Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བར་མའི་འོས་བསྡུའི་ནང་གི་ཤར་ཕྱོགས་ཁུག་རྟ། ད་དུང་བློ་བཟང་སེང་གེ

Posted on 2014-02-132014-02-13 By ཁ་བརྡ་ 16 Comments on བར་མའི་འོས་བསྡུའི་ནང་གི་ཤར་ཕྱོགས་ཁུག་རྟ། ད་དུང་བློ་བཟང་སེང་གེ

ལ་སྟོད་འབྲོང་ཆུང་།

དབུ་མའི་ལམ་ནི་༧གོང་ས་མཆོག་གིས་གཏན་ལ་ཕབ་ཞིང་བོད་མི་རིགས་ཀྱི་ཤི་གསོན་གནས་སྟངས་དངོས་དེར་གཟིགས་པ་དང་། ཁ་ཞེ་གཉིས་མེད་ནས་བོད་མི་རིགས་འདི་ཉིད་ཀྱི་བདེ་ཐབས་ཁོ་ན་རྩལ་དུ་བཏོན་པའི་མི་རིགས་རང་བཞིན་གྱི་ལམ་ཁ་ཆེས་ཤིན་ཏུ་བཀུར་འོས་པ་དེ་ཡིན་པར་བོད་མི་ཤེས་ལྡན་པ་སུ་ཡང་བློ་དྭོགས་མེད། ཁ་སང་དེ་རིང་བརྡ་འཕྲིན་གྱི་དབང་གིས་འཛམ་གླིང་ཧྲིལ་བོ་གཅིག་གྱུར་ཡོང་བཞིན་པའི་གནས་སྟངས་འདི་དང་། ལྷག་པར་དུ་དམངས་གཙོའི་ལྟ་གྲུབ་ཀྱིས་འཛམ་གླིང་གི་ས་ཁུལ་ཡོངས་རྫོགས་གཅིག་གྱུར་བྱེད་བཞིན་པའི་སྐབས་འདིར། རང་རེ་བོད་ཀྱི་གནད་དོན་འདི་ཡང་རང་བཞིན་གྱིས་ཞི་མོལ་དང་མཐུན་འགྲིག་གི་ལམ་དུ་བསྐྱོད་དགོས་ངེས་ཆགས་ཡོད།
དེ་ཡང་དབུ་མའི་ལམ་གཅིག་པུ་ནི་བོད་མི་རིགས་ཀྱི་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་ངོ་མ་དེ་ཡིན་པས་བོད་མི་དམངས་སྤྱི་འཐུས་ཤིག་ཡིན་ན་ངེས་པར་དུ་དབུ་མའི་ལམ་གྱི་སྟེང་ལ་གོ་རྟོགས་ངེས་ཅན་ཡོད་དགོས་པ་ཁ་ཚ་དགོས་གཏུགས་ཆགས་ཡོད་ཤག

དེ་བས་ངེད་ཀྱི་བསམ་པར་ད་ཡོད་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་མི་དག་ལས་དབུ་མའི་ལམ་ལ་རྒྱུས་ལོན་དང་བློ་གདེངས་ཡོད་མཁན་ནི་ན་གཞོན་རྩོམ་པ་པོ་དང་ཉམས་ཞིབ་པ་ཤར་ཕྱོགས་ཁུག་རྟ་ལགས་རེད་འདོད། ཡིན་ནའང་། ཤར་ཕྱོགས་ཁུག་རྟ་མདོ་སྨད་སྤྱི་འཐུས་སུ་སླེབས་ཐུབ་མིན་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད་དྲན། དེ་ཡང་གལ་སྲིད་ཤར་ཕྱོགས་ཁུག་རྟ་ཁོང་སྲིད་སྐྱོང་བློ་སེང་མཆོག་དང་འགལ་བ་ལྟག་སྤྲོད་ལྟ་བུའི་རྩོད་གླེང་ཆེན་པོ་དེ་བྱུང་མེད་པ་ཡིན་ན། ཐེངས་འདིའི་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་མི་ནི་ཁོང་ཡིན་ཤག་ཀྱང་། སྲིད་སྐྱོང་ཕྱོགས་གཏོགས་ཀྱིས་དུས་ནས་དུས་སུ་ཤར་ཕྱོགས་ཁུག་རྟའི་མདུན་ལམ་ལ་འདྲེ་ལག་སྐྱོང་བཞིན་ཡོད་པ་ནི་ང་ཚོ་ཚང་མས་གསལ་བོ་ཐང་པོ་ཤེས་རྟོགས་ཡོད་པ་བཞིན་རེད། དེ་བས་སྐབས་འདིར་ཡང་སྲིད་སྐྱོང་ཕྱོགས་གཏོགས་ཀྱིས་ཁོང་གི་མདུན་ལམ་ལ་འགག་རྡོ་འཕེན་སྲིད་པ་ནི་གཏན་འཁེལ་བ་ཞིག་རེད།

ཡང་ཕྱོགས་གཞན་གྱི་ཆ་ནས་སྤྱི་འཐུས་ཤིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཞན་ཞིག་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འདས་མ་ད་གསུམ་ལ་རྒྱུས་ཆ་གསལ་བོ་ཡོད་དགོས་པ་དེ་རེད། ཆ་རྐྱེན་འདི་ཡང་ཉམས་ཞིབ་པ་ཤར་ཕྱོགས་ཁུག་རྟ་ལ་ཡོངས་སུ་ལྡན་ཡོད་པར་བཤད་ཆོག ཁོང་ནི་སྐྱབས་བཅོལ་ལ་འབྱོར་བ་ནས་རྡ་རམ་ས་ལ་དང་ཁ་བྲལ་མྱོང་མེད་ལ། དུས་རྒྱུན་དུ་ཡང་ཁོང་ནི་བོད་དོན་དང་ལྷག་པར་བོད་ཕྱི་ནང་གི་ཆབ་སྲིད་གནས་སྟངས་ཐད་དོ་སྣང་ཤུགས་ཆེར་ཡོད་མཁན་གྱི་ན་གཞོན་ངར་མ་ཞིག་ཡིན་པ་ཁོང་གིས་བྲིས་ཟིན་པའི་རྩོམ་ཡིག་དཔྱད་པ་དག་ལས་རྟོགས་ཐུབ། དེ་བས་གནས་སྟངས་འདིའི་ཐད་ནས་ཀྱང་ཤར་ཕྱོགས་ཁུག་རྟ་ལགས་ད་ཐེངས་ཀྱི་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་མིར་སླེབས་ཐུབ་ན་དགོས་པ་དང་རྒྱུ་མཚན་ཁེ་སྤོགས་ཆེ་བར་འདོད་བཞིན་ཡོད།
སྲིད་སྐྱོང་བློ་བཟང་གི་ལོ་ངོ་གསུམ་ལ་ཉེ་བའི་དེ་རིང་གི་དུས་འདིར། ལྷག་པར་བོད་ཕྱི་ནང་དུ་སྐད་འཕྲིན་སོགས་བརྡ་འཕྲིན་རྒྱུད་ལམ་གྱིས་དམ་དུ་སྦྲེལ་བའི་སྐབས་འདིར། དངོས་དང་ཤུགས། ཡང་ན་མངོན་དང་ལྐོག་གང་རུང་བརྒྱུད་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ནུས་པ་གླེང་གི་འདུག ནུས་པ་དང་གྲུབ་འབྲས་གླེང་སློང་གཏིང་ཟབ་བྱེད་པའི་ཁྲོད་ཁོང་དང་ཤར་ཕྱོགས་ཁུག་རྟའི་བོད་སྐད་ཡིག་དང་འབྲེལ་བའི་རྙོག་གླེང་ནས་སེང་གེའི་བཀའ་ཤག་གི་མདུན་ལམ་དང་བཅས་པའང་གླེང་གི་འདུག མི་གླེང་ཐབས་མེད་ཆགས། ཚང་མས་ཤེས་གསལ་ལྟར་བོད་ཀྱི་དུས་བབ་དྲ་ངོས་ལྟ་བུར། སྲིད་སྐྱོང་བློ་བཟང་དང་ཉམས་ཞིབ་པ་ཤར་ཕྱོགས་ཁུག་རྟའི་བར་གྱི་རྩོད་གླེང་དང་འབྲེལ་ཏེ་ཤར་ཕྱོགས་པར་སྲོག་གི་འཇིགས་སྐུལ་ཡོངས་གྲགས་ཀྱིས་བྱས་ཡོད།

དེ་འདྲའི་གནས་བབ་ཅིག་གི་འོག བཀའ་ཤག་གི་ལན་འདེབས་ཚོགས་ཆུང། ངྷ་སའི་དབུ་མའི་ལམ་ལས་འགུལ་ཁང། ཐ་ན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་བཅས་པར་སྲིད་སྐྱོང་མཆོག་གིས་དངོས་རྒྱུད་ཅི་རིགས་ནས་གནོན་ཤུགས་སྤྲད་ཅིང། བདེན་པ་རིན་ཆེན་སྲོག་གི་དྭངས་མར་བརྩི་བའི་༸གོང་ས་ཆེན་པོ་ལྟ་བུའི་དབུ་ཁྲིད་ཅིག་མེད་ན། ཤར་ཕྱོགས་ཁུག་རྟ་འདི་དེ་རིང་འཇིག་རྟེན་འདི་ཡོད་མེད་ཀྱང་བཤད་ཚོད་ཧ་ཅང་དཀའ་བ་ཞིག་མིན་ནམ་སྙམ་པས། བར་མའི་འོས་བསྡུ་དང་འབྲེལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་རྒྱུས་མངའ་བླ་ལྷག་ཏུ་ཆེ་བ་ཤར་ཕྱོགས་ཁུག་རྟའི་ཐད་སྐད་ཆ་འདི་ཙམ་མ་བཤད་ཐབས་མེད་ཆགས་སོང་ལ། ཤར་ཕྱོགས་ཁུག་རྟའི་བོད་སྐད་ཡིག་དང་སྨྲ་བརྗོད་རང་དབང་གི་ཁ་གཏད་དུ་འདི་འདྲ་ཞིག་ཡིན་སོང་པས། ངས་བར་མའི་འོས་བསྡུ་དང་འབྲེལ་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་ཕྱོགས་གཏོགས་ཀྱིས་ཁོང་ལ་ཅིག་བརྣག་མི་ཡོང་ངམ་བསམས་ཏེ་སྐད་ཆ་འདི་ཙམ་ཤོར།།

སྣ་ཚོགས།

Post navigation

Previous Post: མགུར་གླུ་གཏན་གྱི་མདུན་མ།
Next Post: སྐབས་དོན་གསར་འགྱུར།

Comments (16) on “བར་མའི་འོས་བསྡུའི་ནང་གི་ཤར་ཕྱོགས་ཁུག་རྟ། ད་དུང་བློ་བཟང་སེང་གེ”

  1. ཁྱུང་ཆེན། says:
    2014-02-13 at 9:17 am

    སྲིད་སྐྱོང་བློ་བཟང་སེང་གེ་ཟེར་པ་དེ་མ་གཞི་ནས་རང་བསྟོད་ཆེ་ཞིང། རང་ཧམ་ཆེ་བ། ཆེ་རྟགས་སྟོན་རྒྱུར་དགའ་བ། རྫིག་པོ་ཞེ་པོ་ཅིག་ཡིན་ཟེར་མཁན་དེ་འདྲ་ཞིག་ཡིན་པ་དེང་སང་བོད་ཕྱི་ནང་གཉིས་ན་ཀུན་གྱིས་གླེང་བཞིན་པས། ཁོང་གི་ལོ་གསུམ་ལ་གྲུབ་འབྲས་སྣེ་གཅིག་བསྟན་རྒྱུ་མ་རྙེད་པ་འདི་རང་རེད། དེས་ན་བློ་བཟང་སེང་གེ་ལགས་ནི་དོན་ངོ་མ་ཤོག་བུའི་སེང་གེ་དང། ༸གོང་ས་མཆོག་གིས་སྲིད་སྐྱོང་སྟག་བྲག་གི་ས་ནས་ཞུས་པའི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ས་དེའང་མི་རྒྱུ་བདག་མེད་མཁན། ཕྱི་རྫིག་ནང་སྟོང་ཞིག་ཡིན་པ་དེའང་བོད་མི་དམངས་ཀྱིས་མཁྱེན་པ་ཡིན་ན་ཞེ་དྲག་ཡག་པོ་རེད། བློ་བཟང་སེང་གེ་དྲང་པོ་དང་ལྷག་བསམ་ཅན་མིན་ཁར། བོད་ཀྱི་རིག་གནས་ལ་གནས་ཚད་གོར་ཐིག་ཡིན་པས། ཁོང་གིས་དུས་གཏན་དུ་བོད་མི་རིགས་ལ་ཕན་ཐོག་གང་ཡང་བྱེད་ཐུབ་ཀི་མ་རེད། ལོ་ལྔ་ལ་ཁོང་སྲིད་སྐྱོང་དུ་སླེབས་པ་ནི་ནག་པོ་བདུད་ཕྱོགས་ཀྱི་ཁ་དར་བས་རྐྱེན་ཉག་ཅིག་གྱི་བྱས་འབྲས་ཡིན་པ་དེའོ།།

  2. གཡུ་ཐོག་བུ། says:
    2014-02-13 at 9:23 am

    རིག་པའི་བུ་རྒོད་ཁུག་རྟར་ཕྲན་ཚེགས་ཀྱི་དཀའ་སྡུག་ཉོ་དགོས་བྱུང་སོང་ཡང་། བདེན་པའི་རྒྱལ་ཁ་འོས་ཡོད།

  3. གཡུ་བྲག་པ། says:
    2014-02-13 at 11:34 am

    ཤར་ཕྱོགས་ཁུག་རྟ་ལ་སྲོག་གི་འཇིགས་པ་རེ་ཡོང་ཡོད་ས་རེད། དེའི་སྐོར་ནས་ཤེས་མཁན་འདྲ་ཡོད་ན་གསལ་བོ་གསུངས་རོགས།

  4. ཞོལ་གཡག་འབྲོང་རྒྱུད། says:
    2014-02-13 at 12:13 pm

    རྒྱ་ཐང་གི་གླང་རྒན་ཞིག་དེ་རིང་མཐོ་སྒང་གི་འབྲོང་ཆུང་ལ་བརྫུས་ཏེས་བློ་གཅིག་སེམས་གཅིག་གི་རྒྱ་ཞེན་དང་ཏང་ཞེན་ཅན་གྱི་རྒྱ་བྱ་ཁུག་རྟ་དེ་གངས་སྐྱིད་ཀྱི་མདོ་སྨད་སྤྱི་སྟེགས་སུ་བཙན་གྱིས་དྲུད་ཡོང་སྟངས་འདི་ཡག་རྟགས་ཞིག་ཁྱོན་ནས་མ་རེད། ད་དུང་ཁུག་རྟའི་བྱས་ཉེས་ནམ་མཁར་མི་གཤོངས་བ་དེ་ཞིམ་སྐྱག་རྦས་རྦས་བྱེད་སྟངས་འདི་དགོད་སྤྱད་ཞིག་མ་རེད་པས། ད་དུང་ཁོས་ཧམ་བཤད་ཆེན་པོས་དགའ་ལྡན་ཕོ་བྲང་གི་བླ་བྲང་མེད་ན་བློ་སེང་གི་ཤོག་ཁག་དང་བཅས་པས་ཁུག་རྟ་ཕྱི་ལམ་དུ་དེད་ཚར་ཚུལ་བཤད་སྟངས་འདི་ཁྲིམས་ཐོག་ཏུ་སླེབས་མི་སྲིད་པ་མ་རེད། ཁུག་རྟ་བཙན་བྱོལ་སྲིད་གཞུང་གི་བཅའ་ཁྲིམས་དང་འགལ་མེད་ན་གངས་སྐྱིད་ཀྱི་དཀྱིལ་འཁོར་གྱི་རྭ་བ་ནས་གནས་དབྱུངས་བཏང་དོན་མེད་པ་རེད། མ་གཞི་བོད་མི་རིགས་ས་ཡ་བརྒལ་བ་དམར་གསོད་བཏང་བའི་རོ་ཐོག་ཏུ་དར་དམར་བསྒྲེངས་ནས་རྟ་རྒྱུགས་གཏོང་མཁན་ཞིག་གངས་སྐྱིད་ཀྱི་དཀྱིལ་འཁོར་ནང་སླེབས་པ་ཡིན་ན་ངོ་རྒོལ་མཐའ་གཅིག་ཏུ་ཡོད།

  5. དུག་ནག says:
    2014-02-13 at 12:35 pm

    ཤར་ཁུག་ལ་ཁ་ཁྲིམས་གཅོད་ལ་བབས་ཡོད།

  6. བྱམས་པ says:
    2014-02-13 at 2:30 pm

    རང་གི་ལུང་པ་བཅོམ་་་་་རང་གི་མེས་པོ་རྣམས་བསད་་་་་་་རང་ཉིད་བསྡད་ས་མེད་པ་བཟོས་་་་་ད་དེ་འདྲའི་ལོ་རྒྱུད་ནང་བྱུང་མ་མྱོང་བའི་དགྲ་བོ་ཞིག་གི་་ཁྲག་དར་དམར་པོ་འདི་རང་གི་ལག་པས་ནམ་མཁར་བསྒྲེང་ནས་་་་་་་་་་་བོད་དོན་འཐབ་རྩོད་ག་དྲེ་སེ་་་་འོ་ད་མི་རྫོགས་རེད་མ་གཏོགས་་་་་

  7. པདྨ་འཕྲིན་ལས། says:
    2014-02-13 at 2:50 pm

    དྲ་གྲོགས་རྣམས་པ་ལྷན་རྒྱས་ཞུ་རྒྱུ་ལ། ཞོལ་གཡག་འབྲོང་རྒྱུད་ཟེར་བའི་དྲ་འབུ་འདི་( The honorable Chitue) ཅི་ཡང་མི་ཤེས་མཁན། བདེན་རྫུན་གྱི་གཡེ་བ་མི་ཤེས་མཁན། ལོང་ཚན་གྱི་གཡེ་བ་བྱེད་མཁན། སྲིད་སྐྱོང་གི་སྐྱག་པའི་སྒང་ལ་ས་འགེབས་མཁན། བོད་མི་རིགས་ཀྱི་ཁེ་ཕེན་ལས་ལོང་ཚན་ཆུང་ཆུང་ཞིག་གི་ཁེ་ཕན་གཙོ་འདོན་བྱེད་མཁན། དངུལ་རག་ན་ཕ་རྒན་ཡིན་ན་ཡང་མགོ་ལ་གཞུ་མཁན། དུས་རྒྱུན་དུ་བློ་བཟང་སེང་གེ་ཡི་ཆེད་དུ་དྲ་ཐོག་དུ་སྙོག་སློང་མཁན། བོད་མི་དམངས་སྤྱི་འཐུས་འཇམ་དབྱངས་བཟོད་པ་རེད།

  8. བཙན་པོ། says:
    2014-02-13 at 5:24 pm

    ད་སྐབས་དྲྭ་ངོས་ཞལ་གསུམ་ཕྱག་དྲུག་མང་ཚོད་འདུག འདི་ཡང་ཡག་རྟགས་ཤིག་གཏན་ནས་མ་རེད།

  9. ཨ་མདོའི་བླ་མ། says:
    2014-02-13 at 8:01 pm

    དབུ་མའི་ལམ་དང་དར་དམར་འོག་ཏུ་མགོ་བསྒུར་བ་གཉིས་གཅིག་པ་ཡིན་ནམ།

  10. གཡུ་སྒྲོན། says:
    2014-02-13 at 11:33 pm

    དེང་སྐབས་ཁུག་རྟ་ཁོ་རང་དང་ཡང་ན་ཁོ་བོར་ཁ་ལག་འབྲེལ་བསྡད་ཡོད་པའི་དྲ་འབུ་མིང་ཅན་དེ་དག་གིས་ཁུག་རྟ།
    ཀླུ་མཁར་བྱམས་ཀྱི་སྐེ་ལ་སྦྱར་ནས་མིང་གྲགས་ཅིག་བཟོ་ཐབས་བྱེད་མཁན་འདུག་མོད། བཟོ་སྟངས་དེས་ཀླུ་བྱམས་ཀྱི་རྐང་པ་ནས་མར་ཅིག་འཐེན་ཐུབ་པ་ལས། ཁུག་རྟ་ཁོ་རང་ཁ་ཡར་ལ་འགྲོ་བྱེད་ཅིག་མི་འཁྱོངས་པ་གསལ་བོ་རེད། ཡང་སྐྱག་བཤད་བརྒྱག་སྟངས་ཤིག་ལ་ཁུག་རྟ་དང་བློ་སེང་གཉིས་མཉམ་དུ་བགྲིལ་ཡོང་བ་འདི་རེད། ད་དུང་ཧམ་པ་ཚ་ཐག་ཆོད་ཅིག་ལ་རྒྱལ་བ་རིན་པོ་ཆེ་མེད་རྒྱུ་ན་བློ་སེང་ཤོག་ཁག་གིས་ཁོ་བསད་སོང་བ་འདྲ་ཞིག་སྤུར་བརྒྱངས་འདུག ཁུག་རྟ་སྐད་གྲགས་དགོས་པར་ཅི་ཁག་སྟེ། འདི་འདྲའི་སྐད་གྲགས་བཟོ་སྟངས་ཐབས་སྐྱོ་བོ་ཞིག བློ་སེང་ངམ་ཁོའི་ཤོག་ཁག་ཐབས་ཅི་འདྲ་སྐྱོ་ཡང་ཁུག་རྟ་ལྟ་བུ་ཞིག་མིག་ནང་ལ་འཇོག་དགོས་པའི་ཚད་ལ་སླེབས་ག་ལ་ཡོད། དཀྲོགས་མགོ་སླངས་སྟངས་འདི་ནི་སྡུག་པ་མིག་བཙུམ་ཀྱིས་མི་མགོར་མི་ཤ་གཡོག་གི་ཡོད་སྟབས། ཁུག་རྟ་སོགས་ཀྱི་སྐད་ཆར་ཆ་འཇོག་མེད་པ་རེད་མ་གཏོགས་འདི་ཉེས་འགེབས་ཆུང་ཆུང་ཞིག་མ་རེད། རྒྱ་གཞུང་གིས་བློ་སེང་འདི་འཇིགས་སྐུལ་བ་རེད་ཟེར་ནས་ལབ་མྱངས་རེད། སོང་ཙང་ཁུག་རྟའི་སྐད་ཆ་འདི་ཚོ་པེ་ཅིན་གཞུང་གིས་ཅིག་གོ་རྒྱུ་ན། ཧ་ཧ་ཧ་་་

  11. གཡུ་ཐོག་བུ། says:
    2014-02-14 at 2:57 am

    ཨ་ཁུ་པདྨ་འབུམ་གྱི་རྣམ་ཐར་དྲན་གི

  12. ཆབ་བྲག་ཕོ་ཉ། says:
    2014-02-14 at 9:56 am

    ཏང་གི་ཁྲག་དར་ཆེན་པོས་བོད་ཀྱི་གངས་རི་གཡོགས་ཡོད། མགོ་སྒུར་དང་མི་སྒུར་གྱི་གདམ་ག་ཞིག་མེད། དེས་ན་དར་དམར་གྱི་ཡོལ་བ་ཆེན་པོ་དེ་ལ་ཨི་ཁུང་ཆེན་པོ་ཞིག་བཏོད་དེ་རང་གི་འཇིག་རྟེན་ལ་ཉི་ཟླའི་འོད་སྣང་ཕྲན་བུ་རེ་བསུ་འདོད་ན་རྐང་ལམ་ཕྲ་མོ་འདི་ལས་འགྲོ་ས་ཞིག་མ་རྙེད་དོ།

  13. གཡུ་ཐོག་བུ། says:
    2014-02-14 at 10:42 am

    རེད་ཡ། དེ་ནི་ཆབ་བྲག་ཕོ་ཉས་བསུས་པའི་དུས་རབས་ཀྱི་རྐང་ལམ་ཕྲ་མ་ོཞིག་རེད་ཨང་།
    བདེན་པའི་འོད་སྣང་མར་མེ་སྣུམ་ཟད་ཀྱི་ངང་ཚུལ་དང་འདྲ་ལ།
    ལང་ཚོའི་ཤ་ཁྲག་དར་བའི་དུས་རབས་ཀྱི་གཞོན་ནུ་ཕོ་མོས།
    གྲལ་བསྟར་མི་གཅིག་པའི་རུ་དཔུང་སྒྲིག་ནས།
    གསོན་ཤུགས་མེད་པའི་མར་མེར་འཁང་ར་བྱས།
    ཁུ་ཚུར་དགུང་དུ་འཕྱར།
    ངར་སྐད་ལན་གསུམ་རྒྱབ།
    གངས་དར་ཁོ་ནར་མོས།
    ་་་་་་་
    ་་་་་་་་་་་་
    ་་་་་་་་་་་་་
    འོན་ཏང་། ང་ཚོས་འབྱུང་འགྱུར་གྱི་བོད་གསར་པར་བསམ་བློ་བཏང་ཨེ་བྱུང་།
    གྲ་སྒྲིག་སྡུག་ས་དང་རེ་བ་བཟང་ས་ཞིག་རྒྱབ་ཨེ་བྱུང་།
    མི་རིགས་ལེགས་བྱང་གི་རྩ་བར་མནོ་བསམ་བཏང་ཨེ་མྱོང་།

  14. ཁྱུང་ཆེན། says:
    2014-02-14 at 10:52 am

    ཞོལ་གཡག་འབྲོང་རྒྱུད་དམ་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ད་གང་དུ་ཕྱིན་ཡོད་ན། རྐུབ་བརྡོལ་མཚམས་སླེབས་ཡ་མི་འདུག ཧཧཧཧཧ

  15. ཞོལ་གཡག་འབྲོང་རྒྱུད། says:
    2014-02-14 at 11:42 am

    ཨ་ལས། ང་མི་འདུག་ཨེ། ང་ཡང་སྐྱག་པར་བསྐོར་ནས་འགྲོ་མཁན་གྱི་གྲས་ཡིན་ད། ཧ་ཧ།

  16. ཞོལ་གཡག་འབྲོང་རྒྱུད། says:
    2014-02-14 at 3:09 pm

    འོན་ཀྱང་ད་རེས་སྐྱག་པ་འདི་ཐག་རིང་ཙམ་མ་གཡུགས་ན་དྲི་མ་ཚ་སེའེ་འདུག་ག། ཧ་ཧ།
    རེད་རེད་ཞོལ་འབྲོང་ཅི་ཡང་མི་ཤེས་མཁན། འོ་ན་ཁྱོད་རང་གིས་བྲིས་པའི་མཆན་ཐུང་དེའི་ནང་མིག་བགྲད་ནས་དག་ནོར་དང་བཏགས་ནོར་དེ་ཚོར་ཅིག་བལྟོས་དང་། ཐམས་ཅད་ཤེས་མཁན། བདེན་རྫུན་གྱི་དབྱེ་བ་འབྱེད་ཐུབ་མཁན། ལུང་ཚན་གྱི་ཕྱོགས་རིས་མེད་པ། ཅི་བྱས་སོང་ངམ། གཟའ་ག་རེ་བརྒྱབས་སོང་ངམ།

    དེས་ན་ཁྱོད་སྲིད་སྐྱོང་ལ་དེ་འདྲའི་མི་འདོད་པ་བྱེད་དོན་ཅི་རེད། སྲིད་སྐྱོང་འདི་དམངས་གཙོའི་ལམ་ལུགས་ལག་བསྟར་བརྒྱུད་མི་དམངས་ཀྱིས་གདམས་བཞག་པ་ཞིག་རེད་མ་གཏོག་གཅིིག་བསྡུས་རིང་ལུགས་དང་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་སྲིད་དབང་སྒེར་འཛིན་རིང་ལུགས་སོགས་ཀྱིས་སླེབས་བསྡད་པ་ཞིག་རྩ་བ་ནས་མ་རེད། ཡང་གཅིག་མིན་ན་སྲིད་སྐྱོང་གིས་ཁྱོད་ཀྱི་ཁ་རྗེ་དབང་ཐང་ཡོངས་རྫོགས་གཞུང་བཞེས་བཏང་སོང་ངམ།
    མ་གཞི་གནས་དོན་འདིའི་ཐད་ང་གཉིས་༼སྲིད་སྐྱོང་གི་ཐང་ག་༽ཞེས་པ་དེའི་མཇུག་མཆན་ནང་མང་པོ་རྩོད་པ་རེད། འོན་ཀྱང་ད་དུང་འདོད་པ་ཁེངས་མེད་པ་འདྲ།
    ད་དུང་ཁྱོད་ཀྱིས་ནག་ཁུང་དུ་མཛུབ་མོ་བཙུགས་འདུག་ག། མ་གཞི་ཁྱོད་དུས་རྒྱུན་ནས་འོལ་ཚོད་དང་ནག་ཁུང་དུ་མཛུབ་མོ་བཙུགས་རྒྱུ་མང་སོང་བས་སྐྱག་ལང་ལ་ཤོར་བ་ཡིན་རྒྱུ་རེད། ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme