སྦྱར་དགོས་སོ།།

འདིར་ཤེས་དགོས་པ་ཞིག་ལ། ཁོ་བོས་འདིར་བོད་ལ་ལུས་བཟོ་རིག་པ་ཞིག་གཏན་ནས་བྱུང་མྱོང་མེད་ཅེས་བསྙད་མེད་དེ། རྒྱུ་མཚན་རང་རེའི་ལོ་རྒྱུས་ཁག་ན། མི་ལ་མིའི་མཚན་ཉིད་ཚང་མ་ཚང་གི་བསྐལ་བ་ཞིག་ཏུ་ནགས་གསེབ་ནས་བོད་མིས་གོས་སུ་ཤིང་ལོ་གྱོན་པ་ནས་འགོ་བརྩམས་ཤིང་། བར་དུ་ཕོ་བྲང་ཡུམ་མཁར་བཞེངས་པའི་དངོས་བྱུང་ལོ་རྒྱུས་དང་འབྲོག་པའི་སྦྲ་ནག་འཐག་པའི་རིག་གནས་སོགས་བྱུང་མེད་ཅེས་མངོན་སུམ་ལ་བསྙོན་འདིང་མི་འོས་སོ།
འོན་ཀྱང་བོད་ལ་བཟོ་བ་རིག་གནས་དེ་དང་ལྷག་པར་ལུས་བཟོ་འདི་དར་མེད་པའི་ལུང་ཡང་དག་དང་རྒྱུ་མཚན་གང་གི་ཕྱིར་མ་དར་བའི་སྐོར་ལ་འདིར་ཅུང་དཔྱད་ན། རང་རེའི་བོད་སྡེ་བ་གཞུང་དམངས་གཉིས་སོས་དལ་དང་བག་ཕེབས་ངང་བསྡད་དེ་དམ་པའི་ཆོས་འདི་ལ་སློབ་གཉེར་བྱེད་བཞིན་པའི་སྐབས་ཏེ། ༡༩༥༩ ལོའི་ཡར་སྔོན་ཞིག་ཏུ་རང་རེའི་བོད་པའི་སྐུ་ཚབ་རྣམ་པ། བཀུར་འོས་ཚད་མའི་སྐྱེས་བུ་རྒྱ་གར་མེས་པོ་དམ་པ་གྷན་ངྷི་མཆོག་ལ་མཇལ་ཏེ་དམ་པ་ཁོང་ལ་ལེགས་སྐྱེས་སུ། ཁ་བཏགས་ཤིག་ཕུལ་བ་ན། ཁོང་གིས་བཀའ་ལན་འདི་འདྲ་ཞིག་གསུངས་ཡོད། ང་ལ་དངོས་པོ་ཆུང་རུང་བོད་པ་རང་གིས་བཟོས་པའི་ཅ་ལག་ཅིག་དགོས་ཞེས་ཐུགས་དགྱེས་བཞིན་ང་ཚོར་གདམས་ངག་ཅིག་བསྩལ་ཡོད་ཀྱང་། རིན་ཐང་བྲལ་བའི་བཀའ་སློབ་དེ་ངེད་ཚོས་ཉམས་ལེན་གྱིས་ཚོད་ལྟ་ཙམ་ཡང་མ་བགྱིས་པ་ནི་ཡིད་ཕངས་པ་ལ། དེ་མཚུངས་སུ་རྒྱ་གར་ཚང་མས་མོའི་མཚན་ལ་མ་ཡུམ་ཆེན་མོར་འབོད་པ་༼དངོས་མིང་ལ་ མཱ་ཐར་ཨ་མིར་ཊར་ནམ་ཊན་མ་ཡེ་སྒྲ་ཡེ ༼Mata Amritandamayi Devi༽ རྒྱ་གར་ཡོངས་གྲགས་ཀྱིས་མོའི་མཚན་ལ་མིང་གཞན་དུ་ཨ་མ་ཞེས་འབོད་པ་འདི་ལ་བརྟགས་ན་ཨ་མ་ཞེས་པའི་ཚིག་འདི་ཡང་རྒྱ་བོད་ཐུན་མོང་གི་བརྡ་རྙིང་ཞིག་ཡིན་པར་རྟོགས།༽ མོའི་འཁྲུངས་སྐར་ལ་རྒྱལ་ཁབ་བརྒྱ་ལྷག་གི་མི་སྣ་འཛོམས་སྐབས། ངའི་བློས་ཐུབ་ཀྱི་གྲོགས་པོ་རྨ་ཆུའི་བྱམས་པ་མཆོག་ཀྱང་བརྩེ་བའི་ཨ་མ་མཆོག་གི་འཁྲུངས་སྐར་ལ་ཕེབས་པའི་སྐལ་བ་བྱུང་བས། གྲོགས་བྱམས་པ་མ་སོང་སྔོན་དུ་ངེད་གཉིས་ཀྱིས་ནང་ཚགས་ཀྱི་གྲོས་མོལ་ཁ་བརྡ་ཞིག་བྱས། གྲོགས་བྱམས་པས་ལེགས་སྐྱེས་དངོས་པོ་གསུམ་གྲ་སྒྲིག་བྱས་འདུག

དེ་ནི། ཁ་བཏགས་དང་། འུར་རྡོ་དང་། ཏ་ལེན་གསུམ་རེད། ངས་དེའི་སྐོར་ལ་ཅིག་བཤད་ཡོད། ངས་འདི་འདྲ་ཟེར་བ་ཡིན། ཁ་བཏགས་ནི་བོད་པས་བཟོས་པ་མིན་པས། གྷན་ངྷི་ནང་ལྟར་མཁྱེན་ལྡན་མ་ཡང་ཐུགས་དགྱེས་མིན་ཐེ་ཚོམ་དང་། འུར་རྡོ་ནི་མཚོན་ཆའི་ཁོངས་སུ་གཏོགས་པས་བྱམས་བརྩེའི་ཨ་མ་ཞིག་ལ་ལེགས་སྐྱེས་སུ་མི་འོས་སྙམ་པའི་བསམ་ཚུལ་བཏོན། འོན་ཀྱང་ཁོ་བོས་ཏ་ལེན་དེ་ནི་བོད་པ་རང་གིས་བཟོས་པས། ཕྱོགས་གང་ནས་བལྟས་ན་བརྩེ་བའི་མ་མ་མཆོག་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་སྲིད་ཅེས་ལབ་མཐར། གྲོགས་བྱམས་པ་རང་གིས་ཐག་བཅད་དེ། ཏ་ལེན་དང་ཁ་བཏགས་གཉིས་ཨ་མ་མཆོག་ལ་ཕུལ་བས། དམ་པ་མོས་ཀྱང་བོད་ཀྱི་ཏ་ལེན་ལ་ལྷག་པར་ཐུགས་དགྱེས་པའི་ལོ་རྒྱུས་ཐོས།

གང་ལྟར་བོད་ལ་བཟོ་རིག་འདི་མ་དར་བའི་རྒྱུ་རྐྱེན་དེ་ཡང་བཙན་པོའི་སྐབས་ནས་བྱུང་ཡོད་ལ། དར་ན་ཡང་བཙན་པོའི་སྐབས་སུ་ཁོངས་གཏུགས་དགོས་པ་ཞིག་ཀྱང་རེད་འདོད། དཔེར་ན། རྒྱ་བལ་གཉིས་ནས་རྫོངས་པར་གནངས་པའི་སྐུ་བརྙན་རེ་རེའི་གཟི་བརྗིད་ཀྱིས་དང་། བལ་བོ་མཁས་པའི་ལག་རྩལ་ལས་བསྐྲུན་པའི་གཙུག་ལག་ཁང་གི་འབུར་བརྐོས་ཀྱི་ཁྱད་ཆོས་སོགས་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་བསྟོད་བསྔགས། ཕུལ་བྱུང་གི་མི་སྣ་ངོས་འཛིན་བགྱིས་ཕྱིར། འདི་ལ་བལྟས་ན། བོད་པ་རང་གི་ལག་རྩལ་བ་ཚོ་རང་བཞིན་གྱིས་བག་འཁུམ་དགོས་བྱུང་ཡོད། དེང་སང་གི་སྐད་དུ་དེ་ལ་སེམས་ཤུགས་ཆགས་ཟེར།
མདོར་དེད་ན། སྐད་ཆ་འདི་འོང་དགོས་དོན་ནི། མཐའ་ན་བོད་ཀྱི་ཚེ་སྲོག་དང་འབྲེལ་བའི་ཆོས་ཀྱི་ཅ་ལག་ཀྱང་བོད་པ་རང་གིས་བཟོ་བཏུབ་ཀྱིན་མི་འདུག་སྙམ་སོང་། རྒྱུ་མཚན། ཁོ་བོ་ཟླ་སྔོན་མའི་ནང་དུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་འབོད་པའི་ནང་དུ་བོད་ཁྲོམ་ཟེར་བ་ཞིག་ཡོད་པས། དེར་ཆེད་དུ་ལྟད་མོར་སོང་བ་ཡིན། ཆོས་ཀྱི་ཅ་དངོས་དག་ཉོ་མཁན་ནི་བོད་པ་ལས་རྒྱ་རིགས་སྲིད་པ་ཙམ་མོ།། ཆོས་ཀྱི་ཅ་དངོས་བཟོ་མཁན་དང་འཚོང་མཁན་ནི་རྒྱ་རིགས་ལས་བོད་པ་ཞིག་ཡོད་ཚོད་མི་འདུག
ངོ་མ་བཤད་ན། དཔུང་རྒྱན་དང་རླུང་རྟ་དང་། མ་ཎི་འཁོར་ལོ་སོགས་ཀྱི་བཟོ་གྲྭ་ཞིག་ནི་ང་ཚོས་ཀྱང་བསྐྲུན་འོས་མོད། དེ་ཡང་འཁྱོངས་ཀྱིན་མི་འདུག་པས། ང་རང་བཏང་སྙོམས་ཀྱི་ཚོར་བ་ཞིག་གིས་དེད་དེ་བཟི་བཞིན་ཡོད་པས། ཚོར་བ་དང་སྨྱུག་ཁ་སོ་སར་གྱེས་བཞིན་པས། འདིར་མཚམས་འཇོག་དགོས་བྱུང་།

ཞེས་རྔ་རྒོད་ཀྱིས་༢༠༡༤/༣/༡༢ དབྱིན་ཡུལ་ནས།།

རྩོམ་རིག

Post navigation

Previous Post: དེ་སྒེར་གྱི་གདམ་ག་ཙམ་མ་རེད།
Next Post: ཚོར་སྣང་།

Comments (3) on “བརྟགས་ཏེ་བཤད་ན་ཀུན་གྱིས་དེ་ཁས་ལེན་རུང་ངོ་།།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-03-12 at 7:43 am

    བོད་ལ་སྔར་བཟོ་རིག་པ་མེད་པ་ག་ལ་ཡིན། དཔེར་མཚོན་ཙམ་ཞུས་ན། རྒྱལ་རོང་གི་རྡོ་ཁང་དེ་དག་ལ་ལྟོས་དང་། པོ་ཏ་ལའི་རྡོ་གྱང་ལ་གཟིགས་དང་། རང་བྱུང་ཁམས་ལས་ཡོང་ཞིང་སླར་ཡང་རང་བྱུང་ཁམས་ལ་འཐིམས་ཀྱིན་ཡོད། དེ་ལས་ལྡོག་ནས་དེང་སྐབས་ཨར་འདམ་གྱི་གནོད་པས་གང་སར་ཁྱབ་ཡོད། ཡིན་ནའང་། དེང་སྐབས་ངོ་མ་དེ་འདྲ་ཞིག་རེད། དེའང་གཞན་མ་ཡིན་པར་གུང་ཁྲན་ཏང་གིས་གཡོག་འགྱུར་སློབ་གསོ་སྤྲད་ཡོང་བའི་མཇུག་འབྲས་རེད། དཔེར་ན། བོད་པ་ཞིག་སློབ་གྲྭར་འགྲིམས་པ་ནི་སྐད་ཡིག་ཆད་ཆོད་ཅིག་གི་ལམ་རེད་མ་གཏོགས་ལག་རྩལ་གྱི་ལམ་ཁ་ཡོད་པ་མ་རེད་ལ། ཅ་དངོས་གསར་བཏོད་ཀྱི་རིགས་ལམ་སྤྱོད་ཡུལ་མེད་པར་གྱུར་ཡོད་པས་རེད།

  2. གནམ says:
    2014-03-12 at 8:20 am

    ལག་པར་ཚལ་སྒྱོག་ཞིག་བརྒྱབས་ནས། ཁ་ལ་རྭ་ནུ་ཞིག་ནུས་འི་ལ་བཅུག་ན། དེ་ནས་བོད་ལ་དར་ཡོད་པའི་ཡོད་ཚོད་ཀྱི་བཟོ་རྩལ་རྣམས་རེ་རེ་བྱས་ནས། མྱིག་མཐོང་ལག་ཟུན་ཡོང་གི་རེད། དེ་མིན། ཧེབ་མྱི་ལ་ལངས་ནས། སོ་སོས་ཅི་འཇོན་པ་དང་། སོ་སོ་ལ་ག་རེ་ཡོད་པ་རིག་གི་མ་རེད།

  3. བསམ་ཤེས། says:
    2014-03-12 at 8:37 pm

    རྔ་རྒོད་ལགས།

    ངའི་ཉིན་ཐོ་འདི་ལ་གཟིགས་དང་།

    ༡༩༨༤ཟླ་བ་༡༠པའི་ཚེས་༡༩།

    ཉིན་ཐོ་བྲིས་མ་སྒྱིད་པར་ཉིན་མ་བཅུ་ཙམ་འགྲོ་གི་འདུག ད་རང་ཞོགས་པ་ཇ་འཐུང་སྐབས་ཤིང་ཕོར་དེ་ནས་ཁ་ཏིག་གི་བྲོ་བ་སླེབ་ཀྱི་འདུག བོད་པའི་ཆུ་མཐོང་མྱོང་མེད་པའི་དངོས་པོ་དེ་ཚོར་ཕལ་ཆེར་བྱིན་རླབས་ཞུགས་པ་ཡིན་སྲིད། སྐྱོག་དང་ཆུ་རུམ་མ། ༼འཐུང་ཆུའི་གསོག་བྱེད་ཀྱི་ཟངས་སྣོད།༽ཀ་ཏོ་ར། ཁོག་ཏིར། རྩམ་ཕོར། ཤིང་གི་མར་སྐགས། གཙུག་ཕྲུག གདན། ཕྱུ་པ། དོར་ན་བོད་པས་བཟོས་པའི་ཉིན་ལྟར་བེད་སྤྱོད་གཏོང་བའི་རྒྱུན་མཁོའི་དངོས་པོ་དེ་ཚོ་དཀྲུ་བའི་གོམས་གཤིས་མེད་པས། ངས་ཀྱང་ཇ་བཏུང་ནས་ཤིང་ཕོར་དེ་རས་ཀྱིས་དབྱི་བར་བརྩམས་པས་ན། དོན་དངོས་རས་གཙང་མ་ཞིག་ཀྱང་བརྙེད་པར་ཁང་པའི་སྦུག་ནས་མདོ་བར་ལ་ཡར་རྒྱུག་མར་རྒྱུག་ཐེངས་གསུམ་ཙམ་བྱ་དགོས་ཐུག ཁང་པའི་ནང་ལ་ཡོལ་ཆབ་ཀྱི་དངུལ་རྟིང་རྣམས་འབྱིད་ཆེད་ཀྱི་རྟིང་རས་ཕར་ཕུད་རས་གཙང་མ་ཞིག་མིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme