Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་ནིང་གི་དབུས་མཇལ། གསུམ་པ།

Posted on 2014-03-092014-03-12 By ཁ་བརྡ་ 9 Comments on ན་ནིང་གི་དབུས་མཇལ། གསུམ་པ།

པད་མ་འབུམ།
———-

རྒྱ་བཟའ་འབྱོར་སྟོན།
རྒྱ་བཟའ་འབྱོར་སྟོན།

དངོས་ལྗོངས་འཁྲབ་སྟོན་ཟེར་བ་ནི། འཁྲབ་གཞུང་ཆེན་མོ་ཞིག་ཟློས་གར་འཁྲབ་སྟོན་ཚོམས་ཁང་ཆེན་མོ་ཞིག་གི་འཁྲབ་སྟེགས་སྟེང་ལ་འཁྲབ་སྟོན་བྱས་པ་མིན་པར། ཡུལ་ལྗོངས་ཤིག་གི་དུམ་བུ་ཞིག་གར་སྟེགས་སུ་བཅོས་ནས་དེའི་སྟེང་དུ་འཁྲབ་སྟོན་བྱེད་པའི་གསར་དུ་དར་བའི་འཁྲབ་སྟོན་གྱི་རིགས་ཤིག་རེད། འཁྲབ་སྟོན་འདིའི་རིགས་རྒྱ་ནག་ནང་ཁུལ་དུ་དར་ནས་ལོ་ཤས་སོང་ཡོད་སྐད། ལྷ་ས་ལ་ཡང་ན་ནིང་ནས་འཁྲབ་སྟོན་གྱི་རིགས་དེ་སླེབས་འདུག

ལྷ་སའི་དངོས་ལྗོངས་འཁྲབ་སྟོན་གྱི་འཁྲབ་ཡུལ་ནི་པོ་ཏ་ལའི་དྲང་ཐད་ཀྱི་སྐྱིད་ཆུའི་ཕར་ཁའི་རི་འདབས་རེད།   དེ་ན་བོད་ལུགས་ཀྱི་ཁང་བརྩེགས་དམར་པོ་མཐོན་པོ་ཞིག་གསར་དུ་བཞེངས་སྐྲུན་བྱས་ཡོད་པ་དང་།  ཁང་བརྩེགས་དེའི་རྒྱབ་ལོགས་ནི་རི་འདབས་ཡིན་ལ་དེར་འཁྲབ་སྟོན་བྱེད་ས་བསྐྲུན་ཡོད།  རི་དེ་གཉན་རི་ཞིག་ཡིན་ཏེ་ས་གནས་མི་དམངས་ནས་རི་དེའི་རི་འདབས་ལ་ས་རྐོ་རྡོ་སློག་གིས་འཁྲབ་སྟོན་བྱེད་ས་མི་བསྒྱུར་བའི་རེ་འབོད་བྱས་ཀྱང་མ་ཕན་པ་རེད་ཟེར།

IMG_4749
དངོས་ལྗོངས་འཁྲབ་སྟོན་བྱེད་སའི་མདུན་གྱི་ཁང་བརྩེགས་དམར་པོ།

 

འཁྲབ་སྟོན་བྱེད་ས་དེ་ལ་མ་རྩ་འཛུགས་མཁན་ནི་ཡུན་ནན་གྱི་རྒྱ་མི་ཕྱུག་པོ་ཞིག་ཡིན་སྐད་ལ།  ལྷ་སའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཆོས་གྲགས་ཟེར་བ་དེའི་ངོ་ཤེས་ཤིག་ཡིན་པ་དང་།  འཁྲབ་སྟོན་བྱེད་ཡུལ་དེ་ཟླ་བ་དགུ་ཙམ་གྱི་ཡུན་ལ་གྲུབ་པ་དེ་མི་རྣམས་ཀྱིས་སྐྲུན་ཚད་མགྱོགས་པོར་ངོས་འཛིན་བྱེད་ཀྱི་འདུག  རྒྱ་མི་ཕྱུག་པོ་དེས་འཁྲབ་ཡུལ་བཟོ་སྐྲུན་བྱེད་པར་རྒྱ་སྒོར་དུང་ཕྱུར་གཅིག་ཙམ་བཏང་ཡོད་པ་དང་ད་ལྟ་མ་རྩ་དེ་ཚུར་འཁོར་ཐུབ་མིན་སེམས་ཁྲལ་གྱི་གནས་སུ་གྱུར་ཡོད་ཚུལ་བཅས་ཀྱི་གཏམ་འདི་དག་ནི་ཁྲོམ་གཏམ་ཙམ་ལས་ཁུངས་ལྡན་ཡིན་མིན་མི་ཤེས་སོ།

 

དངོས་ལྗོངས་འཁྲབ་སྟོན་བྱེད་ཡུལ་མདུན་ནས་མཇལ་བའི་པོ་ཏ་ལ།
དངོས་ལྗོངས་འཁྲབ་སྟོན་བྱེད་ཡུལ་མདུན་ནས་མཇལ་བའི་པོ་ཏ་ལ།

ན་ནིང་ལོ་སྟོད་ལ་ངས་ལྷ་ས་ན་པོ་ཏ་ལ་ངོ་མའི་ཁ་གཏད་དུ་པོ་ཏ་ལ་གཞན་པ་ཞིག་བཞེངས་ཀྱི་ཡོད་པའི་གཏམ་ཡན་ཞིག་ཐོས།  དེ་ཡིན་རྒྱུ་ནི་འཁྲབ་སྟོན་བྱེད་ཡུལ་འདིའི་ཁང་བརྩེགས་དམར་པོ་འདི་བརྗོད་ཀྱི་ཡོད་པ་འད།  ཁང་བརྩེགས་འདིའི་མདུན་ལ་སླེབས་ན་རྒྱུ་རྐྱེན་གང་ཡིན་བཤད་མི་ཤེས་ཀྱང་།  པོ་ཏ་ལ་སེམས་ངོར་འདྲེན་པ་དེ་བདེན་པ་རེད།  ཡིན་ན་ཡང་འདི་པོ་ཏ་ལ་གཞན་པ་ཞིག་གི་ཚུལ་དུ་བརྗོད་པ་ནི་རྗོད་ཐལ་ཤོར་བ་ཡིན་པ་དེ་ཡང་བདེན་པ་རེད།  པོ་ཏ་ལ་ཡི་རྡོ་སྐས་སྟེང་ནས་བལྟས་ན་དངོས་ལྗོངས་འཁྲབ་སྟོན་བྱེད་སའི་ཁང་བརྩེགས་མཐོན་པོ་འདི་མིག་ལམ་དུ་གསལ་ལེར་ཡོད་ལ།  ཁང་བརྩེགས་དམར་པོ་འདིའི་མདུན་གྱི་རྡོ་སྐས་སྟེང་ནས་བལྟས་ན་པོ་ཏ་ལ་མིག་ལམ་དུ་གསལ་ལེར་བརྗིད།

 

དངོས་ལྗོངས་འཁྲབ་སྟོན་གྱི་འཁྲབ་སྟེགས།
དངོས་ལྗོངས་འཁྲབ་སྟོན་གྱི་འཁྲབ་སྟེགས།

ལྷ་སའི་དངོས་ལྗོངས་འཁྲབ་སྟོན་འཁྲབ་གཞུང་ནི་རྒྱ་བཟའ་ཀོང་ཇོ་རེད།  འཁྲབ་སྟོན་འདིའི་ཁྱབ་བསྒྲགས་དང་འཛིན་བྱང་བཙོང་ས་ནི་བར་སྐོར་དང་པོ་ཏ་ལའི་ཁོར་ཡུག་བཅས་འདུ་འཛི་ཆེ་ས་ཚང་མ་ན་འདུག  འཛིན་བྱང་རིན་གོང་དམའ་ཤོས་ནི་རྒྱ་སྒོར་སུམ་བརྒྱ་ལྷག་དང་མཐོ་ཤོས་སུམ་སྟོང་ལྷག་ཡིན་སྐད།  གོང་འཁྲབ་འཁྲིད་པ་ནས་བཟུང་འོག་གི་ཞབས་བྲོ་བ་མང་ཆེ་བ་བོད་པ་རེད།  འཁྲབ་སྟོན་དེ་འཁྲབ་སྟོན་བྱེད་པ་ལ་འཁྲབ་སྟོན་པ་མི་གྲངས་བདུན་བརྒྱར་ཉེ་བ་ཡོད་པ་དང་།  འཁྲབ་མཁན་གཙོ་བོ་རྣམས་ཆེད་ལས་པ་ཡིན་པ་མ་གཏོགས།  དེ་བྱིངས་མང་ཆེ་བ་རི་འདབས་དེའི་ཞིང་པ་རྣམས་རེད།  རི་འདབས་དེའི་ས་ཞིང་རྣམས་དངོས་ལྗོངས་འཁྲབ་སྟོན་བྱེད་སར་ཤོར་བ་དང་།  དེའི་ཞིང་པ་མང་པོ་འཁྲབ་སྟོན་པར་གྱུར་བ་རེད་ཅེས་ཐོས།

 

འཁྲབ་སྟེགས་དང་ལྟད་མོ་བ་འདུག་ས།
འཁྲབ་སྟེགས་དང་ལྟད་མོ་བ་འདུག་ས།

འཁྲབ་སྟོན་འདི་ལ་མི་ཡི་འཁྲབ་མཁན་ལོས་དགོས།  དུད་འགྲོའི་འཁྲབ་མཁན་ཡང་དགོས།  རྒྱ་བཟའ་ཀོང་ཇོ་བོད་ས་ལ་འབྱོར་བ་ན་སྒོ་ཕྱུགས་འཚོ་སྐྱོང་དང་རྟ་རྒྱུགས་བྱེད་པ་བཅས་ཀྱི་ཚན་དུ་མ་ཞིག་དགོས་པ་ལ།  དེའི་སྐབས་ཀྱི་ནོར་ལུག་དང་རྟ་རྣམས་ནི་དུད་འགྲོ་ངོ་མ་རེད།  ནོར་ལུག་དང་རྟ་དེ་དག་ཀྱང་འཁྲབ་སྟོན་དེའི་ཆེད་དུ་གསོ་ཉར་དང་སྦྱོང་བརྡར་བྱས་ཡོད་པ་དང་།  དེ་ཚོ་འཚོ་སྐྱོང་བྱེད་པ་ལ་ཆེད་དུ་མི་གླས་ཡོད་པ་རེད་ཟེར།

 

རྒྱ་བཟའ་བོད་ལམ་དུ།
རྒྱ་བཟའ་བོད་ལམ་དུ།

དངོས་ལྗོངས་འཁྲབ་སྟོན་གྱི་འཁྲབ་གཞི་རྒྱ་བཟའ་ཀོང་ཇོ་ཡིས་རྒྱ་བོད་གཉིས་ཀྱི་གཉེན་མཐུན་གྱི་ལོ་རྒྱུས་ཀྱི་དུམ་བུ་དེ་སྟོན་པ་ལོས་ཡིན་ཏེ།  དེ་དང་མཚུངས་སུ་འཁྲབ་འཁྲིད་པས་འཁྲབ་གཞུང་འདི་བརྒྱུད་ནས་སྒང་པ་བོད་ཀྱི་ཡུལ་ཁམས་སྤྱི་དང་།  བྱེ་བྲག་གི་ཡུལ་ཁམས་སོ་སོའི་འཚོ་བ་སྐྱེལ་སྟངས་བཅས་སྟོན་ཐབས་བྱས་ཡོད་པ་དང་།  སྲོང་བཙན་སྒམ་པོའི་དུས་སྐབས་ཙམ་མ་ཡིན་པར།  དུས་ཕྱིས་སུ་ལོ་རབས་བརྒྱ་ཕྲག་དུ་མའི་ནང་ལ་རིམ་གྱིས་བོད་ཀྱི་སྲོལ་རྒྱུན་དང་རིག་གཞུང་གི་ངོ་བོར་གྲུབ་པའི་སྣང་ཚུལ་མང་པོ་ཞིག་ཀྱང་སྲོང་བཙན་སྒམ་པོའི་སྐབས་ཀྱི་སྣང་ཚུལ་ཞིག་ཡིན་པ་ལྟར་འཁྲབ་གཞུང་གི་ནང་དོན་ཆ་ཤས་སུ་གྱུར་ཡོད།

 

རྒྱ་བཟའ་བོད་ལ་འབྱོར་བའི་སྟོན་མོ།
རྒྱ་བཟའ་བོད་ལ་འབྱོར་བའི་སྟོན་མོ།

དེ་ལ་མངོན་གསལ་གྱི་དཔེ་བརྗོད་ཅིག་ནི་ཕོ་བྲང་པོ་ཏ་ལ་ཡིན།  ད་ལྟ་ང་ཚོས་མཇལ་ཐུབ་པའི་ཕོ་བྲང་པོ་ཏ་ལ་ནི་སྲོང་བཙན་གྱི་རྗེས་སུ་ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་རིང་ལ་རྒྱ་སྐྱེད་བྱས་པ་དེ་ཡིན་པ་སྲོང་བཙན་སྐབས་ཀྱི་པོ་ཏ་ལ་ནི་མིན།  ཡིན་ན་ཡང་འཁྲབ་སྟོན་འདིའི་ནང་དུ་རྒྱ་བཟའ་ལྷ་སར་འབྱོར་སྐབས་ཀྱི་པོ་ཏ་ལ་ནི་དེང་སང་གི་པོ་ཏ་ལ་འདི་ཡིན།  འདི་ནི་འཁྲབ་འཁྲིད་པས་མ་མཁྱེན་པ་ག་ལ་ཡིན་ཏེ།  ཁོང་གིས་མཁྱེན་བཞིན་དུ་རྒྱ་བཟའ་ཀོང་ཇོ་ཞེས་པའི་འཁྲབ་སྟོན་འདི་རྒྱུད་ལམ་བྱས་ནས་རྒྱ་ནག་གི་ལྟད་མོ་བ་(ལྟད་མོ་བ་མང་ཆེ་བ་རྒྱ་མི་ཡིན་སྐད་ལ།  ང་འཁྲབ་སྟོན་དེ་ལ་བལྟ་རུ་སོང་བའི་དགོང་མོ་ཡང་ལྟད་མོ་བ་མང་ཆེ་བ་རྒྱ་མི་རེད།)ལ་རྣམས་ལ་རྒྱ་ཆེ་བའི་སྒང་བ་བོད་ཀྱི་ཡུལ་ཁམས་དང་སྲོང་བཙན་གྱི་དུས་ལས་ལྡབ་འགྱུར་གྱིས་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གཞུང་ཞིག་སྟོན་པའི་འབད་བརྩོན་གནང་ཡོད།

 

ངས་འཁྲབ་སྟོན་ལ་ལྟ་བཞིན་པའི་སྒང་ལ་ཁ་བ་འབབ་འགོ་ཚུགས་ཏེ་ང་ཡ་མཚར་སོང་།  ལྷ་སར་དབྱར་གཞུང་ལ་ཡང་ཁ་བ་འབབ་པ་ཡིན་ནམ།  ངས་དེ་ལྟར་བསམ་པའི་སྐབས་ལ་འཁྲབ་སྟེགས་སྟེང་ན་ཡང་འབབ་བཞིན་པ་མཐོང་།  དངོས་ལྗོངས་འཁྲབ་སྟོན་ནི་དངོས་ལྗོངས་འཁྲབ་སྟོན་རང་རེད།  གར་སྟེགས་སྟེང་གི་དགུན་ཁའི་གངས་ལྗོངས་དེ་ལྟད་མོ་བའི་མིག་གི་བལྟ་བྱ་ཙམ་མ་ཡིན་པར་ལུས་ཀྱི་ཚོར་བར་བསྒྱུར་ཐབས་བྱས་འདུག

 

༼གསལ་བཤད། གཤམ་གྱི་འབྲེལ་ཐག་ཏུ། དྲན་ཐོའི་ཚན་པ་དང་པོ་དང་གཉིས་པ་གཉིས་ཡོད།༽

ན་ནིང་གི་དབུས་མཇལ། དང་པོ།

ན་ནིང་གི་དབུས་མཇལ། གཉིས་པ།

དྲན་ཐོ།

Post navigation

Previous Post: སྙན་གཞུང་ར་མ་ལུག
Next Post: ང་རོ།

Comments (9) on “ན་ནིང་གི་དབུས་མཇལ། གསུམ་པ།”

  1. དྲན་དཀར་དཔལ་ཡོན་ says:
    2014-03-09 at 2:15 pm

    མུ་མཐུད་ནས་ཡིན་ད་ལེགས། མུ་མཐུད་ནས་བལྟ་འདོད་ཡོད་ལགས། བོད་ནང་དུ་གཏེར་ཁ་བསྔོག་གི་འདུག་ཅེས་མང་པོ་ཐོས་མྱོང་། རྒྱ་མི་ཤ་ཚ་ཉེ་དུ་དེ་དང་བཅས་པའི་རུས་དེ་ཅན་དང་། དབང་ཤུགས་དེ་ཅན་པོས་གཡོ་ཐབས་སམ་ཇུས་དེ་བརྒྱུད་ནས་བོད་མིང་འདི་ཅན་དང་ཤ་ཚ་ཉེ་རུང་དེ་ཅན་བརྒྱུད་ནས་གསེར་བརྐོ་རྡོ་བསློག་བྱས་ཚུལ་ད་སྔོན་གོ་མ་མྱོང་། འོ་དེ་བརྫོས་ར་ཇེ་ཡག་རེད། མྱི་རྒས་ན་ཡུལ་དྲན་གི མུ་མཐུད་ཡིན་ད།

  2. དགེ་རབ་ says:
    2014-03-09 at 7:46 pm

    འདི་འདྲའི་འཁྲབ་གཞུང་ཞིག་འཁྲབ་བཞིན་ཡོད་པ་དེ་རིང་མ་གཏོགས་གོ་མ་བྱུང་། རཀ་ར་རིན་པོ་ཆེའི་དགེ་ཆོས་ཀྱི་རྣམ་ཐར་ན། ཀླུ་སྒྲུབ་དགོངས་རྒྱན་གྱི་མཆོད་བརྗོད་ཚིགས་བཅད་དེ་སྲོང་བཙན་དང་འབྲེལ་བའི་ཟློས་གར་ཞིག་འབྲི་ཆེད་དུ་ཁོང་ལ་གནང་སྐོར་གསུངས་འདུག དེ་ཡང་ཟློས་གར་གྱི་མཚན་ཡང་འདི་ལྟར། “རྒྱ་གར་སྐད་དུ། ཅིནྱཀུམཱརིཨབྷིཛྙཱནནཊྚཀཿ བོད་སྐད་དུ། རྒྱ་མོ་བཟའ་མངོན་པར་ཤེས་པའི་ཟློས་གར།” ཞེས་གསུངས་འདུག འཁྲབ་གཞུང་འདིའི་ཡིག་ཆ་ཡོད་མེད་མཁྱེན་མཁན་ཡོད་དམ། དགེ་ཆོས་ལའང་གཏམ་རྒྱུད་འདི་འཁྲབ་པའི་དགོངས་པ་ཞིག་འཁོར་ཡོད་པ་འདྲ།

  3. སྤོབས་པ་མཐའ་ཡས། says:
    2014-03-09 at 10:24 pm

    གོང་དུ་དགེ་རབ་ལགས་ཀྱིས་གསུངས་པའི་རཀ་རའི་རྒྱ་བཟའི་འཁྲབ་གཞུང་གི་མཚན་བྱང་དེ་ལས་འཕྲོས་པ་ཡིན། ངས་ལེགས་སྦྱར་ཚིག་ཁ་ཤས་ལས་མི་ཤེས་མོད། ཅིནྱཀུམཱརིཨབྷིཛྙཱནནཊྚཀཿ ཟེར་བའི་ནང་གི་ཅིནྱ་རྒྱ་ནག་གི་ཞེས་པའི་སྐད་དོད་དང་། དེ་ནས། ཀུ་མ་རི་དེ་བཟའི་སྐད་དོད་ཡིན་ངེས་པ་རེད། ཡིན་ན་ཡང་། ངའི་ལེགས་སྦྱར་གྱི་ཤེས་ཚད་ལྟར་ན། ཀུ་མ་རི་ཞེས་པ་དེ་གྲོང་ཆོས་ཀྱིས་མ་གོས་པའི་བུ་མོ་ལ་འཇུག་ཚུལ་ཞིག་གོ་མྱོང་། བལ་ཡུལ་སོགས་སུ་ལྷ་ཕབ་པའི་རྟེན་དུ་རུང་བའི་བུ་མོ་གཞོན་ནུ་མ་ལ་ཀུ་མ་རི་ཞེས་པ་ལྟ་བུ་གོ་མྱོང་། རྒྱ་བཟའི་སྐད་དོད་ལ་ཅིནྱཀུམཱརི་ཞེས་འཐད་པ་ཡིན་མིན་སྐོར་ལ་ལེགས་སྦྱར་མཁྱེན་མཁན་ཞིག་གིས་དོག་གཅོད་ཅིག་མཛད་རོགས། ཐུགས་རྗེ་ཆེ།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-03-09 at 11:22 pm

    སློབ་དཔོན་ཟབ་གདོང་རིན་པོ་ཆེས། རྒྱ་གར་ནས་བོད་ལ་ནང་ཆོས་དར་ཐུབ་ཡོད་ན་ཡང་། ཟློས་གར་གྱི་བསྟན་བཅོས་དར་ཐུབ་མེད་གསུངས་འདུག་པས། གསུང་དེ་ཡི་དོན་གང་ཡིན་ནམ། ལགས།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-03-09 at 11:42 pm

    ཀོང་ཇོ་བོད་ལ་འབྱོར་ཡུན་རིང་བ་དེ་ལ་དྭོགས་གནད་ཅིག་འདུག ཀོང་ཇོ་བསུ་དུས་བོད་ཙམ་མིན་པར། རྒྱ་གར། ཧོར་སོག ཏ་ཟིག་གསུམ་གྱིས་ཀྱང་། འགྲན་ནས་བཙུན་མོར་ཐོབ་པའི་བགོད་བྲོ་བའི་སྒྲུང་མང་པོ་ཡོད་པ་དག བཙན་པོ་སྲོང་བཙན་གྱིས་ཀོང་ཇོ་དམག་སྟོབས་ཀྱིས་ལེན་པ་ལ། ལོ་རྒྱུས་དེ་སུབ་ཕྱིར་བྱས་པ་རེད་ཅེས་པའི་ཁ་རྒྱུན་ཅིག་གོ་བྱུང་བ་དེ། བདེན་པར་སྣང་བས་དཔྱད་པར་འཚལ།

  6. གཅོད་པ། says:
    2014-03-10 at 6:35 am

    ཙིནྱ་ནི་རྒྱའི་དོན་དང་། ཀུམཱརཱི་ནི་བོད་སྐད་དུ་གཞོན་ནུ་མའི་དོན། རྒྱའི་གཞོན་ནུ་མ་མངོན་པར་ཤེས་པའི་ཟློས་གར་ཞེས་པའི་དོན་རེད།
    སྤོབས་པ་མཐའ་ཡས་དང་དགེ་རབ་སོགས་ནས་མངོན་པར་ཤེས་པ་ཞེས་པའི་དོན་ཤེས་སམ
    དོགས་པ་ཡིན

  7. ཁྲི་གཡུང་དྲུང་། says:
    2014-03-11 at 11:58 pm

    ཨ་ཁུ་པད་མ་འབུལ་ལགས་ལ་ངོ་སོ་བསྟོད། བཀླགས་ཟིན་པ་ཡིན།

  8. དཔལ་དོན། says:
    2014-03-12 at 4:00 am

    འོ་ལེ། འདི་རུ་འདི་ནས་པོ་ཏྰ་ལའི་མདུན་ནས་པོ་ཏྰ་ལ་བཟོས་སོང་ཟེར་ནས་ཆེ་དྲག་ཉམས་ཞིབ་པ་རྣམས་པས་གསུངས་སོང་ད། ད་ཡིན་ན་འདི་རེད།

  9. ཤར་པ་ says:
    2014-03-12 at 5:29 am

    ད་ཡིན་ད་ཁྱི་རྒན་རྒྱ་འདྲེ་དམར་པོས་བོད་གང་ཅན་ལྗོངས་ཀྱི་སྣོད་བཅུད་མི་རིགས་དང་བཅས་པ་རྩ་མེད་བཟོ་ཚུལ་སོགས་གསལ་པོ་བྲིས་ཤོག་ཨ་ཉེ་བའི་བུ་ཆུང་པདྨ་ལགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme