Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུམ་བཅུའི་དུས་དྲན།

Posted on 2014-03-032014-03-03 By ཁ་བརྡ་ 5 Comments on གསུམ་བཅུའི་དུས་དྲན།

གནས་ཚུལ་གཏོང་མཁན། དམ་ཆོས་བསམ་འཕེལ།

ཤ་ཁྲག་གཅིག་པའི་ཕྱི་སྡོད་བོད་རིགས་སྤུན་ཟླ་ཚོ།
ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་བསླེབ་ལ་ཉེ་ཕྱིར། ང་ཚོས་མི་ལོ་ལྔ་བཅུ་ལྷག་གི་རིང་མུན་ནག་གི་ཉིན་མོ་འདི་སྲུང་བརྩི་བྱས་ཏེ་ཡོང་བར་ཚང་མས་མཁྱེན་གསལ་ལགས་ན། ད་ལོ་ཡང་དེ་ལྟར་སྲུང་བརྩི་བྱ་རྒྱུ་སྨྲ་མི་དགོས་མོད། འོན་ཀྱང་། ད་ལོར་ཕྱི་རྒྱལ་དུ་ཡོད་པའི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཚང་མས་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ངོ་རྒོལ་འཕྲེད་དར་དང་ཤོག་བྱང་། བཀྲམ་ཡིག་སོགས་ཀྱི་སྟེང་དུ་བོད་ཡིག་གང་མང་མང་ཞིག་བྲིས་ནས་སྔར་དང་མི་འདྲ་ བའི་རྣམ་པ་གསར་བའི་ཐོག་སྲུང་བརྩི་གནང་པའི་རྟིང་སྐུལ་ཞུ།
ང་ཚོ་བོད་པ་ཚང་གི་སྐད་ཡིག་ཀྱང་རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་འདྲ་མཉམ་གྱིས་མདུན་སྐྱོད་བྱེད་ཐུབ་ཆེད་ངོ་རྒོལ་གྱི་འབོད་ཚིག་ཁག་གི་ནང་དོན་དེའང་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་དང་ཕྱིའི་སྐད་ཡིག་མཉམ་སྦྲགས་ཐོག་བྲིས་ཏེ། བོད་པ་སླེབས་སར་བོད་ཡིག་ཀྱང་སླེབས་ཐུབ་བྱེད་དགོས་ལ། བོད་ཡིག་ནི་ང་ཚོའི་ངོ་རྟགས་ཀྱི་མཚོན་དོན་རི་མོ་གཙོ་བོའང་ཡིན། 

དེས་ན། འདིར་འབོད་ཚིག་དཔེ་མཚོན་ཁག་བཀོད་པ་ལགས།
བོད་མའི་སྐྱིད་སྡུག་མཉམ་མྱོང།
བོད་ལ་འདྲ་མཉམ་དང་མང་གཙོ། ཞི་བདེ་དགོས།
བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་དགོས།
བོད་མི་རྣམས་བཙོན་འཇུག་དང་མནར་གཅོད། དམར་གསོད་སོགས་མཚམས་འཇོག་དགོས།
བོད་པར་དྲག་གནོད་དང་འཇིགས་སྐུལ་མཚམས་འཇོག་དགོས།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས།
བོད་བོད་ཡུལ་ནས་སྐྱིད། རྒྱ་རྒྱ་ཡུལ་ནས་སྐྱིད།

དེ་བཞིན་དུ་སྐད་ཡིག་ནི་མི་རིགས་ཤིག་གི་ཡོད་ཚད་ཀྱི་རྟེན་གཞི་ཡིན་པས་ན། མི་རིགས་ཀྱི་རྩ་དོན་དང་འཐབ་རྩོད། མདུན་སྐྱོད་དེ་ཡང་འགག་རྩ་འདིར་ཐུག་ཡོད། དེའི་ཕྱིར། བོད་ཀྱི་སྐད་ཡིག་ལ་ཁོར་ཡུག་གསར་བའི་ཚེ་སྲོག་ཅིག་བསྐྲུན་ཐབས་སུ་ཕྱོགས་ཡོངས་ནས་འབད་བརྩོན་བྱ་བར་ཡུལ་གྲུ་གང་དུ་གནས་ཀྱང་རུང་། དུས་དེ་རིང་ནས་བཟུང་། རང་ངོས་ནས་མ་སྐུལ་དང་ལེན་གྱིས་རང་ལ་དམ་བཅའ་བཞག་སྟེ་ཉིན་རེའི་འཚོ་བའི་ཁྲོད་ ཀྱི་ཐ་སྙད་གསར་བ་དག་བྱང་བར་དོ་སྣང་དང་། ཕན་ཚུན་བར་བོད་སྐད་ཡིག་གིས་གླེང་མོལ་དང་བརྡ་འཕྲིན་གཏོང་བ། གློག་བརྙན་དང་གླུ་གཞས། དེབ་དང་དྲ་རྒྱ་སོགས་བོད་སྐད་ཡིག་ཅན་དག་བཀོལ་བར་རང་ཉིད་ནས་མགོ་བཙུགས་ཏེ་ཆུང་བ་ཁྱིམ་ཚང་དང་། འབྲིང་བ་གྲོགས་པོ་ཕན་ཚུན། ཆེ་བ་སྤྱི་ཚོགས་ཡོངས་ལ་ཁྱབ་ཐུབ་པར་འབད་བརྩོན་རྒྱུན་སྲིང་བྱ་རྒྱུ་སྟེ་བོད་མི་རིགས་ཀྱི་འཐབ་རྩོད་ཁྲོད་སྒེར་སོ་སོ་རང་འགུལ་ཐོག་ཞུགས་རྒྱུའི་རེ་སྐུལ་ཞུ།

རེད་ལགས། ང་ཚོ་ཕྱི་སྡོད་བོད་རིགས་ཚོས་གསུམ་བཅུའི་དུས་དྲན་ནས་བཟུང་། འདི་ལྟར་རང་མི་རིགས་ཀྱི་ཆེད་ལས་གཞི་འདི་བསྒྲུབ་ཐུབ་ལ་འབད་ཚེ་གཞིས་ལུས་བོད་མིའི་ཞུམ་པ་མེད་པའི་དཔའ་ངར་དང་། འགྲན་ཟླ་མེད་པའི་སྙིང་སྟོབས། འགྱུར་བ་མེད་པའི་ཆོད་སེམས། བསྒུལ་བ་མེད་པའི་རང་ཚུགས་ཀྱི་སྟོབས་ཤུགས་ལ་གུས་ཤིང་གཟི་བརྗིད་ལ་བཀུར་ཏེ་སེམས་བསམ་པའི་གཏིང་ནས་དྲིན་ལན་འཇལ་བ་ཡིན་ལ། ཞོར་ཏུ་གཞིས་ལུས་བོད་རིགས་སྤུན་ཟླ་ཚོར་བོད་མི་རིགས་ཀྱི་འཐབ་རྩོད་ཆེད་གདུང་སེམས་མཉམ་དུ་སྐྱེད་ཅིང་། སྐྱིད་སྡུག་མཉམ་དུ་མྱོང་པ་ཡིན། དེ་ལོས་ཡིན། ཡིན་འོས་པ་ཞིག་རེད་ལ། ཡིན་དགོས་པ་ཞིག་ཀྱང་རེད།

ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༣ ཚེས་ ༤ ཉིན་མོར་བོད་སྐད་ལྷན་ཚོགས་ཀྱིས་ཡུ་རུབ་ཧོ་ལན་ཌི་ནས།

གསལ་བསྒྲགས།

Post navigation

Previous Post: ༄༅།།འཛམ་གླིང་རྒྱལ་སྤྱིའི་ཨེ་ཝྃ་དཔེ་མཛོད་ཁང་གི་གཟི་དཔལ།།
Next Post: སྙན་ངག་པ་གྲགས་ཅན་ཧོར་གཙང་འཇིགས་མེད་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་གཏམ་བཤད།

Comments (5) on “གསུམ་བཅུའི་དུས་དྲན།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-03-03 at 5:56 pm

    རྒྱབ་བསྐྱོར་བརྒྱ་ཆའི་བརྒྱ་ཐམ་པ་ཡོད། ཕྲན་རྩོམ་འབྲི་བ་ཐེབས་ཆག་ཅིག་ལས་ལས་འགུལ་སྤེལ་མཁན་ཞིག་མི་མོད། སྔ་རྗེས་སུ་ཚོགས་འདུ་རེ་འགའ་བསྐོང་འཚོགས་དང་གཞོགས་འདེགས་བྱས་པ་ཁག་ལ་བོད་ཡིག་སླེབས་ཐུབ་པ་བྱས་ཡོད། དེང་ཕྱིན་ཡང་དེ་ག་རང་བྱེད་ངེས་ཡིན།

  2. གླག་རྒོད། says:
    2014-03-03 at 7:23 pm

    ད་ལོ་ནས་བཟུང་ཕྱི་ལོགས་སུ་སྐད་འབོད་དང་ངོ་རྒོལ་རིགས་མཚམས་བཞག་ན་དགའ། མིག་མེད་ན་སྲིན་འབུ་མེད། སོ་མེད་ན་ལོང་ཏོག་མེད། གོང་ས་མཆོག་གིས་བཙན་བྱོལ་བོད་མིས་རྒྱ་རིག་དཔོན་པོ་ཚོ་ལ་ངོ་རྒོལ་དང་སྐད་འབོད་བྱས་པས། བོད་ནང་གི་བོད་མི་རྣམས་ལ་མནར་གཅོད་དང་དྲག་གནོད་བྱས་པ་རེད་གསུང་མ་སོང་ངམ། ད་ནས་བཟུང་བོད་མི་ཚོས་ཕྱི་ལོགས་ནས་ངོ་རྒོལ་འཇམ་ན་ནང་ལོགས་ལ་དྲག་གནོད་འཇམ་པ་བྱེད་ཞིག་ཡོང་ཐབས་བྱས་ན་དགའ་སྙམ།

  3. བསྟན་འཛིན་རིགས་ལྡན་ says:
    2014-03-03 at 7:54 pm

    སུམ་ཅུའི་དུས་དྲན་ནི། རང་དབང་སྒེར་ལངས་ཡིན་ལ། བོད་གངས་ཅན་གྱི་ལོ་རྒྱུས་ཁྲོད་ང་ཚོས་ནམ་ཡང་བརྗེད་ཐབས་མེད་ལ། བསུབ་ཀྱང་ཟུབ་ཏུ་མེད་པའི་སེམས་ཁམས་སུ་བརྐོས་པའི་རྡོ་རིས་ཤིག་ལགས། རང་གིས་མ་འཇོན་པ་དང་མ་ཐུབ་པ་ཕར་བཞག་ནས། འཇོན་ཚོད་ཐུབ་ཚོད་ཡོད་ན་དེ་ལ་ངོ་རྒོལ་སྐད་འབོད་ངེས་བྱ་དགོས། འབོད་ཚིག་ནང་།
    -བོད་ལ་རང་དབང་རང་སྐྱོང་དགོས།
    -བོད་པར་ཆོས་དད་རང་དབང་དགོས།
    -དབུས་མི་མང་སྤྱི་མཐུན་གྱི་རྩ་ཁྲིམས་ལག་ལེན་འགན་ཐེག་དགོས།
    -བོད་ཆོལ་གསུམ་ཆིག་སྒྲིལ་གྱི་ས་གནས་རང་སྐྱོང་དགོས།
    -རྒྱ་བོད་སོ་སོར་ཡིན࿒རུང་ཆོལ་གསུམ་གཅིག་སྒྲིལ་ཡིན།
    -བོད་པའི་སྐད་ཡིག་ལ་སྲུང་སྐྱོབ་རང་དབང་དགོས།
    -བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་རང་དབང་དགོས།
    -སྐད་ཡིག་གཅིག་གྱུར། ཆོས་དད་གཅིག་གྱུར། རིག་གཞུང་གཅིག་གྱུར། ཆོལ་གསུམ་ཆིག་སྒྲིལ། སྐྱིད་སྡུག་མཉམ་མྱོང་།
    བཅས་སྐད་འབོད་ངོ་རྒོལ་གྱེན་ལངས་བྱས་པ་ནི། ཁྲིམས་མཐུན་དང་དངོས་ཡོད་ཡིན་པས། ལོངས་ཤོག ལོངས་ཤོག ལོངས་ཤོག

  4. གག་གོ says:
    2014-03-03 at 9:57 pm

    བཙན་བྱོལ་བོད་མི་ཁྲི་ཕྲག ཕ་མ་སྤུན་མཆེད་མ་མཇལ། མི་ལོ་ལྔ་བཅུ་འགྲོ་སོང་། ད་ལྟ་མཇལ་ན་བསམ་ནས་ཡོད། བསྐལ་བ་བཟང་བའི་དུས་ལ། གཞིས་བྱེས་ལྷན་འཛོམས་བྱུང་ཏེ། ཕོ་བྲང་པོ་ཏ་ལ་རུ། བླ་མ་ཁྱེད་དང་མཇལ་བའི་སྨོན་ལམ།

    ཚིག། བསོད་ནམས་རྒྱལ། དབྱངས་དང་ལེན་མཁན། རྟ་མགྲིན་ཚེ་བརྟན།

  5. མངའ་རིས་འཕྲིན་ལས། says:
    2014-03-04 at 12:07 am

    དགོངས་ཆུལ་ཆེད་རྩོམ་ཧ་ཅང་ཡག་པོ་གསུང་འདུག ཡིན་ནའང་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཟེར་བ་ནི་དོན་དུ་བོད་མི་རིགས་ཀྱི་མངོན་འདོད་དང་ཡོངས་སུ་མཐུན་ལ་དགོས་པ་ཞིག་ཡིན་ཀྱང་། དེང་སྐབས་བཙན་བྱོལ་བླ་དཔོན་ཚོས་དགོངས་པ་འགལ་རྒྱུ་ཉག་ཅིག་རེད། སྐྱིད་སྡུག་མཉམ་མྱོང་ཟེར་བ་ནི་ཁ་ཙམ་རེད་གཞིས་ལུས་ཚོས་སྡུག་མྱོང་ནས་སྡུག་སྐད་འདོན་བཞིན་མེ་རུ་འབར་ནའང་། འདི་ནས་ད་དུང་མི་རབས་ནས་མི་རབས་ཕ་ཚ་བུ་བརྒྱུད་ཡོངས་རྫོགས་སྡུག་ལ་སྦྱར་རྒྱུའི་ཐུགས་རེ་གནང་བཞིན་པ་རེད། དེ་ལ་སྐྱིད་སྡུག་མཉམ་མྱོང་ཟེར་ས་ཞིག་འདུག་གམ། སྐྱིད་སྡུག་མཉམ་མྱོང་ཡིན་ན་ཁོ་ཚོས་མངོན་འདོད། འབོད་སྒྲ། ཁ་ཆེམ་དང་མཐུན་པ་ཞིག་བྱས་ན་ད་གཟོད་མཉམ་མྱོང་ཆགས་ཀྱི་རེད། ཆོས་དད་གཅིག་སྒྱུར་དགོས་ཟེར་ན་ག་འདྲ་འདུག་བཙན་བྱོལ་རང་དབང་ལུང་པར་གནས་ཀྱང་ཆོས་དད་གཅིག་སྒྱུར་དང་། དད་སེམས་རང་དབང་ཡོད་དམ་མེད། བཤད་ན་བཤད་རྒྱུ་མང་མོད་ཁ་ཙམ་ཡིན་ཙང་དོན་མེད་རེད་མདོར་ན་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ན་གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་དང་མ་འགལ་བ་བྱུང་ན་རབ། དེ་མེད་ན་༧གོང་ས་མཆོག་གི་བཀའ་བཞིན་ལས་འགུལ་མ་སྤེལ་ན་ཡག་ཤོས་རེད་ཡོད་པ་ལས་མེད་པ་ཡག་ཟེར་བ་དོན་དུ་གནས་མི་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme