Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ཕ་ཡུལ་ནས་འཁྲབས་པའི་བརྩེ་དུང་གི་གློག་བརྙན་གསར་བ།

Posted on 2010-01-122010-01-13 By ཡེ་ཤེས་ 35 Comments on ངའི་ཕ་ཡུལ་ནས་འཁྲབས་པའི་བརྩེ་དུང་གི་གློག་བརྙན་གསར་བ།

nomadcamp
ངའི་ཕ་ཡུལ་ནས་འཁྲབས་པའི་བརྩེ་དུང་གི་གློག་བརྙན་གསར་བ་དམ་བཅའ་ཞེས་པའི་སྟོད་ཆ་ལ་དྲ་ཐག་འདི་ནས་གཟིགས།
http://www.tudou.com/programs/view/kDZDpXCwxt4/

གསར་འགྱུར། Tags:ཨཨ

Post navigation

Previous Post: བཅོམ་ལྡན་མཆོད་པའི་གླུ་སྙིམ།
Next Post: སྙན་ངག་པ་ལྷམ་ཀོག་གིས་རས་པའི་སྙན་ངག་ལ་ཕྲན་དཔྱད་སྤེལ་བ།

Comments (35) on “ངའི་ཕ་ཡུལ་ནས་འཁྲབས་པའི་བརྩེ་དུང་གི་གློག་བརྙན་གསར་བ།”

  1. བློ་གྲོས། says:
    2010-01-12 at 11:14 pm

    ཡག་པོ་ཞེ་དྲག་འདུག   སྨད་ཆ་་དེ་ཡང་དྲ་ཐོག་ཏུ་འཇོག་རོགས་ཞུ།  ངས་རྒྱ་ཡིག་མི་ཤེས་སྟབས་བཙལ་ན་ཡང་མི་རྙེད་ཀི   ཤུ་རེ་ཁོ།  རྒྱ་ཡིག་ཞིག་ཤེས་རྒྱུ་ན།

  2. ཀུན་མཁ྄ྱེན། says:
    2010-01-13 at 12:05 am

    ངོ་མ་ག྄ློག་བར྄ྙན་དེ་བལ྄ྟ་ཉན་འདོད་པ་ཞིག་ཡོད་བཟོ་འདུག ཡིན་ནའི་ངའི་ཀ྄ློག་ལས་འདིས་ལས་ཉན་ག྄ྱི་མི་འདུག ཡ་ད་ཐབས་ཤེས་གཞན་ཞིག་བ྄ྱས་ནས་བལ྄ྟ་མོ་དེ་བལ྄ྟ་ཨེ་ཐུབ་བལ྄ྟ་གི་ཡིན། འཁ྄ྲབ་གཞུང་དེ་དངོས་འཁ྄ྲབ་འཁ྄ྲབ་གཞུང་ཞིག་ཡིན་པ་ཤོག

  3. yeshe says:
    2010-01-13 at 12:25 am

    སྨད་ཆ་དེ་ང་ལ་བསྐུར་མི་འདུག རྗེས་མར་ང་ལ་བསྐུར་ཡོང་ན་ངས་ཉི་མ་དེ་རང་ལ་དྲ་ཐོག་ཏུ་འཇོག་གི་ཡིན། གཅིག་བྱས་ན་འཁྲབས་ཚར་མེད་པ་ཡང་ཡིན་སྲིད།

  4. བསྟན་འཛིན་བློ་གསལ། says:
    2010-01-13 at 1:40 am

    དངོས་གནས་ཡག་པོ་འདུག   བྲོ་བ་ཡོད་ཀི་ཡ།   སྨད་ཆ་དེ་ལ་ཡང་མགྱོགས་པོར་ལྟ་ཐུབ་པའི་རེ་བ་ཡོད།

  5. བློ་བཟང་དབང་ལྡན་ says:
    2010-01-13 at 3:13 am

    ཡག་པོ་ཞེ་དྲག་འདུག

  6. གངས་རིའི་གླག་ཕྲུག says:
    2010-01-13 at 4:58 am

    གྲོགས་པོ་ལགས། ཁྱེད་ཀྱིས་བརྩེ་དུང་གི་གློག་བརྙན་དྲྭ་རྒྱའི་སྟེང་དུ་བཞག་པ་དེ་ལ།
    ངས་མཐའ་གཅིག་ཏུ་ཁྱེད་ལ་ངོ་རྒོ་བྱེད་ཀྱིན་ཡིན། གང་ཡིན་ཟེར་ན། ང་ཚོ་མ་རིགས་ཤིག་འཆི་ལ་ཉེ་བའི་དུས་སྐབས་འདིར། ཁྱེད་ཀྱིས་བརྩེ་དུང་གི་གློག་བརྙན་འཚབ་ལ་བོད་པའི་གནད་དོན་ཛྷཁ་ཤས་ཞིག་བཞག་ན་དགའ་སྙམ། ང་ཚོའི་དེ་ལ་བགྲོ་གླེང་ཞིག་བྱས་པ་ཡིན་ན་ང་ཚོ་ལ་གཅིག་ཕན་གཅིག་རོགས་ཡོང་གི་རེད།
    ཁྱེད་ཚོའི་བསམ་བློ་ཞིག་བཏང་དང་། ང་ཚོའི་མི་རིགས་འདི་ད་བལྟ་གང་འདྲ་ཞིག་ཆགས་འདུག
    གངས་རིའི་གླག་ཕྲུག་ནས།

  7. བོད་ཀྱི་རྩམ་པ་། says:
    2010-01-13 at 1:55 pm

    ཨ་ ཨ། དཀོན་མཆོག་་གསུམ་། གློག་བརྙན་འདི་༩༩་ལོར་ངའི་། རྒན་རྒྨའི་སྐར་མའི་ཁྲབས་གཞུང་ཞིག་བྲིས་ཡོད་པ་དེ་དང་ཕར་ཆེར་གཅིག་འཚུང་རེད་། དེ་དུས་སུ་། སམ་བྷོ་དྲ་རྙིང་བ་དེ་མ་གཏོག་ཡོད་ནི་མ་རེད་། གནའ་ཤུ་བོ་། ད་ཁ་ཕྱེ་མི་ཐུབ་གི་། སམ་བྷོ་དྲ་རྙིང་ཡིག་གཟུགས་རྙིང་དེ་ཡོད་མཁན་རེ་ཡོད་ན་ལན་རེ་འཇོགས་རོགས་།
    གློག་བརྙན་འདིས་ཁྲབ་སྟོན་པའི་ཆ་ནས་རྒྱུ་རྩལ་ཕུན་སུམ་ཚོགས་པར་བསྟན་འདུག་། པར་ལེན་གྱི་ཆར་ལེགས་པོ་བྱུང་འདུག་།
    ཁྲབ་གཞུང་གི་ཆ་ནས་ཁོ་གཉིས་གཙོ་བོར་ཐོན་པ་མང་འདུག་ལ་ཞར་བྱུང་གི་གནས་ཚུལ་ཅུང་ཉུང་འདུག་། རྒྱང་ལྠོང་བཟོ་བཀོད་ཆར་མ་འདང་ས་ཁ་ཤེས་འདུག་། བསྒྲིགས་སྦྱོར་གྱི་ཆ་ནས་རྩྭ་ཐང་གི་ལྷགས་འཇགས་གསོན་པོ་དེ་དོར་ནས་། དེས་ཚབས་དེར་སྒྲ་དབྱངས་ཞིག་བར་མེད་དུ་བཀོད་ཡོདུ་ན་པ་འདི་ཆེ་ནོར་འཁྲུལ་ཞིག་ཏུ་མཐོང་།

  8. ཀླུ་སྨྱོན། says:
    2010-01-13 at 2:52 pm

    རྒན་རྒྱའི་སྐར་མ་འཁྲབས་ཚར་བ་ཁྱོས་ཤེས་གསལ་རེད། ད་ཐེངས་ཀྱི་གློག་བརྙན་འདི་སྟོད་ཆ་མ་གཏོགས་སྨད་ཆ་ད་དུང་འཁྲབས་ཚར་མི་འདུག

  9. ཀླུ་སྨྱོན། says:
    2010-01-13 at 2:57 pm

    རྒན་རྒྱའི་སྐར་མ་ལས་འདི་ངོ་མ་ཅིག་ཡག་གི རྒན་རྒྱའི་སྐར་མའི་ནང་དུ་འཁྲབ་སྟོན་པས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་རྡུང་ལེན་གྱི་ལམ་ནས་སྐད་ཆ་མཚོན་པར་བྱས་པ་དེས་འདོད་བློ་ཁེངས་པ་ཞིག་ཡོང་གི་མི་འདུག ཡིན་ན་ཡང་རྒན་རྒྱའི་སྐར་མའི་ནང་གི་མི་སྣའི་རྣམ་འགྱུར་དགའ་རབས་ཡག་པོ་འདུག

  10. ཨ་ཕོ་ཧོར། says:
    2010-01-13 at 7:36 pm

    རྒན་གྱའི་སྐར་མ་འཁྲབ་གཞུང་རྙིང་བ་རེད། འོན་ཀྱང་འཁྲབ་སྟོན་པ་དག་གཞས་གར་འཁྲབ་སྟོན་པ་ཡིན་སྟབས་ཉམས་འགྱུར་ཅུང་ཟད་མ་འདྲ་བ་རེད་ཡོད་སྲིད། འོན་ཀྱང་གློག་བརྙན་འདི་འཁྲབ་གཞུང་དང་འཁྲབ་སྟོན་པ་ཚང་མ་གསར་བ་རེད། དེར་བརྟེན་མི་འདིང་སའི་ཆ་ཡོད་ངེས་ཀྱང་། སྤྱི་ཚོགས་ཀྱི་འཚོ་བ་དངོས་ཧ་ཅང་གསོན་ཉམས་ལྡན་པ་ཞིག་འཁྲབ་འདུག ངའི་བསམ་ཚུལ་རམས་འདེགས་ཀྱི་འཇམ་མཉེན་རོལ་དབྱངས་དེ་ཡང་ཡག་པོ་འདུག སྨད་ཆ་ཐོན་རྗེས་དྲ་ཐོག་འགོད་པར་ཐུགས་འཇགས་འཚལ། ད་དུང་ཁྱོད་ལ་ཐུགས་རྗེ་ཆེ་ཞུ།

  11. གཡུ་འབྲུག says:
    2010-01-13 at 7:37 pm

    མོ་སྟོན་ཕག་མགོ་ཟེར་བ་དེ་དང་བསྡུར་ན་ཡག་པོ་བྱུང་འདུག་བསམ། གློག་བརྙན་བཟོ་མཁན་ཁོ་རང་ལ་སྒྲུང་འདྲེན་སྟངས་ཀྱི་ཁྱད་ཆོས་ཤིག་འདུག་ལ། ཁྱད་ཆོས་དེ་ནི་སྟེས་དབང་གིས་བྱུང་བ་ཞིག་མིན་པར་གློག་བརྙན་བཟོ་མཁན་གྱིས་མགོ་ནས་རྔ་མ་བར་དུ་གཅིག་ཐོག་ནས་འདུག་ཅི་ཐུབ་བྱས་འདུག འཁྲབ་མཁན་ཚོའི་སྐད་ཆ་ལ་བྱང་ཆ་དོད་ཅིང་། རྣམ་འགྱུར་ལ་བཅོས་ཉམས་ཆུང་མོད། ཡིན་ནའང་སྒྲུང་གི་བརྗོད་བྱ་ནི་སྟབས་བདེ་ཡིན་རྒྱུ་མང་དྲགས་མེད་དམ་བསམ། དེང་སང་གི་འབྲོག་པའི་ཉིན་མ་རེ་རེའི་འཚོ་བ་ནི་ཟོན་ཐར་རྒྱལ་གྱི་ཨ་རྒྱས་བཤད་པ་ལྟར་ “དེང་སང་གི་སྤྱི་ཚོགས་ཡག་གི་” ཟེར་བ་དེས་མཚོན་ཐུབ་པ་ཞིག་རེད་དམ། སྨད་ཆ་མ་མཐོང་རྗེས་སྒྲུང་གི་བསྟན་དོན་ངོ་མ་དེ་ཤེས་ཐུབ་པར་འགྱུར་བས་དེ་དུས་གླེང་ངོ་།

  12. གཡུ་འབྲུག says:
    2010-01-13 at 7:39 pm

    སྨད་ཆ་མཐོང་རྗེས་ཞེས་བཅོས་རོགས། གཉན་ལག་འདི།

  13. རྩམ་དགའ་ says:
    2010-01-13 at 7:53 pm

    ཨ་ཨ་ངོ་མས་ཡག་གི་བརྩེ་དུང་གི་གློག་བརྙན་འདི།
    ལྟ་བཞིན་བསམ་བློ་རེ་བཏང་ན་ངོ་མས་སེམས་སྐྱོ་ནི་ཟིག་རེད། ད་རུང་འདི་འདྲའི་བརྩེ་དུང་གི་གློག་བརྙན་རེ་ཡོད་ན་འདིར་ཁུར་ར་ཤོག་ཐུགས་རྗེ་ཆེ།

  14. རྩམ་དགའ་ says:
    2010-01-13 at 8:07 pm

    ཨ་རོག་ཨ་ཁུ་ཀླུ་སྨྱོན་ལགས།
    ཁྱོད་ལ་རྒན་གྱའི་སྐར་མའི་གློག་བརྙན་དེ་ཨེ་ཡོད་ལགས་ཡོད་ན་འདིར་བཅུག་རོགས་ཁ་དྲོ་བཀྲིས་ཤིས།

  15. ཀླུ་སྨྱོན། says:
    2010-01-13 at 8:39 pm

    http://www.youtube.com/watch?v=G9NIdM7eNjQ
    ཕྱི་གླིང་ནས་འཚར་བའི་བོད་པའི་ཕྲུ་གུའི་རང་གི་རིག་གཞུང་སྦྱོང་འདོད་ཀྱི་རེ་སྨོན་མཚོན་པའི་དངོས་བཤུས་གློག་བརྙན་ཐུང་ཐུང་འདི་ལ་ཅིག་གཟིགས་དང་ངས་འཚོལ་ཨེ་ཐུབ་ལྟ།

  16. རྩམ་དགའ་ says:
    2010-01-13 at 10:05 pm

    འདིའི་ནང་ན་འབྲུག་མོ་ཡག་མ་ཁ་ཤས་ཤིག་ལས་མི་འདུག་ད།
    ད་རུང་རྒན་གྱའི་གློག་བརྙན་དེ་བསྒུགས་ནས་འདུག་གིན་ཡིན་ད།

  17. ཤ་ཀླན་བུ། says:
    2010-01-14 at 3:48 am

    དངོས་གནས་ཡག་པོ་འདུག

  18. ཟླ་བ་གཞོན་ནུ། says:
    2010-01-14 at 5:42 am

    སྐུད་ལམ་ཡག་པོ་མི་འདུག་པས་ལྟ་ཐབས་མི་འདུག
    རྗེས་མ་རྗེས་མ་ཞིག་ལ་བལྟ་ངེས།

  19. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-15 at 8:48 am

    གློག་བརྙན་དེར་བལྟས་ཚར་ཡིན། སྨད་ཆ་སླེབས་སོང་ན། དེ་དུས་རང་གི་མྱོང་ཚོར་དང་གློག་བརྙན་དེ་ཡི་སྔ་གཞུག་གི་སྐོར་ལ་དཔྱད་པ་ཐུང་ཐུང་ཞིག་འབྲི་ཁོ་ཐག་ཡིན།

  20. ཟ་ལེ་རྒྱལ། says:
    2010-01-15 at 4:46 pm

    ཨ་མདོའི་རྒད་པོ་ཞིག་གིས་ཨ་མདོ་བ་ཚོ་ཡུལ་ནས་ཡོང་དུས་ཆོས་དགེ་རེ་ཁུར་ནས་ཡོང་ན་ཕྱིར་འགྲོ་དུས་སྐྲ་རིང་པོ་རེ་བཞག་ནས་འགྲོ་བཞིན་འདུག་ཅེས་བ་བཞིན་ཆོས་དགེ་ཁུར་ཡོང་ནས་སྐྲ་རིང་པོ་འཇོག་མཁན་ཚོའི་མིག་ལམ་ལ་རི་མོ་འདྲ་བོ་ཡིན་རྒྱུ་རེད། ང་ལྟ་བུའི་ཤ་མཆིན་པ་གླན་མྱོང་ནི་ཚོས་བལྟས་ན་གློ་མཆིན་ཁ་ལོ་བརྗེས་འཇོག་གི ད་དེའི་ལོ་རབས་མ་བཤད། གང་འདི་ཞེས་མེད་པར་ཞི་མོ་ཚོ་ཚང་མ་དྲན་ནི་ཞིག་རེད། དཀར་བོ་དགེ་བ།

  21. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-15 at 5:51 pm

    ཟ་ལེ་ལགས། ཁྱེད་རང་དངོས་ནས་ཤ་མཆིན་པའི་གཏིང་འོག་བརྗེ་འགྲོ་སའི་ལོ་རྒྱུས་ཤིག་ཡོད་ཟེར་ན་དངོས་ནས་སེམས་པ་སྐྱོ་ནི་ཞིག་རེད། ད་ནི་རྒན་པོ་ཚེ་ཐོག་འདི་ནས་སླར་ཡང་འཕྲད་སྲིད་ཀྱང་། འཕྲད་པ་དེ་ཙམ་གྱིས་རྒན་པོའི་སེམས་ནང་གི་སྡུག་བསྔལ་གསོས་དཀའ་རྒྱུ་རེད། ཨ་ཤུ་རེ་གོ རང་ས་མེད་ན། རང་གི་དགའ་ས་ཡང་ལག་ནས་ཤོར་འགྲོ་ཡི་འདུག་ནོ་འདི་རེད།

  22. བོད་ཀྱི་རྩམ་པ་། says:
    2010-01-15 at 5:53 pm

    ཨ་ཁུ་ཡེ་ཤེས་ལེགས་། ཐུགས་རྗེ་ཆེ་།
    སྨད་ཆ་ཡོང་རྒྱུར་བསྒུགས་ནས་བསྡད་ཡོད་། ཡིན་ན་ཡང་། ང་སེམས་ཁྲལ་ཆེ་ཤེས་དེ་། སྟོད་ཆའི་འཇུགས་དེར་ཟོན་ཐར་རྒྱལ་ཚང་གི་ལུགས་མང་པོ་ཞིག་ཉོས་བ་དང་། ཨུ་རྒྱན་ཚང་གི་ཕྱུགས་ཟོག་མང་ཤེས་རྟ་རིན་དུ་སྤྲད་པ་དེ་རེད་། ཁྲབས་གཞུང་ནང་གི་འགལ་ཟླ་ཞིག་མེད་པ་བཟོས་པ་རེད་། གསར་བུ་གསར་མོ་གཉིས་ཕན་སྲོག་ལ་བབས་ཀྱང་། འབྲལ་མི་འདོད་པས་རྩེ་བ་དང་། ཁྱིམས་ཚང་གཉིས་དབུལ་ཕྱུགས་དོ་མི་མཉམ་པའི་འགལ་ཟླ་། འདི་དག་ནི་ཁྲབས་གཞུང་འདི་ནང་གི་སྲོགས་རྩ་ལྟབུར་མཐོང་། ད་ཡིན་ཡང་ཨ་ཁུ་དགེ་ལེགས་ཚང་ཕྱགས་མོ་དེ་དང་། ཨུ་རྒྱན་གྱི་ལྟ་བ་ཁྲག་པོ་དེ་ལ་ང་རེ་ཅུང་འདུག་།
    ཨ་ཤེ་རོ་ཁོ་། ལུག་རྟ་རིན་སྟེར་བ་དང་། ཟོན་ཐར་རྒྱལ་ཚང་དེ་འདྲའི་དབུལ་ཁྱིམ་ཞིག་གི་མོ་ཕྱུག་མང་པོ་ཞིག་བསྡེབས་ཉོ་བྱེད་རྒྱུ་དེ་ད་མིན་ཡ་།
    ད་བསྒུགས་ཡ། སྨད་ཆ་ཡོང་རྒྱུར་བསྒུགས་།

  23. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-15 at 6:18 pm

    http://www.youtube.com/watch?v=wt3CF1rIfC4&feature=related
    རྩམ་དགའ་ལགས། འབྲེལ་ཐག་འདི་ལ་གཟིགས་ནས་འདས་སོང་གི་ལོ་ངོ་དེ་དག་གི་དངོས་བྱུང་གི་གཏམ་རྒྱུད་སྐྱུར་མོ་དག་ལ་ཕྱིར་དྲན་ཞིག་བྱེད་རོགས་ཞུ།

  24. གཡག་ལྡོམ་། says:
    2010-01-15 at 7:52 pm

    དགོང་པ་མ་འཚོམས་རོགས་། ལོ་རྒྱས་དེ་སྐྱར་དྲན་བྱེད་རྒྱུར་གློག་བརྙན་དེར་ལྟ་དགོས་བ་མི་འདུག་། རྒྱ་། ཞེས་བའི་མིང་ཚིགས་དེ་མཐོང་ཐོས་ཙམ་གྱི་།
    མི་ཤི་བར་ཁྲག་ལམ་གྲང་མོ་ཆགས་ཡོང་ལ་། མིག་མ་བཙུན་པར་མིག་མཐའ་ཆུ་ཡི་གང་ཡོང་གི་། ཚོར་བ་འདི་སུ་ལ་བཤད་།

    ཨ་ཤུ་རེ་གོ་།

  25. གཡག་ལྡོམ་། says:
    2010-01-15 at 7:54 pm

    ཆད་་་ མི་མ་ཤི་བར་ཁྲག་རྩ་གྲང་མོ་འགྱུར་ཡོང་ལ་། མིག་མ་བཙུམ་པར་མིག་མཐའ་་་་

  26. yeshe says:
    2010-01-15 at 7:58 pm

    གློག་བརྙན་འདིའི་སྨད་ཆ་ད་དུང་འཁྲབས་ཚར་མི་འདུག་ཟེར། འཁྲབས་ཚར་རྗེས་འུ་ཚོས་མཉམ་དུ་ལྟ་ཡ།

  27. བོད་ཀྱི་རྩམ་པ་། says:
    2010-01-15 at 8:22 pm

    ཡ་ཡ་།
    ཞུ་ལུ་དེ་དང་ཞུ་མོ་དེ་གཉིས་ངོ་ནས་ངར་གི་། ལྷག་པར་ཟོན་ཐར་རྒྱལ་ལུག་རྫ་ནས་གཉིད་བསྡད་ཡོད་སྐབས་། ཞུ་མོ་དེས་གཉིད་ལས་དཀྲོགས་པས་། ཁོ་ཡར་ཡང་སྟེང་་་ དེ་ད་བཞེང་བཞགས་ཐ་། དེ་ལ་་སྐར་མ་སྟེར་དགོས་ན་། སྐར་མ་ལྔ་། སྒོར་མོ་སྟེར་དགོས་ན་བདག་མེད་ཞིག་འབབ་གི་།

  28. རྩམ་དགའ་ says:
    2010-01-15 at 10:25 pm

    བཀུར་འོས་ལྷ་ཀླུ་གཉན་གསུམ་ལགས་ངོ་མས་ཐུགས་རྗེ་ཆེ།
    འདིའི་ནང་ན་དེ་སྔར་མཐོང་མ་མྱོང་བ་མང་བོ་ཞེ་དྲག་འདུག ངོ་མས་སྙིང་རྩ་འདར་གི་ཨ་ཨ།
    དེ་རིང་ངའི་སེམས་པ་མི་སྐྱིད་པའི་སྒང་ལ་མི་སྐྱིད་ནི་བཏང་སོང་།

  29. ཁ་ཕྱོགས་མེད says:
    2010-01-15 at 11:33 pm

    ཨ་ཁུ་ཀླུ་སྨྱོན་ལགས། ངའི་ཕ་ཡུལ་ནས་འཁྲབས་པའི༷་བརྩེ་དུང་གི་ཀློག་བརྙན་ཟེར་ནོ་འདི་ལ་ངོ་མ་བལྟ་འདོད་ཀི་རཱ
    མཐོང་མི་ཐུབ་ཀི་་ངས་ཚོད་ལྟ་མང་བོར་བྱས་པ་ཡིན།
    པར་རིས་ཀྱི་གཤམ་དུ་ཡོད་པའི་ཁ་བྱང་ཐོག་བརྡེབས་གནོན་བྱས་པ་ཡིན་ན་གཟུགས་འཆར་ས་ཞིག་ཡོང་གི་འདུག་དེ་ཐོག་མྱི་མགོ་འདྲ་བའི་གཟུགས་རིས་ཤིག་གི་མཐའ་འཁོར་དུ་འོད་ཟེར་འདྲ་བོ་ཞིག་སྐོར་ར་བརྒྱབས་ནས་བསྡད་འདུག་པ་ལས་ཀློག་བརྙན་འཆར་མི་ཐུབ་ཀི་ཡ། རྒྱ་ཡིག་ཁ་ཤས་མཐོང་གི་འདུག་དེར་ཕལ་ཆེར་བལྟ་མི་ཐུབ་ཀི་འདྲ་མོ་ཞིག་བཤད་འདུག
    ད་བྱས་ན་ཐབས་གཞན་འདྲ་ཡོད་པ་རེད་པཱས། ངོ་མོ་བལྟ་ཞིག་ཡོད་ཀི་ཡ།
    ཨ་ཁུ་ལོ་ལོ་བལྟ་མོ་འདི་ཡོད་སའི་ཌྷགནས་དེ་རྗེས་པོ་ཞིག་བརྒྱབས་ན་ཡོང་གི་ཡོད་ན།
    བལྟ་མོ་གཞན་རྣམས་ཤར་བརྒྱག་གི་འཆར་ཐུབ་ཀི་ཡ
    བལྟ་བསམ་ས་དེ་ཡོང་གི་མི་ཌྷའདུག་ཐབས་ཤིག་ཡོད་ན་བྱེད་རོགས་གནང།

  30. ཀླུ་སྨྱོན། says:
    2010-01-15 at 11:45 pm

    Mozilla Firefox དང་internet explorer དྲ་ལམ་བརྗེས་ནས་ཚོད་ལྟ་རེ་བྱོས་དང་། སྐབས་རེར་དྲ་ལམ་འདི་གཉིས་ཀྱི་གཅིག་ནས་སྒོ་ཕྱེ་མི་ཐུབ་པ་དེ་གཅིག་སྒོ་ཕྱེ་ཐུབ་ཀི་འདུག འདི་གཅིག་ཡིན།
    གཅིག་ནི་གློག་བརྙན་ནང་གི་བུ་མོ་བཀྲ་ཤིས་བདེ་སྐྱིད་ཀྱིས། ཁྱོད་དང་མཉམ་དུ་ང་ཆུ་ཤོག་གྲུ་བཞི་མ་ཞིག་གི་འོག་ནས་འདུག་དགོས་ཀྱང་འགྱོད་པ་མེད་ཅེས་པའི་ཚིག་འདིས་ང་ངོ་མ་དམ་ལ་བཏགས་སོང་ཡ། ངོ་མ།

  31. ཁ་ཕྱོགས་མེད says:
    2010-01-15 at 11:55 pm

    ཨ་ཁུ་བཟང་ཐཱ
    ད་ཚོད་བལྟ་བྱེད་རྒྱུ་ཡིན་མཐོང་ཐུབ་པར་སྨོན

  32. ཀླུ་སྨྱོན། says:
    2010-01-16 at 12:06 am

    ཨོ་ལེ།

  33. གངས་རིའི་གླག་ཕྲུག་ says:
    2010-01-17 at 5:41 am

    ངས་ཁྱེད་རྣམས་ལ་དྲི་བ་ཞིག་ཡོད་ཁྱེད་རྣམས་ཀྱིས་འདི་ལ་ངེས་པར་དུ་ལན་ཞིག་གནང་དགོས།
    ད་ལྟའི་ཆར་རྒྱ་བོད་གཉིས་གནས་ཚུལ་གང་འདྲ་ཞིག་གིས་སྟེང་ལ་ལྷག་འདུག །

  34. གངས་རིའི་གླག་ཕྲུག་ says:
    2010-01-17 at 5:42 am

    གལ་སྲིད་རང་སྲིད་རང་སྐྱོང་ཞིག་སྤྲད་ན་ཁྱེད་རྣམས་འདུག་ཐུབ་བམ།

  35. གཡག་ལྡོམ་ says:
    2010-01-19 at 1:30 pm

    གངས་རིའི་གླག་ཕྲུག་གི་དྲི་བ་འདི་གཉིས་ལ་། སུ་ཡང་ལན་མི་འདེབ་ན་ངས་འདེབས་།
    ང་གཡག་རྒན་ཁ་བརྡ་བྱེད་རྒྱར་དགའ་།
    ད་ལྟའི་ཆར་རྒྱ་བོད་ཕྱི་ནང་གཉིས་གནས་ཚུལ་གང་འདྲ་ཞིག་གིས་སྟེང་ལ་ལྷག་ཡོད་པ་དེ་སྐྱུ་ཉིད་ངེས་བར་དུ་ཤེས་དགོས་བ་ཞིག་རེད་།
    དྲི་བ་གཉིས་བ་།
    གལ་སྲིད་རང་སྲིད་རང་སྐྱོང་ཞིག་སྤྲད་ན་ཁྱེད་རྣམས་འདུག་ཐུབ་བམ། ང་ཚོ་འདུག་ཐུབ་པའི་མ་ཚད་གོང་ས་མཆོག་དབུ་གཞུག་ངང་འདུག་ཐུབ་གི་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme