Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བགྲེས་པོའི་འབེལ་གཏམ།

Posted on 2014-03-052014-03-05 By ཁ་བརྡ་ 6 Comments on བགྲེས་པོའི་འབེལ་གཏམ།

ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།

unnamed-2

བགྲེས་པོའི་སྔོན་གླེང་མཐུན་འབྲེལ་དྲུང་མུའི་དགའ་འཁྱིལ།

སྲིད་པ་ས་ཆགས་ཀྱི་དུས་ནས་བཟུང་འགྲོ་བ་མི་ཡི་ཁྱིམ་ཚང་ཆེན་པོ་འདིར་གྲགས་པའི་ཐ་ཚིག་གཅིག་ནི། སྤྱི་ཚོགས་ཕན་བདེའི་གཞི་རྩ་སྟེ། མཐུན་འབྲེལ་དང་ཞི་བདེ་ཞེས་སུ་སྨོས་པར་ཟློས་ཅི་དགོས། ཇི་ལྟར་འགྲོ་བ་མི་ཡི་འདུ་ཤེས་གྲུབ་པ་དང་ལྷན་དུ་བཟང་ངན་གྱི་ཚོར་འདུ་སྣ་ཚོགས་ཤིག་ཀྱང་ཆགས་ཡོད་སྟབས། དེས་ན་བྱམས་སྙིང་རྗེས་གཙོས་ཡ་རབས་ཀྱི་ཀུན་སྤྱོད་ཀྱང་རང་བཞིན་གྱིས་སྐྱེ་བོ་སོ་སོའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པ་ནི་སུས་ཀྱང་འགོག་ཏུ་མེད་པ་ཞིག་རེད། གནམ་འོག་གི་ཆོས་ལུགས་དང་གྲུབ་མཐའ། ཆབ་སྲིད་ཀྱི་སྡེ་ཁག་དག་གིས་ཀྱང་འཇིག་རྟེན་འགྲོ་བའི་ཁམས་ཆེན་པོ་འདིའི་བདེ་སྐྱིད་ཀྱི་ཐབས་ལམ་ཉག་གཅིག་ནི་འགྲོ་བ་མི་ལ་ཡོད་པའི་བྱམས་སྙིང་རྗེ་དང་ཞི་བདེ་འཆམ་མཐུན་གྱིས་གཙོས་བཟང་ཕྱོགས་ལམ་བུ་དག་ཡིན་པར་གླེང་ལ། དེ་དག་ནི་རྒྱལ་ཁམས་དང་། འཚོ་བ་ཡུལ་སྡེ། ཁྱིམ་ཚང་གང་ཞིག་ཡིན་ཀྱང་ལྡན་དགོས་པར་སྨྲ། དེ་དག་རྣམས་ཆོས་ལུགས་པས་འགྲོ་བ་མི་ལ་བསྐྲུན་པའི་ལེགས་སྐྱེས་ཞིག་ཀྱང་ཡིན་པར་ཡང་བརྗོད། དེ་བས་ཉེར་གཅིག་དུས་རབས་འདིར་ཤེས་ཡོན་གྱི་དུས་རབས་དང་། ཞི་བདེ་དང་བག་ཡངས་ཀྱི་དུས་རབས་ཞེས་གནམ་འོག་གི་རྒྱལ་ཁམས་ཀུན་ཏུ་གླེང་།

ཞང་བོད་མཐོ་སྒང་གི་ཡུལ་འདིའི་རང་སར་དར་བའི་སྲིད་པ་གཡུང་དྲུང་གི་བོན་རིན་པོ་ཆེ་དང་དུས་རབས་བདུན་པ་དང་བརྒྱད་པའི་ནང་ཕེབས་པའི་དམ་པའི་ལྷ་ཆོས་འདི་གཉིས་ཀྱང་སྐབས་རེ་ཕན་ཚུན་ཁྲག་དྲི་འཐུལ་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཡང་འཁྲབ་ཡོད་པས། འཛམ་གླིང་ལོ་རྒྱུས་ཀྱི་ལེའུའི་ཁྲོད་དུ་ཆེས་ངོ་གནོང་དགོས་པའི་སྒང་པ་བོད་ཀྱི་རྗེས་ལུས་ཀྱི་ནག་ཐིག་ཅིག་ཀྱང་བསྐྲུན་ཡོད། ལེགས་པའི་ཕྱོགས་ནས་གླེང་ན་རིང་ལུགས་འདི་གཉིས་ལྷན་དུ་གཡུང་དྲུང་ལག་གདང་གི་ཚུལ་དུ་ཕན་ཚུན་ཕུ་ནུ་མཉམ་དུ་སྦྲེལ་བའི་ཟོལ་གྱིས་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་ཞིང་ཁམས་འདིས་མ་ཚད་གངས་འདབས་འདི་ནས་བརྒལ་ཏེ་མཐའི་རྒྱ་མཚོ་ཚེན་པོའི་ཕ་རོལ་དུའང་བོད་ཀྱི་ཆོས་དང་དེའི་ཤེས་འབྱོར་རིག་གསུམ་ཞེས་ནུབ་གླིང་པ་རྣམས་ཀྱང་འགྲམ་ཆུ་ལྡང་བར་གྱུར་པས། འདི་ནི་རིང་ལུགས་འདི་གཉིས་ལྷན་དུ་འབྲེལ་ནས་ས་ཆེན་འདིར་བཞག་པའི་ལེགས་སྐྱེས་ཀྱི་རྡོ་རིང་དཀར་པོ་ཞིག་ལོས་ཀྱང་ཡིན་ལ། འདི་དག་འདས་ཟིན་པའི་ལོ་རྒྱུས་ཀྱི་གནའ་ཤུལ་ཞིག་ཀྱང་ཡིན་པར་འདོད།

ཉེ་བའི་དུས་རབས་ཀྱི་ནང་འཛམ་བུ་གླིང་འདིར་ཕྱོགས་ཡོངས་ནས་ཐ་དད་སོ་སོར་གནས་པའི་ཆོས་ཀྱི་སྲོལ་ལུགས་སྣ་མང་དུ་མཆིས་པ་དག་གིས་ཕན་ཚུན་དབར་དགོངས་ཚུལ་བརྗེ་རེས་དང་། གཅིག་གིས་གཅིག་ལ་གུས་བཀུར་དང་བརྩི་སྲུང་སོགས་མཐུན་འབྲེལ་རིན་ཆེན་དབྱིག་གི་ཟམ་པ་བཙུགས་དང་འཛུགས་བཞིན་པའི་ཁོར་ཡུག་འདིར། སྐབས་འགར་བོད་ཕྱི་ནང་གཉིས་སུ་མཚན་སྙན་དབུགས་ཀྱིས་གང་པ་ཆོས་ལུགས་ཆེ་གེ་མོ་དང་ཚོགས་པ་རེ་ཤས་ཀྱི་དབུ་ཁྲིད་རེ་ཟུང་ཞིག་ནས་རྣམ་དཔྱོད་ཀྱི་ཁོ་ལག་རྒྱས་པའི་ཉེར་གཅིག་པའི་སྐྱེ་བོ་དག་གི་ཡིད་སེམས་འགུག་ཐབས་སུ་འབད་དང་འབུང་པའི་མུར། དུས་དང་རྣམ་པ་ཀུན་ཏུ་ཕྱི་མཐའི་སྐྱུར་མོའི་ཆོས་རིག་དང་ཀླ་ཀློའི་སྲོལ་རྒྱུན་ཁག་ལའང་བསྟོད་པ་རི་རབ་ཙམ་འབུལ་བའི་ཞར་དང་ཞོར་ལ། བོད་ཕྱི་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤེས་འབྱོར་རིག་གསུམ་གྱིས་ཁྱབ་པའི་འཛམ་གླིང་ཤར་ནུབ་ཀྱི་ཚོམ་བུ་གང་དུའང་ཕ་བོན་གོང་མའི་ཤུལ་ལུས་ཀྱི་ཆོས་ལུགས་འདི་ལ་སྐྱོན་དང་གནོད་པ་གཏོང་ཅི་ཐུབ་བྱེད་བཞིན་པས། འདི་ནི་གཤེགས་ཟིན་མེས་པོ་གོང་མ་དག་ལ་སྨ་འབེབས་ཡིན་པའི་ཁར་རང་རེའི་ཤ་རུས་གཅིག་ཅིང་མེས་པོ་སྲོལ་བཟང་འཛིན་པ་ཤུལ་ལུས་གྱེར་འབངས་འཚོ་ཞིང་གནས་པ་དག་ལ་བརྙས་བཅོས་དང། ཆོས་ལུགས་ཀྱི་དམ་ཚིག མི་རིགས་ཀྱི་མཐུན་འབྲེལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལའང་གུས་རྩིས་མེད་པའི་གཏམ་ཞིག་ཏུ་མཐོང་། ཁ་ཚ་དགོས་གཏུག་གིས་གཟབ་དགོས་པ་ཞིག་ནི་སྒང་པ་བོད་ཀྱི་གནའ་རབས་བྱུང་བ་ནག་སུབ་ཏུ་མི་གཏོང་བ་དང་རང་རེའི་སྤྱི་ཚོགས་གང་དུའང་འཆམ་མཐུན་གསེར་གྱི་མདུད་པ་དམ་དུ་གཏོང་མ་ཐུབ་ནའང་སྤྱི་ཚོགས་རྙོག་འཛིང་དང་འཚུབ་ཆ་ཅན་དུ་མི་གཏོང་རྒྱུ་ནི་ངེས་པར་ཐུགས་ལ་འཇགས་དགོས་པ་ཞིག་རེད།

ཡང་གཅིག་ཞུས་ན་དེང་གི་དུས་འདིར་གཞུང་ལུགས་དང་རིག་གནས་ལ་བལྟ་བའི་མིག་ལྡན་རུང་གྲུབ་མཐའི་ཆགས་སྡང་གིས་མྱོས་པ་རེ་ཟུང་ནས་གཞན་དང་གཞན་གྱི་ལྟ་གྲུབ་ལ་བདེན་པའི་ཁུངས་ལུང་མཐོང་ནའང་མ་ཚོར་བའི་ཁུལ་གྱིས་ཡིག་ངག་བརྡ་འཕྲིན་ཅི་རིགས་སྟེང་ནས་གཞན་ལ་སྨོད་པའི་འཆལ་གཏམ་སྣ་ཚོགས་སྤེལ་བར་རྒྱུན་ལྡན་དུ་གཡམ་རྒྱུགས་ཀྱི་རིགས་ལ་དགའ་བའི་ཅོལ་ཆུང་མང་པོ་ཞིག་ཀྱང་ནམ་ལངས་པ་ལྟར་དེའི་རྗེས་སུ་འབྲངས།unnamed-6
དེས་ན་ཤ་དང་རུས་པ་གཅིག་པའི་ན་ཟླ་ཚོ་ཅུང་ཟད་ཅིག་སོམས་དང། རང་གི་རྣམ་རིག་དག་གུ་ཡངས་སུ་བཏང་སྟེ་འཛམ་བུ་གླིང་པའི་ཤེས་རིག་སྤྱི་དང་གཞན་ལ་བལྟ་བའི་མིག་རྒྱང་རིང་དུ་གཏོང་རྒྱུ་དང་། དེ་ལྟར་མ་བྱུང་ནའང་རང་གི་ཡབ་མྱེས་གོང་མའི་ཤུལ་བཞག་གི་རིག་གནས་འདི་ལ་གུས་བརྩི་ཞུ་བ་ནི་ཆེས་ཡ་རབས་བཟང་སྤྱོད་ཀྱི་རྣམ་པ་ཞིག་དང་རང་ཉིད་གདོང་དམར་བའི་རིགས་སུ་སྐྱེས་པའི་ལས་འགན་ཞིག་ཀྱང་ལོས་ཡིན་སྙམ།

དེ་བས་ཀྱང་ངེས་པར་དུ་གཟབ་དགོས་པ་ཞིག་ནི་ཆོས་ལུགས་འཐེན་འཁྱེར་དང་ཆོས་ཀྱི་ཞེན་ཁོག་གི་རྒྱ་རུ་མ་ཚུད་པའི་དྭངས་གཙང་དད་མོས་ཀྱི་དུང་བ་རབ་ཏུ་གཡོ་བའི་འཇིག་རྟེན་ཁྱིམ་པ་ཕོ་མོ་དག་ལོག་པའི་ལམ་སྟེ་ཆོས་ལུགས་ཀྱི་ཞེན་འཛིན་གྱི་གཡང་རོང་དུ་མི་འཁྲིད་པར་ཁོང་ཚོས་དད་མོས་ལ་ནག་སུབ་མ་གཏང་ན་ལེགས། དེ་ན་ང་ཚོས་སྔར་གྱི་ལོ་རྒྱུས་ཀྱི་བྱུང་བ་དག་ལས་ལེགས་ཆ་དང་དང་ཉེས་ཆ་གཉིས་ཆར་གཟིགས་ཏེ་འབྱུང་འགྱུར་གྱི་ལམ་བུ་དེ་ཡོ་བསྲང་བྱེད་རྒྱུ་དེ་ད་ལྟ་འཚོ་བཞིན་པའི་ཤ་རྒྱས་ཀྱི་ན་ཟླ་ཚོའི་ཁུར་འགན་ཞིག་རེད་སྙམ།

རྒྱུ་མཚན་དེ་དག་ལ་བརྟེན་འདི་ག་ངེད་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བཞུགས་པའི་རྣམ་དཔྱོད་ལྡན་པའི་སྨྱུག་གསར་དག་ལ་རྟིང་སྐུལ་གྱིས་གཞན་གྱི་གྲུབ་མཐའ་དང་ལུགས་སྲོལ་ལ་སྨ་འབེབ་དང་ཟུར་ཟའི་འཕྲང་ལས་རིང་དུ་བརྒལ་ནས་ཞང་བོད་གནའ་རབས་ཀྱི་བྱུང་བ་དང་ལོ་རྒྱུས་ལས་འཕྲོས་ཏེ་ཡབ་མྱེས་ཕ་བོན་གོང་མའི་ཞལ་ཆེམས་དག་བསྐྱར་སློག་གིས་བདེན་པའི་ལོ་རྒྱུས་དང་ཕུགས་རིང་བའི་ཤེས་རིག་གི་བྱུང་བ་ལས་འཕྲོས་པའི་དཔྱད་རྩོམ་དང་བགྲོ་གླེང་སོགས་སྣ་ཚོགས་པ་ཞིག་འཛམ་གླིང་ཤེས་རིག་འདྲེན་སྟེགས་སུ་མཐུན་འབྲེལ་བདེན་པའི་ལེགས་སྐྱེས་ཀྱི་ཟོལ་དུ་འབུལ་བའི་ཁུལ་ལགས་ཀྱང་ང་ཚོར་ཉམས་མྱོང་གི་ཆུ་ཚད་ཞན་པའི་རྐྱེན་ལས་ནོར་སྐྱོན་གྱི་གཡའ་ཅི་མཆིས་གཟུར་གནས་མཁྱེན་པའི་སྤྱན་ལྡན་དག་གིས་ཡོ་བསྲང་ལྷུག་པོར་གནང་རོགས་ཞུ་རྒྱུ་བཅས།

གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།

རྩོམ་རིག

Post navigation

Previous Post: མདོ་སྨད་ལོ་རྒྱུས་ཆེན་མོ་གླེང་བ།
Next Post: ཐོལ་གླུ་ཡིད་ཀྱི་མེ་ལོང་།

Comments (6) on “བགྲེས་པོའི་འབེལ་གཏམ།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-03-05 at 5:37 am

    སྤྱིར་ན་དུས་དེབ་སོགས་ཡག་མོ་རེད་མོད། ཞང་བོད་ཟེར་དུས་ཀྲུང་གོ་བོད་ཟེར་འདྲ་བོ་ཚོར་སོང་། བོད་ཡིན་ན་མདོ་དབུས་ཁམས་སུ་མ་འདུས་པ་མེད། རྒྱ་བོད། བལ་བོད། སོག་བོད། ཁ་བོད། ཡེ་བོད། བཤད་བཤད་ནས་རྟོག་བཟོ་སྣ་ཚོགས་གང་དགར་བཤད་ཆོག་ས་རེད་སྙམ་མོ།

  2. མྱི་དཀར says:
    2014-03-05 at 7:23 am

    ཞང་བོད་ཟེར་ན་ཞང་ཞུང་དང་བོད་ཟེར་བའི་བསྡུས་ཚིག་རེད། ཞང་ཞུང་དང་བོད་ཟེར་བའི་ཚིག་འདི་བན་བོན་གྱི་རྒྱལ་རབས་ལོ་རྒྱུས་ནང་གསལ་བའི་ཚིག་རྙིང་པ་ཡིན་པ་ལས་གསར་པ་དང་རྟོག་བཟོ་མིན་པ་ལྟ་རྒྱ་མཐོང་རྒྱ་ཅུང་ཟད་ཡོད་པ་ཚང་མས་ཤེས་གསལ་རེད།

  3. མྱི་དཀར says:
    2014-03-05 at 10:26 am

    འོ་ན་རྒྱ་བོད་དང་། རྒྱ་བལ་ཟེར་དུས་རྒྱ་ཡི་བོད་དང་། རྒྱ་གར་གྱི་བལ་ཡུལ་ཟེར་བ་རེད་དམ། ཨ་ཕྱི་ལགས་གང་བྱུང་མང་བྱུང་མ་ལབ།

  4. ཁ་བའི་ཡུལ་གྱར་བ། says:
    2014-03-05 at 11:54 am

    ཨ་ཕྱི་ཟེར་བའི་་མོ་མིང་འདི་ཁར་སྔོན་བཤད་ན་ཕ་ཡུལ་དོལ་པོ་ནས་ཡིན་ལབ་ཀྱི་འདུག། ནེ་པལ་ལི་མི་འདི་ཚོའི་བོད་མི་ལ་སྡུག་པོ་མ་བྱས་བསམ་པ་མེད།
    ཨ་ཕྱིས་འདྲེ་ལགས་བོད་པ་ནང་ལ་རྒྱོངས་ཡོང་གི་འདུག། ལེ་པལ་ལི་མི་འདི་ཚོའི་རང་བཙན་ལག་དེབ་བརྫུན་བཟོ་བྱས་ནས་་་་ཁེ་ན་དྲ་་དང་ཨ་རིའི་ནང་ལ་
    བོད་མིང་ཁུར་ནས་སྐྱབས་བཅོལ་ཞུས་ཡོད། རང་བཙན་ལག་དེབ་ཀྱི་ཁྲིལ་མཇལ་རྒྱུ་ཕར་ཞོག། ད་རུང་བོད་རྒྱལ་ཁབ་ལ་ཚིག་མཚོན་འདེབ་ཀྱི་ཡོད་རེད།
    གྲོགས་པོ་ཚོ་ཚང་མས་ཨ་ཕྱི་ཟེར་བ་འདི་ལ་དྲ་མིང་མི་འདྲ་བ་བཞི་ལྔ་འདུག། ཚང་མས་གཟབ་གཟབ་བྱེད་དགོས།

  5. BONPO says:
    2014-03-05 at 4:55 pm

    ཁ་བ་གངས་རིའི་ལྗོངས་ཀྱི་དད་པ་དང་ཡིད་ཆེས་ཀྱི་ལམ་ལུགས་ཐོག་མ་དེ་བོན་ལུགས་འདི་ཁོ་ན་ཡིན་པ་དང་། བོན་ལུགས་འདི་དང་འབྲེལ་བའི་བོད་གངས་ཅན་པའི་མེས་པོ་གོང་མ་ཡོངས་ཀྱི་འདས་པའི་ལོ་རྒྱུས་གང་བྱུང་བ་རྣམས། བོན་གྱི་དུས་དེབ་བགྲེས་པོའི་འབེལ་གཏམ་ལྟ་བུའི་ལམ་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་འདི་སྐལ་པ་བཟང་པོ་ལོས་ཡིན། བོད་རིགས་གཞོན་སྐྱེས་ཡོངས་ཀྱིས་དོ་སྣང་དང་དོ་ཁུར་བྱས་ནས་བོན་ལུགས་ལ་སློབ་སྦྱོང་གནང་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། བོན་ལུགས་འདི་བོད་མིའི་ཤ་ཁྲག་རུས་གསུམ་ལ་འཐིམ་བསྡད་ཡོད། བོན་ལུགས་འདི་བོད་ཡུལ་གྱི་ས་རྡོ་རི་བྲག་ལ་གཟུགས་བསྡད་ཡོད། བོན་ལུགས་འདི་བོད་མིའི་བླ་ཡིད་སེམས་གསུམ་དང་གཅིག་ཏུ་འབྲེལ་ཡོད། རྒྱུ་མཚན་འདི་འདྲ་ལ་བསམ་ནས་བོན་ལུགས་འདི་དུས་ནམ་ཡང་བློས་གཏོང་མི་ཉན། གངས་རིའི་ལྗོངས་སུའཛམ་གླིང་གཞན་སུ་དང་གང་ལའང་མེད་པའི་དད་མོས་ཀྱི་ལམ་ལུགས་ཐུན་མོངས་མ་ཡིན་པ་གཅིག་ཡོད་པ་དེ་ནི། གདོད་མའི་བོན་ལུགས་འདི་ཁོ་ན་ཉག་གཅིག་གོ ། །

  6. ཁ་བའི་ཡུལ་གྱར་བ། says:
    2014-03-07 at 4:54 pm

    ཁ་བརྡ་དྲ་བའི་འགན་འཛིན་ལ་ཞུ་རྒྱུར།
    འདིར་མཆན་མང་དག་ཞིག་ཡོད་སྔོན་མ་དེ་ཚོ་ག་རེ་བྱས་ནས་སྲུབ་བཞག་པ་རེད། ཁ་བརྡ་དྲ་བའི་སྒྲིག་གཞི་ལ་འགལ་བའི་མཆན་ག་རེ་བསྐོད་འདུག།
    གསལ་བཤད་བྱེད་རོགས་ཞུ། ང་ཚོ་ཁྱུང་ཡུལ་ལ་ཡོད་པའི་བོན་དགོན་གྱི་རེའུ་མིག་ཚང་མ་གསུབ་ཚར་འདུག། དེ་མ་ཡིན་པར་གང་བྱུང་ཆོས་ལུགས་
    འཐེན་འཁྱེར་བྱེད་ཀྱི་ཡོད་ན་སྐད་ཆ་ཟུར་དུ་བཤད་ཆོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme